Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞོ་ཡོན་ཟ་ཁང་ནས་བོད་སྐད་བཤད་ན་ཉེས་ཆད་སྒོར་༥༠༠

Posted on 2016-01-092016-01-09 By ཁ་བརྡ 12 Comments on ཞོ་ཡོན་ཟ་ཁང་ནས་བོད་སྐད་བཤད་ན་ཉེས་ཆད་སྒོར་༥༠༠

unnamed-8——ནམ་མཁའ།

 
ཁ་སང་དེ་རིང་དྲ་ཐོག་ཏུ་ཨ་མདོ་རེབ་གོང་གི་༼ཞོ་ཡོན༽ཟ་ཁང་ཟེར་བ་ཞིག་གི་ནང་དུ་བཙན་དབང་དང་གཉའ་མནོན་གྱིས་སྒྲིག་ཁྲིམས་གསར་བ་ཞིག་བཟོས་ཏེ། ཟ་ཁང་ནང་གི་ལས་བྱེད་ཚོས་བོད་སྐད་བཤད་མི་ཆོག་པ་བཟོས། གལ་ཏེ་བོད་སྐད་བཤད་ཚེ་མི་དམངས་དངུལ་སྒོར་༥༠༠ ཡི་ཉེས་ཆད་གཅོད་རྒྱུའི་ཁྱབ་བསྒྲགས་ཞིག་ཟ་ཁང་དེའི་སྒོ་འགྲམ་དུ་སྦྱར་པས། རེབ་གོང་ས་ཁུལ་གྱི་བོད་མི་རིགས་ཚོས་འདོད་མོས་མེད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་སྟབས། སྟབས་ལེགས་པ་ཞིག་ལ་ས་ཁུལ་གྱི་སྲིད་གཞུང་གིས་ཀྱང་། མི་རིགས་རང་སྐྱོང་ས་ཁུལ་གྱི་བཅའ་ཁྲིམས་ལྟར།ཟ་ཁང་དེའི་སྒོ་རྒྱག་ཏུ་བཅུགས་ཡོད།

ང་ཚོས་འདིར་ཤེས་དགོས་པའི་གནད་དོན་གལ་ཆེན་ཞིག་ནི། ཕར་ལྟས་ཚོད་ཀྱིས་ཟ་ཁང་ཞིག་གི་སྒྲིགས་གཞི་ཆུང་ཆུང་ཞིག་ཡིན་མོད། འོན་ཀྱང་ཁྱབ་ཆེ་ས་ནས་བསམ་བློ་བཏང་ཚེ། འདི་ནི་མི་རིགས་གཉིས་བར་གྱི་མཐུན་སྒྲིལ་དང་། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་གཏན་འབེབས་བྱས་བའི་མི་རིགས་རང་སྐྱོང་ཁུལ་གྱི་བཅའ་ཁྲིམས་དང་འགལ་བ་མ་ཟད། མི་རིགས་གཉིས་བར་གྱི་མཐུན་སྒྲིལ་ལ་བསམ་བཞིན་གཏོར་བརླགས་བྱས་པ་ཞིག་ཡིན། དེས་རྐྱེན་ཁྱེད་ཅག་གི་སྤྱན་ལམ་དུ་མི་རིགས་རང་སྐྱོང་ས་ཁུལ་གྱི་བཅའ་ཁྲིམས་འབུལ་རྒྱུ་ཡིན།

༡༩༨༤ ལོའི་ཟླ་༥ ཚེས་༣༡ ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དྲུག་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་ཞིང༌། ༢༠༠༡ལོའི་ཟླ་༢ ཚེས་༢༨ ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བའི་ཐོག་བཞག་པའི་མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་ལྟར་བཟོ་བཅོས་བརྒྱབ་ཡོད།

དོན་ཚང་དང་པོ། མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འདི་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཟུང་ནས་གཏན་ལ་ཕབ་པ་ཡིན།

དོན་ཚན་བཅུ་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་དར་རྒྱས་སུ་གཏོང་བའི་རང་དབང་ཡོད་པ་དང༌། རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྔར་མུས་འཛིན་པའམ་བསྒྱུར་བཅོས་བྱེད་པའི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ།

དོན་ཚན་ཞེ་དགུ་བ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་རྣམས་ལ་ཕན་ཚུན་སྐད་ཡིག་སློབ་སྦྱོང་བྱེད་རེས་བྱ་རྒྱུའི་སློབ་གསོ་གཏོང་རྒྱུ་དང་བསྔགས་བསྐུལ་བྱ་རྒྱུ། རྒྱ་རིགས་ལས་བྱེད་པས་ས་གནས་དེ་གའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྦྱང་དགོས་ལ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་རང་ཉིད་མི་རིགས་ཀྱི་སྐད་ཡིག་སྦྱང་བ་དང་བེད་སྤྱོད་དགོས་པ་དང་འབྲེལ་རྒྱལ་ཡོངས་སུ་སྤྱི་ཁྱབ་ཏུ་སྤྱོད་པའི་རྒྱ་སྐད་དང་རྒྱ་ཡིག་ཚད་ལྡན་ཅན་ཡང་སྦྱང་དགོས།

མི་རིགས་རང་སྐྱོང་ས་གནས་ཀྱི་རྒྱལ་ཁབ་གཞུང་གི་ལས་བྱེད་པའི་གྲས་ནས་ས་གནས་དེ་གར་སྤྱི་ཁྱབ་ཏུ་སྤྱོད་པའི་སྐད་ཡིག་གཉིས་ཡན་བེད་སྤྱོད་ཐོགས་མེད་བྱེད་ཐུབ་མཁན་ལ་བྱ་དགའ་སྤྲོད་རྒྱུ།

ཕྲན་གྱིས་འདིར་བཤད་འདོད་པ་གཙོ་བོ་ཞིག་ནི། བཅའ་ཁྲིམས་ཆེན་མོ་གཞིར་བཟུང་སྟེ། བསམ་ཚུལ་ཐུང་ངུ་འགའ་ཞུ་འདོད་པ་དེ་ཡིན། ང་ཚོ་ཆ་ཚང་གིས་ལུས་སེམས་གཉིས་ཀྱིས་མྱངས་མྱོང་མེད་ན་ཡང་།ཐོས་མྱོང་ཡོད་པའི་རིག་གནས་གསར་བརྗེ་ཟེར་བ་དེ་རེད། སྐབས་དེར་ཡང་བོད་སྐད་བཤད་ན་ཉེས་ཆད་གཅོད་པའི་ཁྲིམས་ཞིག་བཟོས་མྱོང་མེད་ལ། བོད་སྐད་བཤད་ཚེ་གྲལ་རིམ་འཐབ་རྩོད་ཀྱི་ཞྭ་མོ་ནག་པོ་དེ་ཡང་གཡོགས་མྱོང་མེད།

ཡིན་ན་ཡང་ཁ་སང་དེ་རིང་བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཞིག་ནས། ཟ་ཁང་ཆུང་ཆུང་ཞིག་གི་སྦྱིན་བདག་ཡིན་ན། ཟ་ཁང་ནང་བོད་སྐད་བཤད་ཚེ། ཉེས་ཆད་གཅོད་པའི་སྒྲིག་ཁྲིམས་བཟོས་ཏེ། ད་རུང་སྦྱར་ཡིག་ཟ་ཁང་གི་ཕྱིའི་སྒོ་ངོས་སུ་སྦྱར་ཐུབ་པའི་སྙིང་སྟོབས་ཞིག་གང་ནས་སླེབས་ཐུབ་པ་རེད། འདི་འདྲའི་གྲངས་ཉུང་མི་རིགས་ཀྱི་སྐད་དང་རིག་གཞུང་ལ། མཐོང་ཆུང་དང་ཁྱད་གསོད་དམའ་འབེབས་བྱེད་དོན་རྒྱུ་མཚན་གང་ལ་ཐུག་ཡོད་དམ།

དཔེར་མཚོན་སྟབས་བདེ་ཞིག་གི་སྒོ་ནས་བཤད་ན། པེ་ཅིན་གྲོང་ཁྱེར་ནས་པེ་ཅིན་གྱི་རྒྱ་རིགས་ཞིག་གིས་ཟ་ཁང་བཟུང་སྟེ། ཟ་ཁང་དེའི་ནང་ཀོང་ཏུང་གི་སྐད་བཤད་མི་ཆོག་པའི་ཁྱབ་བསྒྲགས། ཟ་ཁང་དེའི་སྒོ་ངོས་སུ་སྦྱར་ཚེ། ཀོང་ཏུང་གི་མི་དམངས་དང་ཐ་ན་པེ་ཅིན་མི་དམངས་ཚོས་ཀྱང་ངོས་ལེན་བྱ་ཐུབ་བམ། འདི་དང་གཅིག་མཚུངས་རེད།
དེས་རྐྱེན་རེབ་གོང་གི་༼ཞོ་ཡོན༽ཟ་ཁང་ཟེར་བ་དེའི་སྦྱིན་བདག་རྒྱ་བོད་ཁ་ཆེ་སོགས་མི་རིགས་གང་ཡིན་ཡང་། མི་རིགས་བར་གྱི་མཐུན་སྒྲིལ་ལ་གཏོར་བརླག་བསམ་བཞིན་བྱས་པ་མ་ཟད། རྒྱ་ནག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་གཏན་འབེབས་བྱས་པའི་ས་གནས་རང་སྐྱོང་ཁུལ་གྱི་བཅའ་ཁྲིམས་ལ། བསམ་བཞིན་ཁྲིམས་འགལ་བྱས་པ་ཞིག་ཞིག་ཡིན་པས། རྒྱལ་ཁབ་ཀྱི་རྩ་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པ་ལས། ཟ་ཁང་གི་སྒོ་བརྒྱབ་པ་ཙམ་གྱིས་འགྲིག་ཐབས་མེད་པ་རེད།

བསམ་ཚུལ།

Post navigation

Previous Post: ཉམ་ཐག་ཁྱི་ཡི་རེ་འབོད།
Next Post: ཁྱོད་ལ་དུངས་ཚུལ།

Comments (12) on “ཞོ་ཡོན་ཟ་ཁང་ནས་བོད་སྐད་བཤད་ན་ཉེས་ཆད་སྒོར་༥༠༠”

  1. རིན་ཆེན says:
    2016-01-09 at 11:21 am

    གོ་ཐོས་ལ་ཟ་ཁང་འདིའི་སྦྱིན་བདག་སྤྲུལ་སྐུ་རྫུན་མ་ཞིག་དང་ཁ་ཆེ་ཞིག་རེད་ཟེར།

  2. རིན་ཆེན says:
    2016-01-09 at 11:23 am

    ཟ་ཁང་འདིའི་སྒོ་རྒྱབ་འདུག་ཟེར་མོད།ད་རུང་ཡང་བསྐྱར་སྒོ་ཕྱེ་ངེས་རེད་ཟེར།

  3. ཇུང་ཏོག་ says:
    2016-01-09 at 11:45 am

    རྒྱ་མིའི་རྩ་ཁྲིམས་ལ་མགོ་བརྟགས་ནས་རྒྱ་མིའི་སྐད་མ་རྒྱབ་ན་སུའི་སྐད་རྒྱབ་དགོས་པ་རེད་།
    ཧ་ཧ་ཧ་དབུ་ལམ་ཚོ་།
    ཆབ་སྲིད་གང་ཡང་མི་ཤེས་མཁན་ཚོའི་དཀྲོགས་གཏམ་སྤེལ་ཨ་།

  4. ཨ་ཁུ་ནོར་བུ་ says:
    2016-01-09 at 12:00 pm

    ཟ་ཁང་མ་རེད་མགྲོན་ཁང་རེད་ ཟ་ཁང་དང་མགྲོན་ཁང་ལ་ཁྱད་པར་ཆེན་པོ་ཡོད་་

  5. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-01-09 at 12:33 pm

    ཟ་མགྲོན་གཉིས་འཛོམས་རེད་འདུག་་་་་གང་ལྟར་རྒྱུ་བདག་རྒྱ་མི་ཡིན་ཙང་ཕུགས་ལ་སྐྲག་མི་དགོས་པ་དེ་རེད་གདའ། ད་ཤེས་སོང་ངམ།

  6. ནམ་མཁའ says:
    2016-01-09 at 1:37 pm

    ཨ་ཁུ་ནོར་བུ་ལགས་ཀྱིས་གསུངས་པ་བདེན་པ་རེད་འདུག་པས་ཀློག་མཁན་ཚོར་དགོངས་འགལ་མེད་པར་ཞུ།གསོལ་མགྲོན་ཁང་ཞིག་རེད་འདུག གསོལ་མགྲོན་ཁང་ལ་བཅོས་རོགས་ཞུ། ཆབ་སྲིད་མཁས་དབང་ཇུས་ཏོག་ལགས། དབུ་ལམ་པ་ཚོས་བོད་སྐད་རྒྱག་མི་ཆོག་རྒྱ་སྐད་རྒྱག་དགོས་ཟེར་ནས་དབུ་མའི་ལམ་འདམས་པ་རེད་དམ།

  7. BONPO says:
    2016-01-09 at 8:41 pm

    ཤར་བཙོང་ཁའི་ཡུལ་དུ་ཨ་མདོའི་སྐད་རྒྱག་ཆོག་གི་མ་རེད་ཟེར་མཁན་ཞིག་སླེབས་ཡོད་ན་ངོ་མ་ཁྱད་མཚར་པོ་རེད། དེ་བས་ཀྱང་རེབ་གོང་གི་ཕལ་ཡུལ་དུ་རེབ་གོང་བའི་ཕ་སྐད་རྒྱག་ཆོག་མ་རེད་ཟེར་མཁན་ཞིག་ཡུལ་རེབ་གོང་དུ་སླེབས་ཡོད་ན་ངོ་མ་གཏམ་རྣ་བར་མི་འགྲོ་བ་ལོས་ཡིན། ཁྱེད་རེབ་གོང་བའི་ཕོ་རྒོད་མ་རྒོད་ཚོས་སྔོན་མ་ཡང་ཡུལ་རང་གི་ཕ་སྐད་དྭངས་མ་ལ་དུང་བ་ཟབ་པའི་ལོ་རྒྱུས་ཀྱི་གསེར་ཡིག་བྲིས་མྱངས་ཡོད་ལ། ད་ལན་ཡང་འདི་ལྟར་རང་ཡུལ་དུ་རང་སྐད་བཀག་འགོག་བྱེད་མཁན་ཚོར། རང་ཡུལ་རང་ལ་དབང་བའི་བསླབ་བྱ་ཡག་མོ་ཞིག་གིས་གོ་བརྡ་ལེགས་པར་སྤྲད་པའི་ལོ་རྒྱུས་གྱི་གསེར་ཡིག་བྲིས་པར་ཅིས་ནས་ཀྱང་ལེགས་གསོལ་ཞུ་བ་ཡིན། །
    བོད་རང་གི་ཡུལ་སྐད་རྒྱག་ཆོག་གི་མ་རེད། བོད་རང་གི་ལོ་རྒྱུས་ཤོད་ཆོག་གི་མ་རེད། བོད་རང་གི་ཕ་མེས་ཡང་མེས་ཀྱི་དད་མོས་རིང་ལུགས་རྒྱུན་སྐྱོང་བྱེད་ཆོག་གི་མ་རེད། བོད་རང་གི་སྔར་སྲོལ་རྙིང་པ་གང་ཡོད་རྣམས་སྔར་ལུགས་ཇི་བཞིན་སྐྱོང་ཆོག་གི་མ་རེད། བོད་རང་གི་རིག་གཞུང་དང་རིག་གནས་གང་ཡོད་རྣམས་དྲང་པོའི་ལམ་ནས་བདེན་པའི་སློབ་ཁྲིད་བྱེད་ཆོག་གི་མ་རེད་ཟེར་མཁན་ཚང་མས་ད་ལན་དགོངས་པ་ཡག་པོ་ཞིག་བཞེས་རོགས་གནོངས་ཨ། །

  8. BONPO says:
    2016-01-09 at 9:39 pm

    དེང་རྒྱ་མི་ཞིག་གིས་བོད་ཡུལ་དུ་བོད་པས་བོད་སྐད་བརྒྱབ་པར་རྒྱ་སྒོར་ལྔ་བརྒྱའི་ཆད་པ་བཅད་པ་དེ་དེར་དེ་འདྲ་ཧ་ཅང་ཧ་མི་ལས། །
    ཡིན་ནའང་སྔོན་བོད་པ་འགས་བོད་ཡུལ་དུ་བོད་པས་བོད་རང་ལུགས་སྐྱོང་ཆོག་གི་མ་རེད་ཟེར་ནས་མི་སྲོག་གི་ཆད་པ་གྲངས་འདས་བཅད་པ་དེར་སྙིང་ཁོང་རུས་པའི་གཏིང་ནས་ཧ་ལས་དགོས་པ་ཡིན་ནོ། །

  9. ཇུང་ཏོག་ says:
    2016-01-09 at 10:46 pm

    ཡུལ་ཆུ་བཏུངས་ནས་ཡུལ་ཁྲིམས་སྲུང་ཟེར་བ་
    གོ་མ་མྱོང་ངམ་།

  10. ཀརྡོ་གཉེར་ཕྱག་པ་ says:
    2016-01-10 at 2:55 am

    ཕྱིས་སུ་བོད་ནང་རྒྱ་སྐད་ཤོད་མི་ཆོག་སའི་མགྲོན་ཁང་འྡར་བཙུགས་ཐུབ་བམ། ཡང་ན། དེ་ལས་ལྡོག་ཏེ་་་་་་་

  11. ཆོས་སྐྱིད says:
    2016-01-10 at 6:35 am

    གནས་ཚུལ་འདི་ཡུལ་མི་རྣམས་ལ་ཚོད་ལྟ་བྱས་པ་ཞིག་རེད་བསམ།

  12. རིན་ཆེན says:
    2016-01-10 at 6:51 am

    རེ་སྐོང་གི་ཟ་ཁང་ཡིན་ན་གསོལ་མགྲོན་ཁང་ཡིན་ན། འདུའི་ནང་བོད་པ་མགྲོན་པོ་ཡོང་མི་ཆོག་པ་བཟོས་པ་དེ་རེད་ལ། སྔོན་འཇའ་པན་གྱིས་རྒྱ་ནག་ལ་བཙན་འཛུལ་བྱས་དུས་མེ་ཏོག་ལྡུམ་ར་ཞིག་གི་ནང་དུ་རྒྱ་དང་ཁྱི་གཉིས་ཡོང་མི་ཆོག་པ་བཟོས་པ་རེད། དེ་བཞིན་དེ་རིང་འདིར་ཟ་ཁང་དེའི་ནང་བོད་སྐད་བཤད་མི་ཆོག་ཟེར་དུས་བོད་རིགས་ཡོང་མི་ཆོག་ལབ་པ་དང་གཅིག་མཚུངས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme