Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྡིངས་ཆ་གཅིག་ཏུ་ཕེབས་རྒྱུའི་བློ་ཁོག་དགོས་པ་རེད།

Posted on 2016-01-192016-01-19 By ཁ་བརྡ 9 Comments on སྡིངས་ཆ་གཅིག་ཏུ་ཕེབས་རྒྱུའི་བློ་ཁོག་དགོས་པ་རེད།

བསྟན་འཛིན་རང་གྲོལ།

 
སྲིད་སྐྱོང་གནང་ན་བློ་ཁོག་གཉིས་དགོས་པ་སྟེ། མི་མང་གི་མངོན་འདོད་ལག་བསྟར་ལ་དཔའ་མི་ཞུམ་པར་ལས་དོན་རྣམས་དྲང་པོས་ཐག་གཅོད་ནུས་པ་དང་། ནོར་འཁྲུལ་བྱུང་ན་ཡོ་སྲང་བྱེད་ཐུབ་པའི་བློ་ཁོག་དགོས་པ་དེ་ཡིན་ཞིང་། དེའི་ཚུལ་མི་མང་ལ་རང་ངོས་ནས་གསལ་བཤད་ར་སྤྲོད་མ་གནང་ཚེ། མང་གཙོའི་འོས་བསྡུའི་ལམ་ལུགས་ཁྲོད་ཀྱི་འོས་མི་ཁྱབ་བསྒྲགས་ཀྱི་དགོས་དོན་འགྲུབ་མེད་པ་སུས་ཀྱང་བསྙོན་དུ་མེད།

དེ་རིང་ནས་རྩིས་པའི་དངོས་གཞིའི་འོས་བསྡུའི་ཉིན་མོ་བར་ཟླ་གཉིས་ཏག་ཏག་ཡོད། སྔོན་འགྲོའི་འོས་བསྡུའི་སྐབས་ནོར་ཝེ་རླུང་འཕྲིན་ཁང་གི་གསར་འགོད་པ་ཚོས་དྲི་བ་འདྲི་རྒྱུའི་གནས་ཚུལ་ཞིབ་ཚགས་མཁྱེན་གྱི་ཡོད་མེད་ལ་མ་ལྟོས་པར། སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀ་མི་མང་ལ་ངོ་སྤྲོད་གང་མང་མང་གནང་སྟེ། གསར་ཁང་གཞན་ལས་གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད་ཀྱང་། གངས་ཅན་སྐྱིད་གཤོངས་གཙོས་དོ་སྣང་ཅན་ཚོས་སྲིད་སྐྱོང་ལས་ཐོགས་མཆོག་ལ་དེ་ཙམ་དྲི་བ་བཏང་བར་བསམ་འཆར་ཤུགས་ཆེར་བཏོན་པས། ནོ་ཝེ་རླུང་འཕྲིན་ཁང་གི་གསར་འགོད་པས་སྲིད་སྐྱོང་ལས་ཐོགས་མཆོག་གིས་དུས་ཚོད་མ་གནང་བ་མི་མང་ལ་གསལ་བཤད་ཞུ་དགོས་ཐུག་ཡོད།

བོད་བཙན་པོའི་རྒྱལ་རབས་ནང་བློན་ཆེན་དམག་སྤྱི་དེ་ཚོས་དཔའ་བློ་ཁོག་ཆེན་པོ་གཡུལ་ས་ནས་འདོན་ཅིང་། བློ་མཁས་མཛངས་བཙན་པོའི་སྐུ་མདུན་ནས་འགྲན་པས། དཔའ་བ་ལ་དཔའ་རྟགས་སྟག་གཟིག་པགས་པའི་མནའ་བཟས་མཚོན་འཁོར་ལོངས་སྤྱོད་དང་། རྡར་མ་ལ་ལུས་ལ་ཝ་པགས་གཡོགས་ཏེ་རྒྱང་ཕུད་གཏོང་སྲོལ་སོགས་ཡོད་པ་དག་ནི་དེའི་ཚེ་དེའི་དུས་ཀྱི་རྒྱལ་སྲིད་སྐྱོང་བའི་ཐབས་མཆོག་ཅིག་རེད་ལ། དེ་ལྟར་རྟེན་ཅིང་འབྲེལ་ཏེ་བོད་ལ་ཕོ་རྩལ་སྣ་དགུ་ཞེས་པའི་ཕོ་རབ་ཟེར་ན་ཅི་ཞིག་ཡིན་མིན་གྱི་རིག་གནས་ཀྱི་རྨང་གཞིའང་བརྟན་པོ་ཆགས་ཡོད། དེང་གི་དུས་ན་མང་གཙོའི་ལམ་སྲོལ་ནང་ཡུལ་མིའི་རྒྱལ་ཁབ་ཀྱི་ལམ་སྲོལ་ཆེས་ཆེར་གཙིགས་སུ་འཛིན་པའི་སྐབས་འདིར། རྒྱལ་སྲིད་སྐྱོང་པའི་ལས་ཀྱི་སྣེ་མོ་བ་དག་ཀྱང་མི་མང་གིས་ཐད་ཀར་འོས་འདེམས་བྱས་ཏེ་ཡོང་གི་ཡོད་པ་ཀུན་གསལ་ལྟར། འོས་ཞུགས་མི་སྣ་ཚོས་སྡིངས་ཆ་གཅིག་ཏུ་བགྲོ་གླེང་གིས་བློ་མཁས་མཛངས་ཡོད་ན་སྟོན་ས་དང་། ཁ་སྨྲ་ལྕེ་བདེ་ན་བཤད་ས། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། སྲིད་སྐྱོང་ཁྲི་ལ་བདག་པོ་མེད་པའི་སྐབས་འདིར། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཅིའི་ཕྱིར་དུས་ཚོད་མེད་ཚུལ་གསུང་སྟེ་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་དང་མཉམ་དུ་སྡིངས་ཆ་གཅིག་ཏུ་བགྲོ་གླེང་གནང་མ་ཐུབ་པ་རེད།

གངས་ཅན་སྐྱིད་གཤོངས་ན་ཕྱག་ལས་མང་བ་བདེན་ཡང་། སྲིད་སྐྱོང་དང་ཚོགས་གཙོ་རྣམ་གཉིས་འདྲ་འདྲ་ལས་ཧེ་བག་ཆེན་པོ་མེད་པ་ཀུན་གྱིས་ཤེས་པས། ད་དུང་སྡིངས་ཆ་གཅིག་ཏུ་མུ་མཐུད་མ་གནང་ཚེ། དེའི་རྒྱུ་མཚན་བློ་ཁོག་མེད་པར་ངོས་འཛིན་བྱེད་པ་ལས་གཞན་དུ་མིང་མེད་ཅིང་། སྤྱང་པོ་གྲུང་པོའི་ཟློས་གར་འཁྲབ་ཀྱི་ཡོད་ན་དེ་ནི་རང་རྣ་བཀབ་སྟེ་དྲིལ་བུ་རྐུས་པའི་དཔེ་ལས་གཞན་དུ་འཇོག་རྒྱུ་མེད་པས། དེ་ལྟའི་ཐབས་བྱུས་ཀྱིས་འོས་བསྡུའི་རྒྱལ་ཁ་ཐོབ་ཀྱང་། དེ་ལ་ལོ་རྒྱུས་ཀྱི་ཆ་འཇོག་མི་གནང་ལ། ཤེས་ལྡན་དོ་སྣང་ཅན་ཚོས་ཀྱང་མགུ་རྟགས་ལ་སྟོན། གཏན་ནས་སྟོན་མི་སྲིད།

གཅིག་གིས་གཅིག་ལ་ལྐོག་ཏུ་གཞི་མེད་ཉེས་འཛུགས་བྱེད་རྒྱུའི་འཆར་གཞི་འདིང་བ་ལས། ༧གོང་ས་མཆོག་གི་རླབས་ཆེན་དགོངས་གཞི་རྣམས་ཡིད་ལ་བཅངས་ཏེ། བོད་ཀྱི་མི་རབས་གསར་པ་ཚོའི་མིག་དཔེར་འོས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་གདོང་དང་གདོང་ཐུག་གི་བགྲོ་གླེང་ཞིག་གནང་ཐུབ་པ་ཡིན་ན། རྒྱ་ནག་གཞུང་བླ་འདར་བ་ཡང་དེ་རེད་ལ། འཛམ་གླིང་གི་དོ་སྣང་གནང་ཡུལ་ཡང་དེ་རེད། དེ་བཞིན་བོད་གངས་ཅན་གྱི་དབུ་འཕང་དགུང་དུ་བསྟོད་པའི་ཀ་རིང་ཡང་དེ་མ་རེད་དམ། བདག་གི་སྙིང་ནས་བརྩེ་བའི་བོད་མི་ཚོ།

༢༠༡༦། ༡། ༡༩། ཉིན།

བསམ་ཚུལ།

Post navigation

Previous Post: འབྲུག་གི་བརྙན་འཕྲིན་ལས་འབྲུག་སྡོད་བོད་མི་དྲན་པ།
Next Post: སོ་སྐྱེའི་སྙན་ངག་བརྒྱ་བ་བོད་དབྱིན་ཤན་སྦྱར།

Comments (9) on “སྡིངས་ཆ་གཅིག་ཏུ་ཕེབས་རྒྱུའི་བློ་ཁོག་དགོས་པ་རེད།”

  1. བསྟན་འཛིན། says:
    2016-01-19 at 1:09 pm

    བསྟན་འཛིན་རང་གྲོལ་མིང་ཅན་ལགས། ཁྱེད་བློ་བདེ་བྱོས་དང་ཁོང་གཉིས་གདེང་ཆ་གཅིག་གི་སྟེང་དུ་བགྲོལ་གླེང་དང་དྲིས་བར་དྲི་ལན་སོགས་ཡོང་རྒྱུ་ཡིན་པ་གཞི་གྲུབ་པ་རེད། ཁྱེད་ལ་དོག་དྲི་ག་རེ་ཡོད་ན་གྲ་སྒྲིག་བྱོས། སྐབས་དེར་བློ་སེང་གི་ཁང་རིན་སྐོར་དང་སྤེན་ཚེ་ལ་ཀ་སྟག་སྤྲུལ་སྐུ་འདས་རྐྱེན་དང་སྔ་ལོ་ཨ་མདོའི་མཁས་དབང་རྔ་བ་ཆོས་གྲགས་རྣམ་གཉིས་དམར་འཛིང་གིས་མི་བསོད་ཁྲག་སྦྱོར་དོན་རྐྱེན་ཚབ་ཆེན་དེ་ཡང་ད་བར་དུ་གོ་རྒྱུ་ཚོར་རྒྱུ་མེད་སོང་བ་དེ་དག་ཀྱང་ཐུག་ས་སྤེན་ཚེ་སོགས་མདོ་སྨད་པ་མི་ཆེན་འགས་བྱས་ཉེས་རེད་ཟེར་བ་སོགས་བཙན་བྱོལ་སྤྱི་ཚོགས་སུ་གླེང་གཞི་སྣ་ཚོགས་ཡོད་པ་དེ་ཚོ་གསལ་པོ་དང་གཙང་མ་བཟོ་རྒྱུ་བཅས་ལ་འབོད་དགོས།

  2. རྡོ་དུ་འཐེན། says:
    2016-01-19 at 2:16 pm

    དངོས་ཡོད་དང་མཐུན་པའི་སྐད་ཆ་བྲོ་བ་ཅན་ཞིག་བྲིས་ཡོད་ཁུ།

  3. ཨ་གུ་རྡོ་རྗེ་ལགས་ says:
    2016-01-19 at 8:28 pm

    བློ་སེང་གིས་སྤེན་ཚེ་ལ་ཐད་གདོང་ཐུག་བགྲོ་གླེང་མི་ཐུབ།
    བློ་སེང་གི་འཇོན་ཐང་ནུས་པ་ནི་རྒྱབ་ནས་ལྐོག་ཇུས་གཏིང་རྒྱུ་དེ་རེད།
    དེ་སྔ་བཀྲས་མཐོང་ལ་རྒྱབ་ནས་མིང་ཆད་བཟོས།་ད་ཆ་སྤེན་ཚེ་ལ་རྒྱབ་ནས་མིང་ཆད་བཟོ་ཡི་ཡོད།་
    ཁམས་པ་ངོ་མ་ཡིན་ན་མདུན་དུ་འཐོན་ནས་མི་དང་མི་བྱས་ནས་བགྲོ་གླེང་བྱ་དགོས་པ་ཡིན།

  4. སྲོང་བཙན། says:
    2016-01-19 at 10:35 pm

    <>

    ཨ་རི་གནས་སྡོད་བྲག་སྒོ་ལྟག་མས།
    ༢༠༡༦།༡།༡༧ ཉིན་བྲིས།

    སྲིད་སྐྱོང་འོས་མི་སྐུ་ངོ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་དངོས་ཡོད་ཀྱི་གནས་ཚུལ་དང་། འགན་འཁྲི་ཆེ་བའི་འི་གནད་དོན་འགའ་ལ་ངེས་པར་དུ་གསལ་བཤད་དགོས་གནང་དགོས་པའི་རེ་འདུན་ཞུ་རྒྱུ་ཡིན།

    ༡༽ ཁོང་སྤྱི་འཐུས་ཚོགས་གཙོ་བྱས་པའི་རིང་ཐེངས་གཉིས་རིང་སྤྱི་འཐུས་གྲོས་ཚོགས་མུ་མཐུད་ནས་འཚོགས་མ་ཐུབ་པ་གྲོལ་དགོས་བྱུང་ཡོད་པ་དང་། གནས་སྟངས་དེས་བོད་ཀྱི་ཁྲིམས་བཟོ་ལྷན་ཚོགས་ལ་ཉེན་ཁ་ཆེན་པོ་འཕྲད་སོང་ཟེར་ཆོག་ལ། སྤྱི་ཚོགས་སུའང་ལབ་གླེང་ཤུགས་ཆེ་བྱུང་སོང་བས་དངོས་ཡོད་ཀྱི་སྐྱོན་དང་ནོར་འཁྲུར་ཆེན་པོ་ཆགས་སོང་བསམ་གྱི་འདུག་པས། འདིའི་ཐད་མི་མང་ལ་ལན་འདེབས་དང་གསལ་བཤད་དགོས།

    ༢༽ ཉེ་དུས་ནོར་ཝེ་རླུང་འཕྲིན་ཁང་གི་བརྙན་འཕྲིན་ལེན་ཚན་གྱི་བཅར་འདྲིའི་ནང་། ཚོགས་གཙོ་མཆོག་གིས། “ངས་ཨ་རག་འཐུང་གི་ཡོད་ཨ་རག་སྤང་གི་མིན་” ཞེས་གསུངས་སོང་། གསུང་ཚིག་དེ་བོད་མི་རིགས་ཀྱི་སྲིད་སྐྱོང་གི་ཞབས་སྟེགས་ལ་མཐོང་ཆུང་དང་སྣང་མེད་བཏང་བ་མ་ཚད། གནས་སྟངས་དེས་མ་འོངས་པའི་ལས་དོན་ལ་འཐུས་ཤོར་འགྲོ་བའི་འགན་རྐྱེན་ཆགས་སྲིད། དེར་བརྟེན་ངས་ཨ་རག་འཐུང་གི་ཡིན་ཟེར་དགོས་དོན་གྱི་འགྲེལ་བཤད་ཚུལ་དང་མཐུན་པ་ཞིག་མི་མང་ལ་བརྒྱབ་དགོས།

    ༣༽ ཕྱི་ལོ་ ༢༠༡༥ ཟླ་ ༣ གྲོས་ཚོགས་ནང་སྤྱི་འཐུས་ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བདག་བྱས་ཡོད་མ་རེད་ཅེས་བཤད་འདུག དེ་ནས་སྤྱི་འཐུས་འགས་དྲི་བ་བཏང་འདུག་པས། མཐར་ཁོང་གིས། “ངས་བཅད་ཁྲ་བལྟས་ཡིན་སྤྱི་རྒྱུ་སྒེར་བདག་རེད་ཤག་” ཅེས་གསུངས་འདུག གནས་སྟངས་འདི་ནི་ཤེས་བཞིན་དུ་བོད་ཀྱི་ཁྲིམས་བཟོ་ལྷན་ཚོགས་རྩེད་ཆས་ལྟ་བུ་བྱས་འདུག་པས་འགན་འཁྲི་དང་དུ་མ་ལེན་པའི་སྐྱོན་དང་། ཁྱེད་ཀྱིས་སྔོན་དུ་སྤྱི་རྒྱུ་སྒེར་བདག་བྱས་པའི་བཅད་ཁྲ་མ་མཐོང་བ་རེད་དམ་མ་མཐོང་ཁུལ་བྱས་པ་རེད་གསལ་བཤད་བྱེད་དགོས།

    ༤༽ གྲོས་ཚོགས་ནང་། དང་པོ་ཟླ་བ་ཚེ་རིང་སྤྱི་རྒྱུ་སྒེར་བདག་མ་རེད་ལབ། ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་བལྟས་ཡིན། སྤྱི་རྒྱུ་སྒེར་བདག་རེད་ཤག་ལབ་ནས། སྔ་ཕྱི་མ་མཚུངས་པའི་སྐད་ཆ་མང་པོ་གསུངས་ནས་ཡུན་རིང་མ་སོང་བར། ཟླ་བ་ཚེ་རིང་གིས་དབུས་གཙང་ཚོགས་པའི་ཚོགས་གཙོའི་མིང་ཐོག་ནས། ཁྱེད་སྲིད་སྐྱོང་གིས་འོས་མི་བཏོན་འདུག་པ་དང་། རྡ་སར་ཡོངས་གླིང་སློབ་གྲྭའི་ཚོགས་ཁང་ནང་། ཟླ་བ་ཚེ་རིང་གིས་གྲ་སྒྲིག་བྱས་ནས་ཁོང་སྲིད་སྐྱོང་གི་འོས་མི་བཞེངས་ཀྱི་ཡོད་པའི་གསར་འགོད་གསལ་བསྒྲགས་བྱས་འདུག གྲོས་ཚོགས་ནང་བཅད་ཁྲ་མཐོང་དང་མ་མཐོང་སྣ་ཚོགས་བཤད་པའི་འཁྲབ་སྟོན་གྱིས་ཟླ་བ་ཚེ་རིང་གཙང་མ་བཟོ་ཐབས་བྱས་སོང་བ་དེ། རྒྱབ་སྐྱོར་འདི་ཙམ་རག་ཐབས་བྱས་པ་རེད་དམ་ངེས་པར་དུ་གསལ་བཤད་དགོས།

    ༥༽ ༢༠༡༦ ཟླ་ ༡ ནང་ནོར་ཝེ་རླུང་འཕྲིན་གྱི་བཅར་འདྲིའི་ལེ་ཚན། ངའི་སྲིད་སྐྱོང་ཞེས་པའི་ནང་། གསར་འགོད་པས། གཞོན་ནུའི་དམིགས་ཡུལ་ལ་འགྱུར་བ་གཏོང་དགོས་ཀྱི་འདུག་གསུང་གི་ཡོད་དམ་ཞེས་པའི་ལན་དུ། “གཞོན་ནུའི་སྒྲིག་འཛུགས་ཟེར་དུས་གཅིག་གཅིག་པོ་ཡིན་དགོས་པའི་ཁྱབ་པ་མཐོང་གི་མི་འདུག་” ཅེས་ལན་འདེབས་བྱས་འདུག གཞོན་ནུའི་སྒྲིག་འཛུགས་གཉིས་བྱེད་དགོས་པའི་འདུན་པ་གསལ་པོ་བསྟན་སོང་བ་དང་། གཞོན་ནུའི་སྒྲིག་འཛུགས་གཉིས་ཆགས་ན་སྤྱི་ཚོགས་སུ་དགེ་སྐྱོན་གང་ཡོད་མེད་ཐུགས་བསམ་ཞིབ་ཕྲ་བཞེས་ཡོད་དམ། “གཞོན་ནུའི་སྒྲིག་འཛུགས་ཟེར་དུས་གཅིག་གཅིག་པོ་ཡིན་དགོས་པའི་ཁྱབ་པ་མཐོང་གི་མི་འདུག་” ཟེར་བ་ལྟར། དེའི་སྐོར་གསལ་བཤད་ངེས་པར་དུ་བྱེད་དགོས། དེ་མིན་གསུང་ཚིག་དེ་ཕྱིར་འཐེན་བྱས་ནས་གཞོན་ནུ་ལྷན་ཚོགས་ལ་དགོངས་དག་ཞུ་དགོས།

    ༦༽ གཞོན་ནུ་ལྷན་ཚོགས་ཀྱི་དབུས་ཟུར་རྒན་གྲས། བཀྲས་མཐོང་བསྟན་འཛིན་དགེ་བྱེད། ཁྲི་ཟུར་དམ་པ་བསོད་ནམས་སྟོབས་རྒྱལ། ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན། ཁྲི་ཟུར་ཟམ་གདོང་རིན་པོ་ཆེ། བཀའ་ཟུར་བཀྲིས་དབང་འདུས། བཀའ་བློན་བསྟན་པ་ཚེ་རིང་། བཀའ་བློན་པད་མ་ཆོས་འབྱོར། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ། བཀའ་ཟུར་བློ་བཟང་སྙན་གྲགས། སྤྱི་འཐུས་ཀརྨ་ཡེ་ཤོས་སོགས་གཙོས་པའི་ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ཡོད་པའི་གཞོན་ནུའི་རྒྱུན་ལས་ཟུར་པ། དྲུང་ཆེ་ཆུང་གིས་གཙོས་པའི་མི་སྣ་དེ་དག་ལ། གཞོན་ནུའི་སྒྲིག་འཛུགས་གཉིས་བྱེད་འདོད་མཁན་ཡོད་དམ། ཁྱེད་ཀྱིས་ལན་འདེབས་དེས་ཁོང་རྣམས་ལ་ཕོག་ཐུག་འགྲོ་གཞི་ཆགས་སོང་བསམ་གྱི་ཡོད་དམ་གསལ་བཤད་དགོས།

  5. ཅང་ཤེས་རྟ་མཆོག says:
    2016-01-19 at 10:44 pm

    བློ་སེང་དེ་ཕལ་ཆེར་ཞི་མི་ཆགས་ཚར་ཡོད་ས་རེད། སྤེན་ཚེ་མཉམ་ཐང་དཀྱིལ་ལ་ཐོན་པའི་གདེང་ཚོད་དང་། ཡོན་ཏན། བློ་སྤོབས་མེད་པ་རེད།

  6. ཚེ་རིང་ནས། says:
    2016-01-19 at 11:24 pm

    སྐུ་ངོ་སྤེན་པ་ཚེ་རིང་ལགས་ཀྱིས་ཀླུ་མཁར་བྱམས་དང་མཉམ་དུ་བགྲོ་གླེང་གཏན་ནས་གནང་གི་མ་རེད། གང་ཡིན་ཞེ་ན་མཁས་དབང་རྔ་བ་ཆོས་གྲགས་རྣམ་གཉིས་དམར་འཛིང་གིས་མི་བསོད་ཁྲག་སྦྱོར་དོན་རྐྱེན་དེ་ལ་ཁོང་འབྲེལ་བ་ཡོད། ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བདག་བྱེད་པར་ཁོང་འབྲེལ་བ་ཡོད། གཞོན་ནུ་དང་དབུ་ལམ་བར་དུ་དཀྲུག་བཤིག་བཟོ། ཕྱི་རྒྱལ་དུ་བོད་མི་མང་པོ་ཞིག་གི་ཡིག་ཆ་ནག་པོ་བཟོ་བ་སོགས་ཀྱི་གཏམ་གླེང་ན་ངོ་ཚ་ཡོང་གཞི་ལས་མེད།

  7. བློ་གྲོས་རབ་བརྟན་ says:
    2016-01-20 at 2:29 am

    བློ་སེང་གིས་ལོ་ལྔའི་རིང་མ་འཇོན་པ་དང་འཐུས་ཤོར་ཚང་མ་གཅིག་གཅིག་གཉིས་གཉིས་ཀྱི་སྤེན་ཚེས་ཤེས་ཀྱི་ཡོད་སྟབས། བློ་སེང་གདོང་དང་གདོང་ཐུག་པའི་སྙིང་སྟབས་ཡོད་རྒྱུ་མ་རེད། གལ་ཏེ་བློ་སེང་ཡོང་ཐུབ་སོང་ནའང་སྤེན་ཚེས་བློ་སེང་གི་འཐུས་ཤོར་ཁག་རེ་རེ་ནས་དངོས་ཡོད་ཀྱི་ལམ་ནས་ར་སྤྲོད་བྱས་ཡོང་ན། བློ་སེང་ཕམ་རྒྱུ་ལས་གཞན་ཅི་ཡང་མེད། དེར་བརྟེན་བློ་སེང་ཡོང་གི་མ་འདོད།

  8. ལུང་རྟོགས། says:
    2016-01-20 at 2:47 am

    ད་ཡང་མོ་བཏབ་མཁན་རྐྱང་རྐྱང་སླེབས་འདུག ཁ་བརྡའི་ནང་གི་མོ་པ་ཚོས་མོ་རྐྱང་རྐྱང་བཏབ་སྡད་པ་ལས་དངོས་ཡོད་གནས་ཚུལ་ལ་སྒུག་ན་ཡག་གི་རེད། སུ་མདུན་ལ་ཐོན་ཕོད་མིན་ག་ལེར་ལྟ་ཆོག་གི་རེད།

  9. ཐོས་པ་དགའ་ says:
    2016-01-21 at 10:54 am

    ད་ལོ་སྲིད་སྐྱོང་གི་འགྲན་རྩོད་ལ་རྣོ་ངར་ཆེ་བའི་སྒང་ཡིན་པས། ཚང་མས་ཤུགས་བརྒྱབས་ཏེ་ནུབ་ཕྱོགས་གཙོ་བྱས་པའི་མང་གཙོའི་ལུང་པ་ཚོས་འགྲན་རྩོད་བྱེད་པ་ལྟར། འདི་ལོ་ནས་བོད་མིའི་སྲིད་སྐྱོང་འོས་མི་ཚོས་ཀྱང་ཞེ་འཁོན་དང་མི་དགའ་བའམ། སྒེར་དོན་དུ་མི་སེམས་པའི་ཐོག་ནས་འདས་པའི་ལས་ཀ་དང་མ་འོངས་པའི་འཆར་གཞི་གཙོ་བོར་བཟུང་བའི་འགྲན་བསྡུར་ཤད་སྦྱངས་ཀྱི་མགོ་བཙུགས་ན་ལེགས། ལམ་སྲོལ་འདི་ལྟ་བུ་ཞིག་གསར་གཏོད་བྱེད་ཐུབ་ན། ད་གཟོད་མང་ཁྲོད་ཀྱི་རྙོག་དྲ་འདི་རང་བཞིན་གྱིས་ཡལ་འགྲོ། དེས་ན། འདི་ལོ་སྲིད་སྐྱོང་བློ་སེང་དང་ཚོགས་གཙོ་སྤེན་ཚེ་གཉིས་སྡིངས་ཆ་གཅིག་ལ་གདན་འདྲེན་ཞུས་ཏེ། སྔར་གྱི་ཁས་ལེན་ལས་གང་ཞིག་མ་འགྲུབ་པ་དང་། འཐུས་ཤོར་གྱི་རྣམ་གྲངས་དང་དེ་ལ་ཐེར་འདོན། སྲིད་དོན་ཐབས་ཇུས་ཀྱི་ལེགས་ཉེས་དང་ལག་ལེན་མེད་པའི་སྟོང་བཤད་ལ་སྐྱོན་བརྗོད། མ་འོངས་པའི་འཆར་གཞི་དང་སྲིད་དོན་ཁ་ཕྱོགས་སུ་བཟང་གི་འགྲན་བསྡུར་ཞིག་ངེས་པར་དུ་གནང་དུ་འཇུག་དགོས། འདི་བྱུང་ན་ཤིན་ཏུ་ལེགས་ལ། བོད་ཀྱི་མང་གཙོ་འདི་དོན་དམ་པའི་མང་གཙོ་ངོ་མ་ཞིག་ཏུ་འགྱུར་བའི་རེ་བ་ཆེ། དེ་མིན་མང་ཚོགས་ནང་ཁྱོད་དབུས་པ་དང་དེ་ཨ་མདོ། ཁོང་ཁམས་པ་ཟེར་བ་ལྟ་བུ་རྨོངས་བཤད་མགོ་འཁོར་ལོང་གཏམ་ཁོ་ན་བྱས་པས་མི་ཕན།
    སྔོན་མའི་འོས་མི་འགའ་སྡིངས་ཆ་གཅིག་ཏུ་བཞུགས་ཏེ། ཕན་ཚུན་ལ་ཐེར་འདོན་སོགས་མེད་པར་དྲི་བ་འགའ་ལ་ལན་འདེབས་བྱས་པ་དེ་ལྟ་བུས་ཅི་ཡང་མི་ཕན། ད་ལོར་ཡང་དེ་ལྟ་བུ་ཞིག་བྱས་ན་གང་ལ་ཡང་མི་ཕན། ཨ་རིའི་འགྲན་རྩོད་པ་ཚོར་གཟིགས་དང་། ལམ་ཁ་རྨད་དུ་བྱུང་བ་ཞིག་འདུག་་་་་་
    བོད་ཀྱི་རླུང་འཕྲིན་པ་ཚོས་དྲི་བ་འདོན་སྟངས་ལ་བལྟས་ན། ཁོང་ཚོར་རྣམ་དཔྱོད་དང་ཕྱི་ཕྱོགས་ཀྱི་འགྲོ་སྟངས་ལ་རྒྱུས་མངའ་གཉིས་ཀ་མེད་པ་འདྲ། ཕྱི་མི་ཚོས་བཏོན་པའི་དྲི་བ་ནི་ཐུང་ལ་གནད་འགག་ཆེ་བ། མི་དགོས་པའི་གསལ་བཤད་དམ་འཕྲོས་བཤད་མེད་པ་བཅས་ཡིན། འོན་ཀྱང་། ལན་འདེབས་པས་གཡོལ་ཐབས་བྱས་པའམ་གསལ་བཤད་མ་བྱས་སར་གནད་ཐོན་པའི་གསལ་བཤད་བྱེད་པ་སོགས་ཁྱད་ཆོས་མང་། ཕྱི་མིའི་ཁྱད་ཆོས་གཞན་ཞིག་ནི། དྲི་བ་འདོན་རྒྱུར་དོགས་སྣང་དང་མ་བདེ་བ་གང་ཡང་མི་བྱེད་པ་དེ་རེད། རྒྱུ་མཚན་ནི། ཁོང་ཚོ་དྲི་བ་འདོན་མཁན་ཙམ་ལས། དྲི་བ་རྣམས་མང་ཚོགས་ཀྱི་དྲི་བ་ཡིན་པའི་འདུ་ཤེས་གསལ་བ་དེ་རེད་ལ། ལན་འདེབས་མཁན་གྱི་སེམས་སུའང་གནད་དོན་དེ་གསལ་པོ་ཡིན་པས། དྲི་བ་དྲིས་ལན་བྱེད་མཁན་ཚང་མས་འགྲན་རྩོད་སྐབས་ཀྱི་གནད་གང་ཡང་སྒེར་དོན་དུ་མི་འཁྱེར།
    ད་ནི་ཤུགས་རྒྱག་པའི་དུས་ལ་བབས་ཡོད་དོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme