Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱིར་བོད་དུ་ཇ་བྱུང་ཚུལ།

Posted on 2016-01-162016-01-16 By ཡེ་ཤེས་ 15 Comments on སྤྱིར་བོད་དུ་ཇ་བྱུང་ཚུལ།

jaaaཁཱ་ཤེས་རབ་རྒྱ་མཚོ།
(འདྲེན་བཀོད་པ་ཀླུ་སྨྱོན།)

 
སྤྱིར་བོད་དུ་ཇ་བྱུང་ཚུལ་ལ། སྟག་ཚང་དཔལ་འབྱོར་བཟང་བོའི༼རྒྱ་བོད་ཡིག་ཚང༽ ་ཆེན་མོ་ལས། བོད་ལ་ཇ་ནི་འདུས་སྲོང་མང་རྗེའི་སྐབས་སུ་བྱུང་བར་བཤད་པས། ད་ལྟ་མང་ཤོས་ཀྱིས་དེ་བདེན་པར་འཛིན་ཏེ་ལུང་འདྲེན་གནང་གིན་འདུག འོན་ཏེ། ངེད་ཀྱི་སེམས་ལ་དེའི་སྔོན་ཞིག་ནས་བོད་ལ་ཇ་དར་ཡོད་འདུག་འདོད་དེ། རྒྱུ་མཚན་ནི། འདས་པའི་ལོ་རྒྱུས་ལས་ཤེས་པ་ཡིན་ན་བོད་ལ་ཇ་དར་བའི་ཡུལ་གཉིས་ཏེ། གཅིག་ནི་གཡག་རྔ་བྱ་བའི་ཡུལ་དང་། ཅིག་ཤོས་ནི་ཟུང་ཆུ་ས་ཁུལ་ཡིན་ཞེས་འཁོད་ཡོད། དེས་ན་ས་ཆ་དེ་གཉིས་གང་ཡིན་ཡང་བཙན་པོ་འདུས་སྲོང་མང་པོ་རྗེའི་སྐབས་སུ་མགར་ཁྲི་འབྲིང་གིས་གོང་གི་ས་གནས་དེ་དག་ལ་ཡོངས་སུ་དབང་བསྒྱུར་བྱས་ཟིན་པའི་གནས་ཚུལ་༼ཏུན་ཧོང་གཏེར་ཡིག༽་སོགས་སུ་ཤིན་ཏུ་གསལ་བས། ༼ རྒྱ་བོད་ཡིག་ཚང་ ༽་དུ་བཤད་པའི་དེ་འདྲའི་རྒྱུས་མེད་པའི་གནས་ཚུལ་ཞིག་རྩ་བ་ཉིད་ནས་མ་རེད་ལ། སྐབས་དེར་ཟུང་ཆུ་དང་གཡག་རྔ་ས་ཁུལ་དུ་འདུས་སྡོད་བྱེད་པའི་མི་རིགས་ནི་བོད་མི་ཡིན་ཕྱིན། ཇའི་གནས་ཚུལ་ཤེས་མཁན་ཐོག་མ་ནི་ས་གནས་དེར་སྡོད་པའི་མི་སྡེའམ་ཚོ་ཁག་དག་གིས་ཡིན་པ་བཤད་མ་དགོས་པ་ཞིག་རེད། དེའི་ཕྱིར། ངེད་ཀྱིས་ཡང་བསྐྱར་འདིའི་སྐོར་ལ་ཅ་ལག་དང་ཡིག་ཚང་གཉིས་ཐོག་ནས་རྟོག་ཞིབ་བྱེད་པའི་ལས་ལ་གཉེར་བ་ཡིན།

བོད་རྒྱའི་ཚིག་མཛོད་དང་སྨན་ཡིག་ཁ་ཅིག་གི་ནང་བོད་ཀྱི་ཇ་བྱ་བའི་ཡི་གེ་ནི། རྒྱ་ཡིག་གི་ཁྲ་茶་ཞེས་པའི་སྒྲ་གདངས་ཟུར་ཆག་པ་ཡིན་ཚུལ་བཤད་ཡོད། (འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ལས་ཀྱང་དེ་ལྟར་བཤད་ཡོད) འོན་ཏེ། བདག་གིས་བཤད་ཚུལ་དེ་དག་ནི་མ་དག་པར་འདོད་དེ། དེ་ཅི་ཡིན་ཞེ་ན། ཧྲང་ཧེ་དཔེ་སྐྲུན་ཁང་གིས་བསྐྲུན་པའི་༼ རྒྱ་ཡིག་གི་ཚིག་མཛོད་ཆེན་མོ ༽་རུ། རྒྱ་ཡིག་གི་ཁྲ་(茶)བྱ་བའ་མིང་བརྡ་འདི་ནི། ཐང་རྒྱལ་རབས་ཀྱི་རྒྱལ་མོ་ཝོ་ཙུ་ཐིན་གྱི་རིང་ལ་བྱུང་བར་བཤད་ཅིང་། དེའི་ཡར་སྔོན་དུ་ཁྲ་茶བྱ་བའི་ཡི་གེའི་ཚབ་ཏུ་རྒྱ་ཡིག་གི་槚འདི་བེད་སྤྱོད་གཏོང་གི་ཡོད་ཅེས་འཁོད་ཡོད། རྒྱ་ནང་གི་མཁས་པ་ཚོས་རྒྱ་ཡིག་གི་槚བྱ་བའི་ཡི་གེ་དང་སྒྲ་གདངས་རྣམས་ཟི་ཁྲོན་གཡག་རྔ་ས་ཁུལ་གྱི་མི་རྣམས་ཀྱི་སྐད་རེད་ཅེས་ཟེར། དེས་ན་ཟི་ཁྲོན་གཡག་རྔ་ས་ཁུལ་དུ་བཤད་པའི་ཇ་ནི་བོད་སྐད་ཀྱི་ཇའི་སྒྲ་གདངས་དང་ཐག་ཉེ་བའི་རྒྱུ་མཚན་ནི་ས་གནས་དེ་དག་གི་མི་སྡེ་རྣམས་ནི་བོད་རིགས་ཡིན་པའི་རྒྱུ་མཚན་གྱིས་ཡིན་ནོ། །རྒྱལ་རོང་གི་ལོ་རྒྱུས་རྣམས་སུ་གཡག་རྔ་ནི། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་གྲས་ཡིན་པར་བཤད་པ་དང་། གནས་བརྟན་ཚེ་རིང་དང་དཀོན་མཆོག་རྡོ་རྗེ་གཉིས་ཀྱིས་རྩོམ་སྒྲིག་བྱས་པའི་༼རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ངོ་སྤྲོད་མདོར་བསྡུས༽་བྱ་བ་ལས། འགག་སྨད་རྒྱལ་བོ་ནི། (天全六番土司)མགོ་སྨད་དང་། འགག་སྨད། འགུ་སྨད་ཀྱང་ཟེར། ལྕགས་ཟམ་རྫོང་གི་རྒྱ་ཡིག་གི་ལོ་རྒྱུས་དཔྱད་ཡིག་ནང་བཀོད་པ་ལྟར་ན། ཀྲུའུ་དང་ཆིང་རྒྱལ་རབས་ཀྱི་དུས་སུ་ད་ལྟའི་ལྕགས་ཟམ་གྱི་ཧྲེན་ཚུན་ས་ཆ་དེ་ཆེས་དར་རྒྱས་བྱུང་ནས་མངའ་འོག་ཏུ་ད་ལྟའི་གཡག་རྔའི་ཧན་ཡོན་དང་། རོང་ཅིན། ཐན་ཆོན་གྱི་སི་དབྱང་། ལུའུ་ཧྲན། པའོ་ཞིན། ཡོན་ཡོན། ཧྲི་མན་དང་། ལིའང་ཧྲན་ཁུལ་གྱི་ཡོན་པད། མུ་ལི། དཀར་མཛེས་ཁུལ་བརྒྱད་ཟིལ་དང་། ཉག་སྨད། དར་མདོ། རྟའུ་སོགས་རྫོང་བཅུ་བཞི་ཙམ་ཧྲེན་གྱི་མངའ་འོག་ཡིན་ནོ། །ཡོན་རྒྱལ་རབས་ཀྱི་དུས་སུ་ད་ལྟའི་ལྕགས་ཟམ་རྫོང་གི་ནིང་ཀྲུའུ་དང་། ཏུའོ་ཆིན། ལིང་ཅི། ཧྲེན་ཚུན། ཚ་ཏའོ། ངག་ཀྲུའུ་སོགས་ཀྱི་ས་གནས་མང་པོ་ཞིག་ཐན་ཆོན་གྱི་འགག་སྨད་རྒྱལ་པོའི་མངའ་འོག་ཏུ་གྱུར་ཅིང་། ལྕགས་ཟམ་གྱི་རྒྱལ་མོ་རྔུལ་ཆུའི་ཤར་རྒྱུད་ནས་ཐན་ཆོན་(天全)བར་འགག་སྨད་རྒྱལ་པོའི་མངའ་འོག་ཏུ་གྱུར། འགུ་ཐང་དང་། རྒྱལ་མོ་རྔུལ་ཆུའི་ནུབ་རྒྱུད་། (长河西)ནིང་ཡོན་(天全饶吉乡)སོགས་ནི་འགག་ལརྒྱལ་པོའི་མངའ་འོག་ཏུ་གྱུར། རྒྱལ་པོ་འདིའི་རྒྱལ་ས་ནི་ད་ལྟ་ཐན་ཆོན་གྱི་རབ་རྒྱས་ཤང་དུ་ཆགས་ཡོད། ཅེས་གསལ་ཞིང་། ཡང་མུ་ཕྱི་རྒྱལ་པོ། མུ་ཕྱིའི། མུ་ཕྱིས། མི་ཕམ་སོགས་བྲིས་འདུག རྒྱལ་བོ་དེ་ནི་སྤྱི་ལོ་སྔོན་གྱི་ལོ་ཉིས་བརྒྱ་ཉི་ཤུའི་སྐབས་ནས་གཡག་རྔ་ས་ཆར་གནས་བཅས་ཡོད་ཅིང་། ཆེས་དར་སྐབས་ད་ལྟའི་གཡག་རྔ་སོགས་ཀྱི་རྫོང་ཁག་དྲུག་ཙམ་གྱི་ས་ཆ་མངའ་འོག་ཏུ་ཚུད་ཡོད། ཅེས་འཁོད་ཡོད་པ་སོགས་ལ་གཞིགས་ན། གཡག་རྔ་ས་ཁུལ་ནི་དེ་སྔོན་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན་པ་ཤེས་ཐུབ་བོ། །
གཞན་ཟི་ཁྲོན་དམངས་ཁྲོད་ཀྱི་བཤད་རྒྱུན་ལ། སྔོན་ལིག་པེ་དང་ཀྲོའུ་ཀི་ལིངས་སོགས་ཁྲིན་ཏོའུ་(འགའ་ཞིག་གིས་ཁྲི་འདུ་ཞེས་བོད་སྐད་ཡིན་པར་བཤད)ལ་མ་ཡོང་གོང་དུ་ཡུལ་འདིར་བོད་རིགས་སྡོད་ཡོད་ཅིང་། ཀྲོའུ་ཀི་ལིངས་ཀྱིས་ཡུལ་འདིའི་རྒྱལ་པོ་ལ་ས་བསླངས་པས། རྒྱལ་པོས་ཅི་འདྲ་ཞིག་དགོས་སམ་དྲིས་པ་ན། ཀྲོའུ་ཀི་ལིངས་ཀྱིས་མདའ་མཁན་གྲགས་ཅན་ཞིག་གིས་མདའ་འཕངས་ཚད་ཀྱི་ས་བྱིན་ན་ཆོག་ཅེས་པ་ལ། རྒྱལ་པོའི་སེམས་ལ་དེ་འདྲ་ཞིག་སྟེར་ལོས་ཆོག་ཅེས་ཏེ་ཁས་བླངས་སོ། །ཀྲོའུ་ཀི་ལིངས་ཀྱིས་མདའ་རྟགས་ཅན་ཆ་གཉིས་བཟོས་ཏེ། གཅིག་སྔ་མོ་ནས་ཨར་ལིང་རི་བོའི་ཚུར་ངོས་ཀྱི་སྡོང་རྒན་ཞིག་ལ་བཏབ་སྟེ་བཞག མདའ་གཅིག་ཆར་བ་བབས་ནས་སྨུག་ལོང་མཐུག་པོ་ཆགས་པའི་ཉིན་ཞིག་ལ་རྒྱལ་པོས་བོས་ནས་སྨུག་གསེང་དུ་མདའ་འཕངས་པའི་ཕྱོགས་སུ་མདའ་འཚོལ་བར་ཕྱིན་པ་ན། ཨར་ལིངས་རི་བོའི་ཚུར་ངོས་སུ་རྙེད་པས། རྒྱལ་པོ་སྨྲ་བ་ལན་གཅིག་ཅེས་པ་ལྟར་རྒྱལ་འབངས་དང་བཅས་ཨར་ལིང་རི་བོའི་ཕ་རོལ་དུ་གནས་སྤོར་དགོས་བྱུང་ཞེས་བཤད། ཐད་ཀར་བལྟས་ན་བཤད་རྒྱུན་དེ་ནི་ལྷ་སྒྲུང་ལྟ་བུ་བྱིས་གཏམ་ཞིག་ཏུ་འཁུམས་ཀྱང་། འོན་ཏེ། གཏམ་རྒྱུད་དེའི་ཤུགས་ན་གནའ་སྔ་མོའི་དུས་སུ་ཁྲིན་ཏོའུ་ས་ཁུལ་དུ་བོད་ཀྱི་མི་ཡོད་པའི་རྒྱུ་མཚན་བསྟན་ཡོད་ལ། ད་དུང་ལ་ལས་ཁྲིན་ཏོའུ་ལ་ཆུ་མདོ་དང་། མཆོང་ལེན། གཡག་རྔ། ཁྱུང་ཆེན་སོགས་བོད་སྐད་རྙིང་བ་ཡིན་པར་བཤད་པ་སོགས་ནི་བདེན་མིན་བཤད་དཀའ་ཡང་། བོད་དང་འབྲེལ་བའི་གཏམ་རྒྱུད་དུ་མ་ཞིག་སྤོས་ངད་གྲོང་ཁྱེར་དུ་ཡོད་པ་དེའི་རིགས་ལ་རྟོག་ཞིབ་བྱེད་དགོས་པ་ཞིག་རེད། གང་ལྟར་གོང་འཁོད་ཀྱི་ལོ་རྒྱུས་བྱུང་རིམ་ཁག་ལ་བརྟགས་ན་དེང་གི་གཡག་རྔ་ས་ཁུལ་ནི། ཐང་རྒྱལ་རབས་ཀྱི་ཡར་སྔོན་དུ་གཡག་རྔ་ས་ཁུལ་གྱི་བོད་མི་ཚོས་བདག་འཛིན་བྱེད་ཡོད་འདུག་ཀྱང་། ཐང་རྒྱལ་རབས་ཀྱི་མཇུག་ཙམ་ལ་ཐང་གིས་ཐེ་གཏོགས་བྱས་ནས་བོད་ལ་ཇ་འདྲེན་བོར་བའི་ལམ་ལུགས་ལ་ཇུས་གཏོགས་གསར་བ་བྱུང་བར་གསལ་འདུག དེ་ནས་བཟུང་སྟེ་ཇ་རྟའི་ལམ་ཞེས་རྒྱའི་ཡིག་ཚང་ནང་ཁག་ཏུ་དམིགས་བསལ་གྱིས་གོ་དོན་གཞན་ཞིག་བྱུང་ཡོད་པའི་རྒྱུ་མཚན་དེ་རེད།

དཔྱད་རྩོམ།

Post navigation

Previous Post: ཐང་ཧྲུའུ་རྩོམ་པ་པོའི་ཟིན་བྲིས་ཤིག་དྲ་ཐོག་ནས་རྙེད་པ།
Next Post: ཉིན་ཕྱེད་གནས་སྐོར་གྱི་ཟིན་ཐོ།

Comments (15) on “སྤྱིར་བོད་དུ་ཇ་བྱུང་ཚུལ།”

  1. གཅན བཟོད་རྒྱམ། says:
    2016-01-16 at 2:54 am

    ཤེར་རྒྱམ་གྱིས་དགོངས་ཚུལ་ཡག་པོ་བྲིས་འདུག བཀའ་དྲིན་ཆེ་ཞུ།

    ངས་༢༠༠༥ ཡས་མས་ཞིག་ལ་གངས་སྐྱིད་དཔེ་མཛོད་ནས་ཇའི་སྐོར་གྱི་དེབ་ཆུང་ཞིག་བཀླགས་མྱོང་། དེ་ནི་བོད་དུ་ཇ་བྱུང་བའི་སྐོར་གྱི་དེབ་ཆུང་ཞིག་རེད། དེའི་ནང་དུ་བོད་དུ་ཇའི་བྱུང་རིམ་དེ་རྒྱ་ནག་གི་ཧྭན་རྒྱལ་རབས་གྱི་གོང་ནས་ཡོད་ཚུལ་བྲིས་འདུག ད་དུང་རྒྱ་ཡིག་茶 ཟེར་བ་འདི་སྐབས་དེ་ནས་ཡིག་གཟུགས་རང་འཇགས་ཡོད་ཀྱང་སྐབས་བསྟུན་སྒྲ་འདོན་སྟངས་ལ་འགྱུར་བ་ཅུང་ཙམ་བྱུང་ཡོད་པ་དང་། རྒྱས་茶 ཡིག་གི་སྒྲ་གདངས་ལས་བོད་དང་རྒྱ་གར། སོག་པོ་དང་ནུབ་གླིང་སོགས་འཛམ་གླིང་གི་ཡུལ་གྲུ་ཚང་མར་རྒྱའི་茶 ཡིག་གི་སྒྲ་གདངས་དང་འདྲ་སེ་ཀྱི་ཇའི་སྒྲ་གདངས་འདོན་བཞིན་པ་དང་།
    བོད་ཀྱི་ཇའི་བྱུང་རབས་ནི་བཙན་པོ་འདུས་སྲུང་གི་སྐབས་ནི་མིན་པར་ཡག་པོ་སྒྲུབ་འདུག་ལ། བཙན་པོ་འདུས་སྲུང་གི་སྐབས་སུ་བོད་ལ་ཇ་བྱུང་ཚུལ་གྱི་སྒྲུང་དེ་ནི་རྒྱ་ནག་རང་ལ་ཇ་ཐོག་རྙེད་ཚུལ་གྱི་སྒྲུང་དང་གཅིག་མཚུངས་ཡིན་པ་དང་། རྒྱ་ནག་གི་ཇའི་བྱུང་ཚུལ་གྱི་སྒྲུང་དེ་ཡང་དེབ་ཆུང་དེར་ཞིབ་ཏུ་བཀོད་འདུག་པ་དྲན་གི
    འོན་ཀྱང་དེབ་ཆུང་དེ་བཀླགས་པའི་ཟིན་བྲིས་དེ་ིང་ལག་ཐོག་ན་མེད་པའི་ཞིབ་ཚགས་རྗེས་སུ་བགྲོ་གླེང་ཡོང་བ་ཞུ།

  2. ཀརྡོ་གཉེར་ཕྱག་པ་ says:
    2016-01-16 at 3:05 am

    རྒྱ་ནག་གི་ཇ་དང་། རྒྱ་ནག་གི་གོས་ཆེན་གཉིས་ལ་ང་མི་དགའ།

  3. གཅན བཟོད་རྒྱམ། says:
    2016-01-16 at 3:10 am

    ཁྱོད་མི་དགའ་ན་སྡུག་གྱོང་བྱོས། ཧ་ཧ་ཧ

  4. ཁྱུང་སེ། says:
    2016-01-16 at 3:14 am

    མངའ་རིས་གུར་གྱམ་དགོན་ཤུལ་དུ་ལོ་1800ཡར་གྱི་ཇ་ལོའི་ཤུལ་དངོས་རྙེད་པ
    མངའ་རིས་གུར་གྱམ་དགོན་ཤུལ་དུ་ལོ་1800ཡར་གྱི་ཇ་ལོའི་ཤུལ་དངོས་རྙེད་པ
    2016-01-15 人民网藏文版

    ཚན་རིག་གི་བདེན་དཔང་གསར་ཤོས་ལས་མངོན་པ་ལྟར་ན། ལོ་1800ཙམ་གྱི་སྔ་རོལ་དུ། འཛམ་གླིང་ན་སྙན་གྲགས་འབར་བའི་དར་གོས་འགྲུལ་ལམ་དེ་ཕལ་ཆེར་གངས་ལྗོངས་ས་མཐོར་སྲིང་ཡོད་པ་དང་། དེས་རྒྱ་མཚོ་ངོས་ལས་མཐོ་ཚད་ལ་སྨི་4500ཙམ་ཡོད་པའི་བོད་ལྗོངས་མངའ་རིས་ས་ཁུལ་དུ་ཇ་ལོ་སོགས་ཀྱི་དངོས་ཟོག་སྐྱེལ་ཡོད་པ་རེད།
    ཉེ་སྔོན་ཀྲུང་གོའི་ཚན་རིག་ཁང་ས་གཤིས་དང་སའི་གོ་ལའི་དངོས་ལུགས་ཞིབ་འཇུག་ཁང་གིས་སྤེལ་བའི་གནས་འཕྲིན་ལྟར་ན། ཚན་རིག་པས་བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྒར་རྫོང་གུར་གྱམ་དགོན་གྱི་གནས་ཤུལ་ནས་ལོ་ངོ་1800སྔོན་གྱི་གནའ་བོའི་ཞང་ཞུང་དུས་ཀྱི་ཇ་ལོའི་སྙིགས་རོ་དང་འདྲ་བ་ཞིག་རྙེད་པ་དང་། དེ་ལ་རྒྱུད་ཁུངས་གསལ་འབྱེད་བྱས་པ་བརྒྱུད། མིག་སྔར་སྙིགས་རོ་དེ་ཚོ་ཇ་ལོའི་སྙིགས་རོ་ཡིན་པ་དངོས་སུ་གཏན་འཁེལ་བྱས་པ་རེད།
    ཆེད་མཁས་པས་ཇ་ལོའི་སྙིགས་རོ་གསར་རྙེད་བྱུང་བ་འདིས་མི་ཚང་མས་ད་བར་དུ་ཐང་རྒྱལ་རབས་ཀྱི་སྔོན་ལ་མདོ་དབུས་མཐོ་སྒང་དུ་ཇ་ལོ་དར་ཁྱབ་བྱུང་མེད་པའི་ཆོད་གཏམ་དེ་གཏོར་བ་དང་། འདིས་ཇ་ལོ་བོད་དུ་ཡོད་པའི་ལོ་རྒྱུས་དེ་ལོ་ངོ་500ཡི་སྔ་རོལ་དུ་སྣུར་ཡོད་པ་རེད་ཅེས་བསྟན། ཉེ་དུས། ཇ་ལོའི་སྙིགས་རོ་གསར་རྙེད་ཀྱི་ཞིབ་འཇུག་གྲུབ་འབྲས་འདི་དབྱིན་ཇིའི་དབང་གྲགས་ལྡན་པའི་དུས་དེབ་《ཚན་རིག་སྙན་སྒྲོན་》ཞེས་པར་དངོས་སུ་བཀོད་ནས་དྲ་རྒྱར་བཏང་བ་རེད།

    关注微信账号:tibet_people
    邮箱:tibet@people.cn
    电话:010-65363169
    网址:http://tibet.people.com.cn/
    Pageview 14099 Report

  5. གཅན བཟོད་རྒྱམ། says:
    2016-01-16 at 4:53 am

    ཁྱུང་སེ་ལགས། གསར་གནས་འདི་ཁ་སྔོན་ནས་བཀླགས་ཟིན། རྩོམ་ཡིག་དང་གསར་གནས་གལ་ཆེན་ཡོད་ན་དྲ་རྒྱ་འདིར་འོས་སྦྱོར་གནང་ན་འགྲིག་གི་རེད། མཆན་བུའི་ཚུལ་དུ་བཀོད་ན་དོ་སྣང་ཆུང་བ་ལས་སྟེར་གི་མ་རེད་ཡ།

  6. ཀརྡོ་གཉེར་ཕྱག་པ་ says:
    2016-01-16 at 9:38 am

    #2 ཀརྡོ་གཉེར་ཕྱག་པ་ ་ལགས་ཀྱིས་སྤེལ་དོན།:
    January 16th, 2016 at 3:05 am
    རྒྱ་ནག་གི་ཇ་དང་། རྒྱ་ནག་གི་གོས་ཆེན་གཉིས་ལ་ང་མི་དགའ།

    #3 གཅན བཟོད་རྒྱམ། ་ལགས་ཀྱིས་སྤེལ་དོན།:
    January 16th, 2016 at 3:10 am
    ཁྱོད་མི་དགའ་ན་སྡུག་གྱོང་བྱོས། ཧ་ཧ་ཧ

  7. གཅན བཟོད་རྒྱམ། says:
    2016-01-16 at 9:50 am

    ཁ་རྡོ་ལགས། དགོངས་ཚུལ་གསུང་རྒྱུ་མེད་ན་འདྲ་བཤུས་བྱས་ཏེ་འདིར་མ་འགོད་རོགས། མཆཉ་གྲངས་སྤེལ་བ་ལས་རྒྱུ་མཚན་ཅང་མི་འདུག་ག ཧེ་ཧེ་ཧེ

  8. ཀརྡོ་གཉེར་ཕྱག་པ་ says:
    2016-01-16 at 10:10 am

    #7 གཅན བཟན་ལགས།
    གཞན་ལ་ཚིག་ངན་མ་ལབ་མི་དགའ་འམ། ལགས།

  9. གཅན བཟོད་རྒྱམ། says:
    2016-01-16 at 12:49 pm

    དངོས་གནས་ངས་ཁྱོད་ལ་ཀུ་རེ་བྱས་པ་ཡིན།
    སྐད་ཆའི་བབ་ལས་མི་ཤེས་སམ། ཀླད་མེད་ཁྱོད།

  10. ཀརྡོ་གཉེར་ཕྱག་པ་ says:
    2016-01-16 at 1:20 pm

    བོད་ཀྱི་མི་དཔོན་དང་། བླ་དཔོན་གྱིས། བོད་རེ་བས་ཕོངས་སྟངས་དེ་བཞག་ནས། མི་དམངས་ངོས་ནས། ཆོས་རྒྱལ་སྲོང་བཙན་ནས། ང་དགུའི་བར་བོད་མི་མངས་རེ་བས་ཕོངས་སྟངས་ནི། རྒྱའི་ཞ་དང་། གོས་ཆེན་གཉིས་རེད། དེས་ན་ང་རྒྱ་ཡི་ཇ་གོས་གཉིས་ལ་མི་དགའ་བས་ཡིན། དེས་ན་ངས་ལྟ་ཚུལ་འདི་དགྲ་གཉེན་ངོ་ཤེས་ནས་ལས་འགུལ་གསར་པ་ཅིག་རེད། དེ་ལ་ཀུ་རེ་བྱས་ན་བློ་ཕམ་མི་བཟོད་པའི་གནས་ཤིག་རེད་དོ།།

  11. ཀརྡོ་གཉེར་ཕྱག་པ་ says:
    2016-01-16 at 1:25 pm

    ད་ལྟ་ཕྱི་སོག་རང་བཙན་འོངས་པ་དེ་ཡང་། སོག་པོས། རང་ཡུལ་གྱི་ཐོན་ཁུངས་འོ་ཇ་མ་གཏོགས་མི་འཐུང་བ་འདིས་རེད་འདུག་གོ། །།

  12. གཅན བཟོད་རྒྱམ། says:
    2016-01-16 at 1:34 pm

    བོད་ལ་ཇའི་བྱུང་རབས་བཤད་དུས་ཁྱོད་ཇ་ལ་དགའ་མིན་དེ་འདིར་འབྲེལ་བ་མི་འདུག འོན་ཀྱང་ད་ཐེངས་བསམ་ཚུལ་ཡག་པོ་བཤད་སོང་། ཧ་ཧ་ཧ

  13. ཐེ་བོ་སངས་རྒྱས། says:
    2016-01-16 at 10:18 pm

    ཚིག་ཚོགས་སྐྱུངས་པའི་དཔྱད་རྩོམ་འབྲི་སྟངས་གསར་པ་ཞིག

  14. གཅན བཟོད་རྒྱམ། says:
    2016-01-18 at 3:43 am

    ཨ་ཁུ་ཀླུ་སྨྱོན་ལགས། ཤེར་རྒྱམ་གྱི་རྩོམ་ཡིག་འདི་གང་དུ་བཀོད་འདུག ད་ཐག་མཁོ་སྤྱོད་གནང་རོགས།

    ང་རྩོམ་ཡིག་འདི་ལ་དོགས་པ་ཞིག་འདུག ཡང་ན་ཤེས་རྒྱམ་ཁོང་གི་ཡིག་ཟམ་མཁོ་སྤྲོད་གནང་རོགས། ཁོང་སྒར་ལ་འབྲེལ་བ་བྱས་ཆོག

  15. ཀརྡོ་གཉེར་ཕྱག་པ་ says:
    2016-01-21 at 12:18 am

    དུས་བབ་ནང་ལ།
    ་་་་་་་་་་་་་་་་་་་་་་
    བོད་ཀྱི་རིགས་རྒྱུད་ཆད་ཁུངས་རྒྱ་གར་ཡིན།
    བོད་ཀྱི་དུས་བབ། ༡༥:༥༠ རིག་པ། (༠)

    བོད་ཀྱི་གནད་དོན་འདི་བོད་དང་རྒྱ་གར་གཉིས་ཀའི་གནད་དོན་ཞིག་ཆགས་ཀྱི་ཡོད་སྟབས་ང་ཚོས་བོད་དོན་བདེན་མཐའ་མ་གསལ་བར་དུ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།

    གསར་འགོད་པ། པདྨ་རྒྱལ།
    བསྐྱར་བཅོས།: ༢༠༡༦/༠༡/༢༠ཀློག་གྲངས། (༧༡༣)
    ་
    མཁྱེན་ཡངས་ལྡན་པ་བོད་ཡིག་གི་གསར་འགོད་པ་པདྨ་རྒྱལ་ལགས་སུ།
    བོད་ཀྱི་རིགས་རྒྱུད་མཆེད་ཁུངས་ལ། ཆད་ཁུངས་བྲིས་ན། ནོར་བ་ཆེན་པོ་མ་རེད་དམ། ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme