Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་མཆོག དེ་འདྲ་མ་གནངས། མང་ཚོགས་ཀྱི་མདུན་ལ་ཕེབས་རོགས།

Posted on 2016-02-052016-02-06 By ཁ་བརྡ 33 Comments on སྲིད་སྐྱོང་མཆོག དེ་འདྲ་མ་གནངས། མང་ཚོགས་ཀྱི་མདུན་ལ་ཕེབས་རོགས།

imageཚུལ་ཁྲིམས་དཔལ་ལྡན།
 
ཉིན་ཤས་སྔོན་ལ་ངས། ༼མང་ཚོགས་ལ་འགན་ཁུར་ནས་མདུན་ལ་ཐོན་རོགས༽ཞེས་པའི་རྩོམ་ཐུང་ཞིག་སྤེལ་བའི་ནང་། ༼སྲིད་སྐྱོང་འོས་མི་གཉིས་ཀྱི་སུ་ཡིན་ནའང་། མང་ཚོགས་ཀྱི་མདུན་ལ་ཐོན་ནས་རང་ཉིད་ངོ་སྤྲོད་དང་། ལས་དོན་གྲུབ་འབྲས་རྩིས་གཙང་ཞིག་འབུལ་རྒྱུ་གལ་ཆེན་པོ་རེད། ད་ནི་སྦས་ནས་ཕན་གྱི་མ་རེད། སྐུང་ནས་ཕན་གྱི་མ་རེད། གཡོལ་ནས་ཕན་གྱི་མ་རེད། མདུན་ལ་ཐོན་རོགས་ཞུ་བ་ཡིན།

ཕྱི་གསལ་ནང་གསལ་བྱས་ནས་མདུན་ལ་ཐོན་ཡོང་རོགས་ཞུ་བ་ཡིན། ཇི་ཙམ་མང་ཚོགས་ཀྱི་མདུན་ལ་ཐོན་པ་དེ་ཚོད་ཀྱིས་མང་ཚོགས་ལ་འགན་ཁུར་གྱི་ཡོད་པ་ཞིག་ཆགས་ཡོད། མང་ཚོགས་ཀྱི་མདུན་ལ་ཕེབས་ནས། ན་ཚ་ཡོད་མེད་ལ་གཟིགས་བཅུག་ན་ཡག་གི་རེད།༽ཞེས་བྲིས་ཡོད།

སྲིད་སྐྱོང་གི་དངོས་གཞིའི་འོས་མི་གཉིས་ཡོད་པ་རེད། གཉིས་ཀ་མང་ཚོགས་ཀྱིས་རྒྱུས་ཡོད་རེད། ཡིན་ནའང་། ལས་དོན་གྲུབ་འབྲས་བསྡུར་སྟངས་དང་འབྲེལ་བའི་ངོས་འཛིན་བྱ་ཕྱོགས་ཐད་ནས་ལྟ་སྟངས་མ་འདྲ་བ་མང་པོ་ཡོང་གིན་ཡོད། དེར་བརྟེན། ཁོང་གཉིས་མཉམ་དུ་མང་ཚོགས་ཀྱི་མདུན་ལ་ཐོན་ནས་བགྲོ་གླེང་གང་མང་གནང་ཐུབ་པ་ཡིན་ན། མང་ཚོགས་ཀྱིས་དངོས་ཡོད་གནས་སྟངས་མང་པོ་ཞིག་གསལ་རྟོགས་ལ་ཕན་གྱི་རེེད། དེར་དམིགས་ནས། ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་སོགས་གསར་འགྱུར་བརྒྱུད་ལམ་དང་། མི་མང་དང་ཚོགས་སྡེ་བྱེ་བྲག་པ་སོགས་ཀྱིས་བགྲོ་གླེང་སྡིངས་ཆ་གཅིག་ལ་འབོད་སྐུལ་བཡས་རིམ་མང་ཆེ་བར། བློ་བཟང་སེང་གེ་ཡིས་དུས་ཚོད་མེད་རབས་བཤད་ནས་གཡོལ་ཐབས་བཙལ་ནས་བསྡད་ཡོད་པ་ཡོང་གྲགས་ཆགས་ཡོད།

ག་རེ་བྱས་ནས་མང་ཚོགས་ཀྱི་མདུན་ལ་ཐོན་ཐུབ་ཀྱི་མེད་པ་རེད། ག་རེ་བྱས་ནས་བགྲོ་གླེང་གི་སྡིངས་ཆ་གཅིག་ལ་འབུད་ཐུབ་ཀྱི་མེད་པ་རེད། སྲིད་སྐྱོང་སྔོན་འགྲོའི་འོས་མིར་ཞུགས་མཁན་བཀྲ་ཤིས་སྟོབས་རྒྱལ་གྱིས་སྤྲེལ་ལོའི་སྲིད་སྐྱོང་བགྲོ་གླེང་གོ་སྒྲིག་བྱས་པ་དེར། སྲིད་སྐྱོང་བློ་བསང་སེང་གེ་མཉམ་ཞུགས་མ་བྱས་ནས་གཡོལ་ཡོད། བགྲོ་གླེང་གོ་སྒྲིག་པས་སྤེལ་བའི་བགྲོ་གླེང་གསལ་བསྒྲགས་ནང་ལ། ༼འོས་བསྡུའི་ལས་རིམ་ནང་མང་ཚོགས་ཀྱི་མདུན་དུ་བགྲོ་གླེང་གནང་དགོས་པ་ལས་གཡོལ་ཐབས་བྱ་ས་མེད་༽ཅེས་ཀྱང་གསལ་འདུག ཉེ་ལམ་ནས། སྲིད་སྐྱོང་བློ་བཟང་སེང་གེ་ཡིས་ཚོགས་གཙོ་སྤེན་པ་ཚེ་རིང་དང་ལྷན་སྡིངས་ཆ་གཅིག་ནས་བགྲོ་གླེང་ལ་གཡོལ་ཐབས་བྱེད་བཞིན་ཡོད། གཅིག་ཐང་ན། གནང་སྟངས་འདི་འོས་འགྲན་གྱི་ཐབས་བྱུས་ཤིག་ཡིན་ཡང་སྲིད། མང་ཚོགས་ལ་མཚོན་ན། གཡོལ་སྟངས་འདི་བརྒྱུད་ནས་སྲིད་སྐྱོང་བློ་བཟང་སེང་གེར་ལྟ་སྟངས་ལ་འགྱུར་བ་ཐེབས་ཀྱིན་ཡོད་ གཡོལ་སྟངས་འདིར་ཧ་ལས་ཀྱིན་ཡོད། ཅི་ཞིག་གི་ཕྱིར་ན་སྲིད་སྐྱོང་གིས་ལོ་བཞི་དང་ཕྱེད་ཀའི་རྗེས་ལ་མང་ཚོགས་ལ་གཡོལ་དགོས་པ་རེད་དམ་ཞེས་དྲི་བ་དྲིས་ཏེ་དྲིས་ལན་འཚོལ་བར་འཇུག་བཞིན་ཡོད། དྲིས་ལན་འཚོལ་མཁན་ཚོས་སྲིད་སྐྱོང་བློ་བཟང་སེང་གེ་འཚོལ་བཞིན་ཡོད། འདི་ཡང་དེ་རིང་ཁ་སང་གི་སྤྱི་ཚོགས་གནད་དོན་གྲས་རེད།

བསམ་ཚུལ།

Post navigation

Previous Post: མདུན་བཀབ་སྟེ་རྐུབ་བསྟན།
Next Post: པིར་མིང་དང་འབྲེལ་བའི་གསལ་བཤད་མེ་ལོང་མ།

Comments (33) on “སྲིད་སྐྱོང་མཆོག དེ་འདྲ་མ་གནངས། མང་ཚོགས་ཀྱི་མདུན་ལ་ཕེབས་རོགས།”

  1. བྱང་ཆུབ་ལོ་མ། says:
    2016-02-05 at 3:04 pm

    ༼བོད་ཀྱི་དུས་བབ༽དྲ་ངོས་ཀྱི་གསར་འགྱུར།

    ང་ཚོའི་བགྲོ་གླེང་ཆུད་ཟོས་སུ་བཏང་སོང་།

    སྤྲེའུ་ལོའི་སྲིད་སྐྱོང་གླེང་སྟེགས་གོ་སྒྲིག་ཚོགས་ཆུང་གི་བགྲོ་གླེང་ཐོག་སྲིད་སྐྱོང་མཆོག་ཕེབས་མ་ཐུབ་པར་བགྲོ་གླེང་གྲོལ་དགོས་བྱུང་ཡོད་པ་རེད།

    དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣།༠༠ སྟེང་མེག་གྷན་སྤྲོ་སྐྱིད་ཚོགས་ཁང་དུ། ད་ལོའི་སྲིད་སྐྱོང་འོས་མིར་བཞེངས་མཁན་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་སྣེ་ཁྲིད་པའི་སྦྲེལ་ལོའི་སྲིད་སྐྱོང་གླེང་སྟགས་གོ་སྒྲིག་ཚོགས་ཆུང་གིས། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་གཉིས་གདན་འདྲེན་ཞུས་ཏེ་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཡོད་པ་དང་། བཞུགས་སྒར་ཁུལ་གྱི་མི་མང་ཡང་མང་པོ་ཞིག་ཕེབས་ཡོད་ཀྱང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བགྲོ་གླེང་སྟེང་ཕེབས་མེད་སྟབས། བགྲོ་གླེང་གནང་མ་ཐུབ་པར་མི་མང་རྣམས་རང་སར་ལོག་ཡོད།
     
    སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་བགྲོ་གླེང་སྟེང་ཕེབས་ཏེ། ང་དེ་རིང་གཏམ་བཤད་བྱེད་དུ་བཅར་མེད། ང་གསལ་བཤད་ཅིག་བྱེད་དུ་བཅར་བ་ཡིན། ཉེ་ཆར་བཀྲ་ཤིས་སྟོབས་རྒྱལ་ལགས་ལས་ཁུངས་ནང་ཕེབས་སོང་། ངས་ཁོང་ལ་སྲིད་སྐྱོང་མཆོག་ལ་ཞུས་ཡོད་མེད་དྲིས་པར། ཁོང་གིས་སྲིད་སྐྱོང་མཆོག་ལ་ཕྱག་ཡིག་ཅིག་ཕུལ་ཡིན། ཕེབས་དང་མི་ཕེབས་ཁྱེད་རང་གཉིས་ལྟ་ཡ་རེད་གསུང་གི་འདུག སྤྱིར་བཏང་འགྲོ་ལུགས་འགྲོ་སྟངས་ཀྱི་ཐོག་ནས་ད་ལྟའི་སྲིད་སྐྱོང་མཆོག་ཡིན་ན་ཐུགས་བྲེལ་ཆེན་པོ་ཡོད་པ་རེད། ང་རང་ཡིན་ནའང་ལས་ཁུངས་ཤིག་ལ་ལྟ་དགོས་པ་རེད། བགྲོ་གླེང་ཟེར་བ་དེ་མི་གཉིས་མཉམ་དུ་བསྡད་ནས་བགྲོ་གླེང་བྱ་རྒྱུ་མ་གཏོགས་མི་གཅིག་གིས་སྐད་ཆ་བཤད་ནས་བགྲོ་གླེང་ཡོང་ཐབས་ཡོད་མ་རེད། དེར་བརྟེན། མ་བཅར་ན་བསམ་ཡང་མི་མང་ཞེ་དྲགས་འཛོམས་འདུག་གསུང་གི་འདུག གསལ་བཤད་ཅིག་མ་ཞུས་ན། བགྲོ་གླེང་དང་ལེན་བྱས་མི་འདུག་ཅེས་སྤྱི་ཚོགས་ནང་སྐད་ཆ་ཡོང་གི་རེད་ལ། མང་ཚོགས་ལ་འགན་མ་འཁུར་བ་འདྲ་བོ་ཞིག་ཀྱང་མཐོང་གི་འདུག སྤྱིར་བཏང་བགྲོ་གླེང་གནང་རྒྱུ་དཔེ་མི་སྲིད་པའི་གལ་ཆེན་པ་རེད། ཅེས་གསུངས་སོང་།
     
    འདི་གའི་གསར་འགོད་པས་བགྲོ་གླེང་གོ་སྒྲིག་པ་བཀྲ་ཤིས་སྟོབས་རྒྱལ་ལགས་སུ་བཅར་འདྲི་ཞུས་པར། ང་ཚོས་ཆུ་ཚོད་དང་འགྲོ་གྲོན་མང་པོ་ཞིག་བཏང་ནས་བགྲོ་གླེང་གོ་སྒྲིག་བྱས་ཏེ་མི་མང་པོ་ཕེབས་ཡོད་ཀྱང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕེབས་ཐུབ་ཀྱི་མི་འདུག་ཅེས་གསུངས་ཡོད་སྟབས། ང་ཚོས་བགྲོ་གླེང་གོ་སྒྲིག་ཞུས་པ་དེ་ཆུད་ཟོས་སུ་བཏང་སོང་། ཞེས་བརྗོད་བྱུང་།
     
    དེ་རིང་བགྲོ་གླེང་གི་བརྗོད་གཞི་གཙོ་བོ། སྲིད་སྐྱོང་བློ་བཟང་སེང་གི་མཆོག་ནས་ལོ་ངོ་བཞི་ལྷག་ཙམ་གྱི་རིང་རྨང་གཞི་ཆ་ཚང་བཏང་ཡོད་གསུང་གི་ཡོད་སྟབས། ལོ་བཞིའི་ནང་སྔར་མེད་གསར་གཏོད་ཀྱི་རྨང་གཞི་གང་དང་གང་བཏང་ཡོད་པའི་ཐད་སྐར་མ་ ༡༥ རིང་འགྲེལ་བཤད་སྐྱོན་རྒྱུ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་བཙན་བྱོལ་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་འབྲེལ་བའི་གནད་དོན་མང་པོ་ཞིག་གི་ཐད་སྦོ་ལུགས་ཡོང་གི་འདུག་གསུངས་ཡོད་སྟབས། དེའི་ཐད་ཕྱོགས་གང་དང་གང་གི་ཐད་ནས་སྦོ་ལུགས་ཡོང་གི་ཡོད་སྐོར་སྐར་མ་ ༡༥ རིང་ཞིབ་ཕྲའི་གསལ་བཤད་གནང་རྒྱུ་བཅས་རེད།

    གསར་འགོད་པ། པདྨ་རྒྱལ།

  2. གངས་རིའི་བུ། says:
    2016-02-05 at 4:22 pm

    མདུན་ལ་ཐོན་ནས་བློ་སེང་འདི་གཙང་མ
    བཟོས།

    https://sites.google.com/site/tibetanpoliticalreview/articles/mmoynihanreplytoofficeoftibetontibetchinaatthesamewashingtonlobbyist?from=singlemessage&isappinstalled=0

  3. རླུང་ཐོག། says:
    2016-02-05 at 4:49 pm

    འོ་རེད་བགྲོ་གླེང་དགོས་ན་དུས་ཚོད་སྔོན་ནས་བཟོ་དགོས་པ་ལས་དེ་མིན་ཁྱེད་ཚོ་ག་དུས་ཁོམ་ཁོམ་ག་ལ་ཡིན། བློ་བུར་སྲིད་སྐྱོང་བགྲོ་གླེང་བྱེད་པར་ཤོག་ཟེར་ན་ཁྲམ་པའི་སྐད་ཆ་རེད། སྐད་ཆ་དང་ཐག་གཅོད་སྔོན་ནས་བྱེད་དགོས་རེད། ང་ཚོ་འདྲ་པོ་ལས་མེད་ཞིག་ཡིན་རུང་བློ་བུར་སྐད་གཏོང་ཡོང་ན་དུས་ཚོད་ཡོད་མེད་བཤད་ཁག་པོ་རེད།

  4. སྤྱང་ཤོག says:
    2016-02-05 at 6:34 pm

    སྔོན་འགྲོའི་འོས་བསྡུ་སྐབས་བགྲོ་གླེང་གཅིག་བྱེད་མི་ཐུབ་པའི་འགོག་སྐྱེན་བཟོ་མཁན་སྤེན་པ་ཚེ་རིང་མཆོག་གིས་ལོ་རྒྱུས་ཀྱི་བདེན་པ་བོད་རང་དབང་རང་བཙན་གྱི་སྲིད་སྐྱོང་འོས་མའི་དང་པོ་ཀླུ་མཁར་བྱམས་དང་མཉམ་དུ་བགྲོ་གླེང་གནང་ན་ཁོང་གི་ཆེ་མཐོང་ཉམས་ཀྱི་འདུག་གསུང་ནས་བཀག་བཞག་པ་རེད། དེ་དམངས་གཙོ་རང་དབང་ཡིན་གསུང་པ་རེད། བློ་སེང་ལ་དམངས་གཙོ་རང་དབང་ཡོད་ན་ཆོག་གི

  5. སྲིན་པོ་རྫ་རྒན། says:
    2016-02-05 at 7:15 pm

    སྲིད་སྐྱོང་བློ་བཟང་སེང་གི་མཆོག་གཡོལ་འགྲོ་དོན་གཙོ་བོ་དེ། བགྲོ་གླེང་གོ་སྒྲིག་པའི་ངོས་ནས་ ༼ཁྱེད་རང་གིས་ལོ་ངོ་བཞི་ལྷག་ཙམ་གྱི་རིང་རྨང་གཞི་ཆ་ཚང་བཏང་ཡོད་གསུང་གི་ཡོད་སྟབས། ལོ་བཞིའི་ནང་སྔར་མེད་གསར་གཏོད་ཀྱི་རྨང་གཞི་གང་དང་གང་བཏང་ཡོད་པའི་ཐད་སྐར་མ་ ༡༥ རིང་འགྲེལ་བཤད་བསྐྱོན་རྒྱུ་༽ བརྗོད་གཞི་གཙོ་བོ་ཡིན་ལབ་པ་འདིས་བྱས་པ་རེད་ཟེར།

  6. ལྷ་སྲས་དར་མ། says:
    2016-02-05 at 7:15 pm

    ཨ་ཁ་དྲ་འདྲེ་དེ་ཚོའི་སྲིད་སྐྱོང་ལ་བྲེལ་བ་ག་ཚོད་ཡོད་མིན་དང་སྲིད་སྐྱོང་གི་མཛད་རིམ་གོང་སྒྲིག་དུས་ཚོད་སོགས་ལ་ཆ་རྒྱུས་མེད་པར་གང་དྲན་ཤོད་མ་བསྡོད། སྲིད་སྐྱོང་ཐུག་པ་ར་གཟི་དང་འཁྱམས་པོ་དེ་འདྲ་མ་རེད་གང་དྲན་བྱེད་མཁན་དེ་འདྲ་མ་རེད། གོང་ས་མཆོག་གིིིས་གསུང་པ་བཞིན་འཆར་གཞི་ཡོད་པ་བང་འགྲིག་པོ་དེ་འདྲའི་ཕྱག་ལས་གནང་མཁན་ཞིག་རེད། ད་སྙོ་གཏམ་ཁོ་ན་གླེང་མ་སྡོད།

  7. མི་ཉག་ཀུན་དགའ་བཀྲ་ཤིས། says:
    2016-02-05 at 8:28 pm

    ད་ལྟ་རང་བགྲོ་གླེང་ཞིག་གོ་སྒྲིག་ཞུས་ཡོད། ད་ལྟ་རང་ཤོག་ཟེེར་བ་ནི་བོད་ཀྱི་སྲིད་སྐྱོང་དང་དེའི་གོ་གནས་ལ་མཐོང་ཆུང་བཏང་བ་ལས་གཞན་གང་ཡང་མ་རེད། དེ་འདྲའི་གལ་གནད་ཅན་གྱི་བགྲོ་གླེང་གི་རིགས་འཚོགས་དགོས་ན་ཉུང་མཐར་ཡང་ཟླ་བ་ཁ་ཤས་སྔོན་ཚུད་ནས། ཐོག་མ་སྐུ་མགྲོན་ཚོའི་དུས་ཚོད་དང་རན་མིན་ལ་ལྟ་དགོས་པ་དང་། དུས་ཚོད་ཡོད་ཀྱང་བགྲོ་གླེང་གི་ཆ་ཤས་ལེན་པར་བཀའ་འཁྲོལ་ཡོད་མེད་ལ་ལྟ་དགོས། བར་དུ། བཀའ་འཁྲོལ་ཐོབ་ན་དུས་ཚོད་དང་། ས་གནས་ཚོགས་ཡུལ། འབྲེལ་གཏུགས་ཁ་བྱང་། སོགས་ཡོངས་ཁྱབ་གསལ་བསྒྲགས་སྔོན་ཚུད་ནས་བྱེད་དགོས། མཐའ་མར་དཔང་དཔྱོད་པ་དང་། བགྲོ་གླེང་གཙོ་འཛིན་པ། ཚོགས་བཅར་བ་ངེས་ཅན་ཡོད་པ་དང་། སྒྲིག་གཞི་ཚད་ལྡན་ཡོད་པའི་ཐོག་ནས་བགྲོ་གླེང་བྱེད་དགོས།

  8. སྲོང་བཙན། says:
    2016-02-05 at 8:55 pm

    སྲིད་སྐྱོང་མཆོག་གཞུང་འབྲེལ་ཕྱོགས་ཕེབས།
    5 FEBRUARY 2016 AT 3:23 PM
    བོད་མིའི་སྒྲིག་འཛུགས།  /  Bhara Yeshi
    ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༥ རེས་གཟའ་པ་སངས།
    ༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༥ ནས་ ༦ བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལྡི་ལིར་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད།
    དེ་ཡང་ཕྱི་ཚེས་ ༥ ཉིན་གྱི་ཆུ་ཚོད་ ༡༢ ཐོག་སྲིད་སྐྱོང་མཆོག་རྡ་ས་ནས་ཕེབས་ཐོན་གྱིས་ལྡི་ལིར་ཕེབས་འབྱོར་དང། ཕྱི་ཚེས་ ༦ ཉིན་ལྡི་ལིར་ལས་འཆར་ཡོད་འདུག་བཅས།
    ———
    ཚོགས་གཙོ་སྤེན་པ་ཚེ་རིང་ཚོགས་ཐོག་ཏུ་ཕེབས་ནས། ཁོང་གིས་ “མི་མང་ལ་དེ་རིང་གཏམ་བཤད་བྱེད་དུ་ཡོང་བ་མིན། གསལ་བཤད་ཅིག་བྱེད་དུ་ཡོང་བ་ཡིན། ཁ་སང་བཀྲ་ཤིས་སྟོབས་ལགས་ལས་ཁུངས་ལ་ཡོང་ནས་ང་ལ་ལབ་སོང་། དེའི་སྐབས་ངས་སྲིད་སྐྱོང་ལ་ཞུས་ཡིན་ནམ་དྲིས་པ་ཡིན། སྐབས་དེར་ཁོང་གིས་སྲིད་སྐྱོང་ལ་ཡི་གེ་དེ་ཕུལ་རྒྱུ་ཡིན་གསུངས་སོང་། ག་འདྲ་དགོས་པ་རེད་ཟེར་དུས་ཕེབས་ན་མ་ཕེབས་ན་ཁྱེད་རང་གཉིས་ཀྱིས་ལྟ་ཡ་རེད་ཟེར། ད་ལྟ་འགྲོ་ལུགས་འགྲོ་སྟངས་ཐོག་ནས་སྲིད་སྐྱོང་མཛད་བྲེལ་ཆེན་པོ་རེད་ལ། ངས་ཀྱང་ལས་ཁུངས་ལ་ལྟ་དགོས་རེད། ང་ཡང་མི་ཡོང་བསམ་སོང་ཡང་། ད་ལྟ་མི་མང་པོ་འཛོམས་འདུག་ཟེར། དེ་ནས་གསལ་བཤད་ཅིག་བྱེད་དུ་ཡོང་བ་ཡིན། བགྲོ་གླེང་གལ་ཆེན་པོ་རེད་དེ། ད་ཐེངས་གནང་ལུགས་གནང་སྟངས་དེ་ཏག་ཏག་བསྡད་མི་འདུག

  9. གངས་རིའི་བུ། says:
    2016-02-05 at 8:56 pm

    བློ་སེང་ཁང་རིན་རྒྱ་མིས་བཏང་བའི་དྲ་གནས།

    http://m.washingtontimes.com/news/2015/jul/10/maura-moynihan-tibet-china-same-washington-lobbyis/#ixzz3gP5a1qTC%20Follow%20us:%20@washtimes%20on%20Twitter

  10. སྲོང་བཙན། says:
    2016-02-05 at 8:58 pm

    སང་ཉིན་བགྲོ་གླེང་བྱེད་དགོས་ཤོག་ཟེར་ནས་ལས་སླ་པོ་དེ་འདྲ་ཡོད་རེད་པས། ཚོགས་གཙོས་ཅི་བཤད་འདུག་འགྲོ་ལུགས་འགྲོ་ཏག་ཏག་མི་འདུག་ལབ་འདུག་ག ཁྱེད་ཚོས་གོང་གི་གནད་དོན་གཉིས་པོར་མིག་བགྲད་དེ་ལྟོས།

  11. ཁྱུང་སེ། says:
    2016-02-05 at 9:00 pm

    གོ་སྒྲིག་པ་དེ་དེ་འདྲའི་ཧམ་པ་ཚ་བ་ལ།། སྲིད་སྐྱོང་གི་འོས་མི་གཉིས་དང་མི་དམངས་ལ་མཐོང་ཆུང་དང་ཁྱད་སོད་བྱས་པ་རེད། “དང་པོར་གཏམ་བཤད་པར་ཡོང་དང་མི་ཡོང་ཁྱོད་རང་ཤེས།། “གཉིས་པར་གཏམ་བཤད་པས་ཡོང་རྒྱུའི་ཁས་ལེན་མེད་བཞིན་དུ་མི་དམངས་ལ་གསལ་བསྒྲགས་བྱས།། དེ་འདྲའི་ཧམ་ཤེད་ཚ་བོ།། སྲིད་སྐྱོང་དང་ཚོགས་གཙོ་ལ་གུས་ཞབས་མེད་པ། མི་དམངས་ལ་མནོ་བསམ་ཅུང་ཙམ་ཀྱང་མ་གཏོང་བ།། ཧམ་པ་རང་རེད་སྲིད་སྐྱོང་མ་སླེབས་པ་དེ་བྱུང་བ་རེད། དེ་འདྲའི་ཇབ་ཆུང་བྱེད་དགོས་ཡོད་པ་མ་རེད།།

  12. ཇུང་ཏོག་ says:
    2016-02-05 at 9:26 pm

    རྡ་སར་ལས་མེད་ཚོའི་མངེན་འདོད་ལ་ལས་ཐོག་སྲིད་སྐྱོང་ངེས་མ་གནང་བ་འགྲིག་འདུག་ལ་ཁྲིམས་མཐུན་ཡང་རེད་།
    སྲིད་སྐྱོང་འོས་མི་ཚོ་ངོ་ཐུག་ནས་བགྲོ་གླེང་བྱ་དགོས་པའི་ཆ་རྐྱེན་བཅའ་སྒྲིག་གང་གི་ནང་འདུག་སྟོན་དང་།
    སྲིད་སྐྱོང་ལས་མེད་འདྲ་བོ་མཐོང་གི་འདུག་གམ་།
    མི་མང་མདུན་ངོ་སྤྲོད་བྱ་དགོས་པའི་མི་གསར་པ་མ་རེད་།
    སྲིད་སྐྱོང་འོས་མི་གཉིས་མི་མང་ནས་ངོ་མི་ཤེས་མཁན་བོད་མི་
    གཅིག་ཀྱང་མེད་པ་ངས་ཚིག་ཐག་བཅད་ཆོག་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་མ་དཀྲུགས་ཡག་ལི་རེད་དོ་།

  13. ཚེ་རིང་ནས། says:
    2016-02-05 at 9:34 pm

    བགྲོ་གླེང་བྱེད་ན་སྔོན་འགྲོ་སྐབས་སུ་འོས་མི་ཚང་མ་མཉམ་དུ་འཛོམས་ཏེ་བགྲོ་གླེང་བྱེད་དགོས་པ་ཞིག་ཆགས་ཡོད། དེ་སྐབས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བཀའ་སློབ་འདྲ་མིན་གསུང་སྟེ་གོ་སྐབས་དེ་ལས་གཡོལ་ཐབས་བྱེད་དེ་བགྲོ་གླེང་གི་གོ་སྐབས་མ་སྤྲད་པ་རེད། ཁ་སང་ཚོགས་པ་ཞིག་གིས་ང་ཚོས་གོ་སྒྲིག་བྱས་ཡོད་ད་ལྟ་རང་བགྲོ་གླེང་བྱེད་སར་ཤོག་ལབ་པ་དེ་ནི་གཡོ་སྒྱུའི་ལས་ཀ་རང་རེད། དཔེར་ན་ང་རང་འདྲ་པོ་མི་ལས་མེད་གཅིག་ལ་གྲོགས་པོ་གཅིག་གིས་ད་ལྟ་ཇ་འཐུང་སར་ཤོག་ཟེར་ནས་སྐད་བཏང་ན་ག་འདྲ་འདུག ཧཧཧ

  14. John says:
    2016-02-05 at 9:35 pm

    ད་རེས་ཀྱི་འོས་འདེམས་དེ་དང་པོ་ནས་དྲང་པོ་བྱས་མ་སོང་

  15. བཀྲ་ཤིས་ཉི་མ། says:
    2016-02-05 at 10:29 pm

    སྤྱིར་སྲིད་སྐྱོང་འོས་མི་གཉིས་ལ་བགྲོ་གླེང་གི་གོ་སྒྲིག་གནང་བ་ཡག་པོ་རེད། འོན་ཀྱང་གོ་སྒྲིག་བྱེད་སྟངས་དེ་ཡག་པོ་ཞིག་བྱུང་མེད་ཚོད་རེད། དེ་ལྟ་བུའི་བགྲོ་གླེང་གལ་གོ་སྒྲིག་གནང་བར་ཉུང་མཐར་ཟླ་བ་གཅིག་གི་སྔོན་འོས་མི་གཉིས་སར་བཅར་ནས་གོ་སྒྲིག་དེ་འགྲིག་མིན་དང་། རྣམ་པ་གཉིས་དེར་ཕེབས་ཐུབ་མིན། དེ་གར་ནང་བརྗོད་གཞི་སོགས་གསལ་པོ་ཞུས་ནས་བགྲོ་གླེང་གི་དུས་ཚོད་གཏན་འབེབས་བྱས། དེ་ནས་མང་ཚོགས་སུ་མ་གོ་མ་ཐོས་མེད་པར་གསལ་བསྒྲགས་བྱེད་དགོས་ཀྱི་རེད། ཉུང་མཐར་བགྲོ་གླེང་དངོས་གཞི་མ་ཚོགས་པའི་ཉིན་བཅུ་ཙམ་སྔོན་དུ་འོས་མི་གཉིས་ལ་བཅར་ནས་དུས་ཐོག་ཕེབས་མིན་སྐོར་བཀའ་འདྲི་ཞུ་དགོས། དངོས་གཞིའི་སྔ་ཉིན་ཡང་སྐྱར་བཅར་དགོས། འོན་ཀྱང་གོ་སྒྲིག་པ་ཚོས་འདི་ལྟ་བུའི་ཞིབ་ཚགས་བྱས་མེད་ཚོད་རེད། དེང་སང་ནུབ་ཕྱོགས་སུ་མི་ཞིག་ལ་གསོལ་ཚིགས་རྒྱས་པོ་ཞིག་གོ་སྒྲིག་བྱེད་པ་ལ་གསོལ་ཕེབས་མཁན་ཚོ་ལན་གསུམ་བཞི་རེ་སྐྱེལ་གྱི་འདུག

  16. གཡུ་ཐོག་རྒྱལ་པོ། says:
    2016-02-05 at 10:36 pm

    ད་ཡིན་ན། སྲིད་སྐྱོང་ཨ་ཁུ་སྟོན་པ་དེས། གཡོལ་གང་ཐུབ་བྱེད་པ་ལས། མདུན་དུ་མཐོན་ནས་མགྲོ་གླེང་བྱ་རྒྱུ་ཅང་མི་འདུག མི་དེར་འགན་ཁྲིའ་བསམ་བློ་ཁྱོན་ནས་མི་འདུག

  17. བཀྲ་ཤིས་ཉི་མ། says:
    2016-02-05 at 10:52 pm

    ༧ གོང་ས་མཆོག་གི་བཀའ་ལ་དྲང་དོན་འགྲེལ་མཁན་གཉིས་ལས་བྱུང་མེད།

    སྤྱིར་ང་ལ་མཚོན་ན་ཆབ་སྲིད་ཀྱི་གོ་རྟོགས་ཞན་པ་མ་ཟད་དོ་སྣང་ཡང་དེ་ཙམ་ཆེན་པོ་མེད་མཁན་ཞིག་རེད། འོན་ཀྱང་རྒྱུན་དུ་དྲྭ་ལམ་ཉུལ་རྒྱུར་དགའ་ཞིང་ཆོས་སྲིད་ཀྱི་གནས་ཚུལ་གང་ལའང་མིག་ཟུར་གྱིས་བལྟ་ཙམ་རེ་བྱེད་གྱིན་ཡོད། རེད་དེ་ཆབ་སྲིད་ཀྱི་ཐད་རྩོམ་ཡིག་སྤེལ་རྒྱུ་ལྟ་ཞོག ཐ་ན་གཞན་གྱི་ཆབ་སྲིད་དཔྱད་རྩོམ་སོགས་ལ་མཆན་བུ་ཡང་བཏབ་མ་མྱོང་། འདི་ལོ་ནི་འུ་ཚང་གི་ཕ་དམ་པས་མི་ལོ་དྲུག་ཅུ་ལྷག་ཏུ་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་རྩིས་སྤྲོད་ནས་མི་དམངས་ཀྱིས་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་དེ་སྲིང་སྐྱོང་སྐབས་གཉིས་པ་བདམ་ལ་ཉེ་བའི་དུས་སྐབས་རེད། ཉེ་བའི་ཆར་སྐུ་ངོ་སྤེལ་པ་ཚེ་རིང་གིས་བཤད་པའི་བརྙན་ཐུང་ཞིག་ངོ་དེབ་ཐོག་མཐོང་སོང་བས་མིག་ནས་མཆི་མ་འབབས་ཤིང་། ཡིད་དུ་སྐྱོ་སྣང་དང་བཟོད་དཀའ་བའི་ཚོར་སྣང་ཞིག་གིས་ཉིན་ཤས་རིང་ཟས་ཀྱི་བྲོ་བའང་མེད་པ་ཆགས་སོང་། ༢༠༡༦ ལོའི་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་དང་སྤེལ་པ་ཚེ་རིང་གཉིས་དངོས་གཞི་སྐབས་ལ་སུ་བདམས་དགོས་མིན་ད་དུང་ཡང་ངས་ཐག་བཅད་མེད། ལྷག་པར་ངས་ད་བར་དུ་སྐུ་ངོ་སྤེལ་པ་ཚེ་རིང་ལ་འཛིན་ཚུལ་ནི། ཁོས་གསར་གཏོད་དང་བསྒྱུར་བཅོས་ཤུགས་ཆེན་པོ་ཞིག་བཏང་འོང་སྙམ་པ་མེད་ཀྱང་། གང་ཡོད་པ་དེ་བརྟན་པོའི་ཐོག་ནས་མཇུས་ཐབས་མཁན་ཞིག་རེད་དྲན་ཡོད།

    ༧ གོང་ས་མཆོག་གི་བཀའ་ལ་དྲང་དོན་འགྲེལ་མཁན་གཉིས་ལས་བྱུང་མེད།

    དང་པོ། སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དོལ་རྒྱལ་བསྟན་ན་ཕན་པ་ལས་གནོད་ཆེ་བ་འདུག་པས་དེ་ཉིད་བསྟན་གསོ་མ་བྱེད་ན་བཟང་བའི་སྐོར་བཀའ་སློབ་ཕེབས་དུས་དོལ་རྒྱལ་བསྟན་མཁན་ཚོས་༧ གོང་ས་མཆོག་ལ་དད་པ་ཡོད་ཁུལ་གྱིས་༧ གོང་ས་མཆོག་གིས་གསུངས་པ་དེ་དགོས་པའི་དབང་གིས་སམ་དྲང་དོན་དུ་འགྲེལ་ཁུལ་བྱས་ཡོད། འོན་ཀྱང་ཕྱིས་སུ་༧ གོང་ས་མཆོག་གིས་རང་ཉིད་ཀྱིས་གསུངས་པ་དེ་དངོས་ཡོད་གནས་ཚུལ་ལས་དྲང་དོན་མིན་ཚུལ་གསལ་པོར་གསུངས་བས་ཁོང་ཚོས་༧ གོང་ས་མཆོག་ལ་དད་པ་ཡོད་ཁུལ་གྱི་གླུ་དབྱངས་དེ་རིམ་གྱིས་ཡལ་ཏེ། འཛམ་གླིང་གང་སར་སྐད་འབོད་དང་ཐ་ན་༧ གོང་ས་མཆོག་གི་སྐུ་ཚེ་ལའང་བར་ཆད་བཏང་བའི་ཐབས་ཤེས་བྱས་ཡོད།

    གཉིས་པ། དེ་ལས་ཐབས་སྐྱོ་བ་ཞིག་ནི་མི་ལོ་ཉི་ཤུ་ལྷག་གི་རིང་༧ གོང་ས་མཆོག་ལ་དད་པ་ཡོད་ཁུལ་གྱིས་༧ གོང་ས་མཆོག་གི་བཀའ་སློབ་གླུ་རུ་གྱེར་མཁན་སྐུ་ངོ་སྤེན་པ་ཚེ་རིང་རེད། ཁོས་སྐད་ཆ་ཚིག་རེ་ལས་མ་བཤད་ཀྱང་་༧ རྒྱལ་བ་རིན་པོ་ཆེ། རྒྱལ་་བ་རིན་པོ་ཆེན་ཟེར་གྱི་ཡོད། ཁོས་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཀྱིས་མི་དམངས་ལ་མགོ་ལྕགས་གཞུས་ན་མི་དམངས་བསླུ་ཐུབ་ཀྱི་ཡོད་པ་ཤེས་ཀྱི་ཡོད། འོན་ཀྱང་ཁོས་རྒྱལ་བ་རིན་པོའི་བཀའ་སློབ་སྐྱར་ཟློས་བྱས་པ་ཙམ་ལས་བཀའ་བསྒྲུབ་པའི་རིགས་པ་གསར་པ་དང་། ཐབས་ལམ་གསར་པ་གང་ཡང་རྙེད་མེད། དེའི་རྐྱེན་པས་ཁོ་ལ་ངོ་ཉི་ཤུའི་རིང་ལས་ཀ་བྱས་པའི་ཉམས་མྱོང་ཡོད་ཟེར་བ་ཙམ་ལས་ཁོས་བསྒྲུབས་པའི་གཟེངས་སུ་ཐོན་པའི་བྱ་བཞག་སྣ་གཅིག་ཀྱང་བསྟན་རྒྱུ་མེད་། ལོ་ངོ་ཉི་ཤུར་ལས་ཀ་བྱས་ཀྱང་གྲུབ་འབྲས་གང་ཡང་བསྟན་རྒྱུ་མེད་པའི་མི་ཤིག་ལ་སྲིང་སྐྱོང་གི་གོ་གནས་ཕུལ་ཀྱང་གང་ཡང་འཇོན་རྒྱུ་མེད་པར་གསལ་པོ་རེད།

    ཁོ་ལ་ཆབ་སྲིད་ཀྱི་གོ་རྟོགས་མེད་པའང་གསལ་པོ་རེད། ༧ གོང་ས་མཆོག་གིས་དུས་དབང་ཕྱི་འགྱངས་བྱས་པའི་རྒྱུ་མཚན་སྐུའི་སྨན་བཅོས་ཀྱིས་ཡིན་པར་ཨ་རི་ལ་གསུངས་ཡོད་པ་མ་ཟད། གདན་ས་བཀྲ་ཤིས་ལྷུན་པོར་རྒྱལ་ཁམས་དུ་མ་ནས་ཕེབས་པའི་མི་རིགས་འདྲ་མིན་དང་། ལྷག་པར་བོད་ནས་བོད་མི་སྟོང་ཕྲག་ལྷག་ཕེབས་པའི་མདུན་སར་ཆེད་དུ་གཉེར་ནས་གསུངས་ཡོད། རེད་དེ་སྐུ་ངོ་སྤེན་པ་ཚེ་རིང་གིས་༧ གོང་ས་མཆོག་གིས་གལ་པོ་ཆེན་ལ་ནན་ཏན་དང་། དམ་པའི་ཆོས་ལ་བརྒྱ་ཚར་ཟེར་བ་བཞིན་ཡང་དང་ཡང་དུ་གསུངས་ཀྱང་། དེ་ཙམ་ཡང་མ་གོ་བར་རང་ཉིད་ཀྱི་ཁེ་ཕན་ཆེད་༧ གོང་ས་མཆོག་གིས་གསུངས་པ་དེ་དགོས་དབང་གིས་ཡིན་ཚུལ་བསྒྲུབས་ཡོད། དགོས་པའི་དབང་གིས་གསུངས་ཞེས་པའི་ཚིག་དེ་སྙན་པོ་ཡོད་ཀྱང་། དོན་ངོ་མ་༧ གོང་ས་མཆོག་གིས་རྫུན་བཤད་སོང་ཟེར་བ་དེ་རེད། འདིས་སྐུ་ངོ་སྤེན་པ་ཚེ་རིང་གིས༧ གོང་ས་མཆོག་ལ་དད་པ་ཡོད་ཁུལ་དང་། དབུ་མའི་ལམ་ལ་གདེངས་ཚད་ཡོད་མདོག ཐ་ན་༧ གོང་ས་མཆོག་ལ་མཚན་སྨྲས་བྱེད་མཁན་དང་ལྷན་དུ་བགྲོ་གླེང་ཙམ་ཡང་མི་བྱེད་པའི་ངོ་གདོང་དེའི་རྒྱབ་ལྗོངས་གསལ་བར་བྱས་ཡོད། གལ་སྲིད་ཁོང་༧ གོང་ས་མཆོག་ལ་ལུས་ངག་ཡིད་གསུམ་གྱིས་ཡིད་ཆེས་ཡོད་མཁན་ཞིག་དང་། དགོས་པའི་དབང་གིས་གསུངས་པ་རྟོགས་མཁན་ཞིག་ཡིན་ན་དུས་དབང་ཕྱི་འགྱང་བྱས་པའི་རྒྱུ་མཚན་༧ གོང་ས་མཆོག་གིས་གསུངས་པ་དེ་དེ་བཞིན་རེད་ཟེར་བ་མ་གཏོགས། དེ་ལས་གཞན་པའི་རྒྱུ་མཚན་གང་ཡང་བཤད་མི་སྲིད།

    དགྲ་བོ་རྒྱ་ནག་གིས་རྒྱུན་དུ་༧ གོང་ས་མཆོག་ནི་རྫུན་བཤད་མཁན་ཞིག་དང་། ཆོས་ཀྱི་འབག་གོན་ནས་མི་དམངས་མགོ་སྐོར་བཏང་མཁན་རེད་ཟེར་བ་འདི་སྐུ་ངོ་སྤེལ་པ་ཚེ་རིང་གིས་དགོས་པའི་དབང་གིས་ཞེས་པའི་སྙིང་རྗེ་བོའི་ཚིག་ཅིག་བེད་སྤྱོད་དེ་ཤུགས་ཀྱིས་སྒྲུབ་ཐབས་བྱས་ཡོད། འཛམ་གླིང་འདིའི་སྟེང་དུ་ནང་ཆོས་ཉམས་སུ་ལེན་མཁན་ཉུང་ཤས་ཤིག་མ་གཏོགས་ཚང་མས་དངོས་ཡོད་ལས་འདས་པའི་སྐད་ཆ་ཞིག་བཤད་ན་དེ་ཉིད་རྫུན་ཡིན་པར་ངེས་འཛིན་དང་། མི་མ་རབས་ཞིག་ཏུ་བརྩི་གིན་ཡོད། ལྷག་པར་རྒྱ་ནག་ལྟ་བུའི་དམར་ཕྱོགས་རིང་ལུགས་པ་ཚོས་དེ་བས་དགོས་དབང་དང་། དྲང་དོན་ངེས་དོན་ཁས་མི་ལེན། མདོར་ན། འཛམ་གླིང་མི་དམངས་དང་དྲང་དོན་ལ་དགའ་བའི་ཤེས་ཡོན་པ་དང་། ཆབ་སྲིད་པ། ཆོས་ལུགས་པ་སོགས་ས་ཡ་མང་པོས་བོད་ཀྱི་དབུ་ཁྲིད་༧ གོང་ས་ཏཱ་ལའི་བླ་མ་ལ་གུས་བཀུར་དང་ཆེ་མཐོ་བྱེད་བཞིན་པ་འདི་ཐམས་ཅད་ཀྱི་རྒྱུ་མཚན། ༧ གོང་ས་མཆོག་གིས་སྐད་ཆ་ག་རེ་བཤད་ཀྱང་དྲང་དོན་དང་། རྫུན་མི་བཤད་པ། འགག་རྩ་གང་ཞིག་ལ་ཐུགས་ཀྱང་དངོས་ཡོད་གསུངས་པ་ལས་དེ་ལ་གཡོལ་ཐབས་བྱེད་ཀྱི་མ་རེད་ཅེས་ཟེར་གྱི་ཡོད། འོན་ཀྱང་སྐུ་ངོ་སྤེལ་པ་ཚེ་རིང་གིས་དེ་ཙམ་ལའང་བསམ་བློ་བཏང་མེད། ཁོས་མངོན་འདོད་ངོ་མ་སྤྱིར་འཛམ་གླིང་མི་དམངས་དང་ཡང་སྒོས་དགྲ་བོ་རྒྱ་ནག་གི་མིག་མདུན་དུ་༧ གོང་ས་མཆོག་གིས་ཞལ་རས་ཆུ་ལ་གཡུག་ཐབས་བྱེད་པ་དེ་རེད།
    སྐུ་ངོ་སྤེན་པ་ཚེ་རིང་གི་སྐད་ཆ་འདི་༧ གོང་ས་མཆོག་གིས་གསན་ན་ཅི་དགོངས་ས་རེད། ཐུགས་དགྱེས་ས་རེད་དམ། ཐུགས་ཕམ་ས་རེད། བློ་གཟུར་བོ་གནས་ནས་བསམ་བློ་ཞིག་ཐོངས་དང་། མི་དམངས་ཁྲི་ཚོགས་ཀྱི་དབུས་སུ་གསུངས་ཟིན་པའི་བཀའ་སློབ་དེ་ཉིད་བདེན་པ་མ་རེད་ཟེར། ཚོགས་གཙོ་ཞིག་གིས་འདི་ལྟར་བྱས་ན་༧ གོང་ས་མཆོག་སྐུ་ཚེ་ཡུན་དུ་བརྟན་ས་རེད་དམ། ཡུན་དུ་ཐུང་ས་རེད། སྐུ་ངོ་ཡི་སྐད་ཆ་འདི་རྒྱ་ནག་གིས་གོ་དུས་ཁོང་ཚོ་ཅི་ཙམ་དགའ་རྒྱུ་རེད། ལ་རྒྱ་དང་ཞེ་ཁོག་གིས་རང་གི་སྲོག་ཤོར་ཡང་འགྱོད་པ་མེད་པའི་གཞིས་ཞུགས་བོད་མི་ཚོས་གོ་དུས་ག་ཚོད་སྡུག་རྒྱུ་རེད། སྔ་ནས་ད་བར་༧ གོང་ས་མཆོག་གིས་བཙལ་བྱོལ་གྱི་གཞུང་འདི་ཕྱི་གསལ་ནང་གསལ་ཡིན། ཕྱི་རུ་བཤད་རྒྱུ་ཞིག་དང་ནང་དུ་སྦས་རྒྱུ་ཞིག་མེད། ཅེས་གསུངས་པའི་བཀའ་སློབ་རྣམས་སྐུ་ངོ་ནས་གང་ཞིག་ཏུ་སྐྱེལ་བའི་འཆར་གཞི་རེད། སྐབས་ཞིག་སྐུ་ངོ་ནས་གཏམ་བཤད་བྱས་དུས་༧ གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་དགོངས་པ་རྫོགས་ཚར་བ་གཞིར་བཞག་བྱས་ནས་བཤད་ཀྱི་འདུག འདི་ཐམས་ཅད་ལ་བསམ་བློ་ཞིག་བཏང་དུས་སྐུ་ངོས་ཕུགས་ཀྱི་བསྒྲུབ་འདོད་པ་གང་ཡིན་སྐོར་ལའང་དོགས་པ་ཡོང་གི་འདུག

    ངས་འདི་ནས་སྐུ་ངོ་མཆོག་ལ་སྐད་ཆ་ཁ་ཤས་འདྲི། སྤྱི་ཟླ་༨ པའི་ཚེས་༢༧ ཉིན་བཀའ་ཤག་ལ་༧ གོང་ས་མཆོག་དགོངས་པ་འཚོམས་པའི་རྣམ་པའི་ཐོག་ནས་དུས་དབང་ཕྱིར་འཐེན་བྱོས་གསུངས་པ་དེ་དང་། དེའི་སང་ཉིན་དྲུང་ཆེན་གཉིས་མར་བཀའ་ཤག་ལ་བཅར་ནས་ཁ་སང་དྲག་པོའི་ཐོག་ནས་བཤད་པ་ཡིན། དེ་རིང་ཞི་བའི་ཐོག་ནས་བཤད་གིན་ཡོད་ཟེར་བ་དེ་དག་སྐུ་ངོ་ནས་དངོས་སུ་མཐོང་སོང་བས། འོ་ན་མི་གཞན་ཞིག་གིས་སྐུ་ངོ་ལ་བཤད་སོང་། གལ་སྲིད་མི་གཞན་ཞིག་གིས་སྐུ་ངོ་ལ་བཤད་པ་ཡིན་ན། སྐུ་ངོ་༧ གོང་ས་མཆོག་གིས་སྐུ་ངོ་ཡོད་སར་དངོས་སུ་གསུངས་པ་དེ་ལ་ཡིད་ཆེས་མ་བྱས་པར་མི་ཞིག་གིས་བརྒྱུད་ནས་གོ་བ་དེ་ལ་ཡིད་ཆེས་དགོས་དོན་གང་ཡིན། མི་ཞིག་གིས་སྐུ་ངོ་ལ་ཤ་ཚ་དང་སྙིང་ཉེ་ཉེ་ཐོག་བཤད་པ་དེ་བོད་སྤྱི་པའི་དོན་དུ་རེད་འདུག་གམ། ཡང་ན་༧ གོང་ས་མཆོག་གིས་མི་དམངས་ཁྲི་ཚོགས་དབུས་སུ་གསུངས་པ་དེ་བོད་སྤྱི་པའི་དོན་དུ་རེད་འདུག སྐུ་ངོ་ནས་དེའི་ཐོག་ཐུགས་བསམ་བཞེས་ཨེ་ཡོད། ད་དུང་སྐུ་ངོ་ལ་བཤད་མཁན་གྱི་མི་དེ་སུ་རེད། སྐུ་སྒེར་གྱི་མི་ཞིག་རེད་དམ། ཡང་ན་དེ་མིན་གྱི་མི་གཞན་ཞིག་རེད། མིང་དེའི་མིང་ལ་ཅི་ཟེར་། ཁོང་གི་ལས་སྣེ་གང་རེད། མི་དེས་རྒྱུ་མཚན་གང་གིས་ཁྱོད་ལ་བཤད་པ་རེད། རྡ་རམ་ས་ལ་རྒྱ་ནག་གི་སོ་པ་ཡོད་པ་ཁྱོད་ཀྱིསཨེ་ཤེས།

    སྐུ་ངོའི་སྐད་ཆ་འདི་ཀླུ་མཁར་བྱམས་ཀྱི་སྐད་ཆ་བཞིན་གནད་དོན་ཆུང་ཆུང་ཞིག་རྩ་བ་ནས་མ་རེད། བཀའ་ཤག་དང་སྐུ་ངོ་ཁྲིམས་ཁང་དུ་འགྲོ་ནས་ཐག་གཅོད་བྱེད་དགོས་ཀྱི་ཡོད། འཛམ་གླིང་མི་དམངས་དང་བོད་མི་ཚོའི་མདུན་དུ་གསལ་པོ་བཟོ་དགོས། ལྷག་པར་སྐུ་ངོ་ནས་རྒྱལ་བ་རིན་པོ་ཆེ་དགོངས་པ་འཚོམས་པ་དེ་དངོས་སུ་མ་མཐོང་བར་གཞན་བརྒྱུད་ནས་གོ་བ་ཡིན་ན། བཤད་མཁན་དེའི་མི་དང་བཅས་པ་བཤད་དགོས་པ་མ་ཟད། ཁོང་ཡང་ཁྲིམས་ཁང་དུ་འགྲོ་ནས་ཁོང་རང་ཉིད་ཀྱི་སྐད་ཆ་ཁུངས་སྐྱེལ་བྱེད་དགོས། དེ་མིན་ཕྱི་ལོག་ནས་གོ་སོང་ཟེར་བ་དང་། མི་གཞན་གྱིས་བཤད་སོང་ཟེར་བ་དེ་ཚོགས་གཙོ་ཞིག་གི་སྐད་ཆ་མ་རེད།

    རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་ཚོ་ཞུ་རྒྱུར། རྣམ་པ་ཚོས་ངས་ཚོགས་གཙོ་ལ་གུས་ཞབས་མེད་པའི་ཐོག་ནས་སྐད་ཆ་བཤད་སོང་སྙམ་སྲིད་པས་དེ་ལ་ངས་དགོངས་དག་ཞུ། འོན་ཀྱང་རྣམ་པ་ཚོས་འདིའི་སྐོར་སེམས་རྣལ་དུ་ཕབ་ནས་དཔྱད་པ་བྱ་རྒྱུ་གལ་ཆེ།

    བཀྲ་ཤིས་ཉི་མ་ནས་ཕྱི་ལོ་༢༠༡༦/༢/༣ཉིན།

  18. གངས་རིའི་བུ། says:
    2016-02-05 at 10:53 pm

    ཨ་རིའི་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ཁ་སང་༼༢༠༡༦ ཟླ་༢ ཚེས་༡ ༽ ཉིན། ༧གོང་ས་མཆོག་གི་ཆིབས་བསྒྱུར་ཁ་ལ་འཁྱེར་ནས་ས་གནས་མེ་ཌི་སིན་ལ་སོང་ནས་མི་མང་ནང་འོས་བསྡུའི་དྲིལ་བསྒྲགས་བྱས་འདུག

    ཟླ་༡ ཚེས་༣༡ ཉིན་ཝ་ཤིན་ཊོན་ཌི་སི་ནས་དོན་གཅོད་ཁང་གི་སྐུ་པར་འབྲེལ་བའི་ཧམ་བཤད་དང་། ལོག་འགྲེལ་སྣ་ཚོགས་བྱས་ཡོད་པ་མ་ཟད། ཨ་རི་དང་ཁ་ཎ་ཌ་གཉིས་ནས་ཨ་སྒོར་ས་ཡ་མང་པོ་ཐོབ་ཡོད་ཅེས། སྲིད་སྐྱོང་ལས་ཐོག་གི་འོས་བསྡུར་དམིགས་ནས་དྲིལ་བསྒྲགས་སྣ་ཚོགས་བྱས་འདུག

    ཟླ་༡ ཚེས་༣༡ ཉིན་ཆི་གྷ་གོ་དང་། ཟླ་གཉིས་པའི་ཚེས་གཅིག་ཉིན། མེ་ཌི་སིན་ནས་སླར་ཡང་འོས་བསྡུའི་དྲིལ་བསྒྲགས་ཆེད། ༼༡༽དོན་གཅོད་ཁང་གི་སྐུ་པར་ཐད་འགྲེལ་བཤད་དང་། ༼༢༽ སྲིད་སྐྱོང་གིས་ཡར་མར་ནས་ཨ་སྒོར་མང་པོ་སློང་ཐུབ་ཡོད་ལུགས། མདོར་ན། བྱང་ཨ་རིའི་འོས་བསྡུའི་འགན་འཛིན་གྱི་མིང་འཁུར་ནས། གཞུང་དོན་ཕྱོགས་བསྐྱོད་ཀྱི་གོ་སྐབས་བཟུང་ནས་འོས་བསྡུའི་དྲིལ་བསྒྲགས་བྱས་དང་བྱེད་བཞིན་འདུག་པ་འདི། བཟང་སྤྱོད་དང་མི་མཐུན་པ། འོས་བསྡུའི་སྒྲིག་གཞི་དང་འགལ་བ་མང་པོ་ཞིག་བཤད་བཞིན་ཡོད་པ་འདི། རྒྱ་ཆེའི་མི་མང་རྣམ་པ་དང་། དམིགས་བསལ་གྱིས་དབུས་འོས་བསྡུ་ལས་ཁུངས་ནས་བལྟ་རྟོག་དང་། ཞིབ་བཤེར། ཐག་གཅོད་བཅས་གནང་རོགས།

  19. གཡུ་ཐོག་རྒྱལ་པོ། says:
    2016-02-05 at 11:10 pm

    ད་ཡིན་ན། སྲིད་སྐྱོང་དེར་དངོས་གནས་འགན་ཁྲིའི་བསམ་བློ་མི་འདུག ག་དུས་ཡིན་རུང་གཡོལ་གང་ཐུབ་རེད། གྲོས་ཚོགས་ལས་རིམ་ནང་གི་དྲི་བར་གཡོལ་གང་ཐུབ། གསར་འགོད་པའི་དྲི་བར་གཡོལ་གང་ཐུབ། སྤེན་ཚེ་དང་བགྲོ་གླེང་བྱེད་པར་གཡོལ་གང་ཐུབ། མདོར་ན། གཡོལ་གང་ཐུབ་ཁོ་ན་བྱས་ནས་སྡོད་ཀྱི་འདུག

  20. ཀརྡོ་གཉེར་ཕྱག་པ་ says:
    2016-02-05 at 11:57 pm

    ་་་་་་་་་ ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་སོགས་གསར་འགྱུར་བརྒྱུད་ལམ་དང་། མི་མང་དང་ཚོགས་སྡེ་བྱེ་བྲག་པ་སོགས་ཀྱིས་བགྲོ་གླེང་སྡིངས་ཆ་གཅིག་ལ་འབོད་སྐུལ་བཡས་རིམ་མང་ཆེ་བར། བློ་བཟང་སེང་གེ་ཡིས་དུས་ཚོད་མེད་རབས་བཤད་ནས་གཡོལ་ཐབས་བཙལ་ནས་བསྡད་ཡོད་པ་ཡོང་གྲགས་ཆགས་ཡོད། ་་་་་་་་་་ ཟེར

  21. ཀརྡོ་གཉེར་ཕྱག་པ་ says:
    2016-02-05 at 11:59 pm

    ་་་་་་་་་་་་་་ ཅི་ཞིག་གི་ཕྱིར་ན་སྲིད་སྐྱོང་གིས་ལོ་བཞི་དང་ཕྱེད་ཀའི་རྗེས་ལ་མང་ཚོགས་ལ་གཡོལ་དགོས་པ་རེད་དམ་ཞེས་དྲི་བ་དྲིས་ཏེ་དྲིས་ལན་འཚོལ་བར་འཇུག་བཞིན་ཡོད། དྲིས་ལན་འཚོལ་མཁན་ཚོས་སྲིད་སྐྱོང་བློ་བཟང་སེང་གེ་འཚོལ་བཞིན་ཡོད། འདི་ཡང་དེ་རིང་ཁ་སང་གི་སྤྱི་ཚོགས་གནད་དོན་གྲས་རེད། ་་་་་་་

  22. ཀརྡོ་གཉེར་ཕྱག་པ་ says:
    2016-02-06 at 12:05 am

    སྲིད་སྐྱོང་མཆོག མ་ཕེབས་པ་དེ་ནོར་བ་མ་རེད། གྲ་སྒྲིག་ནང་མཁན་ནོར་བ་དང་། སྲི་སྐྱོང་གདན་ཞུ་བྱེད་མཁན་གྱི་ཀུན་སློང་ནོར་བ་རེད།

  23. གངས་རིའི་བུ། says:
    2016-02-06 at 12:43 am

    བློ་སེང་གི་བྱས་རྗེས་ཡོད་ཚད་འདི་ཡིན།
    གཅིག ཉམས་མྱོང་དང་འཇོན་ཐང་གང་ཡང་མེད་པའི་རང་གི་གྲོགས་པོ་སྐལ་རྡོར། ཨ་རིའི་དོན་གཅོད་དུ་བསྐོས་པ།
    གཉིས། ཤེས་ཡོན་གལ་ཆེ་ཚུལ། འུར་བཤད་དང་སྟོང་བཤད་ཁྲི་ལ་ཉེ་པ་བྱས་དེ། རང་ཉིད་རང་གིས་ཤེས་རིག་བཀའ་བློན་དུ་བསྐོས་པ། མཐར་ཤེས་རིག་བཀའ་བློན་ནས་བློ་སེང་རང་ཉིད་ཀྱིས་དགོངས་པ་ཞུས།
    གསུམ། བདེ་སྲུང་ཉམས་ཞིབ་ཀྱི་མིང་བསྒྱུར་ཏེ་བོད་ཀྱི་སྲིད་བིྱས་ཉམས་ཞིབ་ཁང་། ཞེས་བཏགས་པ།
    བཞི། ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ་དང་འཇལ་འཕྲད་གནང་ཡང་། འུར་རྒྱབ་མང་དྲགས་དེ་བོད་དོན་ཐོག་རྒྱབ་སྐྱོར་གང་ཡང་མ་རགས་པ།
    ལྔ། བློ་སེང་འོག་ལས་ཀ་བྱེད་མ་འདོད་པར་དམིགས་བསལ་སྐུ་ཚབ་གཉིས་ནས་དགོངས་པ་ཞུས་པ།
    དྲུག དཔོན་རིགས་ཆེན་པོ་ཡིན་མདོག་ཀྱིས།
    སྔོན་བསམ་གདོང་རིན་པོ་ཆེ་ནས་མ་བཞེས་པ། ཁོ་རང་གི་རླངས་འཁོར་ཐོག་གློག་དམར་པོ་ཞིག་དགར་པ།
    བདུན། ས་ཆ་ག་བ་སོང་ན་འར་བཤད་པ།
    བརྒྱད། ཁོ་རང་གི་ཁང་པའི་བུ་ལོན་ཨ་རིའི་གཞུང་ལ་སྤྲད་ཚར་འདུག
    དགུ སྔོན་མ་ལས་བོད་ཡིག་ཡག་པོ་ཀློག་ཐུབ་པ།
    བཅུ། པོ་ཏྭ་ལ་ཞེས་པའི་ལམ་ཁ་ཆུང་ཆུང་ཞིག་ལ་མིང་བཏགས་ཡོད།
    ཚང་མས་སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ལགས་རྒྱབ་སྐྱོར་གནང་རོགས་གནང་།

  24. གངས་རིའི་བུ། says:
    2016-02-06 at 12:44 am

    ༼འཐུས་ཤོར་བཞི།༽ ༡ – ཤེས་ཡོན་སྲིད་ཇུས་མ་ལག་ཁ་ཐོར་སོང་བ་དང་གཞི་རིམ་སློབ་གྲྭ་ཁག་ཅིག་ལ་དགེ་རྒན་མ་འདང་བའི་དཀའ་ངལ་གྱི་འཐུས་ཤོར་དེ་གཉིས་མགྱོགས་མྱུར་སླར་གསོ་ཡོང་བར་བྱེད་དགོས། ༢ – བོད་རྒྱ་འབྲེལ་མོལ་གྲག་འགུལ་མེད་པ་མ་ཟད་དམིགས་བསལ་སྐུ་ཚབ་རྡོག་གཅིག་མཐོང་རྒྱུ་མེད་པའི་འཐུས་ཤོར་དེ་བསླར་གསོ་མ་བྱེད་ན་མི་འགྲིག་པ་ཅིག་རེད། ༣ – བོད་ནང་རང་ལུས་མེར་བསྲེགས་གྲངས་འདི་ཙམ་བསླེབས་ཀྱང་ད་ལྟའི་བཀའ་ཤག་དང་བཙན་བྱོལ་གཞུང་གི་ལངས་ཕྱོགས་དེ་མཆོད་འབུལ་སྨོན་ལམ་ཙམ་གྱིས་ཡིད་ཚིམས་པར་བྱས་པ་འདི་གོ་སྐབས་འཛིན་མ་ཐུབ་པའི་འཐུས་ཤོར་ཆེན་པོ་ཅིག་ཡིན་པ་ངེས་དགོས། ༤ – ཉེ་བའི་ལོ་ཤས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དོལ་རྒྱལ་རྗེས་འབྲངས་པའི་སྐད་འབོད་ཤུགས་ཆེ་རུ་སོང་བ་དང་བོད་གཞུང་སློབ་གྲྭ་ནས་ཐོན་པའི་བོད་ཕྲུག་ཁག་ཅིག་ཇེ་མང་དུ་སོང་ཡོད། ༼སྟོང་གཏམ་གསུམ།༽ ༡ – གཅིག་སྒྲིལ། ༢ – གསར་གཏོད། ༣ – རང་ཁ་རང་གསོ། སྐད་ཆ་འདི་གསུམ་པོ་སྲིད་སྐྱོང་མཆོག་ནས་གཏམ་བཤད་སྟོང་བ་ཙམ་ལས་ལེགས་འགྲུབ་བྱུང་བ་སྣེ་གཅིག་སྟོན་རྒྱུ་མེད་པས་སྟོང་གཏམ་རང་ཆགས་པ་རེད། ༼འུར་སྒྲོག་གཉིས།༽ བོད་ནང་ཆེད་ལས་པ་འབུམ་གཅིག་དང་བཙན་བྱོལ་ནང་ཆེད་ལས་པ་ཁྲི་གཅིག་གསོ་སྐྱོང་བྱེད་རྒྱུ་ཟེར་པའི་སྐད་ཆ་དང་། ༧གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་གི་ཡིན་ཟེར་པ་ནི་མི་མང་གི་རྣ་བ་ལ་སྒྲོག་པ་ཙམ་ལས་རང་གི་སེམས་ལ་གདེང་ཚོད་ངེས་ཅན་གྱི་ཐོག་སྒྲོག་རྒྱངས་བྱས་པ་ཅིག་ཆགས་མེད། ཐེངས་རྗེས་མའི་སྲིད་སྐྱོང་ལ་གདེང་ཚོད་མེད་པའི་འུར་སྒྲོག་པ་ཅིག་མི་ཡོང་བའི་ཐུགས་གཟབ་གནང་དགོས།

  25. ཐུབ་བསྟན་དཔལ་བཟང་། says:
    2016-02-06 at 12:54 am

    མཁས་དབང་བློ་སེང་དང་ཚོགས་གཙོ་སྤེན་ཚེ་འདི་གཉིས་ཀ་་་་་ང་ཚོ་བོད་པ་ལ་ནུས་ཤུགས་ཕན་ཡོན་ཆེ་བའི་མི་་་་ཕུལ་བྱིང་རེད།

    གང་ལྟར་རྗེས་མ་བགྲོ་གླེང་ཚོགས་འགྲོ་རྒྱུ་རེད།
    མི་འདི་གཉིས་་་་་གཉིས་ཀ་ལ་་་་འོས་འཕེན་ཆོག་ན་་་་་་ངས་གཉིས་ཀ་ལ་འཕང་ས་རེད།
    མི་རྣམས་ཀྱིས་་་་ང་ཚོའི་ཕུལ་བྱུང་གི་མི་འདི་གཉིས་ལ་་་ལྟ་སྟངས་འགྲིག་གི་མིན་འདུག།

    མི་ཚང་མར་སྐྱོན་ཡོད་ལ་ཡོན་ཏན་ཡང་ཡོད་་་་་ཕུལ་བྱུང་གི་བོད་ཀྱི་ན་གཞོན་འདི་གཉིས་འདྲ་བོ་བོད་པའི་ནང་མང་པོ་མེད་པ་་་་ཤེས་ཡོད་ཤག།
    ཕྱོགས་ཡོངས་ནས་མ་བསམས་པའི་་་་་་བོད་པ་མང་པོ་ཞིག་ལ་ཀླད་པ་དངོས་གནས་དེ་མིན་འདུག

  26. གངས་རིའི་བུ། says:
    2016-02-06 at 1:22 am

    བློ་སེང་གིས་གསར་གཏོད།

    https://www.facebook.com/jigme.dhakpa.3/posts/184157925273980

  27. ཁྱུང་སེ། says:
    2016-02-06 at 1:37 am

    ད་ཡག་རྟགས་ཞིག་མ་རེད། གངས་རིའི་བུ་ཡིས་གངས་སེང་ལ་སྐྱོན་འཛུགས་ཨེ་རྙེད་བྱས་ནས་གཅིག་འབྲི་རྒྱུ་ཨེ་རག་བལྟ་ཡོང་གི་འདུག ངེད་ཅག་གངས་རིའི་བུ་ཚོས་གངས་སེང་ནི་ང་ཚོའི་ནོར་བུ་ཡིན་པས་དེ་ལ་དམའ་འབེབས་བྱེད་མི་ཉན་ཡ།

  28. རྒན་འཇམ་རྡོར། says:
    2016-02-06 at 3:33 am

    ད་ཁོང་ཚོ་ཞེ་དྲག་མ་བཙར་ན་ག་གི་རེད་མ་གཏོགས་འུ་ཐུག་ན་རི་བོང་གི་བརྡུང་གི་རེད་དཱ། དེ་དུས་སོ་སོའི་འོས་མི་ལ་ཕན་པ་ལས་གནོད་སྐྱེལ་བའི་རྡོག་མཁྲེས་དེ་རང་གི་བཟོ་ཉེན་ཡོད། དེ་ལས་ཁུངས་འཕེར་འདྲ་གསུངས་མད་ན་ཁ་ཁར་བཞུགས་ན་ཡག་ག་མེད་དམ།

  29. རྒན་འཇམ་རྡོར། says:
    2016-02-06 at 3:56 am

    ད་ཁོང་ཚོ་ཞེ་དྲག་མ་བཙིར་ན་ཡག་གི་རེད་མ་གཏོགས་འུ་ཐུག་ན་རི་བོང་གིས་བརྡུང་གི་རེད་དཱ། དེ་དུས་སོ་སོའི་འོས་མི་ལ་ཕན་པ་ལས་གནོད་བསྐྱལ་བའི་རྡོག་མཁྲེས་དེ་རང་གིས་བཟོ་ཉེན་ཡོད། དེ་ལས་ཁུངས་འཕེར་འདྲ་ཡོད་ན་གསུངས་མེད་
    ན་ཁ་ཁར་བཞུགས་ན་ཡག་ག་མེད་དམ།

  30. དགུ་ཚིགས་ཕོ་ཉ says:
    2016-02-06 at 8:14 am

    སྐུ་དངོས་སུ་ཕེབས་མ་ཐུབ་ཀྱང་སྐུ་ཚབ་ཅིག་གཏོང་དགོས་ངེས་རེད། གཏམ་བཤད་དངོས་སུ་གནང་བར་མ་ཐུབ་ཀྱང་འཕྲིན་ཐུང་ཞིག་ཅིས་ཀྱང་དགོས་ངེས་རེད། དེ་ཙམ་ཡང་མ་བྱུང་བ་ནི་སྲིད་མིང་འཛིན་པ་ཞིག་ཡིན་ཆ་ནས་ཀུན་སྤྱོད་དང་བསམ་བློ་གཉིས་ཀ་མི་མང་གི་མདུན་ལ་བསླར་ཡང་རོབ་ཙམ་མངོན་སོང་བ་རེད། འདི་ལྟར་ཉིན་མ་ཕུད་དཀའ་གི་རེད་བསམ།

  31. ལུང་རྟོགས། says:
    2016-02-06 at 10:37 am

    སྲིད་སྐྱོང་མཆོག་བགྲོ་གླེང་ལ་ཕེབས་མ་ཐུབ་པའི་རྒྱུ་མཚན་གོང་དུ་སྲོང་བཙན་ལགས་ཀྱིས་བཏང་བ་ལྟར་རེད། དེ་མིན་ཕྱོགས་ཞེན་མཁན་པོ་ཚོས་ག་རེ་བཤད་ཀྱང་གནས་ལུགས་མེད་པའི་སྐད་ཆ་ལ་ཉན་མཁན་སུ་ཡང་མེད་པ་ཆོས་ཉིད་རེད། ལར་ནས་ལུག་རྫི་རྒན་པོའི་བྱེད་སྟངས་དེ་ལ་ལྟས་ན་ཆབ་སྲིད་ཀྱི་འཁྲབ་སྟོན་ཞིག་ཡིན་པ་གསལ་པོ་འདུག ཨ་རིའི་རླུང་འཕྲིན་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་སོགས་ཀྱིས་བགྲོ་གླེང་ཞིག་གོ་སྒྲིག་གནང་རྩིས་ཡོད་བཞིན་དུ་ལུག་རྫིའི་དེའི་བར་ལ་འཚང་ཀ་རྒྱག་དགོོས་དོན་གང་ཡང་མེད་པ་རེད། ད་དུང་སྲིད་སྐྱོང་གི་མདུན་དུ་མ་བཅར་བར་ཡི་གེ་ཞིག་ཕུལ་རྩིས་ཡོད་ཟེར་བ་ནི་སྲིད་སྐྱོང་ལ་མཐོང་ཆུང་ཁྱད་གསོད་རང་རེད།

  32. ཀརྡོ་གཉེར་ཕྱག་པ་ says:
    2016-02-06 at 3:37 pm

    ་་་་་་་་ ཨ་རིའི་རླུང་འཕྲིན་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་སོགས་ཀྱིས་བགྲོ་གླེང་ཞིག་གོ་སྒྲིག་གནང་རྩིས་ཡོད་བཞིན་དུ་ལུག་རྫིའི་དེའི་བར་ལ་འཚང་ཀ་རྒྱག་དགོོས་དོན་གང་ཡང་མེད་པ་རེད། ་་་་་་་་་

  33. གངས་ཕྲུག། says:
    2016-02-06 at 4:50 pm

    ལུག་རྫི་རྒན་པོ་ནི་ལུག་རྫི་རང་རེད། མི་དག་མིའི་བར་གྱི་འབྲེལ་བ་བཟོ་སྟངས་ཡང་ཤེས་ཀྱི་མི་འདུག། འཚོགས་འདུ་ཆུང་ངུ་ཞིག་གི་གོ་སྒྲིག་ཞུ་སྟངས་ཡང་འཇོན་གྱི་མེད་པས་སྲིད་སྐྱོང་གི་འོས་གཞིར་ལང་རྒྱུར་བསམ་བློ་འཁོར་བར་དགོད་བྲོ། ངེད ཚོའི་བཙན་བྱོལ་ནང་འདི་མོ་འདི་མོ་རྐྱང་རེད། སྤེན་པ་ཚེ་རིང་ཡང་སླ་རུ་སླ་རུ་འགྲོ་ཡི་འདུག། དུད་དབང་ཕྱིར་འགྱངས་སྐོར་གོང་ས་མཆོག་གིས་ཁ་ཞེན་མི་མཚུངས་བའི་གསུངས་པ་རེད་ཟེར་ཡོང་གི་འདུག། ཧཧཧཧཧཧཧཧ། ལྟེ་མོ་མཐོང་རྒྱུ་མང་གིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme