Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞལ་འདེབས་ཚང་མ་མི་མང་གི་ལག་པར་སླེབས་ཐབས།

Posted on 2010-04-16 By dhatsenpa 3 Comments on ཞལ་འདེབས་ཚང་མ་མི་མང་གི་ལག་པར་སླེབས་ཐབས།

ས་ཡོམ་ནི་རྒྱབ་ཚར་རེད། བོད་མི་མང་པོ་ཞིག་གི་ཚེ་སྲོག་ནི་ཤོར་ཚར་རེད། ད་སེམས་སྐྱོ་ནའང་དེ་ལ་བཅོས་ཐབས་ནི་སུ་ལའང་ཡོད་མ་རེད། ང་ཚོའི་ངོས་ནས་སྨོན་ལམ་རེ་འདེབས་རྒྱུ་དང། ཞལ་འདེབས་རེ་ཕུལ་བ་ལས་གང་ཡང་བྱེད་རྒྱུ་མི་འདུག

བོད་མི་དང་བོད་མི་མ་ཡིན་པ་མང་པོ་ཞིག་ནས་ཞལ་འདེབས་ཕུལ་མཁན་མང་པོ་ཞིག་ཡོང་གི་རེད་འདོད། ཞལ་འདེབས་རྣམས་ཚོགས་པ་འདྲ་མི་འདྲའི་མིང་ཐོག་ཕུལ་ནས་ཁ་ཐོར་དུ་གཏོང་མི་དགོས་པ་གལ་ཆེ། ལྷག་པར་དུ་རྒྱ་གཞུང་གི་ལས་ཁུངས་རིམ་པ་བརྒྱུད་ནས། ཟས་མི་ལག་བརྒྱུད་ན་ཇེ་ཆུང་གི་དཔེ་རུ་མ་སོང་བར་མི་མང་གི་ལག་པར་ཐད་ཀར་འགྲོ་བ་ཞིག་བྱུང་ན། ཆུ་ཐིགས་བསགས་པའི་རྒྱ་མཚོ་དང་། མེ་ཏོག་ཆུང་རུང་ལྷ་རྫས་ཀྱི་དཔེ་བཞིན་འབྱོར་དགོས་སའི་མི་མང་གི་ལག་པར་རེག་པ་ཞིག་བྱུང་ན་ཕུལ་མཁན་ཞིག་ཡིན་རུང་སེམས་བདེ་བའི་ཁྱད་རེད།

སྔོན་མ་ཞིག་ལ་བོད་ནང་གངས་འཁྱག་ལྷུང་བའི་སྐབས་ཤིག་ཀྱང་བཙན་བྱོལ་སྤྱི་ཚོགས་ནས་ཞལ་འདེབས་ཕུལ་རེད། ༧རྒྱལ་བ་རིན་པོ་ཆེ་གཅིག་པོའི་ངོས་ནས་ཀྱང་དངུལ་གང་འཚམས་ཤིག་བཏང་བ་རེད། རྗེས་སུ་མི་མང་གི་ལག་ལ་ཞེ་དྲག་སླེབས་མེད་པའི་སྐད་ཆ་ཞིག་བྱུང་བ་དྲན། ད་ཐེངས་དེ་ལྟར་མ་ཡོང་བའི་ཆེད། ས་གནས་སོ་སོ་ནས་དངུལ་བསྡུ་རུབ་བྱས་ཏེ་དེ་ལས་ཁུངས་སམ་ཚོགས་པ་གཅིག་གི་མིང་ཐོག་འབྱོར་བ་བྱས། དེ་ནས་བཙན་བྱོལ་བོད་མིའི་སྐུ་ཚབ་ཅིག་གཏོང་བའམ་ཡང་ན་ཕ་གིར་སྐྱེ་དགུ་དགོན་ལྟ་བུ་ཞིག་གི་མིང་ཐོག་བཏང་ནས་མི་མང་གི་ལག་པར་དངོས་སུ་སླེབས་པ་ཞིག་བྱུང་ན་ཅི་མ་རུང་། འདི་ལ་གཞུང་ནས་སློབ་སྟོན་ཞིག་གནང་རྒྱུ་གལ་ཆེ་བར་མཐོང་།

རྩོམ་རིག

Post navigation

Previous Post: གདུང་སེམས་མཉམ་བསྐྱེད། རོགས་སྐྱོར་ཨང་དང་པོར་ཞོག
Next Post: ཆགས་འཇིག་ནག་པོ།

Comments (3) on “ཞལ་འདེབས་ཚང་མ་མི་མང་གི་ལག་པར་སླེབས་ཐབས།”

  1. རང་བཙན་ལྡེའུ་ says:
    2010-04-17 at 12:35 am

    རེད་རེད་ དེ་ངོ་མ་རེད་ཡ་ སྐྱེ་དགུ་མདོའི་ཕྱི་ཕྱོགས་སུ་ཡོད་པའི་བོད་མདོ་དབུས་ཁམས་གསུམ་དང་ ལྷག་པར་ཨ་རི་དང་ ཡོ་རོབ་གྱི་གཙོས་འཛམ་གླིང་ཡུལ་གྲུ་གང་སར་བཙན་བྱོལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཚང་མའི་ད་རེ་ཤུགས་རྒྱབས་ཏེ་ལག་པ་བསྡམས་ནས་མ་བསྡད་པ་ གཏོང་འཕོད་ཆེ་ཙམ་དང་ ལག་པ་གཤངས་ཙམ་བྱས་ཏེ་ཞལ་འདེབས་མང་ཙམ་གནང་ཤོག་ཨང་ བོད་ལུས་སྤུན་ཟླ་ཚོར་ཡ་ང་བའི་དཀའ་སྡུག་གཅིག་མཇུག་གཉིས་འཐུད་འདི་འདྲ་འཕྲད་དུས་ རང་དབང་ཡུལ་དུ་ཡོད་པའི་བྱེས་བཞུགས་སྤུན་ཟླ་ང་ཚོའི་རོགས་པ་མ་བྱས་ན་གང་ནས་འགྲིགས་ ང་ཚོས་རོགས་པ་ལོས་བྱེད་ ཡིན་དང་ཡིན་ ས་གནས་ཚང་མའི་ཞལ་འདེབས་ཡོངས་རྫོགས་ ༧གོང་ས་མཆོག་གི་འཐེབས་རྩ་ཁང་ངམ་ བོད་གཞུང་གི་དམིགས་བསལ་ཛ་དྲགས་ཚོགས་ཆུང་ཞིག་ཟུར་འཛུགས་ཀྱི་དེ་བརྒྱུད་དེ་སྐྱེ་དགུ་མདོའི་བོད་རིགས་རྣམས་ལ་མིག་སྨན་མིག་ཐོག་རང་དུ་སོན་ཐབས་བྱེད་རྒྱུ་གལ་ཆེ་ཤོས་དང་ དེ་བཞིན་ཛ་དྲགས་ཚོགས་ཆུང་ནས་མཇུག་དུ་ལབ་གླེང་མི་ཡོང་བའི་ཆེད་ཡིག་ཆ་དང་རྩིས་ཁྲ་སོགས་ཀྱང་རྩིས་གཙང་ཁ་གསལ་ཉར་འཇོག་བྱུང་ན་ལས་འགོ་བཀྲིས་བདེ་ལེགས་ངང་བརྩམས་ཏེ་ ལས་མཇུག་ཀྱང་བཀྲིས་བདེ་ལེགས་ངང་འགྲུབས་ངེས་རེད་ཡ་ དྲ་གྲོགས་ཁྱེད་རྣམས་པས་རྒྱ་གཞུང་ནས་རྒྱ་གར་དང་ ཨ་རི་ ཡོ་རོབ་སོགས་སུ་ཕྱིར་བསྡོད་བོད་མིར་བོད་དུ་འགྲོ་རྒྱུའི་ལག་འཁྱེར་སྤྲོད་ཀྱི་ཡོད་པ་ཤིས་རྟོགས་ཡོད་ཁན་ཡོད་ན་གསལ་ཞིག་གནང་རོགས་ཞུ།

  2. chime in italy says:
    2010-04-17 at 3:11 am

    thank
    it most important donation.

  3. མཁས་བཙུན་བཟང་པོ། says:
    2010-04-19 at 2:17 am

    ད་དཀའ་རྒྱུ་རེད་རྒྱ་རྒན་དེ་ཚོས་ཁ་ལས་མིག་ཆེ་བ་ལྡང་ནས་གོ་སྐབས་སྒུགས་ནས་སྡད་ཡོད་པའི་ཞལ་འདེབས་ཇེ་ཆུང་འགྲོ་རྒྱུ་གཏན་ཁེལ།་་་་་་་་་་ཨོྃ་མ་ཎེ་པདྨ་ེ་ཧུྃ༔་་་སྡུག་རྒྱུ་འདས་པོ་ཚོ་རེད་།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme