Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགེ་འདུན་ལ་སྐྱབས་སུ་མཆི།

Posted on 2010-04-172010-04-17 By ཁ་བརྡ་ 11 Comments on དགེ་འདུན་ལ་སྐྱབས་སུ་མཆི།

ལོ་ལོན་གྱིས།
རང་གིས་རང་ལ་བདག་པོ་རྒྱོབས། ང་ཚོས་རང་གིས་རང་ལ་བདག་པོ་རྒྱག་དགོས། ང་ཚོ་འགྱེལ་ས་ནས་ཡར་ལངས་དགོས། རང་གི་མིག་ཆུ་རང་གིས་འཕྱི་བཞིན་ཡར་ལངས་དགོས། ངའི་བུ་རྒོད་ཚོ། ངའི་གཅེས་ཕྲུག་གི་ཕ་ཚབ་ལ་བཞུགས་པའི་བུ་རྒོད་ཚོ། ངའི་མ་རྒན་གྱི་ལག་རྟེན་དུ་ལངས་བའི་བུ་རྒོད་ཚོ། ངའི་འདས་པོ་དུར་ས་ལ་འཁུར་བའི་བུ་རྒོད་ཚོ། ངའི་ཤི་བོས་ཕྱིར་མིག་བལྟ་སའི་བུ་རྒོད་ཚོ། ངའི་ཤི་གསོན་གྱི་རེ་འདོད་འབོད་སའི་བུ་རྒོད་ཚོ། ཁྱེད་ཚོ་ནི། ཤམ་བྷ་ལའི་ལྷ་དམག་ཡིན་པར་འདོད། དུས་དེ་རིང་ནས་བཟུང་། དགེ་འདུན་ལ་སྐྱབས་སུ་འཆི་ཟེར་བའི་གསོལ་འདེབས་དེ་སེམས་ཀྱི་གཏིང་ནས་ཚོར་ཡོད། ངས་ཡང་འདི་ནས་ངུ་ཞོར་རྒྱུགས་ཞོར་ལ། སླར་ཡང་། དགེ་འདུན་ལ་སྐྱབས་སུ་མཆི།

སྣ་ཚོགས།

Post navigation

Previous Post: གསར་འགྱུར་ཁ་ཟིན་སྣ་ཟིན། དྲི་བ་ཐ་རེ་ཐོ་རེ།
Next Post: དྭ་ཕྲུག་དེ་ཚོའི་ཁ་རྒྱ་ནང་ལ་བསྐོར་རྒྱུ་ཡིན་པ་འདྲ།

Comments (11) on “དགེ་འདུན་ལ་སྐྱབས་སུ་མཆི།”

  1. རྒྱལ་བསྟན། says:
    2010-04-17 at 11:09 pm

    སེམས་སྐྱོ་བ་ལ་ཚད་མེད་འདུག འདས་པོ་རྣམས་གང་མགྱོགས་མགོན་པོ་སྤྱན་རས་གཟིགས་ཀྱི་རྗེས་སུ་བཟུང་སྟེ་བདེ་ཆེན་ཞིང་དུ་སྐྱེ་བར་ཤོག
    དགེ་འདུན་པ་རྣམས་ལ་ལག་ཐལ་མོ་སྦྱར་ནས་ཐུགས་རྗེ་ཆེ།
    ཁྱེད་རྣམས་ཀྱི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་བླ་ན་མེད་པ་ཕུལ་སོང་བས་ཡང་སྐྱར་ཐུགས་རྗེ་ཆེ།
    ཐེག་ཆེན་པའི་དགེ་འདུན་ཟེར་བ་དེ་འདྲ་ཞིག་ལ་ཟེར།

  2. རྔ་བ་རྒྱལ་ཁམས་པ། says:
    2010-04-18 at 12:42 am

    གནས་ཚུལ་འདི་དག་ལས། དཔའ་མཛངས་རྟུལ་ཕོད་ཅན་གྱི་མི་རིགས་ཤིག་དང་། བྱམས་བརྩེ་བྱང་སེམས་ལྡན་པའི་ལྷ་རིགས་ཤིག ཡང་ན། རང་དོན་རང་གིས་སྒྲུབ་ཅིང་། རང་སྐྱ་རང་གིས་འཕེར་བའི་བོད་ཁྱིམ་གཅིག་གི་རྩ་ཆེན་གྱི་རིན་ཐང་ངོ་མ་དེ་མཐོང་སོང་། ཐུགས་རྗེ་ཆེ།

  3. སྟག་སྨྱོན། says:
    2010-04-18 at 4:26 am

    བདེན་པ་རེད། ཡར་མར་ཚང་མ་ན་གྲྭ་བ་ཚོས་གཙོ་བྱས་ནས་སྐྱོབ་རོགས་བྱེད་ཀྱི་འདུག་པས་ཡིད་གཏིང་ནས་སྙིང་སྟོབས་དང་ཤ་ཚ་ཅན་གྱི་དགེ་འདུན་པ་ཚོར་དད་པ་དང་གུས་འདུད་ཚད་མེད་ཞུ་གི་ཡོད།

  4. ཀརྨ་རྡོ་རྗེ་ says:
    2010-04-18 at 6:44 am

    སྤྱིར་བཏང་འཛམ་གླིང་སྲོལ་ལུགས་ལྟར་བྱས་ན། གསར་འགྱུར་ནང་ལ་དཔར་རིས་འགོད་འོས་པ་དང་། མི་འོས་པ་གཉིས་ཡོད་དགོས་སྙམ།

  5. དཔལ་དགྱེས་པ་རྡོ་རྗེ says:
    2010-04-18 at 7:45 am

    ༄༅༔ ༔སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ར་མདའ་སྦྲན་པའི་སྨོན་ལམ་བཞུགས་སོ༔ ༔
    དཀོན་མཆོག་གསུམ་ལ་དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འབུལ༔
    ལག་ཏུ་སྤོས་དྲི་ཞིམ་པོ་ཐོགས་ཏེ༔གདུང་བ་དྲག་པོས་འདི་སྐད་དོ༔
    ཕྱོགས་བཅུ་ན་བཞུགས་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐུགས་རྗེ་དང་ལྡན་པ༔ མཁྱེན་པ་དང་ལྡན་པ༔ སྤྱན་དང་ལྡན་པ༔ བརྩེ་བ་དང་ལྡན་པ༔ འགྲོ་བའི་སྐྱབས་སུ་གྱུར་པ་རྣམས༔ ཐུགས་རྗེའི་དབང་གིས་གནས་འདིར་བྱོན་ཅིག༔ དངོས་སུ་འབྱོར་བ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་བཞེས་ཤིག༔ཐུགས་རྗེ་ཅན་རྣམས་ལ་མཁྱེན་པའི་ཡེ་ཤེས༔བརྩེ་བའི་ཐུགས་རྗེ༔མཛད་པའི་འཕྲིན་ལས་སྐྱོབ་བའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས༔ ཐུགས་རྗེ་ཅན་རྣམས་ཆེ་གེ་མོ་འདི་ཚོ༔ འཇིག་རྟེན་འདི་ནས་ཕ་རོལ་ཏུ་ནི་འགྲོ༔ འཇིག་རྟེན་འདི་ནས་ནི་བོར༔ སྐྱས་ཆེན་པོ་ནི་འདེབས༔ གྲོགས་ནི་མེད༔ སྡུག་བསྔལ་ནི་ཆེ༔ སྐྱབས་ནི་མེད༔ མགོན་ནི་མེད༔ དཔུང་གཉེན་མེད༔ ཚེ་འདིའི་སྣང་བ་ནི་ནུབ༔ འགྲོ་བ་གཞན་དུ་འགྲོ༔ མུན་ནག་ཐུག་པོར་འཇུག༔ གཡང་ས་ཆེན་པོར་ནི་ལྷུང་༔ རྣམ་རྟོག་གི་ནགས་ཁྲོད་ཐུག་པོར་ནི་འཇུག༔ ལས་ཀྱི་དབང་གིས་ནི་དེད༔ གོམ་པ་ཆེན་པོར་ནི་འགྲོ༔ རྒྱ་མཚོ་ཆེན་པོར་ནི་ཁྱེར༔ ལས་ཀྱི་རླུང་གིས་ནི་བདས༔ ས་ཚུགས་མེད་པའི་ཕྱོགས་སུ་འགྲོ༔ གཡུལ་ངོ་ཆེན་པོར་ནི་འཇུག༔ གདོན་ཆེན་པོས་ནི་ཟིན༔ གཤིན་རྗེའི་ཕོ་ཉས་འཇིགས་ཤིང་སྐྲག༔ ལས་ཀྱི་སྲིད་གནས་པ་ལ་ནི་འཇུག་ཡང་སིད༔ དབང་ནི་མེད༔གཅིག་པོར་གྲོགས་མེད་པར་འགྲོ་དགོས་བའི་དུས་ལ་བབས་ན་ཐུགས་རྗེ་ཅན་རྣམས་ཀྱིས་ཆེ་གེ་མོ་འདི་དག་སྐྱབས་མེད་པ་འདི་ལ་སྐྱབས་མཛོད་ཅིག༔ མགོན་མཛོད་ཅིག༔ དཔུང་གཉེན་མཛོད་ཅིག༔ བར་དོའི་མུན་ནག་ཆེན་པོ་ལས་སྐྱོབས་ཤིག༔ ལས་ཀྱི་རླུང་དམར་ཆེན་པོ་ལས་བཟློག་ཅིག༔ གཞིན་རྗེའི་འཇིཌ་སྐྲག་ཆེན་པོ་ལས་སྐྱོབས་ཤིག༔ བར་དོའི་འཕྲང་རིང་པོ་ལས་སྒྲོལ་ཅིག༔ ཐུགས་རྗེ་ཅན་རྣམས་ཐུགས་རྗེ་མ་ཆུང་ཅིག༔ རམ་མདའ་མཛོད་ཅིག་ངན་སོང་གསུམ་དུ་མ་བཏང་ཅིག༔ སྔོན་གྱིས་དམ་བཅའ་མ་གཡེལ་བར༔ ཐུགས་རྗེའི་ཤུགས་མྱུར་དུ་ཕྱུང་ཞིག༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས༔ ཆེ་གེ་མོ་འདི་དག་ལ་ཐུགས་རྗེས་ཐབས་དང་ནུས་པ་མ་ཆུང་ཞིག༔ ཐུགས་རྗེས་བཟུང་ཞིག༔ སེམས་ཅན་ལས་ངན་གྱི་དབང་དུ་མ་གཏོང་ཞིག༔ དཀོན་མཆོག་གསུམ་བདག་ཅག་བར་དོར་སྡུག་བསྔལ་ལས་སྐྱོབ་ཏུ་གསོལ༔
    ཅེས་མོས་གུས་དྲག་པོས་སྒོ་ནས༔ བདག་གཞན་ཐམས་ཅད་ཀྱིས་ལན་གསུམ་བྱའོ༔ དེ་ནས་བར་དོ་ཐོས་གྲོལ་དང་འཕྲང་སྒྲོལ་འཇིཌ་སྐྱོབ་མའི་སྨོན་ལམ་བཏབ་པར་བྱའོ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རམ་མདར་སྦྲན་པའི་སྨོན་ལམ་རྫོགས་སོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔

    ༄༅༔ ༔བར་དོའི་རྩ་ཚིག་བཞུགས་སོ༔ ༔
    རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ༔
    ར་དོ་རྣམ་པ་དྲུག་དི་རྩ་ཚིག་ནི༔
    ཀྱེ་མ་བདག་སོགས་སྐྱེ་གནས་བར་དོ་འཆར་དུས་འདིར༔ ཚེ་ལ་ལོང་མེད་ལེ་ལོ་སྤང་བྱས་ནས༔ ཐོས་བསམ་སྒོམ་གསུམ་མ་ཡེངས་ལམ་ལ་འཇུག༔ སྣང་སེམས་ལམ་སློང་སྐུ་གསུམ་མངོན་གྱུར་སྦྱོངས༔ མི་ལུས་ལན་གཅིག་ཐོབ་པའི་དུས་ཚོད་འདིར༔ ཡེངས་པ་ལམ་ལ་སྡོད་པའི་དུས་མ་ཡིན༔ ཀྱེ་མ་བདག་སོགས་རྨི་ལམ་བར་དོ་འཆར་དུས་འདིར༔ གཏི་མུག་རོ་ཉལ་བག་མེད་སྤངས་བྱས་ནས༔ དྲན་པ་ཡིངས་མེད་ནས་ལུགས་ངང་ལ་འཇོག༔ རྨི་ལམ་བཟུང་ལ་སྤྲུལ་བསྒྱུར་འོད་གསལ་སྦྱངས༔ དུད་འགྲོ་བཞིན་དུ་ཉལ་བར་མི་བྱ་བར༔ གཉིད་དང་མངོན་སུམ་འདྲེས་པའི་ཉམས་ལེན་གཅེས༔ ཀྱེ་མ་བདག་སོགས་བསམ་གཏན་བར་དོ་འཆར་དུས་འདིར༔ རྣམ་གཡེང་འཁྲུལ་བའི་ཚོགས་རྣམས་སྤངས་བྱས་ནས༔ཡེངས་མེད་འཛིན་མེད་མཐའ་བྲལ་ངང་ལ་འཇུག༔ བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ་པར་བྱ༔ བྱ་བ་སྤངས་ནས་རྩེ་གཅིག་སྒྲུབ་དུས་འདིར༔ ཉོན་མོངས་འཁྲུལ་པའི་དབང་དུ་མ་བཏང་ཞིག༔ ཀྱེ་མ་བདག་སོགས་འཆི་ཁ་བར་དོ་འཆར་དུས་འདིར༔ ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ལ༔ གདམས་ངག་གསལ་བའི་ལམ་ལ་མ་ཡེངས་འཇུག༔ རང་རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕོ༔ འདུས་བྱས་ཤ་ཁྲག་ལུས་དང་བྲལ་ལ་ཁད༔ མི་རྟག་སྒྱུ་མ་ཡིན་པར་ཤེས་པར་བྱ༔ ཀྱེ་མ་བདག་སོགས་ཆོས་ཉིད་བར་དོ་འཆར་དུས་འདིར༔ ཀུན་ལ་དངངས་སྐྲག་འཇིཌ་སྣང་སྤངས་བྱས་ནས༔ གང་ཤར་རང་སྣང་རིག་པར་ངོ་ཤེས་བྱ༔ བར་དོའི་སྣང་ཚུལ་ཡིན་པར་ཤེས་པར་བྱ༔ དོན་ཆེན་འགགས་ལ་ཐུགས་པའི་དུས་གཅིག་འོང་༔ རང་སྣང་ཞི་ཁྲོའི་ཚོགས་ལ་མ་འཇིགས་ཤིག༔ ཀྱེ་མ་བདག་སོགས་སྲིད་པ་བར་དོ་འཆར་དུས་འདིར༔ འདུན་པ་རྩེ་གཅིག་སེམས་ལ་གཟུང་བྱས་ནས༔ བཟང་པོ་ལས་ཀྱི་འཕྲོ་ལ་ནན་གྱིས་འཐུད༔ མངལ་སྒོ་དགགས་ནས་རུ་ལོག་དྲན་པར་བྱ༔ སྙིང་རུས་དག་སྣང་དགོས་པའི་དུས་གཅིག་ཡིན༔ མིག་སེར་སྤངས་ནས་བླ་མ་ཡབ་ཡུམ་སྒོམས༔ འཆི་བ་འོང་སྙམ་མེད་པའི་བློ་རིང་པོ༔ དོན་མེད་ཚེ་འདིའི་བྱ་བ་བསྒྲུབས་བསྒྲུབས་ནས༔ ད་རེས་སྟོང་ལོག་བྱས་ན་མདུན་མ་འཁྲུལ༔ དགོས་ངེས་ཤེས་པ་དམ་པའི་ཆོས་ཡིན་པས༔ད་ལྟ་ཉིང་དུ་ལྷ་ཆོས་མི་བྱེད་དམ༔ དྲིན་ཅན་བླ་མའི་ཞལ་ནས་འདི་སྐད་གསུངས༔ བླ་མའི་གདམས་ངག་སེམས་ལ་མ་བཞག་ན༔ རང་གིས་རང་ཉིད་བསླུས་པར་མི་འགྱུར་རམ༔
    བར་དོ་རྣམ་པ་དྲུག་གི་རྩ་ཚིག་རྫོགས་སོ༔ ༔༄༅༔ ༔བར་དོ་འཕྲང་སྒྲོལ་གྱི་སྨོན་ལམ་བཞུགས༔
    བླ་མ་དང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ བརྩེ་བ་ཆེན་པོས་ལམ་སྣ་དྲང་དུ་གསོལ༔ བདག་སོགས་འཁྲུལ་པས་འཁོར་བར་འཁྱམས་པའི་ཚེ༔ ལྷན་སྐྱེས་ཡེ་ཤེས་གསལ་བའི་འོད་ལམ་ལ༔ དཔའ་བོ་རིག་འཛིན་རྣམས་ཀྱིས་ལམ་སྣ་དྲོངས༔ ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲེང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ གཏི་མུག་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ ཆོས་དབྱིངས་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རྣམ་བར་སྣང་མཛད་ལམ་སྣ་དྲོངས༔ ཡུམ་མཆོག་དབྱིངས་ཕྱུག་མ་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཞེ་སྡང་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ མེ་ལོང་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རྡོ་རྗེ་སེམས་དཔས་ལམ་སྣ་དྲོངས༔ ཡུམ་མཆོག་སངས་རྒྱས་སྤྱན་མས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ང་རྒྱལ་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ མཉམ་ཉིད་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལམ་སྣ་དྲོངས༔ ཡུམ་མཆོག་མ་མ་མི་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ འདོད་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ སོར་རྟོག་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་སྣང་བ་མཐའ་ཡས་ལམ་སྣ་དྲོངས༔ ཡུམ་མཆོག་གོས་དཀར་མོ་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ཕྲག་དོག་དྲག་པོས་འཁོར་བར་འཁྱམས་པའི་ ཚེ༔ བྱ་གྲུབ་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་དོན་ཡོད་གྲུབ་པས་ལམ་སྣ་དྲོངས༔ ཡུམ་མཆོག་དམ་ཚིག་སྒྲོལ་མས་རྒྱབ་ནས་སྐྱོར༔བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ དངངས་སྐྲག་འཇིགས་སྣང་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་ཞི་ཁྲོའི་ཚོགས་ཀྱིས་ལམ་སྣ་དྲོངས༔ ཡུམ་མཆོག་ཁྲོ་མོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ འཁྲུལ་སྣང་དྲགཔོའི་འཁོར་བར་འཁྱམས་པའི་ཚེ༔ ལྷན་སྐྱེས་ཡེ་ཤེས་གསལ་བའི་འོད་ལམ་ལ༔ དཔའ་བོ་རིག་འཛིན་ཚོགས་ཀྱིས་ལམ་སྣ་དྲོངས༔ ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔
    ༀ་ཨཱཿ་ཧཱུཾ༔ ནམ་མཁའི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་མཐིང་ཁའི་ཞིང་ཁམས་མཐོང་བར་ཤོག༔ ཆུ་ཡི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་དཀར་པོའི་ཞིང་ཁམས་མཐོང་བར་ཤོག༔ མེ་ཡི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་དམར་པོའི་ཞིང་ཁམས་མཐོང་བར་ཤོག༔ རླུང་གི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་ལྗང་ཁའི་ཞིང་ཁམས་མཐོང་བར་ཤོག༔ སྒྲ་འོད་ཟེར་གསུམ་དགྲ་རུ་མི་ལྡང་ཞིང་༔ ཞི་ཁྲོ་རབ་འབྱམས་ཞིང་ཁམས་མཐོང་བར་ཤོག༔ འཇའ་ཚོན་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་སངས་རྒྱས་སྣ་ཚོགས་ཞིང་ཁམས་མཐོང་བར་ཤོག༔ སྒྲ་རྣམས་ཐམས་ཅད་རང་སྒྲར་ཤེས་པར་ཤོག༔ འོད་རྣམས་ཐམས་ཅད་རང་འོད་ཤེས་པར་ཤོག༔ བར་དོར་རང་ངོ་རང་གིས་ཤེས་པར་ཤོག༔ སྐུ་གསུམ་ཞིང་ཁམས་མངོན་དུ་འགྱུར་བར་ཤོག༔
    བར་དོ་འཕྲང་སྒྲོལ་གྱི་སྨོན་ལམ་རྫོགས་སོ༔ ༔

  6. ཁྲ་གླག་སྤྱང་གསུམ་ says:
    2010-04-18 at 11:37 am

    སྤུ་ཟླ་ཚོ་སེམས་ཤུགས་མ་ཆགས་ཐུགས་རྗེ་ཆེ། རང་རིགས་རང་གི་སྐྱོང་བཞིན་འགྲོ་མདུན་སྐྱོད་བྱོས། སྐྱིད་སྡུག་ཉམས་མྱོངས་ རྡོག་རྩ་གཅིག་སྒྲིལ་ གདུང་སེམས་ཉམས་སྐྱེད་གནོངས་དང་ སྙིང་སྟོབས་དང་ལྷག་བསམ་གྱིས་ཕྱུག་པའི་སྤུན་ཟླ་ཚོ། ཐུགས་རྗེ་ཤིན་ཏུ་ཆེ།།

  7. བཟོད་པ་ལྷ་རྩེ་ says:
    2010-04-18 at 1:01 pm

    དེ་སྔོན་ཟི་ཁྲོན་དུ་ས་གཡོ་རྒྱ་སྐབས་རྒྱ་དམར་གྱི་དམག་དཔུང་བཏང་མྱུར་སྐྱོབས་བྱས་པ་ང་ཚོའི་དྲན།
    ད་ཆ་སྐྱེ་མགུ་མདོར་ས་ཡོམ་རྒྱགས་ནས་ཉམས་ཆུང་མི་མང་མང་པོས་ཚེ་སྲོག་ཤོར་ཀྱང་རྒྱ་དམར་གྱི་ལྟ་མོ་བལྟས་ནས་འདོད་པ་ལས་དམག་དཔུང་གི་རོགས་སྐྱོབས་བྱ་མཁན་མཐོང་ཡས་མིན་འདུག བོད་མི་ཚོ་བསྟན་དགྲ་ཁོ་བོའི་བྱ་ཚུལ་ནམ་ཡང་བརྗེད་ཐབས་མེད་པར་ཡིད་ལ་བཟུང༌། ང་ཚོ་མགྱེས་ས་ནས་ལངས་ཐུབ་པའི་སྤོབས་པ་དགོས། ཁྱོད་ཚོའི་རྒྱབ་ཏུ་དགེ་འདུན་པའི་ཚོགས་དཔག་ཏུ་མེད་པ་ཡོད་ལ། ད་དུང་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་ཁྱེད་ཚོད་ཚོར་རྒྱབ་བསྐྱོར་དང། དུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད། སྤུན་ཟླའི་ཚོགས་ང་ཚོ་ནི་ཕ་བཟང་གི་བུ་རབ་ཞིག་ཡིན་པས་དཀའ་དཔྱད་ལ་གདོང་ལེན་བྱས་ཏེ་ནམ་ཞིག་ང་ཚོར་རྒྱ་ཁ་ལེན་ངེས། སྤུན་ཟླ་ལགས་ང་ཚོའི་གཅིག་སྒྲིལ་སྟོབས་ཤུགས་ཀྱིས་བྱུང་བའི་བར་ཆད་ལས་ནམ་ཡང་རྒྱལ་ངེས། གཅིག་སྒྲིལ་གྱི་སྟོབས་ཤུགས་ཀྱིས་མགྱེས་ས་ནས་ལངས་ཐུབ་པའི་སྤོབས་པ་ལྡན་དགོས། ང་ཚོ་ནི་ཁ་ཆར་དང་བུ་གཡུག་ལ་ནམ་ཡང་མི་སྐྲག་པའི་གངས་སེངྒ་གི་ཚ་བོ་ཞིག སྟུམ་སྐྲགས་ཀྱི་མཚེ་སྡེར་དང་ཞུམ་མེད་ཀྱི་སྙིང་སྟོབས་ནི་ང་ཚོར་མེས་པོས་གནང་བའི་ལམ་སྟོན་ཡིན། སྤུན་ཟླ་ལགས་དུས་ནམ་ཡང་ང་ཚོའི་མགོ་མི་རྒུར་བའི་དམ་བཅའ་འཇོག ༎

  8. དཔལ་དགྱེས་པ་རྡོ་རྗེ says:
    2010-04-18 at 2:03 pm

    འཕགས་པ་ཐུགས་རྗེ་ཆེན་པོའི་མངོན་རྟོགས་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས་སོ༔
    འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔
    ཧྲྰི༔ རང་ཉིད་སྐད་ཅིག་དྲན་པའི་ཏིང་འཛིན་གྱིས༔ སྟོང་པའི་ངང་ལས་པདྨ་ཟླ་བའི་གདན༔
    པད་དཀར་ཧྲྰི༔ མཚན་ཡོངས་སུ་གྱུར་པ་ལས༔ ཐུགས་རྗེའི་མངའ་བདག་འཕགས་པ་སྤྱན་རས་གཟིགས༔
    ཞལ་གཅིག་ཕྱག་བཞི་སྐུ་མདོག་དཀར་ལ་འཚེར༔ དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར༔
    ཕྱག་གཡས་འོག་མ་རིན་ཆེན་ཤེལ་ཕྲེང་འཛིན༔ ཕྱག་གཡོན་པད་དཀར་འདབ་བརྒྱད་ཡུ་བ་འཛིན༔
    ཞལ་འཛུམ་སྤྱན་་གདང་ཤངས་ཀྱི་དབྱིབས་མཐོ་ཞིང་༔ དབུ་སྐྲ་ལྕང་ལོ་མཐོན་མཐིང་གྱེན་དུ་འཁྱིལ༔
    སྤྱི་གཙུག་སངས་རྒྱས་སྣང་བ་མཐའ་ཡས་བཞུགས༔ རང་ཉིད་དེ་ལྟར་གསལ་བའི་ཐུག་ཀ་རུ༔
    པདྨ་དཀར་པོ་འདབ་དྲུག་གྱེས་པའི་དབུས༔ ཡི་གེ་ཧྲྰིཿམཚན་འབྲུ་དྲུག་འདབ་སྟེང་གནས༔
    ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ
    དེ་ལྟར་གསལ་བའི་སྐུ་ལས་འོད་འཕྲོས་པས༔ སྣང་བ་ཐམས་ཅད་སྣང་སྟོང་ལྷ་ཡི་སྐུ༔
    འཕགས་པའི་རྒྱལ་པོ་ཐུགས་རྗེ་ཆེན་པོར་དམིགས༔ སྔགས་ལས་འོད་འཕྲོས་འབྱུང་བའི་སྒྲ་ལ་སོགས༔
    གྲགས་པ་ཐམས་ཅད་གྲགས་སྟོང་སྔགས་ཀྱི་སྒྲ༔ དྲན་རྟོག་སྐྱེ་འགག་གནས་གསུམ་མཐའ་བྲལ་ངང་༔
    སྨྲ་བསམ་བརྗོད་འདས་དགོངས་པའི་ངང་ལ་བཞག༔ དེ་ལྟར་གསལ་བའི་རིག་སྔགས་འབྲུ་དྲུག་པོ༔
    སྒྲ་ཟུར་མ་ཉམས་ཡི་གེ་དྲུག་མ་བཟླ༔ ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ དེ་ལྟར་རྒྱུན་དུ་སྒོམ་བཟླས་བྱ༔ སྐབས་སུ་མཆོད་བསྟོད་ཕྲིན་ལས་བཅོལ༔ དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ འཕགས་པ་ཐུགས་རྗེ་་ཆེན་པོའི་མངོན་རྟོགས་ཡིད་བཞིན་ནོར་བུ་རྗོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ནུབ་ཟངས་མཛོད་དམར་པོ་ནས་སྤྲུལ་སྐུ་རིག་འཛིན་ཆེན་པོས་གཏེར་ནས་གདན་དྲངས་པའོ། །མངྒ་ལཾ། །
    དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་ལྷ་ཚོགས་འགྲུབ་གྱུར་ནས། །
    འགྲོ་བ་སེམས་ཅན་གཅིག་ཀྱང་མ་ལུས་པ། །ཐམས་ཅད་དེ་ཡི་ས་ལ་འགོད་པར་ཤོག །
    གོང་དུ་བརྙན་པར་དེ་དག་མཐོང་ནས་མི་བཀོད་དབང་དུ་བྱུང་ནས་བཀོད་པ་ཡིན། བལྟ་མཁན་ཚང་མས་ཚར་རེ་ཚིག་གི་དོན་དྲན་གྱིས་གསུངས་བར་ཞུ།།

  9. ལྷགབསམ་རྒྱ་མཚོ། says:
    2010-04-18 at 8:09 pm

    བོད་ཕྲུག་དེ་དག་ལ་རག་གི་མི་རིགས་ཀྱི་ཅོས་དང་ལོ་རྒྱུས་ཀྱི་སློབ་སྱོང་ལེགས་པོ་སྤྲད་དེ་ཕ་ཤུལ་བུ་འཛིན་ཞིག་ཞིག་ཡོང་རྒྱུར་གཞིས་ལུས་ཡོངས་ཀྱིས་ཐུགས་བསྐྱེད་ནན་མོ་གནང་དགོས། སྐབས་འདིར་དགེ་འདུན་པ་མང་པོས་རང་གི་ལུས་སྲོག་ལ་མ་འཛེམ་པར་གང་དུ་ཉེན་ཁ་ཆེ་བའི་སར་ཕེབས་ཤིང་རོགས་སྐྱོར་གནང་བ་ཁུར་དུ་བབས་པའི་ལས་དང་གཟི་བརྗིད་ལྡན་པའི་མཛད་པ་རླབས་པོ་ཆེ་རེད། དེར་མ་ཟད་རྒྱ་བལ་ཀྱི་དགོན་སྡེ་སྤྱི་དང་། བྱེ་བྲག་ཕྱི་རྒྱལ་དུ་ཡོད་པའི་བླ་སྤྲུལ་དགེ་འདུན་པ་རྣམས་ཀྱིས་ཐུགས་སྨོན་རོགས་དངུལ་ལ་འབད་བརྩོན་གནང་བཞིན་པ་གཞིས་ལུས་རྣམས་གྱིས་གོ་ན་སེམས་གསོར་འགྱུར་བས་གང་ཐོས་ཁྱབ་བསྒྲགས་གནང་འོས་ཆེ། ཉེ་ལམ་ཧོང་ཀོང་དུ་ཞྭ་དམར་རིན་པོ་ཆེའི་ཆོས་ཚོགས། བཀའ་བརྒྱུད་ཆོས་ཚོགས། ས་སྐྱ་ཆོས་ཚོགས། དཔལ་ཡུལ་ཆོས་ཚོགས་བཅས་ཀྱིས་སྨོན་ལམ་འཚོགས་གནང་བ་དང་། སངྒ་པུར་དུ། བླ་མ་བཟོད་པའི་ཆོས་ཚོགས། ས་སྐྱ་དགོན། ཀརྨ་བཀའ་བརྒྱུད་དགོན། ཕྱག་རྫོགས་ཆོས་ཚོགས་བཅས་ཀྱིས་སྨོན་ལམ་འཚོགས་གནང་། ཐེ་ཝན་དུ་སྐུ་ཚབ་ནས་དབུ་ཁྲིད། ཆོས་རྒྱུན་རིས་མེད་ཀྱི་དགེ་འདུན་བདུན་ཆུ་ལྷག་མི་སེར་ཉིས་བརྒྱ་ཙམ་རང་མོས་ལྷན་ཚོགས་ཀྱིས་སྐུ་ཚབ་དང་། ཀཿ་ཐོག་རིག་འཛིན་ཆེན་པོ། ཀརྨ་མཁན་པོ་ཚུལ་རྣམ་བཅས་ཀྱིས་གདུང་སེམས་མཉམ་བསྐྱེད་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོས་འཇིག་བཞིན་པའི་མི་རིགས་དང་། ཆོས་རིག་ལོ་རྒྱུས་བཅས་པ་སྲུང་སྐྱོབ་རོགས་རེམ་དགོས་པར་འབོད་བསྐུལ་ཞུས་འདུག འགར་རྣམ་རོལ་རིན་པོ་ཆེ་སོགས་ཀྱིས་རོགས་སྐྱོར་ཚོགས་པ་ཞིག་ཡང་བཙུག་འདུག

  10. ཁྱོད་སུ་ཡིན། says:
    2010-04-19 at 3:05 pm

    རྐྱེན་ངན་གྲོགས་སུ་ཤར་འདུག རྡོག་རྩ་གཅིག་སྒྲིལ་གནང་རོགས། ཚེ་སྲོག་རླབས་ཆེན་ཡིན་ནོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །

  11. ཀརྨ་རྡོ་རྗེ་ says:
    2010-04-19 at 11:02 pm

    སངས་རྒྱས་ཆོས་དང་དགེ་འདུན་གསུམ། །
    བླ་ན་མེད་པའི་སྐྱབས་གནས་གསུམ། །
    འཆི་དང་ལས་འབྲས་སྐྱབས་འགྲོ་གསུམ། །
    སྐྱེ་འཆི་བར་དོར་དྲན་དགོས་གསུམ། །

    གང་ཞིག་གསུམ་ལ་སྐྱབས་འགྲོ་ན། །
    ངན་འགྲོ་གསུམ་ལས་ཐར་འགྱུར་ནས། །
    བདེ་འགྲོ་གསུམ་ལ་སྐྱེ་བར་འགྱུར། །
    སྡུག་བསྔལ་གསུམ་ལས་གྲོལ་བར་འགྱུར། །

    དེ་ཕྱིར་འཆི་བ་རྟག་ཏུ་སྒོམས། །
    ལས་འབྲས་གང་ཐུབ་ཅི་སྲུང་གྱིས། །
    སྐྱབས་འགྲོ་ངག་འདོན་བྱས་གྱུར་ན། །
    བདེ་ནས་བདེ་བར་འགྲོ་བར་ངེས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme