Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐད་ཆ།

Posted on 2016-01-132016-01-13 By ཁ་བརྡ 9 Comments on སྐད་ཆ།

― གཙང་མེ་ལྕེ།
 
དེང་སང་སྐད་ཚོམས་མང་པོ་ཞིག་ཏུ་ཞིབ་བལྟས་ཞིབ་མཉན་བྱས་པས་སྐད་ཚོམས་ཕལ་ཆེ་བའི་ཁ་བརྡ་མང་པོ་ཞིག་ནི་མི་སྒེར་གླེང་སློང་གི་ཁ་སྟབས་དང་། སྒེར་གཅོད་བློ་མིག་གི་རྒྱང་ལྟ་ཁ་རྐྱང་རེད། དཔེར་ན། རྩོམ་རིག་གླེང་སྟེགས་སུ་མི་བུའི་མི་གཤིས་བརྩད་པ་དང་། ཆབ་སྲིད་གླེང་སྟེགས་སུ་ཆོལ་ཁའི་འཐེན་འཁྱེར་མོད་པ། ནང་ཆོས་གླེང་སྟེགས་སུ་ཆོས་ལུགས་ཀྱི་ཞེན་ཁོག་ངར་བ་བཅས་ནི། རྩ་བའི་སྒེར་གཅོད་བློ་མིག་གི་བསམ་བློའི་སྔོན་འགྲོ་ཤ་སྟག་རེད། ལར་ནས་སྐད་ཚོམས་ཡག་གྲས་ཤིག་སྟོན་ཤོག་ཟེར་ན་ངས་ནི་<ལ་རྩེའི་ཇ་ཁང་>དང<རྩོམ་རིག་གླིང>གཉི་ག་སྟོན་སྲིད་ཀྱང། དེང་སང་རྩོམ་རིག་གླིང་དུའང་ཁམ་ཟམ་གཙུག་ལག་མཐོ་སློབ་ནས་མཐར་ཕྱིན་པའི་བོང་རྫི་ཟེར་བ་ཞིག་གིས་འུར་ཆེན་ཞིག་བསླངས་སོང་། ངས་ཀྱང་དེ་རིང་གི་སྐད་ཆ་ཟུར་གསུམ་མ་འདི་ཡང་འདི་ནས་དཀྱུས་ལ་ཞུགས་རྒྱུ་ཡིན།

དངོས་མིང་ལ་བློ་བཟང་ཡོན་ཏན་ཟེར་ཞིང་ཆོས་བརྒྱུད་དེད་ན་དགེ་ལུགས་པའི་གྲྭ་ལོག་ཅིག་ཡིན་པ་ངང་གིས་ཤེས་འོང་། བློ་བཟང་མིང་ཅན་ཕལ་ཆེ་བ་དགེ་ལུགས་པ་ཡིན་པ་མ་ཟད་གྲྭ་བ་དང་གྲྭ་ཟུར་གང་ཡིན་ཡང་ཕྱོགས་རིས་དང་ང་རྒྱལ་ཆེ་ཙམ་ཡོད་པ་དངོས་མཐོང་རེད། ཁོས་ནུབ་གླིང་ན་ཡོད་པའི་རྨ་དུག་ལྕེ་ཟེར་བའི་བཅད་གསར་སྙན་ངག་པ་གང་དེ་གཙོས་པའི་རྩོམ་རིག་གླིང་གི་མི་བུ་སྐོར་གཅིག་ལ་ཁྱོད་ཚོར་རིག་གཞུང་བགྲོད་གླེང་བཅའ་བའི་ཐོབ་ཐང་མེད་དེ། ཁྱོད་ཚོ་རིག་གཞུང་གི་འཁྲམ་པ་རེད་ཅེས་ཤེད་ཤེད་དྲ་མ་ཞིག་བཏང་བྱུང་། དེས་ཀྱང་མི་ཚད་ཉིན་ཤས་སྔུན་དུ་མཐོང་བའི་< དགེ་ཆོས་དང་ནུབ་བྱང་གི་སྙིང་སྟོབས >ཅེས་པའི་རྩོམ་ཡིག་ཅིག་སྤེལ་འདུག་པའི་ནང་སྙིང་ནི་ནུབ་བྱང་ཚང་གི་དགེ་སློབ་གང་ཡིན་ལ། ཕྱི་ནང་གི་ཤེས་བྱས་དབུལ་ཞིང། རང་ཚུགས་མེད་པ། རིགས་པའི་གཏད་སོ་མེད་པ་དག་ཏུ་མཐོང་ཞེས་དང་། རྒྱ་ལ་བལྟས་ན། བོད་ཀྱི་ཤེས་རིག་བཤད་ཁུལ་བྱས། བོད་ལ་བལྟས་ནས་རྒྱའི་རིག་གནས་དང། ཁྱད་པར་དུ་ནུབ་ཀྱི་རིག་གནས་ཤེས་ཁུལ་བྱས། དོན་གྱིས་གཉིས་ཀ་ཅི་ཡང་ཤེས་མཁན་ཞིག་མེད་པར་མཐོང། ཞེས་རང་ཚུགས་ཆེ་མདོག་གི་སྐད་ཆ་མང་པོ་ཞིག་བཤད་སོང་བར་བདག་གིས་ཀྱང་ཉིན་ཤས་རིང་དོ་སྣང་ཆེན་པོས་མཉན་པ་ཡིན།
དྲང་མོ་བཤད་ན་ང་ལ་བོང་རྫི་ཟེར་བའི་མི་དེ་ཆ་རྒྱུས་སྤུ་ཙམ་མེད་ཁར་ཐ་ན་ཁོས་འབུམ་རམས་མཐར་ཕྱིན་ཆེད་དེབ་ཏུ་བྲིས་པའི་<བྱ་རོག་སོར་རྟོག་གི་བསྟན་བཅོས>ཟེར་བ་དེ་ཡང་སྔོན་ཆད་ཀློག་མྱོང་མེད། རྩོད་གླེང་གང་ཙམ་བྱུང་བའི་དགོང་མོ་ཞིག་ལ་བཙན་བྱོལ་ཡུལ་གྱི་དྲ་ཚིགས་<བཙན་པོ>ཚང་ནས་ཆ་ཚང་བཀླགས་པ་ཡིན།

སྐད་ཚོམས་སུ་རྨ་དུག་ལྕེ་སོགས་ཀྱིས་བློ་བཟང་ཡོན་ཏན་ནམ་བོང་རྫི་ཟེར་བའི་འབུམ་རམས་པའི་མིང་ཅན་གང་ལ་ལན་དུ་སྦྱིན་གང་ཐུབ་བྱེད་པ་ནི། <བྱ་རོག་སོར་རྟོག་གི་བསྟན་བཅོས>་ལ་ཡིག་ནོར་བཞི་བརྒྱའི་ནོར་འཕྱུགས་མང་རབས་དང་། བོང་བུ་དཀར་ནག་འདྲ་མིན་གྱི་བརྙན་རིས་འདྲ་མིན་བསྐུར་ཏེ་བོང་རྫིར་ཁ་གཏད་གཅོག་ཁུལ་བྱས་ཀྱང་། བོང་རྫི་ནི་རྫི་བོ་ཡིན་པས་ཁོམ་པོ་ཞིག་གང་ན་ཡོད། སྐད་ཚོམས་ནས་ཐེངས་རེ་ཕྱིར་བུད་འགྲོ་ལ་ཐེངས་རེ་གསལ་ཁ་རེ་གཏོད་དུའང་ཡོང་གི་འདུག
བོང་རྫིས་མོའོ་ཙེ་ཏུང་གི་གསུང་རྩོམ་ནང་གི་དུམ་ཚིག་རེ་བྱ་རོག་སོར་རྟོག་གི་བསྟན་བཅོས་ཟེར་བ་དེའི་ནང་ལུང་འདྲེན་བྱས་པའི་རྣམ་དབྱེ་དྲུག་པའི་ཕྲད་ལྔ་བོ་གི་སྒྲས་འཐུས་པ་བྱས་པ་ནི་བོང་རྫིས་ནོར་འཕྱུགས་མིན་པ་ང་ཚོས་ཁས་ལེན་བྱ་ཐུབ་པ་ཡིན། མོའོ་ཙེ་ཏུང་གི་གསུང་རྩོམ་ནང་གི་རྣམ་དབྱེ་དྲུག་པའི་ཕྲད་ཡིན་ན་གི་སྒྲ་གཅིག་པུ་ཡིན་པས་ཁྱབ་ཟེར་ན་ཆོག་པ་འདྲ། དེ་ཚོ་ཅང་ར་མ་རེད། ངས་ནི་སེམས་འཁུར་བྱ་ས་དེ་ནུབ་བྱང་ཚང་རེད། དོན་གྱི་ནུབ་བྱང་ཚང་ནི་དེ་འདྲ་ཞིག་ཡིན་ནམ། ང་རང་ནུབ་བྱང་ཚང་གི་བསམ་བློ་དང་མངོན་འདོད་ལ་སྔར་ནས་དད་མོས་ཡོད་པའི་མི་བུ་ཞིག་ཡིན། ནུབ་བྱངཚང་གི་<ཤར་དུང་རི>ནི་ནུབ་བྱང་ཚང་གི་ཡོན་ཏན་ལྗིད་ཚད་ཅིག་ཡིན་དུ་ཆུགས་ན་བོང་རྫིས་བཤད་པ་བཞིན་ནུབ་བྱང་ཚང་གི་དགེ་སློབ་གང་ཡིན་ལ། ཕྱི་ནང་གི་ཤེས་བྱས་དབུལ་ཞིང། རང་ཚུགས་མེད་པ། རིགས་པའི་གཏད་སོ་མེད་པ་དེ་འདྲ་ཁྱོན་ནས་རེད་མི་འདུག

སྤྱི་ལོ་ཉི་སྟོང་ཡས་མས་ཀྱི་ནུབ་བྱང་ཚང་ནི་སྒེར་ཚུགས་ཀྱི་རང་གཤིས་དང་མི་རིགས་ཀྱི་སྤོབས་པ་མངའ་བའི་བསམ་བློ་བའི་བསྟི་གནས་ཤིག་ཡིན་པ་མ་ཟད། སྤྱི་མཐུན་གྱི་རྒྱལ་ཁབ་ཅིག་ཏུ་འདྲ་མཉམ་དང་རང་དབང་གི་གནས་ལུགས་ཤིག་འཚོལ་གྱིན་པའི་ནུབ་བྱང་ཚང་ཞིག་ཡིན་པ་ལས་བོང་རྫིས་བཤད་པ་བཞིན་གནས་ལུགས་དང། རྒྱུ་མཚན་སོགས་ཅི་ཡང་མེད་པར་དོན་མེད་དུ་གཏོར་གཤིག་གཏོང་ཐུབ་པའི་སྙིང་སྟོབས་ཅན་ཟེར་བ་དེ་འདྲ་ཞིག་རེད་དམ་ལེགས་པར་སོམས་ཤིག།

༢༠༡༦ ༡ ༡༢ ཉིན།

བསམ་ཚུལ།

Post navigation

Previous Post: ཅིའི་ཕྱིར་ཉིན་མ་རེ་ལ་ཀུ་ཤུ་རེ་ཟོས་ན་སྨན་པ་ཉེ་སར་མེད་ན་ཆོག་ཟེར་བ་རེད།
Next Post: གོ་ལ་གཞན་དུ་འཚོ་གཞེས་གནང་བའི་སེམས་ཅན།

Comments (9) on “སྐད་ཆ།”

  1. ཁྱུང་སེ། says:
    2016-01-13 at 12:15 pm

    ཨོ་ལགས་བོང་རྫི་ཟེར་བ་དེ་ཆོས་ལུགས་ཀྱི་དུག་ནད་ཀྱིས་ཟིན་པའི་རེག་དུག་དང་གཅིག་པའི་རྫི་བོ་ཞིག་རེད་ཁོས་སེང་རྡོར་དང་མཚོ་སྔོན་པོའི་དྲ་བ་ལས་སོགས་སུ་འཛུལ་ནས་ཆོས་ལུགས་གཞན་ལ་དམའ་འབེབས་ཀྱི་ལབ་བརྡོལ་རྐྱང་བཤད་སྡོད་མཁན་ཞིག་རེད། ད་ལྟ་ནི་སྐད་འཕྲིན་དྲ་བའི་དུས་རབས་ཀྱི་ཡོ་ལངས་ཞིག་གཡོ་བཞིན་ཡོད་དེ་དག་གི་ནང་དུ་ར་དང་ལུག རྟ་དང་གཡག ཁྱི་དང་སྤྱང་ཀི་སོགས་ཁྱུ་དང་ཁྱུ་བྱས་ནས་གང་སར་འཁྱམ་བཞིན་ཡོད་དེའི་ནང་དུ་ཆོས་རྒྱུད་གཅིག་པ་དང་ཆོལ་ཁ་གཅིག་པ། ལུང་ཚན་གཅིག་པ་སོགས་ཁྱི་སྤྱང་ཁྱུ་དང་ཁྱུ་བྱས་ནས་གང་སར་འཁྱམ་བཞིན་ཡོད་འདུག དེའི་ནང་དུ་ཆོས་རྒྱུད་གཅིག་པའི་ཁྱུ་ཚོགས་ཀྱི་ནང་དུ་རང་གི་ཆོས་ལུགས་ལ་སྐུ་བསྟོད་གསུང་བསྟོད་དང་གཞན་གྱི་ཆོས་ལུགས་ལ་མཐུ་བཟློག་བརྒྱབ་བཞིན་ཡོད། དཔེར་ན། ཉེ་ཆར་སྤྲུལ་སྐུ་ཨུ་རྒྱན་ཟེར་བས་རང་གི་ཆོས་རྒྱུད་གཅིག་པའི་ཁྱུ་ཚོགས་ཀྱི་ནང་དུ་ཆོས་ལུགས་གཞན་ཞིག་ལ་མི་བཤད་དགུ་བཤད་ཁུངས་ལུང་རྒྱུ་མཚན་མེད་པ་གཉིད་ཀྱི་ལབ་བརྡོལ་བཞིན་བཤད་འདུག དེ་བཞིན་ཁོས་རང་གི་ཆོལ་ཁ་ཞིག་གི་ཁྱུ་ཚོགས་སུ་མི་བུ་སྒེར་བ་དང་ཆོལ་ཁ་གཞན་ལ་མི་བཤད་དགུ་བཤད་བྱེད་ཀྱིན་འདུག སྐད་ཆ་དེ་ལ་ཉན་ན། མི་དེ་ནི་འཇིག་རྟེན་སྲིད་ཕྱོགས་ནས་མི་རིགས་མཐུན་བསྒྲིལ་གཏོར་བའི་འུར་རྡོ་དང། ཆོས་ལུགས་ཀྱི་སྟེང་ནས་ལྟས་ན་ཆོས་ལུགས་ཀྱི་མཛའ་འབྲེལ་དང་དག་སྣང་འོ་ཆུགཅིག་འདྲེས་དཀྲུགས་པའི་ཁྲག་གི་ལག་པ་དང་འདྲ་བར་འདུག དྲ་གྲོགས་ཁྱེད་ཚོས་ཁོ་ཡི་གཏམ་དེ་ཚོར་གསན་ཡོད་དམ།

  2. BONPO says:
    2016-01-13 at 8:35 pm

    རྩོམ་པ་པོ། ཆོས་རྒྱལ་ནམ་མཁའི་ནོར་བུ།
    སྔོན་བརྗོད།
    ཆོས་རྒྱལ་ནམ་མཁའི་ནོར་བུ།

    བོད་ཀྱི་ལོ་རྒྱུས་ལ་དོ་སྣང་མེད་པའམ་མི་རིགས་ཀྱི་ལ་རྒྱ་ཟེར་བ་དེའི་གཞི་རྩ་གང་ཡིན་མ་ཤེས་མཁན་རྣམས་ཀྱི་སྣང་ངོར་ནམ་མཁའི་ནོར་བུས་བྱ་དཔེ་བྱིས་སྒྲུང་གི་སྐོར་རྣམས་གལ་ཆེ་མདོག་གིས་ཤོད་ཀྱི་འདུག་ཅེས་ངེས་པར་དུ་བསམ་སྲིད།

    ཁོ་བོས་བོན་གྱི་སྐོར་དོ་སྣང་ཆེན་པོས་བཤད་པ་དེ་ལ། མང་ཞིག་གིས། ནམ་མཁའི་ནོར་བུ་བོན་པོ་རེད། ཟེར་བ་དང་། འགའ་ཤས་ཀྱིས་ནམ་མཁའི་ནོར་བུ་མུ་སྟེགས་པ་རེད་ཟེར་མཁན་བྱུང་འདུག

    ངའི་སློབ་མ་ནུབ་ཕྱོགས་པ་མང་པོ་ཞིག་བལ་ཡུལ་དང་རྒྱ་གར་ཕྱོགས་སྔོན་རྗེས་སུ་གནས་སྐོར་ཕྱིན་པར། བོད་ཀྱི་བླ་མ་མིང་གྲགས་ཡོད་པ་འགའ་ཤས་ཀྱིས། ནམ་མཁའི་ནོར་བུ་བོན་པོ་རེད། ནམ་མཁའི་ནོར་བུས་ཁྱེད་ཚོ་ལ་ག་རེ་ག་རེ་སློབ་ཀྱི་འདུག་ཅེས་ཨུ་ཚུགས་ཆེན་པོས་འདྲི་བགྲོའང་བྱེད་སྐབས་བྱུང་འདུག

    ང་ནི་རང་གཞན་སུས་བཤད་ཀྱང་རུང་མ་བཤད་ཀྱང་རུང། རྫོགས་པ་ཆེན་པོའི་སྐོར་ལ་བློ་སྦྱོང་གང་ཐུབ་ཐུབ་བྱེད་མཁན་ཞིག་ཡིན། སྔོན་གྱི་ལས་འཕྲོ་ལྟ་བུས་ཆུང་ངུའི་དུས་ནས་ལམ་ཟབ་མོ་དེ་དང་འབྲེལ་འཕྲད་བྱུང་བར་མ་ཟད་ལམ་ཟབ་མོ་དེ་ལ་ངེས་ཤེས་ཡང་དག་པའང་རྙེད་པ་ཡིན།

    ངས་སློབ་མ་ཚོར་བསྟན་རྒྱུའང་། ང་རང་ལ་ཡིད་ཆེས་གང་ཡོད་པ་དང་། གང་ཤེས་པ་དེ་ཙམ་ལས། མ་ཡིན་ཡིན་མདོག་གང་ཞིག་ཀྱང་བྱེད་ཀྱི་མེད། ངའི་སློབ་མའི་གྲས་ནས་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་ལ་གོ་རྟོགས་སྐྱོན་མེད་ཙམ་ཆགས་པ་ཕལ་ཆེར་སྟོང་ཕྲག་ཟིན་ཉེ་ཞིག་ཡོད། དེ་ཚོ་ཕལ་ཆེ་བ་ནི། ནམ་མཁའི་ནོར་བུ་ཆོས་པ་ཡིན་ནམ་བོན་པོ་ཡིན་པ་ལ་རེ་དྭོགས་ཏིལ་འབྲུ་ཙམ་ཡང་མེད་པ་ནམ་མཁའི་ནོར་བུ་དང་། ནམ་མཁའི་ནོར་བུས་བསླབས་པའི་རྫོགས་ཆེན་གྱི་ལྟ་དགོངས་ནང་བཞིན་རེད། གང་ལ་ཟེར་ན། ལམ་རྫོགས་པ་ཆེན་པོའི་དབང་དུ་བྱས་ན། ལམ་གྱི་ངོ་བོ་ནི་ལྟ་བ་ཡིན་ལ། ལྟ་བ་ཞེས་པ་དེ་ནི་གྲུབ་མཐའི་ཕྱོགས་སུ་མ་ལྷུང་། ཕྱོགས་གང་དུའང་རྒྱར་མ་ཆད་པ། དེའང་ཁ་ནས་རིས་མེད་དང་ཕྱོགས་མེད་ཟེར་གྱིན་ཟེར་གྱིན་ལ་ང་དང་ཁྱོད། དགྲ་དང་གཉེན་ཧྲང་ཧྲང་པོ་རེ་ཁོག་པར་བཅངས་པ་དེ་འདྲ་མ་ཡིན་པར། ལྟ་བ་རྟོགས་པ་དང་འབྲེལ། རྟོགས་པས་སྤྱོད་པའི་གཞི་བཟུང་ཞིང་། སྤྱོད་པ་ལྟ་བ་ལས་མ་འདས་པ་དེ་འདྲ་བ་ལ་ལམ་རྫོགས་པ་ཆེན་པོ་ཟེར་བ་ཡིན། ངའི་བླ་མས་ཀྱང་དེ་འདྲ་ཞིག་བསླབས་བྱུང་། ངས་དེ་འདྲ་ཞིག་གོ །རྫོགས་ཆེན་གྱི་རྒྱུད་གཞུང་རྣམས་ནས་ཀྱང་དེ་འདྲ་རྐྱང་མཐོང། དེ་འདྲ་ཡིན་སྟབས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཕྱོགས་དང་རིས་སུ་མ་ཆད་པ་ཐམས་ཅད་རང་རིག་པའི་རྩལ་དུ་ཡོངས་སུ་རྫོགས་ཆོག་པ་ལ། བོན་པོ་ཕར་གཅད་དགོས་པ་གང་ཞིག་ཀྱང་མ་མཐོང་། དེར་མ་ཟད་བོན་གྱི་ཁོངས་སུའང་ཞང་ཞུང་སྙན་བརྒྱུད་གཙོས་པའི་རྫོགས་ཆེན་གྱི་གདམས་པ་ཟབ་མོ་དུ་མ་ཞིག་བཞུགས་བཞིན་པ་དང་། དེའང་བཞུགས་པ་ཙམ་དུ་མ་ཟད་གདམས་པའི་བརྒྱུད་པ་མ་ཆད་པ། བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བ། ཕྱིས་བྱོན་གྱི་རྣལ་འབྱོར་པ་ཆེན་པོ་ཞིག་ལ་དཔེར་མཚོན་ན་གྲུབ་དབང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་(1859-1935)མཆོག་ཡུལ་མི་གྲོང་འཁོར་ཀུན་གྱི་ཐུན་མོང་བའི་སྣང་ངོར་མངོན་སུམ་དུ་འཇའ་ལུས་འོད་སྐུར་ཕེབས་པས། ཟབ་ལམ་བཞུགས་ངེས་པའི་བདེན་དཔང་བྱུང་བ་དེ་ལྟར་ན། ནམ་མཁའི་ནོར་བུ་བོན་པོ་ཡིན་དུ་ཆུགས་ཀྱང་མ་འགྲིགས་པ་ཅི་ཞིག་ཀྱང་མེད།

    ང་དང་ངའི་སློབ་མ་ཚོར། “རྫོགས་ཆེན་འདུས་སྡེ།” ཞེས་རྫོགས་ཆེན་གྱི་ཐ་སྙད་ཡོད་པ་དེ། གཙོ་ཆེར་ང་ཚོས་རྫོགས་པ་ཆེན་པོའི་གདམས་པ་ལ་བློ་སྦྱོང་བ་དེའི་རྒྱུ་མཚན་གྱིས་ཡིན་མོད། དེ་ཙམ་དུ་མ་ཟད་རྫོགས་པ་ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་སྙིང་པོ་རྒྱར་མ་ཆད། ཕྱོགས་སུ་མ་ལྷུང་བ་ཞིག་ཡིན་སྟབས། མིང་དེ་སྐད་དུ་གྲགས་པའང་རྒྱར་མ་ཆད་པ་ཞིག་ཏུ་ཤེས་ཐུབ། དེ་ནི་ང་ཚོས་“སངས་རྒྱས་པའི་ཆོས་ཚོགས་”ཟེར་བའམ། “ནང་པའི་ཆོས་ཚོགས་”ཟེར་བ་ལྟ་བུ་ཐེག་པ་གོང་འོག་དང་གྲུབ་མཐའི་རིས་མ་ཕྱེས་པ་དེ་ལས་ཀྱང་ཁྱབ་ཆེ་བ་ཞིག་ཡིན། གང་ལ་ཟེར་ན། སངས་རྒྱས་པ་དང་། ནང་པ་ཟེར་མཁན་དེ་ཚོས། བོན་པོ་སངས་རྒྱས་པ་མ་ཡིན་པ་དང་། ནང་པ་མ་ཡིན་པར་ངོས་བཟུང་ནས། “ནམ་མཁའི་ནོར་བུ་བོན་པོ་རེད།” ཅེས་དང་། “ནམ་མཁའི་ནོར་བུ་མུ་སྟེགས་པ་རེད།” ཅེས་ཨུ་ཚུགས་གང་ཆེས་ལབ་ལབ་བཏང་བ་དེ་ག་རེད།

    དེ་འདྲ་ཡིན་སྟབས། ང་ལ་ནི་ངས་སྨྲས་ཅི་འདྲ་ཞིག་བྱས་ནའང་། ངའི་གནས་ཚུལ་ལ་འཕོ་འགྱུར་དང་ཕན་གནོད་རྡུལ་ཙམ་ཞིག་ཀྱང་མ་མཆིས་ཤིང་། དེ་ལ་འཁོན་དུ་འཛིན་པའམ། བློ་ཕམ་སྐྱེ་བ་སོགས་གང་ཞིག་ཀྱང་མེད་ངེས་ཡིན་ནའང་། མི་སུའང་རུང་བས་ང་ལ་ངན་སྨྲས་སུ་བསམ་ནས་ལབ་ལབ་མང་པོ་བྱུང་རྒྱལ་དུ་བཏང་བ་དེ་དག་ནི། དངོས་དོན་དུ་ཆོས་པ་ཡིན་ཀྱང་ཆོས་ཀྱི་དོན་ལས་རིང་དུཕྱིན། རང་མགོ་རང་རྡུང་གི་ཐོ་བ་རང་གིས་བཟོ་བ་ཡིན་སྟབས་བསམ་མནོ་ལན་དགུར་བཏང་། བག་ཡོད་པའི་སྒོ་ནས་རང་གཞན་ཀུན་ལ་ཕན་ཡོད་རེ་བྱས་ན་ཕན་པ་དང་དགེ་མཚན་ཆེ་བ་ཡིན།

    འཛམ་བུའི་གླིང་འདིར་ཡུལ་ལུང་གང་དང་མི་རིགས་སུ་ཞིག་ཡིན་ཀྱང་རུང་། ཡུལ་དེ་དང་མི་རིགས་དེའི་རྟེན་གཞི་ནི་མི་རིགས་ཀྱི་ཤེས་རིག་དང་། དེ་དང་འབྲེལ་བའི་ལོ་རྒྱུས་ཀྱི་སྐོར་རྣམས་ཡིན། དེ་ཡང་ཤེས་རིག་ཡོད་ཙམ་དང་ལོ་རྒྱུས་ཡོད་ཙམ་པ་ཞིག་ལ་ཟེར་བ་མིན། ཤེས་རིག་དང་ལོ་རྒྱུས་བག་ཙམ་རེ་མེད་མཁན་སུ་ཞིག་ཀྱང་མེད། འོན་ཀྱང་རྒྱལ་ཡོངས་མི་རིགས་ཤེས་ཡོན་ཅན་རྣམས་ནས་སློབ་གཉེར་དང་དོ་སྣང་ངེས་པར་དུ་བྱེད་འོས་ཀྱི་ཚད་གཞི་ལྡན་པའི་ཤེས་རིག་དང་ལོ་རྒྱུས་གང་བྱུང་བྱུང་ནས་རྙེད་ཆོག་པ་ཞིག་མེད། དེས་ན་ཤེས་རིག་ལའང་རིན་ཐང་གི་ཚད་གཞི་ངེས་པ་ཅན་ཞིག་དང་དེ་ལས་ལྡོག་པ་ལོ་རྒྱུས་ཀྱིས་ཕན་ཐོགས་པ་དང་ཕན་མི་ཐོགས་པའི་རིགས་གཉིས་སུ་ཡོད་པ་དག་ཁ་ཚོན་ལེགས་པར་ཆོད་དགོས་པ་ཡིན།

    བོད་ཀྱི་མི་རིགས་ཡུན་དུ་གནས་དང་མི་གནས་ཀྱི་རྩ་གཞི་ནི་བོད་རིགས་ཀྱི་ཐུན་མོང་མ་ཡིན་པ་ཁུངས་ཐུབ་ཡང་དག་པའི་ཤེས་རིག་དང་ལོ་རྒྱུས་ཀྱི་སྐོར་རྣམས་འཛིན་སྐྱོང་ཐུབ་དང་མི་ཐུབ་པ་ལ་རག་ལས། དེའང་ཤེས་རིག་དང་ལོ་རྒྱུས་རང་རྐྱ་ཐུབ་པ་ཞིག་འཛིན་སྐྱོང་ཐུབ་དང་མི་ཐུབ་པ་ལ་རག་ལས་པ་ཡིན།

    བོད་ཀྱི་ཤེས་རིག་དང་ལོ་རྒྱུས་ཀྱི་སྐོར་དེ་སྟོན་པ་གཤེན་རབ་མི་བོ་ཆེ་བྱོན་པའི་དུས་བར་དུ་འགྲོ་ཐུབ་པ་དེས་བོད་ཀྱི་ཤེས་རིག་དང་། ལོ་རྒྱུས་ཀྱི་ཁུངས་དེ་ལོ་རྒྱུས་ཡོད་པ་ནས་བཟུང་ད་ལྟ་ཆུ་ཕོ་ཁྱིའི་ལོ་འདིའི་བར་མི་ལོ་སུམ་སྟོང་བརྒྱད་བརྒྱ་སོ་དགེ་འདས་པ་བསྟན་ཐུབ་ཀྱི་ཡོད། དེའི་སྐོར་ལོ་དུས་ཞིབ་གསལ་ནི་གཞུང་འདིར་བོན་གྱི་བྱེ་བྲག་སྐོས་ཤེས་རྩིས་མཁན་བཤད་པའི་སྐབས་ ཤ༽ ༣༦༦-༣༦༩ གསར་པོར་བསྟན་ཡོད།

    ཚུལ་དེས་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་ཀྱིས་སྐོར་རྣམས་འཛམ་གླིང་གི་ཤེས་རིག་དང་ལོ་རྒྱུས་གར་སྟེགས་མཐོན་པོའི་སྒང་ལ་ལེགས་པར་འདེགས་ཤིང་། རྒྱལ་སྤྱིའི་ཤེས་ཡོན་ཅན་རྣམས་ནས་སློབ་གཉེར་དང་འབྲེལ་བས་དོ་སྣང་བྱེད་དགོས་ངེས་པ་ཤིག་ཏུ་ཆགས་ཤིང་དེའི་མཐུ་དབང་གིས་བོད་ཀྱི་མི་རིགས་འདིའང་ཤེས་རིག་དང་ལོ་རྒྱུས་ཀྱི་གནས་ཚད་རིན་ཐང་ཚད་མེད་པ་དང་ལྡན་པའི་མི་རིགས་ཤིག་ཡིན་པའི་སྐོར་ལ་ངེས་ཤེས་རྙེད་ཐུབ་པ་དང་། དེའི་བདེན་དཔང་མངོན་གསལ་དུ་སྟོན་ཐུབ་པ་ཞིག་འབྱུང་བ་ཡིན།

    ཚུལ་འདི་དག་ནི་རང་ཅག་བློ་སེམས་གུ་དོག་པོས་ནང་ཁུལ་ཕན་ཚུན་དུ་ཆགས་སྡང་གི་ངན་སྨྲས་དཀྲུགས་རྐྱེན་བྱེད་པ་དེ་དག་ལས་རིན་ཐང་ཆེས་ཆེ་ཞིང་། རང་གཞན་ཚང་མ་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་འབྲས་བཟང་འབྱིན་པའི་རྒྱུ་བཟང་པོ་ཞིག་ཡིན་ངེས་པར་མ་ཟད། མ་འོངས་པའི་མི་བརྒྱུད་ལའང་མེད་དུ་མི་རུང་བ། གནའ་གཏམ་དུ། “ཕ་བཟང་པོའི་བཞག་པ་“ ཟེར་བ་དེ་དངོས་བདེན་འདི་འདྲ་ཞིག་ལ་ཟེར་བ་ཡིན། དེ་འདྲ་ཡིན་སྟབས་བོད་མིའི་ཤེས་རིག་དང་ལོ་རྒྱུས་བཅས་པར་དོ་སྣང་དང་ལྡན་ཞིང་། དེའི་ལ་རྒྱ་ལ་སྨན་པའི་རེ་འདོད་དང་བཅས་པ་གང་སུའང་རུང་བ་རྣམས་ནས། ཆོས་ལུགས་དང་ཡུལ་རིས་སོགས་ཀྱི་གཞི་རྩའི་ཐོག་ནས་དོན་མེད་པའི་བཤད་ཡམ་དཀྲུགས་རྐྱེན་གྱི་རིགས་དང་། དགོས་མེད་འབྲས་མེད་ཀྱི་ཞེན་གོག་ཆོས་དང་ཡང་མི་མཐུན་འཇིག་རྟེན་དང་ཡང་མི་མཐུན། ཀུན་དང་ཡང་མི་མཐུན་པར་རང་ཕུང་། གཞན་ཕུང་ཀུན་ཕུང་བ་དེ་ཚོ་ཕར་ཙམ་ན་བཞག དགོས་ངེས་པ་མི་རིགས་རང་གི་ཤེས་རིག་དང་ལོ་རྒྱུས་ཀྱི་སྐོར་ལ་དོ་སྣང་སྣ་རེ་ལས་མ་བྱུང་ནའང་དྲང་ཞིང་འོས་པའི་སྒོ་ནས་གང་ཟབ་ཟབ་རེ་བསྐྱེད། དོ་སྣང་དེའང་ཤེས་རིག་དང་ལོ་རྒྱུས་གང་ཞིག་གིས་མི་རིགས་ཀྱི་ཤེས་རིག་དང་ལོ་རྒྱུས་དངོས་སུ་མཚོན་ཐུབ་པ་ལ་ཕན་པ་དང་གང་ཞིག་གིས་དེ་དག་མཚོན་མི་ཐུབ་ཅིང། ཤེས་རིག་དང་ལོ་རྒྱུས་ཀྱི་ཁུངས་ལ་གནོད་རྐྱེན་བྱེད་པ་འདི་གཉིས་ཁ་ཚོན་གསལ་པོར་ཆོད་པའི་སྒོ་ནས་སྐབས་ཐོབ་སོ་སོའི་དགོས་པ་དོན་ལ་དྲིལ་ཤེས་པ་ཞིག་ཅི་ནས་ཀྱང་དགོས་ལག་ཆེ་བར་མཐོང་།

    ཁོ་བོས་ཨུ་ཚུགས་དང་སྡུག་རུས་ཀྱིས་བོད་ཀྱི་ཤེས་རིག་ལོ་རྒྱུས་ཀྱི་ཁུངས་སྟོན་པ་དང་། དེ་དག་མུ་མཐུད་ཅིང་ཡུན་གནས་ལ་སྨན་རེས་འབྲི་རྩོམ་བྱས་པའི་དཔེ། གཟིའི་ཕྲེང་བ་དང་། ནོར་བུའི་དོ་ཤལ། སྒྲུང་ལྡེའུ་བོན་གསུམ་གྱི་སྐོར་འདི་དག་ཀྱང་། ནམ་མཁའི་ནོར་བུ་བོན་པོ་ཡིན་མིན་དཔྱད་བྱེད་དམ། བོན་པོ་འགས་མཐོང་ནས། “རྙིང་མ་བ་བོན་ལས་ཆོས་སུ་བཅོས་ཟེར་བ་དེ་བདེན་ནོ་” ཟེར་ནས། རྙིང་མ་བ་རྣམས་ལ་གཤེ་བ་བྱེད་པའི་ཡོ་ཆས་སུ་བེད་སྤྱོད་པ་འདྲ་བོ་དང་། བན་དེ་ནང་ཁུལ་དུ། གསར་མ་བ་ཚོས། “འོ་ད་ག་ཡིན་རྙིང་མ་བ་ཚོ་བོན་པོ་གཅིག་པ་རང་རེད་འདུག ང་ཚོ་ནི་གཙང་གཙང་མ་གསེར་གྱི་མེ་ལོང་གཡའ་མེད་པ་འདྲ་བོའམ། ཤེལ་སྒོང་དྲི་མ་དང་བྲལ་བ་འདྲ་པོ་སྟོན་པའི་བསྟན་པ་ཡང་དག་པ་ཡིན་ནོ།།” ཞེས་རྙིང་མ་བ་རྣམས་ལ་གཤེ་གཤེ་གཏོང་བྱེད་དེ་འདྲ་ལྐུགས་མདོག་ཁ་བའི་ཡོ་ཆས་སུ་མི་བྱེད་པར་ཇི་ལྟར་ནད་པས་སྨན་བསྟེན་པ་དེ་ལུས་ཀྱི་ནད་སེལ་བའི་ཆེད་དུ་ཡིན་པ་ལྟར་བེད་སྤྱོད་བྱེད་སྟངས་དང་བྱེད་ཡུལ་མ་ནོར་བ་ཞིག་དགོས།

    རང་རེས་ཕྱོགས་ཞེན་དང་བྲལ་བའི་སྒོ་ནས། ཆེས་ཡུན་རིང་བའི་དུས་ནས་ཞང་བོད་ཀྱི་ཡུལ་ཁམས་རྣམས་སུ་བོན་གང་ཞིག་དར་བ་དང་། བོན་དེའི་ཁུངས་སུ་ཤེས་རིག་ཅི་དང་ཅི་འདྲ་བ་ཞིག་ཡོད་པ་དང་། དེ་དག་གི་རྣམ་པ། ཡིན་ཚུལ། བྱེད་ལས། དུས་རབས་འཕོ་འགྱུར་གྱི་ནང་དུ་དེ་དག་གནས་པའམ། འགྱུར་བའམ། སྟོང་པ་སོགས་ཇི་ལྟར་གྱུར་ཡོད་པ། ད་ལྟའི་དུས་སུ་དེ་དག་ལས་བྱུང་བའི་ཤེས་རིག་གང་དག་ཡོད་པ་སོགས་ཀྱི་སྐོར་འཚོལ་ཞིབ་ཡང་དག་པ་རེ་བྱེད་ཐུབ་ཅིང་། དེ་ལྟ་བུའི་རིན་ཐང་ཆེ་བའི་ཤེས་རིག་དེ་དག་འཛིན་སྐྱོང་བྱེད་ཐུབ་པ་ཡིན་ན། བོད་མིའི་ཤེས་རིག་གི་ལ་རྒྱ་ལ་དགེ་ཕན་དེ་ལྷག་ཅི་ཞིག་ཀྱང་མེད་ངེས་པ་ཡིན་པས། ཁོ་བོས་བྲིས་པའི་དཔེ་རྣམས་ཚུལ་འདི་དག་གི་ཆ་རྐྱེན་དུ་བྱེད་སྤྱོད་བྱེད་དགོས་པ་ཡིན།

    སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ།སྒྲུང་ལྡེའུ་བོན་གསུམ་གྱི་སྐོར་གྱི་གཞུང་འདི་རྩོམ་སྒྲིག་བྱེད་པ་པོ་ནི། ཡུལ་མདོ་ཁམས་སྡེ་དགེར་སྐྱེས་ཤིང་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་པའི་རྫོགས་ཆེན་པ་ནམ་མཁའི་ནོར་བུ་ཡིན་ལ། གནས་ནི་ཨི་ཏ་ལི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཕོར་མི་ཡ་རྒྱ་མཚོའི་ངོགས་ཀྱི་གནས་ཁང་བཀྲ་ཤིས་འཁྱིལ་པ་དང་། དུས་ནི་རྔ་ཆེན་ཞེས་པ་ཆུ་ཕོ་ཁྱི་ཡི་ལོ་(༡༩༨༢)སྨིན་དྲུག་ཟླ་བའི་ཚེས་པ་ཉེར་གསུམ། རང་གི་སྐྱེས་སྐར་ཉིན་ཡོངས་སུ་གྲུབ་པར་བྱས་པ་ཡིན།

    ཁོ་བོས་འབྲི་རྩོམ་བྱས་པའི་དཔེ་འདིར་དོ་སྣང་བྱེད་མཁན་དེ་དག་ནི་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་ཀྱི་ལ་རྒྱ་ལ་དོ་སྣང་ཡོད་ངེས་ཅན་ཞིག་ཏུ་ངེས་སྟབས། གཞུང་འདི་དང་། ཁོང་ཚོའི་སློབ་གཉེར་གྱི་གཞི་རྩའི་འོག་བོད་ཀྱི་གནའ་བོའི་ཤེས་རིག་དང་། ལོ་རྒྱུས་སྐོར་རྣམས་འཚོལ་གཞིག་མཛད་པ་བཅས་ལ་བརྟེན་ནས་འབྱུང་འགྱུར་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་ཀྱི་ཆུ་ཚད་མཐོན་པོར་འདེགས་ཐུབ་པའི་རེ་བ་དང་། དེ་ལ་བརྟེན་ནས་འབྱུང་འགྱུར་བོད་ཀྱི་མི་རིགས་དེ་དག་གིས་ཀྱང་རང་གི་ཤེས་རིག་དང་ལོ་རྒྱུས་ལ་ངེས་པ་རྙེད་ཅིང་། འཛམ་གླིང་ནང་བོད་མིའི་ཡིན་ལུགས་ཀྱི་ཚུལ་རྣམས་མི་རིགས་དེའི་ཤེས་རིག་དང་ལོ་རྒྱུས་ཀྱིས་གསལ་པོར་ར་སྤྲོད་བྱས་པར་བརྟེན། མི་རིགས་བར་གྱི་མཛའ་འབྲེལ་དང་། ཤེས་རིག་དེའི་སྒོ་ནས་མི་རིགས་གཞན་དག་ལའང་ཕན་པ་རྒྱ་ཆེན་པོ་འབྱུང་བའི་སྨོན་ལམ་བཟང་པོའང་ཞུ་གི་ཡོད།

    གཞུང་འདིར་མ་རྟོགས་པ་དང་། ལོག་པར་རྟོག་པ། འགལ་བ་འདུ་བ་སོགས་ཅི་ཞིག་ཡོད་པ་དེ་ཀུན། མཁས་དབང་དམ་པ་རྣམས་ནས་རིམ་གྱིས་འཚོལ་གཞིག་ཡང་དག་པ་གནང་བའི་སྒོ་ནས། བོད་ཀྱི་ཤེས་རིག་དང་ལོ་རྒྱུས་འདི་བཞིན་རྣམ་པར་དག་པའི་མདུན་ལམ་དུ་བསྐྱོད་པའི་སླད་དུ་དག་བཅོས་ཀྱི་ལེའུ་ཚན་འབྲི་རྩོམ་དང་། ཁ་གསབ་གང་འོས་གནང་སྐྱོང་ཡོད་པའང་ཞུ་སྤྲོ། གཞུང་འདིར་དོ་སྣང་གནང་མཁན་ཀུན་ལ་གུས་འདུད་བཀྲ་ཤིས་བདེ་ལེགས་དང་བཅས་ནམ་མཁའི་ནོར་བུས།།

    རྩོམ་ཡིག་འདི་ནམ་མཁའི་ནོར་བུས་བརྩམས་པའི་སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ། ཞེས་པ་དེའི་སྔོན་བརྗོད་ཅིག་ཡིན་ཅིང་དགོས་དབང་གིས་ཟུར་དུ་བཀོད་པ་པོ་ཁྱུངཿསྨོན་ལམ། ༢༠༡༦།༡།༨

    ༼དཔལ་ལྡན་ཁ་བརྡ་ཚང་ལགས། རྩོམ་ཡིག་འདི་ཁ་བརྡར་འགོད་རོགས་གནང་ན་འགྲིག་གམ་ལགས། ཐུགས་རྗེས་གཟིགས་པར་འཚལ་ལོ། བདག་བོན་པོས་གུས་ཞབས་བཅས་ཕུལ།༽

  3. ཀརྡོ་གཉེར་ཕྱག་པ་ says:
    2016-01-14 at 1:21 am

    བདག་གི་རྫོགས་ཆེན་བླ་མས།
    ་་་་་་ ལམ་རྫོགས་པ་ཆེན་པོའི་དབང་དུ་བྱས་ན། ལམ་གྱི་ངོ་བོ་ནི་ལྟ་བ་ཡིན་ལ། ལྟ་བ་ཞེས་པ་དེ་ནི་གྲུབ་མཐའི་ཕྱོགས་སུ་མ་ལྷུང་། ཕྱོགས་གང་དུའང་རྒྱར་མ་ཆད་པ། དེའང་ཁ་ནས་རིས་མེད་དང་ཕྱོགས་མེད་ཟེར་གྱིན་ཟེར་གྱིན་ལ་ང་དང་ཁྱོད། དགྲ་དང་གཉེན་ཧྲང་ཧྲང་པོ་རེ་ཁོག་པར་བཅངས་པ་དེ་འདྲ་མ་ཡིན་པར། ལྟ་བ་རྟོགས་པ་དང་འབྲེལ། རྟོགས་པས་སྤྱོད་པའི་གཞི་བཟུང་ཞིང་། སྤྱོད་པ་ལྟ་བ་ལས་མ་འདས་པ་དེ་འདྲ་བ་ལ་ལམ་རྫོགས་པ་ཆེན་པོ་ཟེར་བ་ཡིན། ངའི་བླ་མས་ཀྱང་དེ་འདྲ་ཞིག་བསླབས་བྱུང་། ངས་དེ་འདྲ་ཞིག་གོ །་་་་་་

  4. ཀརྡོ་གཉེར་ཕྱག་པ་ says:
    2016-01-14 at 3:29 am

    བྱ་བྲལ་རྫོགས་ཆེན་པས། ནམ་ནོར་རྫོགས་ཆེན་པར་བསྟོད་པ།
    https://www.facebook.com/photo.php?fbid=1077295692320947&set=a.833074460076406.1073741833.100001215791045&type=3&theater

  5. ཀརྡོ་གཉེར་ཕྱག་པ་ says:
    2016-01-14 at 3:37 am

    ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་ལ།
    ཨོམྶྭསྟི།
    རྫོགས་ཆེན་རྣལ་འབྱོར་ནམ་མཁའི་ནོར་བུ་ཡི། །
    ཞབ༼ས་༽པད་བརྟན་ཅིང་ཟབ་གསང་ཆོས་སྐོར་བསྐོར། །
    སྐལ་ལྡན་བློ་༼སློབ་༽ཚོགས་ཉམས་རྟོགས་ཡོན་ཏན་འཕེལ། །
    ཚེ་གཅིག་སངས་རྒྱས་འཁོར་བ་དོང་སྤྲུགས་ཤོག །
    བྱ་བྲལ་རིན་པོ་ཆེ་མཆོག་གིས།

  6. BONPO says:
    2016-01-14 at 7:39 am

    ནམ་མཁའི་ནོར་བུ་བོན་པོ་ཡིན་ནམ། མུ་སྟེགས་པ་ཡིན། །

    རྩོམ་པ་པོ། ཆོས་རྒྱལ་ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག །

    ཕྱག་རྩོམ་་་སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ་་་ཆེས་པའི་སྔོན་བརྗོད་དུ་ཁོང་གིས་མཛད་པ་ཞིག་ཡིན། །

    བོད་ཀྱི་ལོ་རྒྱུས་ལ་དོ་སྣང་མེད་པའམ་མི་རིགས་ཀྱི་ལ་རྒྱ་ཟེར་བ་དེའི་གཞི་རྩ་གང་ཡིན་མ་ཤེས་མཁན་རྣམས་ཀྱི་སྣང་ངོར་ནམ་མཁའི་ནོར་བུས་བྱ་དཔེ་བྱིས་སྒྲུང་གི་སྐོར་རྣམས་གལ་ཆེ་མདོག་གིས་ཤོད་ཀྱི་འདུག་ཅེས་ངེས་པར་དུ་བསམ་སྲིད།

    ཁོ་བོས་བོན་གྱི་སྐོར་དོ་སྣང་ཆེན་པོས་བཤད་པ་དེ་ལ། མང་ཞིག་གིས། ནམ་མཁའི་ནོར་བུ་བོན་པོ་རེད། ཟེར་བ་དང་། འགའ་ཤས་ཀྱིས་ནམ་མཁའི་ནོར་བུ་མུ་སྟེགས་པ་རེད་ཟེར་མཁན་བྱུང་འདུག

    ངའི་སློབ་མ་ནུབ་ཕྱོགས་པ་མང་པོ་ཞིག་བལ་ཡུལ་དང་རྒྱ་གར་ཕྱོགས་སྔོན་རྗེས་སུ་གནས་སྐོར་ཕྱིན་པར། བོད་ཀྱི་བླ་མ་མིང་གྲགས་ཡོད་པ་འགའ་ཤས་ཀྱིས། ནམ་མཁའི་ནོར་བུ་བོན་པོ་རེད། ནམ་མཁའི་ནོར་བུས་ཁྱེད་ཚོ་ལ་ག་རེ་ག་རེ་སློབ་ཀྱི་འདུག་ཅེས་ཨུ་ཚུགས་ཆེན་པོས་འདྲི་བགྲོའང་བྱེད་སྐབས་བྱུང་འདུག

    ང་ནི་རང་གཞན་སུས་བཤད་ཀྱང་རུང་མ་བཤད་ཀྱང་རུང། རྫོགས་པ་ཆེན་པོའི་སྐོར་ལ་བློ་སྦྱོང་གང་ཐུབ་ཐུབ་བྱེད་མཁན་ཞིག་ཡིན། སྔོན་གྱི་ལས་འཕྲོ་ལྟ་བུས་ཆུང་ངུའི་དུས་ནས་ལམ་ཟབ་མོ་དེ་དང་འབྲེལ་འཕྲད་བྱུང་བར་མ་ཟད་ལམ་ཟབ་མོ་དེ་ལ་ངེས་ཤེས་ཡང་དག་པའང་རྙེད་པ་ཡིན།

    ངས་སློབ་མ་ཚོར་བསྟན་རྒྱུའང་། ང་རང་ལ་ཡིད་ཆེས་གང་ཡོད་པ་དང་། གང་ཤེས་པ་དེ་ཙམ་ལས། མ་ཡིན་ཡིན་མདོག་གང་ཞིག་ཀྱང་བྱེད་ཀྱི་མེད། ངའི་སློབ་མའི་གྲས་ནས་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་ལ་གོ་རྟོགས་སྐྱོན་མེད་ཙམ་ཆགས་པ་ཕལ་ཆེར་སྟོང་ཕྲག་ཟིན་ཉེ་ཞིག་ཡོད། དེ་ཚོ་ཕལ་ཆེ་བ་ནི། ནམ་མཁའི་ནོར་བུ་ཆོས་པ་ཡིན་ནམ་བོན་པོ་ཡིན་པ་ལ་རེ་དྭོགས་ཏིལ་འབྲུ་ཙམ་ཡང་མེད་པ་ནམ་མཁའི་ནོར་བུ་དང་། ནམ་མཁའི་ནོར་བུས་བསླབས་པའི་རྫོགས་ཆེན་གྱི་ལྟ་དགོངས་ནང་བཞིན་རེད། གང་ལ་ཟེར་ན། ལམ་རྫོགས་པ་ཆེན་པོའི་དབང་དུ་བྱས་ན། ལམ་གྱི་ངོ་བོ་ནི་ལྟ་བ་ཡིན་ལ། ལྟ་བ་ཞེས་པ་དེ་ནི་གྲུབ་མཐའི་ཕྱོགས་སུ་མ་ལྷུང་། ཕྱོགས་གང་དུའང་རྒྱར་མ་ཆད་པ། དེའང་ཁ་ནས་རིས་མེད་དང་ཕྱོགས་མེད་ཟེར་གྱིན་ཟེར་གྱིན་ལ་ང་དང་ཁྱོད། དགྲ་དང་གཉེན་ཧྲང་ཧྲང་པོ་རེ་ཁོག་པར་བཅངས་པ་དེ་འདྲ་མ་ཡིན་པར། ལྟ་བ་རྟོགས་པ་དང་འབྲེལ། རྟོགས་པས་སྤྱོད་པའི་གཞི་བཟུང་ཞིང་། སྤྱོད་པ་ལྟ་བ་ལས་མ་འདས་པ་དེ་འདྲ་བ་ལ་ལམ་རྫོགས་པ་ཆེན་པོ་ཟེར་བ་ཡིན། ངའི་བླ་མས་ཀྱང་དེ་འདྲ་ཞིག་བསླབས་བྱུང་། ངས་དེ་འདྲ་ཞིག་གོ །རྫོགས་ཆེན་གྱི་རྒྱུད་གཞུང་རྣམས་ནས་ཀྱང་དེ་འདྲ་རྐྱང་མཐོང། དེ་འདྲ་ཡིན་སྟབས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཕྱོགས་དང་རིས་སུ་མ་ཆད་པ་ཐམས་ཅད་རང་རིག་པའི་རྩལ་དུ་ཡོངས་སུ་རྫོགས་ཆོག་པ་ལ། བོན་པོ་ཕར་གཅད་དགོས་པ་གང་ཞིག་ཀྱང་མ་མཐོང་། དེར་མ་ཟད་བོན་གྱི་ཁོངས་སུའང་ཞང་ཞུང་སྙན་བརྒྱུད་གཙོས་པའི་རྫོགས་ཆེན་གྱི་གདམས་པ་ཟབ་མོ་དུ་མ་ཞིག་བཞུགས་བཞིན་པ་དང་། དེའང་བཞུགས་པ་ཙམ་དུ་མ་ཟད་གདམས་པའི་བརྒྱུད་པ་མ་ཆད་པ། བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བ། ཕྱིས་བྱོན་གྱི་རྣལ་འབྱོར་པ་ཆེན་པོ་ཞིག་ལ་དཔེར་མཚོན་ན་གྲུབ་དབང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་(1859-1935)མཆོག་ཡུལ་མི་གྲོང་འཁོར་ཀུན་གྱི་ཐུན་མོང་བའི་སྣང་ངོར་མངོན་སུམ་དུ་འཇའ་ལུས་འོད་སྐུར་ཕེབས་པས། ཟབ་ལམ་བཞུགས་ངེས་པའི་བདེན་དཔང་བྱུང་བ་དེ་ལྟར་ན། ནམ་མཁའི་ནོར་བུ་བོན་པོ་ཡིན་དུ་ཆུགས་ཀྱང་མ་འགྲིགས་པ་ཅི་ཞིག་ཀྱང་མེད།

    ང་དང་ངའི་སློབ་མ་ཚོར། “རྫོགས་ཆེན་འདུས་སྡེ།” ཞེས་རྫོགས་ཆེན་གྱི་ཐ་སྙད་ཡོད་པ་དེ། གཙོ་ཆེར་ང་ཚོས་རྫོགས་པ་ཆེན་པོའི་གདམས་པ་ལ་བློ་སྦྱོང་བ་དེའི་རྒྱུ་མཚན་གྱིས་ཡིན་མོད། དེ་ཙམ་དུ་མ་ཟད་རྫོགས་པ་ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་སྙིང་པོ་རྒྱར་མ་ཆད། ཕྱོགས་སུ་མ་ལྷུང་བ་ཞིག་ཡིན་སྟབས། མིང་དེ་སྐད་དུ་གྲགས་པའང་རྒྱར་མ་ཆད་པ་ཞིག་ཏུ་ཤེས་ཐུབ། དེ་ནི་ང་ཚོས་“སངས་རྒྱས་པའི་ཆོས་ཚོགས་”ཟེར་བའམ། “ནང་པའི་ཆོས་ཚོགས་”ཟེར་བ་ལྟ་བུ་ཐེག་པ་གོང་འོག་དང་གྲུབ་མཐའི་རིས་མ་ཕྱེས་པ་དེ་ལས་ཀྱང་ཁྱབ་ཆེ་བ་ཞིག་ཡིན། གང་ལ་ཟེར་ན། སངས་རྒྱས་པ་དང་། ནང་པ་ཟེར་མཁན་དེ་ཚོས། བོན་པོ་སངས་རྒྱས་པ་མ་ཡིན་པ་དང་། ནང་པ་མ་ཡིན་པར་ངོས་བཟུང་ནས། “ནམ་མཁའི་ནོར་བུ་བོན་པོ་རེད།” ཅེས་དང་། “ནམ་མཁའི་ནོར་བུ་མུ་སྟེགས་པ་རེད།” ཅེས་ཨུ་ཚུགས་གང་ཆེས་ལབ་ལབ་བཏང་བ་དེ་ག་རེད།

    དེ་འདྲ་ཡིན་སྟབས། ང་ལ་ནི་ངས་སྨྲས་ཅི་འདྲ་ཞིག་བྱས་ནའང་། ངའི་གནས་ཚུལ་ལ་འཕོ་འགྱུར་དང་ཕན་གནོད་རྡུལ་ཙམ་ཞིག་ཀྱང་མ་མཆིས་ཤིང་། དེ་ལ་འཁོན་དུ་འཛིན་པའམ། བློ་ཕམ་སྐྱེ་བ་སོགས་གང་ཞིག་ཀྱང་མེད་ངེས་ཡིན་ནའང་། མི་སུའང་རུང་བས་ང་ལ་ངན་སྨྲས་སུ་བསམ་ནས་ལབ་ལབ་མང་པོ་བྱུང་རྒྱལ་དུ་བཏང་བ་དེ་དག་ནི། དངོས་དོན་དུ་ཆོས་པ་ཡིན་ཀྱང་ཆོས་ཀྱི་དོན་ལས་རིང་དུཕྱིན། རང་མགོ་རང་རྡུང་གི་ཐོ་བ་རང་གིས་བཟོ་བ་ཡིན་སྟབས་བསམ་མནོ་ལན་དགུར་བཏང་། བག་ཡོད་པའི་སྒོ་ནས་རང་གཞན་ཀུན་ལ་ཕན་ཡོད་རེ་བྱས་ན་ཕན་པ་དང་དགེ་མཚན་ཆེ་བ་ཡིན།

    འཛམ་བུའི་གླིང་འདིར་ཡུལ་ལུང་གང་དང་མི་རིགས་སུ་ཞིག་ཡིན་ཀྱང་རུང་། ཡུལ་དེ་དང་མི་རིགས་དེའི་རྟེན་གཞི་ནི་མི་རིགས་ཀྱི་ཤེས་རིག་དང་། དེ་དང་འབྲེལ་བའི་ལོ་རྒྱུས་ཀྱི་སྐོར་རྣམས་ཡིན། དེ་ཡང་ཤེས་རིག་ཡོད་ཙམ་དང་ལོ་རྒྱུས་ཡོད་ཙམ་པ་ཞིག་ལ་ཟེར་བ་མིན། ཤེས་རིག་དང་ལོ་རྒྱུས་བག་ཙམ་རེ་མེད་མཁན་སུ་ཞིག་ཀྱང་མེད། འོན་ཀྱང་རྒྱལ་ཡོངས་མི་རིགས་ཤེས་ཡོན་ཅན་རྣམས་ནས་སློབ་གཉེར་དང་དོ་སྣང་ངེས་པར་དུ་བྱེད་འོས་ཀྱི་ཚད་གཞི་ལྡན་པའི་ཤེས་རིག་དང་ལོ་རྒྱུས་གང་བྱུང་བྱུང་ནས་རྙེད་ཆོག་པ་ཞིག་མེད། དེས་ན་ཤེས་རིག་ལའང་རིན་ཐང་གི་ཚད་གཞི་ངེས་པ་ཅན་ཞིག་དང་དེ་ལས་ལྡོག་པ་ལོ་རྒྱུས་ཀྱིས་ཕན་ཐོགས་པ་དང་ཕན་མི་ཐོགས་པའི་རིགས་གཉིས་སུ་ཡོད་པ་དག་ཁ་ཚོན་ལེགས་པར་ཆོད་དགོས་པ་ཡིན།

    བོད་ཀྱི་མི་རིགས་ཡུན་དུ་གནས་དང་མི་གནས་ཀྱི་རྩ་གཞི་ནི་བོད་རིགས་ཀྱི་ཐུན་མོང་མ་ཡིན་པ་ཁུངས་ཐུབ་ཡང་དག་པའི་ཤེས་རིག་དང་ལོ་རྒྱུས་ཀྱི་སྐོར་རྣམས་འཛིན་སྐྱོང་ཐུབ་དང་མི་ཐུབ་པ་ལ་རག་ལས། དེའང་ཤེས་རིག་དང་ལོ་རྒྱུས་རང་རྐྱ་ཐུབ་པ་ཞིག་འཛིན་སྐྱོང་ཐུབ་དང་མི་ཐུབ་པ་ལ་རག་ལས་པ་ཡིན།

    བོད་ཀྱི་ཤེས་རིག་དང་ལོ་རྒྱུས་ཀྱི་སྐོར་དེ་སྟོན་པ་གཤེན་རབ་མི་བོ་ཆེ་བྱོན་པའི་དུས་བར་དུ་འགྲོ་ཐུབ་པ་དེས་བོད་ཀྱི་ཤེས་རིག་དང་། ལོ་རྒྱུས་ཀྱི་ཁུངས་དེ་ལོ་རྒྱུས་ཡོད་པ་ནས་བཟུང་ད་ལྟ་ཆུ་ཕོ་ཁྱིའི་ལོ་འདིའི་བར་མི་ལོ་སུམ་སྟོང་བརྒྱད་བརྒྱ་སོ་དགེ་འདས་པ་བསྟན་ཐུབ་ཀྱི་ཡོད། དེའི་སྐོར་ལོ་དུས་ཞིབ་གསལ་ནི་གཞུང་འདིར་བོན་གྱི་བྱེ་བྲག་སྐོས་ཤེས་རྩིས་མཁན་བཤད་པའི་སྐབས་ ཤ༽ ༣༦༦-༣༦༩ གསར་པོར་བསྟན་ཡོད།

    ཚུལ་དེས་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་ཀྱིས་སྐོར་རྣམས་འཛམ་གླིང་གི་ཤེས་རིག་དང་ལོ་རྒྱུས་གར་སྟེགས་མཐོན་པོའི་སྒང་ལ་ལེགས་པར་འདེགས་ཤིང་། རྒྱལ་སྤྱིའི་ཤེས་ཡོན་ཅན་རྣམས་ནས་སློབ་གཉེར་དང་འབྲེལ་བས་དོ་སྣང་བྱེད་དགོས་ངེས་པ་ཤིག་ཏུ་ཆགས་ཤིང་དེའི་མཐུ་དབང་གིས་བོད་ཀྱི་མི་རིགས་འདིའང་ཤེས་རིག་དང་ལོ་རྒྱུས་ཀྱི་གནས་ཚད་རིན་ཐང་ཚད་མེད་པ་དང་ལྡན་པའི་མི་རིགས་ཤིག་ཡིན་པའི་སྐོར་ལ་ངེས་ཤེས་རྙེད་ཐུབ་པ་དང་། དེའི་བདེན་དཔང་མངོན་གསལ་དུ་སྟོན་ཐུབ་པ་ཞིག་འབྱུང་བ་ཡིན།

    ཚུལ་འདི་དག་ནི་རང་ཅག་བློ་སེམས་གུ་དོག་པོས་ནང་ཁུལ་ཕན་ཚུན་དུ་ཆགས་སྡང་གི་ངན་སྨྲས་དཀྲུགས་རྐྱེན་བྱེད་པ་དེ་དག་ལས་རིན་ཐང་ཆེས་ཆེ་ཞིང་། རང་གཞན་ཚང་མ་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་འབྲས་བཟང་འབྱིན་པའི་རྒྱུ་བཟང་པོ་ཞིག་ཡིན་ངེས་པར་མ་ཟད། མ་འོངས་པའི་མི་བརྒྱུད་ལའང་མེད་དུ་མི་རུང་བ། གནའ་གཏམ་དུ། “ཕ་བཟང་པོའི་བཞག་པ་“ ཟེར་བ་དེ་དངོས་བདེན་འདི་འདྲ་ཞིག་ལ་ཟེར་བ་ཡིན། དེ་འདྲ་ཡིན་སྟབས་བོད་མིའི་ཤེས་རིག་དང་ལོ་རྒྱུས་བཅས་པར་དོ་སྣང་དང་ལྡན་ཞིང་། དེའི་ལ་རྒྱ་ལ་སྨན་པའི་རེ་འདོད་དང་བཅས་པ་གང་སུའང་རུང་བ་རྣམས་ནས། ཆོས་ལུགས་དང་ཡུལ་རིས་སོགས་ཀྱི་གཞི་རྩའི་ཐོག་ནས་དོན་མེད་པའི་བཤད་ཡམ་དཀྲུགས་རྐྱེན་གྱི་རིགས་དང་། དགོས་མེད་འབྲས་མེད་ཀྱི་ཞེན་གོག་ཆོས་དང་ཡང་མི་མཐུན་འཇིག་རྟེན་དང་ཡང་མི་མཐུན། ཀུན་དང་ཡང་མི་མཐུན་པར་རང་ཕུང་། གཞན་ཕུང་ཀུན་ཕུང་བ་དེ་ཚོ་ཕར་ཙམ་ན་བཞག དགོས་ངེས་པ་མི་རིགས་རང་གི་ཤེས་རིག་དང་ལོ་རྒྱུས་ཀྱི་སྐོར་ལ་དོ་སྣང་སྣ་རེ་ལས་མ་བྱུང་ནའང་དྲང་ཞིང་འོས་པའི་སྒོ་ནས་གང་ཟབ་ཟབ་རེ་བསྐྱེད། དོ་སྣང་དེའང་ཤེས་རིག་དང་ལོ་རྒྱུས་གང་ཞིག་གིས་མི་རིགས་ཀྱི་ཤེས་རིག་དང་ལོ་རྒྱུས་དངོས་སུ་མཚོན་ཐུབ་པ་ལ་ཕན་པ་དང་གང་ཞིག་གིས་དེ་དག་མཚོན་མི་ཐུབ་ཅིང། ཤེས་རིག་དང་ལོ་རྒྱུས་ཀྱི་ཁུངས་ལ་གནོད་རྐྱེན་བྱེད་པ་འདི་གཉིས་ཁ་ཚོན་གསལ་པོར་ཆོད་པའི་སྒོ་ནས་སྐབས་ཐོབ་སོ་སོའི་དགོས་པ་དོན་ལ་དྲིལ་ཤེས་པ་ཞིག་ཅི་ནས་ཀྱང་དགོས་ལག་ཆེ་བར་མཐོང་།

    ཁོ་བོས་ཨུ་ཚུགས་དང་སྡུག་རུས་ཀྱིས་བོད་ཀྱི་ཤེས་རིག་ལོ་རྒྱུས་ཀྱི་ཁུངས་སྟོན་པ་དང་། དེ་དག་མུ་མཐུད་ཅིང་ཡུན་གནས་ལ་སྨན་རེས་འབྲི་རྩོམ་བྱས་པའི་དཔེ། གཟིའི་ཕྲེང་བ་དང་། ནོར་བུའི་དོ་ཤལ། སྒྲུང་ལྡེའུ་བོན་གསུམ་གྱི་སྐོར་འདི་དག་ཀྱང་། ནམ་མཁའི་ནོར་བུ་བོན་པོ་ཡིན་མིན་དཔྱད་བྱེད་དམ། བོན་པོ་འགས་མཐོང་ནས། “རྙིང་མ་བ་བོན་ལས་ཆོས་སུ་བཅོས་ཟེར་བ་དེ་བདེན་ནོ་” ཟེར་ནས། རྙིང་མ་བ་རྣམས་ལ་གཤེ་བ་བྱེད་པའི་ཡོ་ཆས་སུ་བེད་སྤྱོད་པ་འདྲ་བོ་དང་། བན་དེ་ནང་ཁུལ་དུ། གསར་མ་བ་ཚོས། “འོ་ད་ག་ཡིན་རྙིང་མ་བ་ཚོ་བོན་པོ་གཅིག་པ་རང་རེད་འདུག ང་ཚོ་ནི་གཙང་གཙང་མ་གསེར་གྱི་མེ་ལོང་གཡའ་མེད་པ་འདྲ་བོའམ། ཤེལ་སྒོང་དྲི་མ་དང་བྲལ་བ་འདྲ་པོ་སྟོན་པའི་བསྟན་པ་ཡང་དག་པ་ཡིན་ནོ།།” ཞེས་རྙིང་མ་བ་རྣམས་ལ་གཤེ་གཤེ་གཏོང་བྱེད་དེ་འདྲ་ལྐུགས་མདོག་ཁ་བའི་ཡོ་ཆས་སུ་མི་བྱེད་པར་ཇི་ལྟར་ནད་པས་སྨན་བསྟེན་པ་དེ་ལུས་ཀྱི་ནད་སེལ་བའི་ཆེད་དུ་ཡིན་པ་ལྟར་བེད་སྤྱོད་བྱེད་སྟངས་དང་བྱེད་ཡུལ་མ་ནོར་བ་ཞིག་དགོས།

    རང་རེས་ཕྱོགས་ཞེན་དང་བྲལ་བའི་སྒོ་ནས། ཆེས་ཡུན་རིང་བའི་དུས་ནས་ཞང་བོད་ཀྱི་ཡུལ་ཁམས་རྣམས་སུ་བོན་གང་ཞིག་དར་བ་དང་། བོན་དེའི་ཁུངས་སུ་ཤེས་རིག་ཅི་དང་ཅི་འདྲ་བ་ཞིག་ཡོད་པ་དང་། དེ་དག་གི་རྣམ་པ། ཡིན་ཚུལ། བྱེད་ལས། དུས་རབས་འཕོ་འགྱུར་གྱི་ནང་དུ་དེ་དག་གནས་པའམ། འགྱུར་བའམ། སྟོང་པ་སོགས་ཇི་ལྟར་གྱུར་ཡོད་པ། ད་ལྟའི་དུས་སུ་དེ་དག་ལས་བྱུང་བའི་ཤེས་རིག་གང་དག་ཡོད་པ་སོགས་ཀྱི་སྐོར་འཚོལ་ཞིབ་ཡང་དག་པ་རེ་བྱེད་ཐུབ་ཅིང་། དེ་ལྟ་བུའི་རིན་ཐང་ཆེ་བའི་ཤེས་རིག་དེ་དག་འཛིན་སྐྱོང་བྱེད་ཐུབ་པ་ཡིན་ན། བོད་མིའི་ཤེས་རིག་གི་ལ་རྒྱ་ལ་དགེ་ཕན་དེ་ལྷག་ཅི་ཞིག་ཀྱང་མེད་ངེས་པ་ཡིན་པས། ཁོ་བོས་བྲིས་པའི་དཔེ་རྣམས་ཚུལ་འདི་དག་གི་ཆ་རྐྱེན་དུ་བྱེད་སྤྱོད་བྱེད་དགོས་པ་ཡིན།

    སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ། སྒྲུང་ལྡེའུ་བོན་གསུམ་གྱི་སྐོར་གྱི་གཞུང་འདི་རྩོམ་སྒྲིག་བྱེད་པ་པོ་ནི། ཡུལ་མདོ་ཁམས་སྡེ་དགེར་སྐྱེས་ཤིང་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་པའི་རྫོགས་ཆེན་པ་ནམ་མཁའི་ནོར་བུ་ཡིན་ལ། གནས་ནི་ཨི་ཏ་ལི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཕོར་མི་ཡ་རྒྱ་མཚོའི་ངོགས་ཀྱི་གནས་ཁང་བཀྲ་ཤིས་འཁྱིལ་པ་དང་། དུས་ནི་རྔ་ཆེན་ཞེས་པ་ཆུ་ཕོ་ཁྱི་ཡི་ལོ་(༡༩༨༢)སྨིན་དྲུག་ཟླ་བའི་ཚེས་པ་ཉེར་གསུམ། རང་གི་སྐྱེས་སྐར་ཉིན་ཡོངས་སུ་གྲུབ་པར་བྱས་པ་ཡིན།

    ཁོ་བོས་འབྲི་རྩོམ་བྱས་པའི་དཔེ་འདིར་དོ་སྣང་བྱེད་མཁན་དེ་དག་ནི་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་ཀྱི་ལ་རྒྱ་ལ་དོ་སྣང་ཡོད་ངེས་ཅན་ཞིག་ཏུ་ངེས་སྟབས། གཞུང་འདི་དང་། ཁོང་ཚོའི་སློབ་གཉེར་གྱི་གཞི་རྩའི་འོག་བོད་ཀྱི་གནའ་བོའི་ཤེས་རིག་དང་། ལོ་རྒྱུས་སྐོར་རྣམས་འཚོལ་གཞིག་མཛད་པ་བཅས་ལ་བརྟེན་ནས་འབྱུང་འགྱུར་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་ཀྱི་ཆུ་ཚད་མཐོན་པོར་འདེགས་ཐུབ་པའི་རེ་བ་དང་། དེ་ལ་བརྟེན་ནས་འབྱུང་འགྱུར་བོད་ཀྱི་མི་རིགས་དེ་དག་གིས་ཀྱང་རང་གི་ཤེས་རིག་དང་ལོ་རྒྱུས་ལ་ངེས་པ་རྙེད་ཅིང་། འཛམ་གླིང་ནང་བོད་མིའི་ཡིན་ལུགས་ཀྱི་ཚུལ་རྣམས་མི་རིགས་དེའི་ཤེས་རིག་དང་ལོ་རྒྱུས་ཀྱིས་གསལ་པོར་ར་སྤྲོད་བྱས་པར་བརྟེན། མི་རིགས་བར་གྱི་མཛའ་འབྲེལ་དང་། ཤེས་རིག་དེའི་སྒོ་ནས་མི་རིགས་གཞན་དག་ལའང་ཕན་པ་རྒྱ་ཆེན་པོ་འབྱུང་བའི་སྨོན་ལམ་བཟང་པོའང་ཞུ་གི་ཡོད།

    གཞུང་འདིར་མ་རྟོགས་པ་དང་། ལོག་པར་རྟོག་པ། འགལ་བ་འདུ་བ་སོགས་ཅི་ཞིག་ཡོད་པ་དེ་ཀུན། མཁས་དབང་དམ་པ་རྣམས་ནས་རིམ་གྱིས་འཚོལ་གཞིག་ཡང་དག་པ་གནང་བའི་སྒོ་ནས། བོད་ཀྱི་ཤེས་རིག་དང་ལོ་རྒྱུས་འདི་བཞིན་རྣམ་པར་དག་པའི་མདུན་ལམ་དུ་བསྐྱོད་པའི་སླད་དུ་དག་བཅོས་ཀྱི་ལེའུ་ཚན་འབྲི་རྩོམ་དང་། ཁ་གསབ་གང་འོས་གནང་སྐྱོང་ཡོད་པའང་ཞུ་སྤྲོ། གཞུང་འདིར་དོ་སྣང་གནང་མཁན་ཀུན་ལ་གུས་འདུད་བཀྲ་ཤིས་བདེ་ལེགས་དང་བཅས་ནམ་མཁའི་ནོར་བུས།།

    ནམ་མཁའི་ནོར་བུ་ནམ་མཁའ་གང་བར་ཤོག །

  7. BONPO says:
    2016-01-14 at 11:02 am

    གདམས་ངག་གསེར་གྱི་ཞུན་ཐིགས། །
    ༼མི་སུའང་རུང་བས་ང་ལ་ངན་སྨྲས་སུ་བསམ་ནས་ལབ་ལབ་མང་པོ་བྱུང་རྒྱལ་དུ་བཏང་བ་དེ་དག་ནི། དངོས་དོན་དུ་ཆོས་པ་ཡིན་ཀྱང་ཆོས་ཀྱི་དོན་ལས་རིང་དུཕྱིན། རང་མགོ་རང་རྡུང་གི་ཐོ་བ་རང་གིས་བཟོ་བ་ཡིན་སྟབས་བསམ་མནོ་ལན་དགུར་བཏང་། བག་ཡོད་པའི་སྒོ་ནས་རང་གཞན་ཀུན་ལ་ཕན་ཡོད་རེ་བྱས་ན་ཕན་པ་དང་དགེ་མཚན་ཆེ་བ་ཡིན།༽

  8. ཀརྡོ་གཉེར་ཕྱག་པ་ says:
    2016-01-14 at 11:49 am

    ནམ་ནོར་མཆོག་གིས།
    ་་་་་་ རང་རེས་ཕྱོགས་ཞེན་དང་བྲལ་བའི་སྒོ་ནས། ཆེས་ཡུན་རིང་བའི་དུས་ནས་ཞང་བོད་ཀྱི་ཡུལ་ཁམས་རྣམས་སུ་བོན་གང་ཞིག་དར་བ་དང་། བོན་དེའི་ཁུངས་སུ་ཤེས་རིག་ཅི་དང་ཅི་འདྲ་བ་ཞིག་ཡོད་པ་དང་། དེ་དག་གི་རྣམ་པ། ཡིན་ཚུལ། བྱེད་ལས། དུས་རབས་འཕོ་འགྱུར་གྱི་ནང་དུ་དེ་དག་གནས་པའམ། འགྱུར་བའམ། སྟོང་པ་སོགས་ཇི་ལྟར་གྱུར་ཡོད་པ། ད་ལྟའི་དུས་སུ་དེ་དག་ལས་བྱུང་བའི་ཤེས་རིག་གང་དག་ཡོད་པ་སོགས་ཀྱི་སྐོར་འཚོལ་ཞིབ་ཡང་དག་པ་རེ་བྱེད་ཐུབ་ཅིང་། དེ་ལྟ་བུའི་རིན་ཐང་ཆེ་བའི་ཤེས་རིག་དེ་དག་འཛིན་སྐྱོང་བྱེད་ཐུབ་པ་ཡིན་ན། བོད་མིའི་ཤེས་རིག་གི་ལ་རྒྱ་ལ་དགེ་ཕན་དེ་ལྷག་ཅི་ཞིག་ཀྱང་མེད་ངེས་པ་ཡིན་པས། ཁོ་བོས་བྲིས་པའི་དཔེ་རྣམས་ཚུལ་འདི་དག་གི་ཆ་རྐྱེན་དུ་བྱེད་སྤྱོད་བྱེད་དགོས་པ་ཡིན། ་་་་་་

  9. topjor says:
    2016-01-15 at 5:06 am

    མང་བོ་ཞིག་གིས་མང་པོ་ཞིག་བྲིས་འདུག་པ་དག་བལྟས་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme