Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེང་ཕྲུག་ལགས།

Posted on 2016-01-292016-01-29 By ཁ་བརྡ No Comments on སེང་ཕྲུག་ལགས།

འཇམ་གཅེས།

 
སེང་ཕྲུག་ལགས། མི་ཚེར་ཁྱི་ལྟོ་ལ་རེ་བའི་སྤྲང་ཁྱི་དག་གི་མིག་སྔར་ཁྱེད་ཉིད་ཀྲོང་་ངེར་འགྲེང་བ་ནི་ཇི་འདྲའི་གཟི་བརྗིད་ཅིག་རེད། ད་ནི་ངོ་མཚར་དང་གཟི་བརྗིད་དེའི་འོག་ནས་ཁྱེད་ནི་མི་རིགས་ཀྱི་ཕྱིར་དུ་ནམ་ཡང་གསོན་དགོས་པ་ལས་འཆི་མི་རུང་། ངོ་མ་འཆི་མི་རུང་། ཁྱི་ལྡོམ་རྔ་ཟླུམ་པ་དང་དེའི་བཀོད་འདོམས་པ་དག་ལ་མཚོན་ན་ཁྱོད་ནི་འཆི་དགོས་པ་ལས་ནམ་ཡང་གསོན་མི་རུང་། དེ་བཞིན་གསེར་མདོག་གི་ཉི་མ་སེར་པོ་ཞིག་གི་སྤྱན་སྔ་རུ་ཁྱེད་རང་ནམ་ཡང་གསོན་དགོས་པ་ལས་འཆི་མི་རུང་།

མདོར་ན། ཁྱོད་འཆི་རྒྱུ་ནི་སྤྱང་ཀི་ལྟོགས་པའི་མངོན་འདོད་ཡིན་ལ། ཁྱོད་གསོན་དགོས་པ་ནི་བླ་མ་བཟང་པོའི་ཐུགས་རེ་ཡང་ཡིན། ད་དུང་ང་དང་ང་འདྲ་བའི་ཤ་ཁྲག་རུས་གསུམ་གཅིག་ལས་ཆད་ཅིང་འདས་མ་ད་གསུམ་གྱི་ལས་དབང་ཡོད་ཚད་སྤྱི་མཐུན་གྱི་བཀོད་ཇུས་གཅིག་གི་འོག་ཏུ་གནས་པའི་མགོ་ནག་ས་ཡ་དྲུག་གི་ངུ་ངག་གི་ལམ་ནས་རེ་འབོད་ཀྱང་ཡིན།

ཁྱོད་འཆི་ན་འདོད་མཁན་ནི་ལ་རྒྱའི་ཟས་དང་ངོ་ཚའི་གོས་ཀྱིས་དབུལ་ཞིང་ཕོངས་ནས་མུག་ཤི་ཐེབས་ལ་ཉེ་བའི་ཁྱི་སྤྱང་ཚོགས་ཁག་ཡིན་ལ། ཁྱེད་སོང་བའི་ཤུལ་དུ་སྐྱོ་བའི་མིག་ཆུས་ངོ་གདོང་བརླན་གཤེར་དང་གདུང་ཤུགས་དྲག་པོས་སྙིང་དམར་དུམ་བུར་གཤག་ཡུལ་ནི་རིགས་རུས་དང་གདུང་རྒྱུད་གཅིག་ལས་ཆད་པའི་ཉམ་ཆུང་སྤུན་ཟླ་དག་ཡིན། ཁྱོད་གསོན་པོར་གནས་པའི་རྐྱེན་གྱིས་སྙིང་ལ་ཟུག་གཟེར་རྒྱག་མཁན་ནི་ཁྱི་སྤྱང་དང་ཁྱི་སྤྱང་ཁྱུ་གཅིག་གི་བཀོད་འདོམས་པ་ཚོ་ཡིན་པས། ད་འོ་ན་ཁྱེད་ཉིད་གསོན་འདོད་དམ་འཆི་འདོད།

སེང་ཕྲུག་ལགས། ཁྱེད་ཀྱི་གཡུ་རལ་གངས་རིའི་ལྗོངས་སུ་གནས་པའི་སེང་ཕྲུག་ཚོའི་རྒྱན་དུ་མཁོ་བས་ནམ་ཡང་མཛེས་ཉམས་ལྡན་དགོས། སེང་ཕྲུག་ལགས། ཁྱེད་ཀྱིས་གཡུ་རལ་བསིགས་ཐེངས་གཅིག་དང་། ངར་སྐད་སྒྲོག་ཐེངས་གཅིག་གིས་འཇིག་རྟེན་འདི་ཡོམ་ཡོམ་བསྒུལ་སོང་ལ། དགྲ་སྙིང་དེ་ཉིལ་ཉིལ་དཀྲུགས་སོང་། ད་ནི་སུས་ཀྱང་བསུབ་མི་ནུས་པའི་གསེར་མདོག་གི་ཞབས་རྗེས་མངོན་པར་བཀྲ་བ་ཞིག་ས་སྟེང་དུ་བཞག་སོང་བས་ང་ཚོའི་གློ་བ་ཧ་ཅང་དགའ་ཡོད། ངོ་མ་དགའ་ཡོད།

ད་ནི་ང་ཚོས་རེ་བ་དང་ཡིད་ཆེས་ཉག་གཅིག་ནི་ཁྱེད་དང་ཁྱེད་ལྟ་བུ་སེང་ཕྲུག་དག་སྔར་ལྟར་གཡུ་རལ་རྒྱས་ཤིང་བཅུ་ཕྲག་རིག་པའི་གནས་ལྔའི་འོ་མཚོ་ཡི་ཕ་རོལ་དུ་བརྩོན་པ་དྲག་པོའི་རླུང་ཤུགས་ཀྱིས་དེད་པའི་མཁྱེན་དཔྱོད་ཀྱི་གྲུ་གཟིངས་ལ་བརྟེན་ནས་བགྲོད་དགོས་པ་ཁོ་ན་ཡིན་པ་ལས་ང་ཚོ་དང་འབྲལ་དགོས་པ་ནམ་ཡང་མིན། སྐུ་ཉིད་ནམ་ཡང་རྒྱལ་བར་སྨོན།།

ལྷུག་རྩོམ།

Post navigation

Previous Post: ༄༅། །སྲིད་སྐྱོང་འོས་མིར་རྒྱབ་སྐྱོར་གསལ་བསྒྲགས།
Next Post: མཐོ་སྒང་གི་རྒྱུད་སྐུད་འདར་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme