Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚོགས་གཙོ་སྤེན་པ་ཚེ་རིང་། འཆར་གཞི་ཕྱི་གསལ་ནང་གསལ།

Posted on 2016-01-29 By ཁ་བརྡ 23 Comments on ཚོགས་གཙོ་སྤེན་པ་ཚེ་རིང་། འཆར་གཞི་ཕྱི་གསལ་ནང་གསལ།

imageབསྟན་འཛིན་རབ་དགའ། ༼གངས་སྐྱིད༽

ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་རང་ཉིད་མ་འོངས་པའི་སྲིད་སྐྱོང་ལ་ལངས་དོན་གསལ་བཤད་ཁ་གསལ་གཏིང་གསལ་གནང་སོང་། ད་ནི་དྲ་ལམ་ན་ཉིན་མཚན་མཐུད་ནས་ཉན་མཁན་ཇེ་མང་དང་། དེ་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ད་ལྟའི་གནས་སྟངས་མང་པོ་ཞིག་ར་འཕྲོད་པ་ཆགས་ཡོང་གི་ཡོད།

ད་ལྟའི་གནས་སྐབས་སུ། ཅི་ཙམ་གྱིས་ཚོགས་གཙོ་སྤེན་པ་ཚེ་རིང་གི་གཏམ་བཤད་ལ་ཉན་པ་ཡིན་ན། དེ་ཚོད་ཀྱིས་གནས་སྟངས་ངོ་མ་ཤེས་རྟོགས་དང་། མ་འོངས་པའི་དུས་ཚོད་ནང་ལ་འགྱུར་བ་ག་རེ་འགྲོ་དགོས་པའི་གནས་སྟངས་མང་པོ་ཞིག་ར་འཕྲོད་ཀྱིན་འདུག་ཟེར་མཁན་ཉིན་རེ་ལས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་འདུག ཚོགས་གཙོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་། ཆོས་རིག་སྲུང་སྐྱོབ། མཐུན་སྒྲིལ་མདུན་བསྐྱོད་བཅས་ཀྱི་འཆར་གཞི་ཕྱི་གསལ་ནང་གསལ་གནང་སོང་། སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།

ཁོང་གིས་ལྷན་ཁང་རེ་རེའི་ད་ལྟའི་གནས་སྟངས་དང་། སྔོན་གྱི་གནས་སྟངས་བསྡུར་ནས་མ་འོངས་པར་འགྱུར་བ་ངེས་པར་འགྲོ་དགོས་པའི་དགོངས་འཆར་གནད་འགག་ཅན་གནངས་དང་གནང་བཞིན་དེ་ཚོ་ནི། དངོས་ཡོད་གནས་སྟངས་གཞི་ལ་བཞག་པ་དང་། གྲུབ་འབྲས་ངེས་པར་སོན་པ་ལ་དམིགས་པ། དགོས་མཁོ་དང་འཚམ་པའི་འགྱུར་བ་བཅས་དང་འབྲེལ་བ་ཞིག་རེད་ལ། གངས་སྐྱིད་ཀྱི་འཛིན་སྐྱོང་ལ་ལོ་ངོ་ཉི་ཤུར་ལས་དོན་བགྱིས་པའི་ཉམས་མྱོང་གཞི་ལ་བཞག་པའི་ཕྱི་གསལ་ནང་གསལ་གྱི་འཆར་གཞི་ཞིག་ཀྱང་རེེད། ད་སྔ་ཕན་ལ་སྲིད་སྐྱོང་འོས་མི་སུ་གང་གིས་འདི་འདྲའི་ཁ་གསལ་ཞིག་དང་གནས་སྟངས་ངོ་མ་ལ་གདོང་གཏད་པའི་གསལ་བཤད་གསལ་ཁ་ཅན་ཞིག་གནང་མེད། སྲིད་སྐྱོང་དང་སྲིད་སྐྱོང་འོས་མི་སུ་ཡིན་ནའང་། དངོས་ཡོད་གནས་སྟངས་མི་མང་ལ་གསལ་བཤད་གནང་དགོས་པ་ཞག་རེད།

སྲིད་སྐྱོང་འོས་མི་གཉིས་ལས་སུ་ལ་རྒྱལ་ཁ་ཐོབ་མིན་ནི་ཞུ་ཚོད་ཐིག་པ་ཞིག་མ་རེེད། གང་ལ་ཟེར་ན། ད་ཆ་མི་མང་པོས་ཉེ་ཆར་ཨ་རི་ནས་མགོ་བཙུགས་པའི་ཚོགས་གཙོ་མཆོག་གི་གཏམ་བཤད་རིམ་པར་ཉན་བཞིན་པ་དང་། དེ་དང་ཕྱོགས་མཚུངས་འདས་ཟིན་པའི་གྲོས་ཚོགས་ཀྱི་བརྙན་འཕྲིན་མང་པོ་ཞིག་ལ་བསྐྱར་བལྟ་བྱེད་པར་དོ་སྣང་བྱེད་བཞིན་པའི་གནས་སྟངས་འདིས། ད་ལྟའི་སྲིད་སྐྱོང་དང་ད་ལྟའི་ཚོགས་གཙོ་གཉིས་བསྡུར་དཔྱད་ཅིག་བྱེད་ཀྱིན་པ་ཆགས་ཡོད། འགྱུར་བ་མང་པོ་ཞིག་འདི་ལྟར་ཐེབས་ཀྱིན་འདུག མ་འོངས་པའི་རི་མོ་དེ་ཡང་ད་ལྟ་གཞི་ནས་འབྲི་བཞིན་པ་ལྟ་བུ་རེད།

བརྒྱུད་ལམ་ཁག་གིས་ཕྱོགས་བསྡོམས་གནད་ཅན་ཅིག་གནངས་ཡོད་པ་ནི། ད་ཆ་མང་ཚོགས་ཀྱིས་ཧོལ་རྒྱུག་བྱེད་མཚམས་བཞག་ནས། དངོས་ཡོད་གནས་སྟངས་ལ་བལྟ་བའི་ཕྱོགས་སུ་གོམ་པ་སྤོས་ཡོད་པར་ཤོད་ཀྱིན་ཡོད། ཧོལ་རྒྱུག་བྱེད་མཁན་ཉུང་དུ་ཕྱིན་པ་འདིས། བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་བར་རམ་འདེགས་ནུས་པ་ཆེ་ཤོས་ཐོན་གྱིན་ཡོད། སྐུ་ངོ་སྤེན་པ་ཚེ་རིང་གིས་དངོས་ཡོད་གནས་སྟངས་གཞི་ལ་བཞག་ནས་མང་ཚོགས་ལ་བཀའ་མོལ་གནང་སྟངས་འདིས། འགན་ཆེན་པོ་ཞིག་འཁུར་འདུག་ཅེས་ཞུ་འདོད་བྱུང་།
་
༼སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གི་ཆབ་སྲིད་དང་འཛིན་སྐྱོང་གི་རིགས་ལམ༽སྐོར་གཤམ་གྱི་སྦྲེལ་ཐག་ན་འདུག

http://penpatsering.net/?q=node/79

གསར་འགྱུར།

Post navigation

Previous Post: མཐོ་སྒང་གི་རྒྱུད་སྐུད་འདར་བ།
Next Post: དམངས་རྩོམ།

Comments (23) on “ཚོགས་གཙོ་སྤེན་པ་ཚེ་རིང་། འཆར་གཞི་ཕྱི་གསལ་ནང་གསལ།”

  1. ཁམས་པའི་བུ། says:
    2016-01-29 at 9:38 pm

    དྲང་བདེན་རྒྱལ་ལོ། རྒྱལ་དབང་མཆོག་གི་རླབས་ཆེན་དགོངས་གཞི་རྒྱལ་ལོ། དེ་དག་ལ་རྒྱབ་བསྐྱོ་བ་ཕྱི་གསལ་ནང་གསལ་སྤེན་ཚེ་རྒྱལ་ལོ། སྲིད་བསྐྱོང་གྱི་རྐུབ་གཏེགས་སྒང་ནས་བོད་དོན་མ་འགྲུབ་པར་རང་མིང་དོན་གཉེར་བ་ཕྲམ་པ་དང་ཕྲམ་གཡོག་དེ་དག་ཕམ་པར་འགྱུར་གཅིག་གུ

  2. ཨ་གུ་རྡོ་རྗེ་ལགས་ says:
    2016-01-29 at 9:57 pm

    བློ་སེང་ལས་ཀ་འཚོལ་གྱི་ཡོད་ཚོད་འདུག་།

  3. ཇུང་ཏོག་ says:
    2016-01-29 at 10:04 pm

    སྲིད་སྐྱོང་ལ་སུ་འཐོན་མ་འཐོན་དེ་རླུངརྟ་རང་རེད་དོ་།

  4. བྱང་ཆུབ་ལོ་མ། says:
    2016-01-29 at 10:13 pm

    ངས་ནི་སྲིད་སྐྱོང་འོས་མི་གཉིས་ཀ་ལ་གུས་བརྩི་ཞུ་གི་ཡོད། ལས་དོན་གྲུབ་འབྲས་བསྡུར་ནས་་འོས་ཤོག་འཕེན་གི་ཡིན། ད་ལྟའི་ཆ་ལ། ཚོགས་གཙོའི་འཆར་གཞི་ཕྱི་གསལ་ནང་གསལ་རེད། བློ་བཟང་སེང་གེས་འདས་པའི་ལོ་བཞི་ཡི་རིང་ལ་ལས་དོན་གྲུབ་འབྲས་ཅི་ཡོད་མང་ཚོགས་ལ་གསལ་བོ་གནང་ནས་འཆར་གཞི་གསལ་བོ་བསྟན་གནང་ན་བསྡུར་དགོས།

  5. ཁམས་པའི་བུ། says:
    2016-01-29 at 10:56 pm

    བློ་སེང་གི་རོ་མདོག་གཅིག

    “ང་ལྟ་བུར་ཆ་བཞག་ན་ཡང་ལུང་ཚན་དང་ཆོལ་ཁ། ཆོས་ལུགས་ཀྱི་རིགས་ལ་དེ་ཙམ་ཐེ་བྱུས་མ་བྱས་ན་བསམ་ཡོད། འོན་ཀྱང་སྤྱི་ཚོགས་ཀྱི་ནང་ལ་བསམ་ཚུལ་དང་གནས་ཚུལ་ཡོང་སྐབས། མཚམས་རེར་དཔུང་བ་སྒྲིག་ནས་ལངས་ཕྱོགས་གང་དུ་ཡོད་མེད་གསལ་བོ་སྟོན་གྱི་ཡོད་པས། ད་རེས་ལི་ཐང་བརྟན་བཞུགས་ཚོགས་པའི་ངོས་ནས་བརྟན་བཞུགས་འབུལ་གྱི་ཡོད་སྟབས། ང་མི་གཅིག་ཡིན་ན་ཡང་འདིར་དཔུང་བ་སྒྲིག་ཏུ་སླེབས་པ་ཡིན།”
    གཞན་ལས་དྲང་

  6. ལྷ་སའི་བུ་ says:
    2016-01-29 at 11:28 pm

    དང་པོ་བུ་སྐྱེས་འཇུག་དང་། ཨ་ནི་། མིང་བཏགས་ཆོག།

  7. ཀརྡོ་གཉེར་ཕྱག་པ་ says:
    2016-01-30 at 12:18 am

    ཆབ་སྲིད་ནི་ཆབ་སྲིད་རང་རེད། སྤེན་ཚེས་བོད་མིའི་སྒྲིག་འཇུགས་དང་། མ་འོངས་བྱེད་འཆར་ལས་མང་བ་ཅིག་བཤད་ཡོད་རེད། དེ་ག་རེ་རེད་ཟེར་ན། དེ་ནི་ད་ལྟའི་སྲི་སྐྱོང་བློ་སེང་ལ་སྐྱོན་བརྗོད་དེ་རེད།
    ངས་བྱས་ན། སྤེན་ཚེ་ནང་སྲིད་ལ་མཁས་པ་དང་། བློ་སེང་ཕྱི་སྲིད་ལ་མཁས་པ་འདུག དེས་ན། ད་ལོ་ད་དུང་ལན་ཅིག་བློ་སེང་ལ་ཐོབ་ན་མི་ལེགས་སམ། ལགས།

  8. ཀརྡོ་གཉེར་ཕྱག་པ་ says:
    2016-01-30 at 12:35 am

    ངས་སྤེན་ཚེ་ལགས་ལ་མཐོང་སྣང་ཞན་པོ་ཡོད་པ་ཅིག་ནི། སྤེན་ཚེས་རྒྱ་ནག་པེ་ཅིང་འགྲོ་ལུགས་འགྲོ་སྟངས་བློ་སེང་གིས་ཤེས་པ་ལྟར་མི་ཤེས་སྙམ་ཞིང་། བློ་སེང་གི་གཏམ་བཤད་བྱེད་སྟངས་དེ། ཟམ་གདོང་བླ་མ་བཞིན་ཙིག་ཉུང་ལ་དོན་བསྡུས་པོའི་གཏམ་བཤད་བྱེད་སྟངས་ཅིག་ཡོད་པ་དེ། སྤེན་ཚེས་ཀྱིས། ལོ་ལང་རྗེས་ལ་མ་གཏོགས་ཤོད་ཐུབ་བམ་སྙམ་པས་་་་་ ཀུན་གྱིས་དཔྱད་པར་འཚལ།། །།

  9. ཇུང་ཏོག་ says:
    2016-01-30 at 1:00 am

    རྟ་རྒྱུགས་མཁན་བློ་སེང་སྤེན་ཚེ་རེད་།
    ཁྲོམས་མི་མང་བལྟ་མོ་བལྟ་མཁན་རེད་།
    དེར་བར་ཆད་གཏོང་མཁན་དྲ་འབུ་རེད་།
    དར་སུའི་ལེན་རླུང་རྟ་མཐོ་དམའ་རེད་།

  10. ཀརྡོ་གཉེར་ཕྱག་པ་ says:
    2016-01-30 at 1:11 am

    བློ་སེང་ད་དུང་ཡང་སྲིད་སྟེགས་ཆེད་དུ་ཡར་མར་རྒྱུགས་མ་བྱས་པར། བོད་ཀྱི་སྤྱི་དོན་ལ་བརྩོན་བཞིན། བོད་ཡིག་དང་།བོད་སྐད་ལ་སྦྱོངས་བཞིན། མི་རབས་རྒན་པའི་ཆོས་དད་ལ་དད་བཞིན། ཆིག་སྒྲིལ་ལ་བརྩོན་བཞིན། ཁ་གཏད་ལ་མདའ་མདུང་བསྟན་བཞིན། སེང་གེ་མཇིང་བསྙེལ་བྱས་ནས་བསྡད་མི་འདུག་གམ། ལགས།

  11. ཀརྡོ་གཉེར་ཕྱག་པ་ says:
    2016-01-30 at 1:12 am

    དྲ་འབུ་ང་ལ་རྩི་མཁན་སུ་ཡང་མེད་ན་ཡང་། ད་ལོ་ལན་ཅིག་སེང་གེ་ཐོབ་པར་བྱེད་བགྱི་ཡིན་ནོ།། །།

  12. ཇུང་ཏོག་ says:
    2016-01-30 at 5:07 am

    རྟ་རྒྱུགས་ན་མང་གཙོའི་ཐང་ལ་རྒྱུགས་།
    ཁྲོམས་མི་མང་བལྟ་མོ་ཟུར་ནས་བལྟ་།
    མདའ་འཕེན་ན་གུང་ཁྲན་རྒྱ་ལ་འཕེན་།
    རྒྱ་གུང་ཁྲན་བོད་ནས་མཐའ་བགྲོད་གཏོང་།

  13. ཀརྡོ་གཉེར་ཕྱག་པ་ says:
    2016-01-30 at 5:20 am

    རྟ་རྒྱུགས་ན་དབུ་མའི་ལམ་ལ་རྒྱུགས་། །
    ཕྱི་མི་མང་ལྟད་མོ་ཟུར་ནས་བལྟ་། །
    མདའ་འཕེན་ན་དཀྲུགས་ཤིང་ཁ་ལ་འཕེན་། །
    རྙོག་རྙོག་གླེང་ལག་གཏོང་བྱས་ནས་སེལ། །

  14. ཨ་གུ་རྡོ་རྗེ་ལགས་ says:
    2016-01-30 at 8:09 am

    ཀརྡོ་གཉེར་ཕྱག་པའམ་ཆག་པ་ལགས་།

    དྲ་རྒྱ་དེའི་ཐོག་དཀྲུངས་ཤིང་གི་རྒྱལ་པོ་ཞིག་ཡོད་ན་དེ་ནི་ཁྱོད་དོ་།

    དྲ་གྲོགས་གཞན་ཚོས་མཁྱེན་དགོས་པ་ཞིག་ལ་བློ་སེང་དང་བློ་མཐུན་སྙིང་ཉེ་བ་ཁག་ཅིག་གི་བར་གསང་གྲོས་བྱས་པའི་ནང་དོན་སྐད་ཆ་ཞིག་ཕྱིར་གསལ་ཡོང་གི་ཡོད་པ་དེ་ནི་་༧གོང་ས་མཆོག་གི་བློ་སེང་མུ་མཐུད་ནས་ལོ་ལྔ་སྲིད་སྐྱོང་བྱེད་ཐུབ་ན་ལས་མཇུག་སྐྱོང་རྒྱུར་ཡག་པོ་འདུག་ཅེས་པའི་སྐད་ཆ་རྫུན་མ་ཞིག་སྤྲམ་རྒྱུའི་ཇུས་གཏིང་ཡོད་པ་ཤེས་རྟོགས་ཐུབ་རྒྱུ་ཡོད་པ་རེད་

    ཀརྡོ་གཉེར་ཆག་པས་ལས་འགན་དེ་སྒྲུབ་ཀྱི་ཡོད་པ་རེད་
    མི་གཉིད་ལ་ཤོར་བ་ཞིག་ཡར་ལངས་ཆོག་ཀྱང་གཉིད་རྫུན་ཁུག་ནས་སྡོད་མཁན་ཞིག་རྨོང་གཉིད་སེལ་ཐབས་མེད་པ་རེད་ བོད་མིར་མགོ་བསྐོར་མ་གཏོང་མཁན་ཞིག་རྒྱལ་འགྱུར་ཅིག་།

  15. ལུང་རྟོགས། says:
    2016-01-30 at 8:19 am

    ཁམས་པ་མིན་པའི་ཁམས་པའི་བུ་དང་གཅིག།
    ཨ་ཁུ་མིན་པའི་ཨ་གུ་རྡོ་རྗེ་གཉིས།།
    ལོག་པར་འབྲེལ་དང་ལུང་སྟན་རྒྱག་སྟངས་འདི།།
    སྐུ་ངོ་སྤེན་ཚེའི་འགྲམ་ནས་སྦྱངས་སམ་ཅི།།

  16. ཀརྡོ་གཉེར་ཕྱག་པ་ says:
    2016-01-30 at 9:03 am

    #14 ཨ་གུ་རྡོ་རྗེ་ལགས་ ་ལགས་ཀྱིས་སྤེལ་དོན།:
    January 30th, 2016 at 8:09 am
    ཀརྡོ་གཉེར་ཕྱག་པའམ་ཆག་པ་ལགས་།

    དྲ་རྒྱ་དེའི་ཐོག་དཀྲུངས་ཤིང་གི་རྒྱལ་པོ་ཞིག་ཡོད་ན་དེ་ནི་ཁྱོད་དོ་།
    ་
    ་

    ཀརྡོ་གཉེར་ཆག་པས་ལས་འགན་དེ་སྒྲུབ་ཀྱི་ཡོད་པ་རེད་ ་་་་་་་་་་་་ ག་རེ་ལས་འགན་གྲུབ་བགྱིན་འདུག ཧཧཧཧཧ།། །།

  17. ཀརྡོ་གཉེར་ཕྱག་པ་ says:
    2016-01-30 at 11:48 am

    #14 ཨ་གུ་རྡོ་རྗེ་ལགས་ལགས།
    ཨ་གུ་མ་རེད། ཨ་ཁུ་རེད། དང་པོ་བོད་སྐད་དང་། བོད་ཡིག་འདི་ལས་ཡག་ཙམ་སྦྱངས་ནས། ཁ་བརྡར་ཤོག། །།

  18. ཨ་སྤྲུག་ says:
    2016-01-30 at 6:19 pm

    བློ་སེང་ལ་ཆོལ་ཁ་ག་གེ་མོ་དང་ཚོགས་པ་གང་གི་མིང་ཐོག་ནས་རྒྱབ་ཙ་མེད་ན་སྤྱི་མིར་ངོས་འཛིན་གི་ཡོད་

  19. འབོར་བློ་བཟང་རྒྱ་མཚོ། says:
    2016-01-31 at 11:51 pm

    གངས་སྐྱིད་ལས་བྱེད་ཚོས་བོད་པ་མགོ་འཐོམས་ཚོ་ལ་བརྡ་ཞིག་
    སྔ་མ་ནས་བརྒྱབ་ཡོད་རེད།

  20. ཀརྡོ་གཉེར་ཕྱག་པ་ says:
    2016-02-01 at 12:14 pm

    ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། གསུང་གི་བདུད་རྩི་མྱང་འདོད་ཡོད་ན། འདིར་ལན་ཅིག གཟིགས་དང་།
    https://www.facebook.com/nigan.gotsang/videos/10154312597504196/

  21. ཨ་གུ་རྡོ་རྗེ་ལགས་ says:
    2016-02-01 at 12:36 pm

    ཀརྡོ་གཉེར་ཆག་པ་ ཨ་རོག་ ངོ་དེབ་འཚམས་སྦྱོར་དེ་ནོར་བ་མ་རེད་དམ་།
    འདི་གཅིག་བློ་སེང་ལ་ཕན་ས་མ་རེད་འདའ་
    དེ་མིན་རྙོག་ཁྲ་གཞན་བརྙེས་རྒྱུ་མིན་འདུག་གམ་།
    གཏན་ནས་མེད་ན་ཁ་འདོན་བྱ་ འཆི་ཁར་ཕན་།

  22. ཀརྡོ་གཉེར་ཕྱག་པ་ says:
    2016-02-01 at 1:44 pm

    ཨ་ཁུ་རྡོ་རྗེ་ལགས།
    ང་ནི་བློ་སེང་གི་ཕྱོགས་སུ་འགྲོ་དགོས་མེད་ལ། སྤེན་ཚེ་ལ་སྡང་དགོས་ཀྱང་མེད། ཨ་གུ་དང་། ཨ་ཁུའི་དག་ཤེས་པའི་ཆེད་དུ་སྤེལ་བ་ཙམ་མོ།། ཧཧ།། །།

  23. ཀརྡོ་གཉེར་ཕྱག་པ་ says:
    2016-02-01 at 1:45 pm

    ཨ་གུ་དང་། ཨ་ཁུའི་དག་ཆ་ཤེས་པའི་ཆེད་དུ་སྤེལ་བ་ཙམ་མོ།། ཧཧ།། །།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme