Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཇི་ལྟར་ཉི་འོད་ཀྱིས་ང་ཚོར་ཕན་ཐོགས་ཀྱི་ཡོད་དམ།

Posted on 2016-01-272016-01-27 By ཁ་བརྡ 15 Comments on ཇི་ལྟར་ཉི་འོད་ཀྱིས་ང་ཚོར་ཕན་ཐོགས་ཀྱི་ཡོད་དམ།

12647794_999991826728647_1377890583_n

ཚེ་བརྟན་བཀྲ་ཤིས་ཀྱིས་བསྒྱུར།

སྤྱིའི་ཆ་ནས་ཉི་འོད་ལ་འགྲོ་བ་མི་དང་ཚེ་ཡོད་པའི་རིགས་ལ་ཧ་ཅང་ཕན་པའི་ནུས་པ་མང་པོ་ཡོད། འོན་ཀྱང་ཉི་འོད་ཀྱིས་ན་ཚ་སྔོན་འགོག་བྱེད་པ། ནད་དྲག་པ། ནད་གསོ་བ་ལ་སོགས་པ་ཕན་ཐོགས་ཡོད་པས་སྨན་གྱི་རིན་ཐང་དང་གཅིག་མཚུངས་ཡིན་པར་ད་ལྟའི་སྐབས་སུ་ཚན་རིག་གིས་བདེན་དཔང་བྱས་ཡོད།

ཉི་འོད་ཀྱིས་ང་ཚོའི་པགས་པའི་སྟེང་དུ་གནས་ཡོད་པའི་ན་ཚ་སློང་བྱེད་ཀྱི་ཧམ་སྤུ་དང་ཕྲ་སྲིན་གྱི་རིགས་མེད་པར་གཏོང་ལ། ཁྲག་རིགས་དཀར་པོའི་སྦུབས་ཕྲན་གྱིས་ནུས་ཤུགས་བཏོན་ནས། ལུས་ལ་འགོག་སྲུང་བྱེད་པ་བཞིན་ཉི་འོད་ཀྱིས་ཀྱང་དེ་ལྟར་བྱ་བ་བྱེད། ཁྲག་རིགས་དཀར་པོས་གཟུགས་པོའི་སྟེང་དུ་ནད་སྲིན་ཕྲ་མོ་སྐྱེད་པའི་ན་ཚའི་རྒོལ་བ་ལས་སྲུང་སྐྱོབ་བྱེད་པ་དང། དེ་བཞིན་ཉི་འོད་ཀྱིས་ཀྱང་ན་ཚ་འགོག་བྱེད་ཀྱི་ནུས་ཤུགས་ཆེ་རུ་བསྐྱེད་ནས་ང་ཚོར་རོགས་པ་བྱེད།

ཉི་འོད་ང་ཚོའི་པགས་པའི་སྟེང་དུ་ཕོག་སྐབས་དེ་ཡིས་ཁྲག་གི་ནང་དུ་རྫས་རྣམས་འགུལ་བསྐྱོད་བྱེད་པར་སྐུལ་ཏེ། ཤ་གནད་དག་ལ་སྟོབས་ཤུགས་གསར་བ་ཞིག་སྤྲད་པས། ཤ་གནད་དག་ཅུང་བསྐྱེད་དེ་ལས་ཀ་བྱེད་པའི་ནུས་པ་སྔར་ལས་ཆེ་རུ་འགྲོ། ད་དུང་ཉི་འོད་ལས་ང་ཚོའི་དབང་རྩའི་མ་ལག་ལ་ངར་ཤུགས་རག་ནས། ཚོར་བར་གསོན་ཤུགས་རྒྱས་ཏེ་འགུལ་བསྐྱོད་བྱེད་པར་ཡང་སྐུལ་བྱེད།

ཉི་འོད་ལས་བྱུང་བའི་སྨུག་ཕྱིའི་འོད་ཀྱིས་པགས་པའི་ནང་གི་མཁྲིས་ཞག་དེ་འཚོ་བཅུད། ང་བ་རུ་བརྗེས་བསྒྱུར་བྱེད་ཀྱི་ཡོད་ལ། འཚོ་བཅུད་འདི་ནི་རུས་པ་ལ་ཧ་ཅང་ཕན་ཞིང་ལྷག་པར་དུ་རུས་གཅོང་གི་ནད་ལྟ་བུ་གསོ་བར་ཕན་ཐོགས་ཆེན་པོ་ཡོད།

ཉི་འོད་ལ་ཁ་གཏད་དེ་འདུག་སྐབས་སྐར་ཆ་ལྔ་རེ་ལ་སྨན་ཇ་ཁེམ་གཅིག་རེ་མིད་པ་དང་གཅིག་མཚུངས་ཆགས་ཡོད། འོན་ཀྱང་དེའི་དོན་ནི་སྨན་དེ་གཏན་དུ་གནོད་མེད་ཅིག་ཡིན་ཞེས་པའི་དོན་མ་ཡིན་པར་ཤེས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། 

ང་ཚོས་སྨན་གྱི་རིགས་ཟ་བར་གཟབ་གཟབ་བྱེད་པ་བཞིན་ཉི་ཁྲུས་བྱེད་པར་ཡང་ཧ་ཅང་གཟན་ནན་བྱེད་དགོས། ཉི་ཁྲུས་ཀྱིས་ཁྲག་ཤེད་མཐོ་རུ་གཏོང་པས་སྙིང་ནད་ཅན་དང་གློ་བའི་ན་ཚ་ཅན་རྣམས་ཉི་མར་ལྡེས་པ་མང་དྲག་ན་གཟུགས་གཞི་ཉེན་ཁའི་གནས་སུ་བསྐྱལ།

ང་ཚོས་ཉི་མའི་འཕེལ་གྲིབ་དང་བསྟུན་ནས་རང་གི་གཟུགས་པོ་རྗེན་པར་ཉི་མར་ལྡེ་དགོས། དཔེར་ན་ཉི་ཁྲུས་བྱེད་སྐབས་འགོ་འཛུགས་བྱེད་སྟངས་ཡག་ཤོས་དེ་ནི་དང་ཐོག་ཐེངས་གཅིག་ནས་ལྔ་བར་གཟུགས་པོ་རྗེན་པར་ཉི་འོད་ལ་ལྡེ་བ་དང་ཐེངས་རེ་རེར་སྐར་མ་ལྔ་རེ་བྱེད་དགོས། ཉིན་རྗེས་མར་ཡང་བསྐྱར་ཐེངས་གཅིག་ནས་ལྔ་བར་གཟུགས་པོ་རྗེན་པར་ཉི་མར་ལྡེ་དགོས་ཀྱང་། སྐབས་འདིར་ཉི་མར་ལྡེ་བའི་དུས་ཡུན་ནི་སྐར་མ་ལྔ་ཁ་སྣོན་བྱོས། ཐེངས་རྗེས་མར་ཡང་དེ་དང་གཅིག་མཚུངས་ཡིན་དགོས།

ཉི་ཁྲུས་བྱེད་སྟངས་འདི་ལས་ཐལ་ཆེ་པའི་ཉེན་ཁ་ཅི་ཡང་མི་འབྱུང་བར་ང་ཚོ་ལ་ཉི་འོད་ཀྱི་ཁེ་ཕན་ཆ་ཚང་ལ་ཐོབ་ཐུབ།

Fungi-ཧམ་སྤུ། The white blood cell-ཁྲག་རིགས་དཀར་པོའི་སྦུབ་ཕྲན། Germ-ནད་སྲན་ཕྲ་མོ། Nervous system- དབང་རྩའི་མ་ལག Ultraviolet-སྨུག་ཕྱིའི་འོད། Sterol-མཁྲིས་ཞག Vitamin D-འཚོ་བཅུད ང་བ།   Sun bathing-ཉི་ཁྲུས།

འགྱུར་རྩོམ།

Post navigation

Previous Post: བཏང་སྙོམས་སུ་བཞག་ན་བཟང་ངོ་།།
Next Post: སྲིད་སྐྱོང་བློ་བཟང་སེངྒེ་ལ་ས་གནས་ཡོངས་ནས་འོས་ཐོབ་ཐབས་བྱེད་དགོས།

Comments (15) on “ཇི་ལྟར་ཉི་འོད་ཀྱིས་ང་ཚོར་ཕན་ཐོགས་ཀྱི་ཡོད་དམ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2016-01-27 at 12:45 am

    བོད་ནང་གི་བརྙན་ཐུང་ཅིག
    https://www.facebook.com/serkyiphonga/videos/550374588455195/?pnref=story

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-01-27 at 2:00 am

    ཚེ་བརྟན་བཀྲ་ཤིས་་ཀྱིས་ལེགས་ཀྱིས་ཉི་འོད་ལུས་ཁམས་ལ་ཕན་བྱེད་ཡིན་པ་བོད་སྐད་དུ་བསྒྱུར་པར་བཀའ་དྲིན་ཆེ།
    ང་རྒྱ་གར་དུ་སླེབས་ནས། ཁམས་བཟང་ཇི་ལྟར་འོང་བའི་སྐོར་ཧིནྡ་སྐད་དུ་ཀློག་པ་ན། ལུས་ལ་ཉི་འོད་ཕོག་གལ་ཆེར་བཤད། དཔེར་ན། རྩྭ་སྐྱེས་ཤིག་ཤིང་སྡོང་ཆེན་པོའི་འོག་ཏུ་ཚུད་པ་ན། རྩྭ་སྐྱེས་དེ་ནུས་པ་མེད་པར་སེར་པོར་ཆགས་པ་སོ་སོས་མཐོང་། དེ་བཞིན་མི་ཡང་ནང་དུ་སྡོད། ཉི་འོད་ཡོད་པའི་ཕྱི་ལོགས་སུ་མི་འགྲོ་བ་དེའི་ལུས་སྟོབས་ཆུང་བ་ཡིན། དཔེར་ན། ཞིང་པ་དང་མི་དྲག་གཉིས་བསྡུར་ལྟ་བྱས་ན་ཤེས་ཐུབ། ཅེས་པ་སོགས་བཀླགས་སོ།
    ་

    ཉི་མར་ལྡེས་པ་མང་དྲག་ན་ག
    ་ཉི་མར་ལྡེ་དགོས།
    ་
    ཞེས་པ་ཡོད་པའི་ལྡེས་དང་ལྡེ་ཞེས་པ་བོད་ལུང་ཁུགས་གང་དུ་ཡོད་དམ།

  3. དྲང་སྲོང says:
    2016-01-27 at 2:44 am

    ང་ཚོའི་ཕ་ཡུལ་གྱི་སྐད་དུ་ཉི་མ་ལྡེ་མེ་ལྡེ་འདས་པ་ལ་ཉི་མ་ལྡེས་ཚར་མེ་ལྡེས་ཚར་ཟེར་ལེ་རེད

  4. དྲང་སྲོང says:
    2016-01-27 at 4:49 am

    ང་ཚོའི་ཕ་ཡུལ་ཁམས་ལ་དེ་འདྲ་ཟེར་ལེ་རེད་རྒན་ལ་དྭགས་པ།

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-01-27 at 9:29 am

    དྲང་སྲོང ་མཆོག
    ་
    དེའདྲ་ཡིན་པ་འདྲ། ངས་ཁམས་པ་དང་ཨ་དོའི་ཁ་སྐད་ཉན་དུས་ཕལ་ཆེ་བ་གོ་བ་མེད། དེ་བཞིན་ངས་ལ་དྭགས་ལུང་ཁུགས་ཀྱི་ཁ་སྐད་ཅིག་རྒྱབ་ན། ཁྱེད་ཁམས་པ་ཨ་མདོ་པ་སོགས་ཀྱིས་གོ་བ་ཕར་ཞོག ལ་དྭགས་རང་གི་གཤམ་གྱི་ཁ་སྐདལ་དྭགས་སྟོད་ཀྱི་མིས་་མི་གོ་བའི་གནས་ལུགས་དེ་འདྲ་ཡིན་འདུག

  6. ཀརྡོ་གཉེར་ཕྱག་པ་ says:
    2016-01-28 at 12:14 am

    ལུས་པོ་ཉི་མར་ལྡེ་བ་དང་། ལག་པ་མེར་ལྡེ་བ་གཉིས་ནི། ཉི་མ་སྲོ་བ། ལག་པ་མེར་སྲོ་བ་དང་དོན་གཅིག་ཏུ་མཐོང་ལགས།

  7. བསོད་ནམས། says:
    2016-01-28 at 10:22 am

    འོན་རེད། ཉི་མའི་ནང་འདུག་རྒྱུ་མང་དྲགས་ན་ན་ཚ་ཡང་འབྱུང་ཉེན་ཆེ།

  8. གངས་མྱི། says:
    2016-01-28 at 12:59 pm

    ཉི་མར་ལྡེས་ན་རུས་གཅོང་གི་ནད་ལ་ཕན་པར་ཆུང་དུས་གོ་མྱོང་ཡོད།

  9. རོ་བྱ་ says:
    2016-01-28 at 11:07 pm

    ཨ་རོ་་་ཆ་བོ་་་ ་ཞབས་མཆན་པ་རྣམ་པ། བློ་མཐུན་རྣམ་པ། མི་མང་ལ་ཞབས་འདེགས་བྱས་ན་རི་བོ་ཐེ་ཧྲན་ལས་ཀྱང་ལྗིད་ཁོག་ཆེ་ནི་རེད་གོ་་་་་ ་་ཉི་ཁྲུས་བྱས་ཟེར་བའི་མིང་ཚིག་འདི་ནི་ཏག་ཏག་ཅིག་བསྡད་འེ་ཡོད་ཀི ་sun bathing ཐད་བསྒྱུར་མང་དྲག་པའི་སྐྱོན་མེད་ཀ སྒྲ་བསྒྱུར་བམ་གཉིས་ཤེས་ནི་འེ་ཡོད་་་་དེ་མིན་དུས་་་་མིང་ཚིག་འདི་ནི་་་ང་ཚོས་ཚིག་མཛོད་ལ་འཇུག་དགོས་པའི་ཐ་སྙད་གསར་བ་ཞིག་རེད་མོ། ཀརྡོ་གཉེར་ཕྱག་པ་ཁྱོད་ངར་ན་ཐང་ཡ། ཅིག་གསུང་ད་་་་དེང་འུ་གཉིས་ཀྱིས་མིང་ཚིག་རྩོད་གོ་དུས ཁྱོད་ལ་བཤད་ཀྱི་མང་ནི་ཅན་ཞིག་ཡིན་ནོ་ཤེས་མྱོང་ང་མོ།

  10. ཀརྡོ་གཉེར་ཕྱག་པ་ says:
    2016-01-29 at 2:25 am

    ལུས་པོར་ཆུ་རས་གྱོན་པ་མ་གཏོགས་དམར་ཧྲེང་བྱས་ནས་ཉི་མར་ལྡེ་བ་ལ། ཨིན་སྐད་དུ་ sun-bath ཨིན་སྐད་ཀྱི་འགྲོ་ལུགས་ཁྱད་མཚར་གྲལ་ཅིག་རེད། ཉི་འོད་ལ་ sun beam ཉི་མས་ཚིག་པའམ། ཉི་སྲེག་ལ་ sun-burn ཟེར་སྲོལ་འདུག sun-bath ཨིན་སྐད་ཀྱི་བོད་ཀྱི་སྐད་དོད་ནི། ཉི་མར་སྲེག་པ། ཞེས་པ་ལས། འཁྲུ་དང་བཀྲུ་བའི་མིང་འདིར་བོད་སྐད་དུ་སྦྱར་མི་རུང་། འོནད་ཀྱང་། བོད་སྐད་དུ། མལ་ཆས་རྙིང་པ་ཉི་མར་ལྡེ་ནས་དྲི་མ་གཙང་མ་བཟོ་སྲོལ་ཞིག་ཀྱང་ཡོད་རེད། དེ་ཡི་གོ་དོན་ཅུང་འདྲ་ཡང་། འཁྲུ་དང་བཀྲུ་ཞེས་བསྒྱུར་མི་རིག་སྙམ་མོ།།

  11. ཀརྡོ་གཉེར་ཕྱག་པ་ says:
    2016-01-29 at 2:26 am

    ནོར་བཅོས།
    sun-bath ཨིན་སྐད་ཀྱི་བོད་ཀྱི་སྐད་དོད་ནི། ཉི་མར་ལྡེ་བའམ་སྲེག་པ། ཞེས་པ་ལས། འཁྲུ་དང་བཀྲུ་བའི་མིང་ཚིག་འདིར་བོད་སྐད་དུ་སྦྱར་མི་རུང་།

  12. གངས་མྱི། says:
    2016-01-29 at 9:54 pm

    Sun bathing འདི་ལ་ཉི་སྲོ་ཞེས་བསྒྱུར་ན་ཆོག་སྙམ།

  13. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-01-29 at 11:36 pm

    ལ་དྭགས་བོད་ལྗོངས་སོགས་སུ་ཡུལ་གྱི་ཉི་མའི་འོད་ལ་བདག་པོ་ཡོད་ཟེར་སྲོལ་འདུག དོན་དུ་མི་ཞིག་ཉི་མར་འདུག་ཡོད། དེ་ལ་མི་གཞན་ཞིག་གིས་གིས་ཉི་མ་སྒྲིབ་མི་ཆོག་པ་ཡིན། ཉི་མའི་འོད་ཟེར་ལ་ཉི་མ་ཞེས་པ་དེ་རྒྱུ་མིང་འབྲས་བུར་བཏགས་པའི་བཏགས་མིང་ཞེས་བསྡུས་གྲྭདཔེ་ཆ་ནས་བཤད། དེ་འདྲ་ཡིན་ན། འབྲས་མིང་རྒྱུ་ལ་བཏགས་པ་ཞིག་ཀྱང་འཆད་དགོས་སོ།

  14. ཀརྡོ་གཉེར་ཕྱག་པ་ says:
    2016-01-30 at 2:04 am

    sun bath འདི། ཉི་མར་སྡེ་བ་འདི་ལེགས་ཤོས་མཐོང་། ཉི་སྲོ་ལས། ཉི་སྲེག་འདི། sun bake དང་ནོར་ཉེན་འདུག ད་རོ་བྱས། རོ་མྱངས་ཡོད་བགྱིད་རེད།

  15. དྲང་སྲོང says:
    2016-01-30 at 8:35 am

    ང་ཚོའི་ལུང་པའི་ཁ་དཔེར། དགུན་ཉི་ལ་བདག་པོ་ཡོད། དབྱར་ཉི་ལ་བདག་པོ་མེད་ཟེར་ལེ་རེད། ཁོ་རེ་ཉི་མ་ཡོལ་མ་ཡོང་ཕར་རྒྱུག་ཟེར་རེད་ཧཧཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme