Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་ཤག་སྐབས་བཅོ་ལྔ་བའི་སྲིད་སྐྱོང་འོས་མིའི་ཕྱོགས་སྐྱོད།

Posted on 2016-01-302016-01-31 By ཁ་བརྡ 10 Comments on བཀའ་ཤག་སྐབས་བཅོ་ལྔ་བའི་སྲིད་སྐྱོང་འོས་མིའི་ཕྱོགས་སྐྱོད།

IMG_0946གནས་ཚུལ་གཏོང་མཁན། བཤད་སྒྲུབ་དང་ཀླུ་རྒྱལ།

 
བཀའ་ཤག་སྐབས་བཅོ་ལྔ་བའི་སྲིད་སྐྱོང་འོས་མི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་རིང་མཆོག་ཕྱི་སྡོད་བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་ཅིག་ཏུ་ཐེངས་འདིར་ཁོང་སྲིད་སྐྱོང་ལ་བཞེངས་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན། འབྱུང་འགྱུར་གྱི་འཆར་གཞི་དང་ལས་དོན་བྱེད་ཕྱོགས་ལ་སོགས་ས་གནས་མི་མང་ལ་ངོ་སྤྲོད་ཆེད་ཕྱོགས་བསྐྱོད་བྱེད་བཞིན་པ་ལྟར། དེ་རིང་ཟླ་བ་དང་པོའི་ཚེས་སུམ་བཅུའི་དགོང་དྲོའི་ཆུ་ཚོད་༩:༥༠་ཐོག་སུད་སིའི་འཛུ་རིག་གནམ་ཐང་དུ་བདེ་འབྱོར་བྱུང་།

IMG_0831IMG_0843

སུད་སིའི་གནས་སྡོད་བྱེད་བཞིན་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ངོ་དོན་གཅོད་དངོས་གྲུབ་རྡོ་རྗེ་གཙོས། སུད་སི་དང་ལིག་ཏན་སི་ཊན་བོད་རིགས་མི་མང་གི་ཚོགས་གཙོ་གཞོན་དང་རྒྱུན་ལས། འཐུས་མི་ཁག་ཅིག ད་དུང་ཡོ་རོབ་དང་ལྷོ་ཨ་ཧྥེ་རི་ཁའི་སྤྱི་འཐུས་ལས་ཐོག་སྐུ་ངོ་བཀྲས་མཐོང་དབང་པོ། དེ་བཞིན་སྤྱི་ཟུར་གངས་གཞོན་ཚང་ངག་དབང་དང་གསང་གླིང་ཚེ་རིང་རྡོ་རྗེ་སོགས་བོད་སྤྱི་ཚོགས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་དང་ས་གནས་མི་མང་༢༠༠ ལྷག་ཅིག
གཞན་ད་རུང་སུད་སིར་གནས་བཞུགས་རྒྱ་གར་མི་སེར་བོད་ལ་དུངས་པ་ཡོད་མཁན་ཁག་ཅིག་བཅས་ཀྱིས་ཆར་རླུང་གི་དྲག་ཤུགས་ལ་མ་འཛེམས་པར་ལག་ཏུ་དྲི་མེད་ཀྱི་ཁ་བཏགས་བཟུང་ནས་རང་ཉིད་ཀྱི་འདོད་མོས་ཡོད་པའི་༢༠༡༦ ལོའི་སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོགས་གཙོ་མཆོག་ལ་དགའ་བསུའི་རྣམ་པ་ཤུགས་ཆེན་བསྟན།IMG_0946

སང་ཉིན་ཏེ་གཟའ་ཉི་མའི་ཉིན་གུང་ཆུ་ཚོད་༡༡ སྟེང་སྐུ་ངོ་དོན་གཅོད་གཙོས་སུད་སིར་གནས་བཞུགས་བྱེད་བཞིན་པའི་ལས་རིགས་འདྲ་མིན་གྱི་བོད་རིགས་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་ཀྱིས་ཆབ་སྲིད་དང་འབྲེལ་བའི་གླེང་མོལ་གནང་རྒྱུ་དང་། ཉིན་རྒྱབ་ཆུ་ཚོད་གཅིག་དང་ཕྱེད་ཀ་ནས་ལྔ་བའི་བར་སུད་སི་དང་ལིག་ཏན་སི་ཊན་བོད་རིགས་མི་མང་དང་སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོགས་གཙོ་ཁོང་གི་རྒྱབ་སྐྱོར་ཚོགས་པས་མཉམ་འབྲེལ་གྱིས་གོ་སྒྲིག་གནང་བཞིན་པའི་བགྲོ་གླེང་དང་མི་མང་གི་དྲི་བ་ལ་ལན་འདེབས་ཀྱི་ལས་རིམ་དངོས་གཙོ་སྐྱོང་གནང་རྒྱུ། དེ་བཞིན་དགོང་དྲོའི་ཆུ་ཚོད་༧ ནས་༨:༣༠ བར་དུ་ཡོ་རོབ་བོད་ཀྱི་གཞོན་ནུ་གྲོས་ཚོགས་ཀྱིས་གོ་སྒྲིག་འོག་ས་གནས་ཀྱི་གཞོན་སྐྱེས་དག་ལ་དབྱིན་སྐད་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་ཐད་ལ་བཀའ་སློབ་དང་བགྲོ་གླེང་གཟབ་རྒྱས་གནང་རྒྱུ་བཅས་ལས་རིམ་མཇུག་སྐྱོང་གནང་རྒྱུ་ཡིན་འདུག
དེ་བཞིན་སྤྱི་ཟླ་གཉིས་པའི་ཚེས་གཅིག་སྟེ་གཟའ་ཟླ་བའི་ཉིན་གུང་འཛུ་རིག་གནམ་ཐང་བརྒྱུད་རྒྱ་གར་ལ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་སོགས་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ངོ་སྤྲོད་གནང་སོང་།

ངོ་སྤྲོད།

Post navigation

Previous Post: སྣ་གཅིག་ཀྱང་མེད་པའི་སྲིད་སྐྱོང་འོས་མི།
Next Post: ཨ་དཀོན་རིན་པོ་ཆེ་དགྲོངས་བའི་ལག་དམར་གཉིས་ལ་སྲོག་ཁྲིམས་བཅད་གནས།

Comments (10) on “བཀའ་ཤག་སྐབས་བཅོ་ལྔ་བའི་སྲིད་སྐྱོང་འོས་མིའི་ཕྱོགས་སྐྱོད།”

  1. ཀརྡོ་གཉེར་ཕྱག་པ་ says:
    2016-01-31 at 5:01 am

    ་་་་་་་་་ སུད་སིར་གནས་བཞུགས་རྒྱ་གར་མི་སེར་བོད་ལ་དུངས་པ་ཡོད་མཁན་ཁག་ཅིག་བཅས་ཀྱིས་ཆར་རླུང་གི་དྲག་ཤུགས་ལ་མ་འཛེམས་པར་ལག་ཏུ་དྲི་མེད་ཀྱི་ཁ་བཏགས་བཟུང་ནས་རང་ཉིད་ཀྱི་འདོད་མོས་ཡོད་པའི་༢༠༡༦ ལོའི་སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོགས་གཙོ་མཆོག་ལ་དགའ་བསུའི་རྣམ་པ་ཤུགས་ཆེན་བསྟན། ་་་་་་་་་་་་་

  2. ཀརྡོ་གཉེར་ཕྱག་པ་ says:
    2016-01-31 at 5:03 am

    ཁ་ཅིག་གིས། ཚོགས་གཙོར་སྐྱོན་བརྗོད་བྱས་པ།
    https://www.facebook.com/jibataxi/videos/741083792659645/?pnref=story

  3. ཨ་གུ་རྡོ་རྗེ་ལགས་ says:
    2016-01-31 at 7:58 am

    ཀརྡོ་གཉེར་ཕྱག་པ་ཟེར་མཁན་སྤྱི་འཐུས་ཚོགས་གཙོ་དགྲ་ལྟར་མཐོང་མཁན་ཧུར་བཙོན་ཅན་པ་དེ་དྲ་རྒྱ་དེའི་ཐོག་བློ་སེང་གི་ལྐོག་གི་མགྲིན་ཚབ་པ་དེ་ཡིན་།
    ཁོ་པར་ལས་འགན་ཞིག་གི་ཐོག་ནས་བྲིས་ཀྱི་ཡོད་།
    དེ་སྔའི་བཀའ་ཁྲིའི་འོས་བསྡུས་སྐབས་སུའང་སྐོུ་བཀྲས་མཐོང་ལ་གཞིས་མེད་སྒྲོ་བཏགས་སྐྱོན་བརྗོད་འདྲ་མིན་བྱས་པ་དང་མི་མང་དང་དམིགས་བསལ་གཞོན་སྐྱེས་མགོ་བསྐོར་བཏང་ནས་འོས་ཐོབ་ཐུབ་ཡོད་། ད་རེས་ཀྱང་དེ་ལྟར་ཡོང་ཐབས་བྱེད་ཀྱི་ཡོད་།
    དབྱིན་སྐད་ནང་བརྗོད་སྲོལ་ཞིག་ཡོད་པར་ཐེངས་གཅིག་གཞན་གྱིས་མགོ་བསྐོར་འོག་ཚུད་པ་ཡིན་ན་མགོ་བསྐོར་མཁན་དེ་ངོ་ཚ་མེད་པས་སོ་ཞེས་དང་ འོན་ཀྱང་རང་ཉིད་ཡང་བསྐྱར་མི་དེའི་མགོ་བསྐོར་འོག་ཐེངས་གཉིས་པ་ཞིག་ཚུད་པ་ཡིན་ན་དེ་ནི་སོ་སོ་རང་ཉིད་བླན་པ་ཡིན་པའི་བླན་རྟགས་བསྟན་གྱི་ཡོད་པར་སོ་སོ་རང་ཉིད་ངོ་ཚ་དགོས་པ་རེད་ཅེས་པ་དེ་རེད་།
    དྲ་གྲོགས་གཞན་ཚོས་མཁྱེན་དགོས་པ་ཞིག་ལ་བློ་སེང་དང་བློ་མཐུན་སྙིང་ཉེ་བ་ཁག་ཅིག་གི་བར་གསང་གྲོས་བྱས་པའི་ནང་དོན་སྐད་ཆ་ཞིག་ཕྱིར་གསལ་ཡོང་གི་ཡོད་པ་དེ་ནི་་༧གོང་ས་མཆོག་གི་བློ་སེང་མུ་མཐུད་ནས་ལོ་ལྔ་སྲིད་སྐྱོང་བྱེད་ཐུབ་ན་ལས་མཇུག་སྐྱོང་རྒྱུར་ཡག་པོ་འདུག་ཅེས་པའི་སྐད་ཆ་རྫུན་མ་ཞིག་སྤྲམ་རྒྱུའི་ཇུས་གཏིང་ཡོད་པ་ཤེས་རྟོགས་ཐུབ་རྒྱུ་ཡོད་པ་རེད་

    ཀརྡོ་གཉེར་ཆག་པས་ལས་འགན་དེ་སྒྲུབ་ཀྱི་ཡོད་པ་རེད་
    མི་གཉིད་ལ་ཤོར་བ་ཞིག་ཡར་ལངས་ཆོག་ཀྱང་གཉིད་རྫུན་ཁུག་ནས་སྡོད་མཁན་ཞིག་རྨོང་གཉིད་སེལ་ཐབས་མེད་པ་རེད་ བོད་མིར་མགོ་བསྐོར་མ་གཏོང་མཁན་ཞིག་རྒྱལ་གྱུར་ཅིག་།

  4. ཨ་གུ་རྡོ་རྗེ་ལགས་ says:
    2016-01-31 at 8:20 am

    གོང་དུ་ཀརྡོ་གཉེར་ཆགས་ཀྱིས་་སྦྱར་བའི་ངོ་དེབ་ཀྱི་ཐོག་སྤྱི་འཐུས་ཚོགས་གཙོ་མཆོག་ལ་སྐྱོན་བརྗོད་དེ་བལྟ་བས་འཚོར་སྣང་
    ༡༼བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སྐད་ཆའི་ཆུ་ཚད་ཇི་ཙམ་སྐྱོ་བ་
    ༢༼༧གོང་ས་མཆོག་བདེ་སྤྱོད་གཏོང་ཐབས་ཀྱི་གཡོ་ཇུས།
    ༣༼རང་གི་མ་དང་གཅེན་གཅུང་གཙོས་པའི་བེུད་རྒྱ་ཆེ་མང་ཚོགས་ལ་མཐོང་ཆུང་གི་བལྟ་སྟངས་།
    ༤༼བསྟོད་མ་བཤད་མཁན་ཞིག་བསྟོད་པ་ལས་རྨད་མི་བཤད་མཁན་ཞིག་རྨད་ན་དགའ་ཞེས་པ་དངོས་སོ་།
    ༥༼ཡོན་ཏན་གཅིག་ཡོད་པ་དེ་ནི་རང་ཉིད་ངོ་གདོང་སྟོན་ཏེ་བཀའ་མོལ་གསུངས་པར་ཡག་པོ་རེད་
    ༦༼འོན་ཀྱང་བློ་སེང་རང་ཉིད་མདུན་ལ་ཐོན་ནས་རླུང་འཕྲིན་སོགས་ཀྱི་ཐོག་ཚོགས་གཙོའི་མཉམ་གདོང་དང་གདོང་ཐུག་ནས་ཆེ་སའི་རྩ་དོན་ཐོག་བགྲོ་གླེང་གནང་མི་འཕོས་པ་དེ་གང་རེད་།
    ༧༼རྒྱབ་སྐྱོར་བྱེད་མཁན་གྱི་གནས་ཚད་ལ་བལྟས་ཚེས་བློ་སེང་ལས་ཀ་གསར་པ་ཞིག་འཚོལ་རན་འདུག་ཅེས་ལུང་བསྟན་རྒྱབ་ཐུབ་།

  5. ཇུང་ཏོག་ says:
    2016-01-31 at 9:31 am

    དཀྲུགས་དཀྲུགས་ག་ཚོད་བཏང་ཀྱང་མི་མང་སྤྱང་པོ་རེད་དོ་།

  6. ཀརྡོ་གཉེར་ཕྱག་པ་ says:
    2016-01-31 at 10:03 am

    སྲིད་སྐྱོང་རྒྱལ་གྱུར་ཅིག །
    བློ་སེང་རྒྱལ་གྱུར་ཅིག །
    བདེན་པ་ཉིད་རྒྱལ་གྱུར་ཅིག །
    ཨ་ཁུ་ལ་ཨ་གུ་འབྲི་མཁན་ཕམ་གྱུར་ཅིག ། ཧཧཧཧཧཧཧ། །།

  7. ཀརྡོ་གཉེར་ཕྱག་པ་ says:
    2016-01-31 at 10:06 am

    བོད་མིའི་བྱུང་རབས་ནང་གི་བོད་ཀྱི་བཙན་བྱོལ་གྱི་སྲིད་སྐྱོང་དང་པོ་བློ་སེང་མཆོག ད་དུང་ལན་ཅིག་སྲིད་སྐྱོང་གི་འོས་ཤོག་ཐོབ་པར་འགྱུར་ཅིག །

  8. ལིང་ནག says:
    2016-02-01 at 2:22 pm

    བློ་སེང་ཐོབ་ནའང་བོད་ཀྱི་རྩ་དོན་ཐོགས་ལ་ཕན་པའི་བྱ་བ་སྣ་གཅིག་ཡང་ཡོང་མི་སྲིད་པ་མཐོང་པ་ལག་ཐོག་རེད་འགུ་་་་་གཅིག་ཁོས་ཨ་རིའི་དམངས་གཙོ་ཁྱབ་བསྒྲགས་དང་དོལ་འབྲེལ་རྒྱ་ཡན་ལས་གཞན་མེད་པ་གདའ་་་་

  9. ཀརྡོ་གཉེར་ཕྱག་པ་ says:
    2016-02-03 at 3:52 am

    སྤེན་ཚེས།
    https://www.youtube.com/watch?v=vdNd-A-43Lg

  10. ཀརྡོ་གཉེར་ཕྱག་པ་ says:
    2016-02-03 at 3:54 am

    སྲིད་སྐྱོང་མཆོག་ལ།
    https://www.youtube.com/watch?v=arx9-KBHhFM

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme