Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔྱད་དུ་མེད་པའི་སྲིད་སྐྱོང་གི་འོས་མི་དག

Posted on 2016-01-072016-01-08 By ཁ་བརྡ 13 Comments on དཔྱད་དུ་མེད་པའི་སྲིད་སྐྱོང་གི་འོས་མི་དག

—-རྣོ།
 
ད་རེབ་ཀྱི་སྲིད་སྐྱོང་འོས་མི་དག་ལ་དཔྱད་དུ་བཟོད་པའི་སྐད་ཆ་ཆེན་པོ་ཞིག་རྙེད་དུ་མེད་ནའང་། ཁོ་ཚོའི་གྲས་ཀྱི་མི་གང་རུང་ཞིག་སྲིད་སྐྱོང་ལ་ངེས་པར་སྡོད་དགོས་པ་དེར་བསམ་ནས་ཅུང་ཙམ་གླེང་ན།

དང་པོ།

བློ་སེང་ལ་ཡང་བསྐྱར་སྲིད་སྐྱོང་དུ་བསྡད་ཆོག་པའི་འོས་བབ་ཡེ་ནས་མེད་ནའང་། སྔོན་འགྲོའི་འོས་འགྲན་སྐབས་ཁོ་རྩེ་ཏོག་ལ་སླེབས་པ་རེད་མོད། དེར་རྒྱུ་མཚན་མང་པོ་བགྲང་ཡ་མེད་དེ། གཅིག་ནི་ཁོ་རང་ལག་ལེན་མེད་པའི་ཁ་བཤད་ཀྱིས་སྒྲུང་གཏམ་བཤད་པར་མཁས་པ་དང་། བོད་པ་རྣམས་འུར་གྱི་སྒྲུང་ལ་ཉན་པར་སྤྲོ་བ་དེ་གཉིས་ཁ་འཕྲོད་པ་དེ་ཙམ་དང་། གཉིས་ན་ལུང་ཚན་དང་ཆོལ་ཁའི་འཐེན་ཁྱེར་གྱི་ནད་ཡམས་ཤིག་གང་སར་ལྡང་བཞིན་པ་ནི་ཁོའི་འོས་གྲངས་ལམ་དུ་འགྲོ་བྱེད་ཀྱི་རྒྱུ་རྐྱེན་གཉིས་པོ་རེད། དེ་མིན་བློ་སེང་གིས་མི་ལོ་ལྔའི་རིང་ལ་བོད་ཀྱི་རིག་གཞུང་དང་རྩ་དོན་ལ་ཕན་པའི་བྱ་ལས་གསར་བ་སྣ་གཅིག་ཀྱང་བྱས་མྱོང་མེད་ཅེས་ཚིག་ཐག་ཆོད་པོས་གླེང་ཆོག་ནའང་། བོད་པ་ཚོས་ཡང་བསྐྱར་དངོས་ཡོད་དང་ཁ་ཐག་ཆེས་ཆེར་རིང་བའི་ལྷ་སྒྲུང་གི་རྨུ་ཐག་དེ་ལ་མི་འཇུ་བའི་ངེས་པ་མི་འདུག

 

གཉིས་པ།

སྤེན་ཚེའང་འོས་གྲངས་ཨང་རིམ་གཉིས་པར་སླེབས་པ་རེད། དེ་ལའང་རྒྱུ་མཚན་གཉིས་སྟེ། གཅིག རྡ་སའི་ཆབ་སྲིད་ཁོར་ཡུག་ན་མདོ་སྟོད་དང་དབུས་གཙང་གཉིས་བར་ལ་མི་མངོན་པའི་གཡུལ་འགྱེད་ཅིག་ལངས་བཞིན་པ་དེར་ཁ་གཏད་གཅོག་ཆེད་དབུས་གཙང་བས་ཁོ་འོས་མིར་བཏོན་ཅིང་། རྒྱབ་སྐྱོར་བྱས་པ། གཉིས། ཁོ་ག་བར་སོང་ནའང་། གོང་ས་མཆོག་གི་བཀའ་དགོངས་ཞེས་མ་ཎི་འདོན་འདོན་གྱིས་རང་ཉིད་ནི་གོང་ས་མཆོག་གི་བཀའ་དགོངས་སྒྲུབ་མཁན་བསྙོན་མེད་ཅིག་ཡིན་མདོག་མདོག་གིས་ངོ་གདོང་མཐོང་མི་ཐུབ་པའི་སྐད་ཆ་མང་དག་ཅིག་བཤད་ཀྱིན་པ་དེར་རེ་བ་ཁོ་ནས་ཇི་ལྟར་བསླུས་ནའང་། རེ་བ་ཁོ་ནར་སུན་པ་མེད་པའི་བཙན་བྱོལ་བོད་པ་བྱིངས་ཀྱི་སེམས་ཁམས་སུ་བབ་པ་རེད། སྤེན་ཚེ་ལ་འདི་ལྟ་བུའི་རྒྱབ་རི་གཏན་ཞིང་ལྗིད་པོ་གཉིས་ཡོད་རུང་། ཁོ་མི་སྒེར་ལ་བྱས་ཉེས་ཡོད་པའམ། ཡང་ན་བསམ་བཞིན་དུ་བཏགས་པ་ཡིན་མིན་ཇི་ལྟར་ནའང་། རྡུལ་འཚུབ་ལྟ་བུའི་བཤད་ཡམ་དེ་དག་གིས་སྤེན་ཚེ་ངོ་མ་ཞིག་མཐོང་དུ་དཀའ་བས་རླུང་རྟ་རྒྱུགས་པའི་ལམ་ཕྲན་ཞིག་རྙེད་པར་ཁ་ཐག་ཧ་ཅང་རིང་བར་བསམ་མོད། མི་ཞིག་གིས་གཤོག་པ་ཡ་གཅིག་སྤྲད་ནའང་འཕུར་མི་འགྲོ་བས་ངེས་པ་མི་འདུག

 

གསུམ་པ།

སྤྱིར་ཀླུ་བྱམས་ལ་འོས་གྲངས་དེ་ལས་མང་བ་ཞིག་ཐོབ་དགོས་པ་འདྲ་བོ་ཡོད་ནའང་། ཁོས་ཤེས་ཤིང་བཤད་ཀྱིན་པ་དག་ནི་ཐག་རིང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་ཙམ་ལས། རང་གི་ཁོར་ཡུག་གི་སྲིད་སྟེགས་རྩོད་མི་ཤེས་པས། འཐོབ་འོས་པའི་འོས་གྲངས་དག་ཀྱང་མ་ཐོབ་པ་རེད། མདོར་བསྡུས་ནས་བཤད་ན་ཁོ་ནི་ཆབ་སྲིད་མི་ཤེས་པའི་མི་དྲང་མོ་ཞིག་རེད། དྲང་མོ་དང་དྲང་བཤད་ནི་ཆབ་སྲིད་པའི་ཕྱི་གོས་ཙམ་དུ་ཟད་ནའང་། ཁོས་ནང་སྙིང་དུ་བཅུག་པ་ནི་ནོར་འཛོལ་ཞིག་དང་དུས་ཀྱི་གནས་བབ་འཛིན་མི་ཤེས་པ་དེས་ཁོ་རང་ཕམ་པ་སྟེ། ཡོངས་སུ་ཕམ་པ་རེད། དེ་ལྟ་ནའང་ཁོའི་འབོད་སྒྲ་སྟེ་འཆར་སྒོ་གཉིས་དང་། ངོ་རྒོལ་གཉིས་ཀྱིས་ལོ་རྒྱུས་སུ་བསུབ་མི་ཐུབ་པའི་ཤུལ་རྗེས་ཤིག་བཞག་ཐུབ་པ་བྱུང་བ་ནི་སྒེར་གྱི་རྒྱལ་ཁ་ཉག་ཅིག་གོ།།

 

བཞི་པ།

བཀྲ་དབང་གིས་ཇི་ལྟར་འུར་རྒྱབ་ནའང་ཁོ་ལ་འོས་གྲངས་མང་པོ་ཞིག་ཐོབ་པའི་ཆ་རྐྱེན་མེད། དེ་ནི་ཁོའི་རྒྱབ་རོགས་སུ་ཡོད་པར་རློམ་པ་དག་ནི་རང་གི་མི་ཚེ་སྦྱིན་བདག་ལ་བརྟེན་ཞིང་། བུ་ཕྲུག་དག་ལའང་སྦྱིན་བདག་འཚོལ་བར་འབད་སྒྲུབ་བྱེད་ཀྱིན་པའི་རྩྭ་མི་ཤིང་མི་ཚོ་རེད། ད་ལྟ་བྱ་ལས་དེ་ཚོ་ཁོ་ཚོ་རང་ངོས་ནས་ཀྱང་སྒྲུབ་ཐུབ་པར་གྱུར་ཡོད་པས་བཀྲ་དབང་ནི་ཁོ་ཚོར་དགོས་མཁོ་ཆེན་པོ་མེད། ལྷག་པར་དམིགས་ཡུལ་མེད་ཅིང་། ཁ་ཕྱོགས་བོར་ཡོད་པའི་མི་ཚོ་རླུང་གང་ནས་གཡུག་ན་དར་ལྕེ་དེ་རུ་འཁྱོག་འགྲོ་བ་ཆོས་ཉིད་རེད། ད་རེབ་ཁོར་ལག་ཡོང་ཞིག་ཡོད་པ་ནི་ཆོས་ཉིད་དེ་ཧ་གོ་བྱུང་བ་དེ་རེད།

 

ལྔ་བ།

བཀྲ་སྟོབས་ལ་འོས་ཐོབ་ཀྱི་ཆ་རྐྱེན་སྣ་གཅིག་ཀྱང་མེད་པ་ལྟར་འོས་གྲངས་ཉུང་བ་ལས་ཀྱང་ཆེས་ཉུང་བ་ཞིག་ལས་མ་ཐོབ་པ་རེད། རེ་གཉིས་ཤིག་ཐོབ་པ་དེ་ཡང་ཁོ་རང་ཉིད་དང་རང་གི་གྲོགས་པོ་ཁག་ཅིག་གིས་འོས་གྲངས་ཐིག་ཏུ་མ་ཟགས་པའི་ཆེད་དུ་བླུགས་པ་དེ་རེད། ཁོ་ལ་ཁེ་བཟང་ཞིག་བྱུང་བ་ནི་མི་མང་ཞིག་གིས་ཁོ་རང་ངོ་ཤེས་པ་དང་། བོད་ཀྱི་གསར་ལམ་ཁ་ཤས་སུ་སྐད་ཆ་བཤད་པའི་གོ་སྐབས་བྱུང་བ་དེ་རེད་ལ། དེ་ཡིས་ཁོ་རང་ཡང་ཡིད་ཚིམས་ཡོད་ངེས་རེད།

བསམ་ཚུལ།

Post navigation

Previous Post: དབུས་བོད་མིའི་སྒྲིག་འཛུགས་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུར་སྲིད་སྐྱོང་དང་སྤྱི་འཐུས་འོས་མི་ཚོར་དྲི་བ།
Next Post: ང་ཚོའི་གཟུགས་པོ་ཅི་ཞིག་གིས་གྲུབ་པ་ཡིན་ནམ།

Comments (13) on “དཔྱད་དུ་མེད་པའི་སྲིད་སྐྱོང་གི་འོས་མི་དག”

  1. མཻན་བུ། says:
    2016-01-08 at 12:57 am

    སྐུ་ངོ་བློ་སེང་ངམ་སྤེན་ཚེ་གཉིས་ལས་སྲིད་སྐྱོང་སུ་སླེབས་ནའང་རྒྱ་ནག་དམར་ཤོག་གཞུང་གི་བོད་ཐོག་འཛིན་པས་དྲག་གནོན་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་ཐུབ་པས་འཇོན་ཐང་དང་ནུས་པ་མེད་པ་ཀུན་གསལ་རེད། དེ་མིན་བཙན་བྱོལ་སྤྱི་ཚོགས་ནང་བཟང་ཕྱོགས་ཀྱི་འགྱུར་བ་དང་། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཞལ་འདེབས་རོགས་སྐྱོར་དང་བོད་རྩ་དོན་དང་འབྲེལ་ཞུ་གཏུག་ཐུབ་པས་ནུས་ཤུགས་ཞན་དྲག་གཞིར་བཞག་གི་འོས་བླུག་ན་དངོས་འབྲེལ་དུ་མཐོང་།

  2. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-01-08 at 2:33 am

    རྣོ་ཟེར་བའི་མི་འདི་ནག་ཁུངས་ནས་ལྐོག་ལབ་མཁས་པ་ལ་ཨང་། ངོ་མ་ལྷག་བསམ་དང་དྲང་བདེན་སྨྲ་བའི་སྤོབས་པ་ཡོད་ན་དང་པོ་རང་ཉིད་པར་ཅིག་དང་སྦྲགས་ངོ་སྤྲོད་བྱ་ཕོད་ན་དེ་ནས་བགྲོ་གླེང་དང་དགག་བཞག་མཁན་ཚོས་རིག་པ་བརྡར་ཆོག་གི་རེད། གཞན་བཤད་པའི་གཏམ་ལ་འགན་ཁུར་མི་འདོད་པའམ་གཏམ་འཆའ་རང་ལས་མི་འགྲོ་བས་ངེས་པར་གྱིས་ཤིག་རྣོ་ལགས།

  3. རྣོ། says:
    2016-01-08 at 6:40 am

    ཁ་བརྡ་དྲ་ངོས་སུ་རྩོམ་ཡིག་བཀོད་མཁན་ཀུན་གྱིས་རང་ཉིད་ཀྱི་པར་དང་སྦྲགས་ནས་ངོ་སྤྲོད་བྱེད་ཀྱིན་འདུག་གམ། དེ་མེད་ན་ང་གཅིག་པུས་དེ་ལྟར་བྱ་དགོས་དོན་ཅི། ཁྱོད་ཀྱིས་སྐད་ཆ་བཤད་ཚུལ་ལ་བལྟས་ན་ངེད་གཉིས་བར་ལ་བགྲོ་གླེང་དང་དགག་བཞག་ཟེར་བ་དེ་ཚོ་མི་འདུག་ལོ། ཁྱོད་ཀྱིས་ཤེས་འདོད་པ་ནི་ངའི་སྐད་ཆ་དང་རྩོམ་ཡིག་མ་ཡིན་པར་ང་མི་སྒེར་གྱི་བྱ་ལས་དང་འཚོ་བ་རེད། དེ་ཁྱོད་ལ་བབ་ཡོད་པ་མ་རེད། ཁ་གསལ་ན། ཇུས་གཏོགས་ཡོད་པ་མ་རེད།

  4. ཀརྡོ་གཉེར་ཕྱག་པ་ says:
    2016-01-08 at 6:48 am

    ཁ་བརྡའི་ནང་ལ་འབྲི་མཁན་ཚོས་མིང་དང་། པར་བཀོད་ཐུབ་ན་ནི། བོད་མི་བཟང་པོ་ཅིག་ཏུ་འགྱུར་ངེས་ཀྱང་། བོད་རིགས་བླུན་རྨོངས། ཁྲམ་པ་དེ་ཚོས་ག་ལ་བྱེད་ཕོད། ཧཧ།། །།

  5. ཁྱུང་སེ། says:
    2016-01-08 at 8:15 am

    རྣོ་ཟེར་བ་འདི་རིག་པ་རྣོ་སེ་བྱུང་ང་་་་

  6. ཀརྨ་བློ་གསལ་ says:
    2016-01-08 at 8:28 am

    མིང་འདོན་མི་ཐུབ་མཁན་ཞིག་ལ་བསྔགས་བརྗོད་མི་འོས། མི་འདི་རིགས་གོང་ས་མཆོག་གྲོངས་རྗེས་གཞི་ནས་ཕྱི་ལ་ཐོན་མཁན་ཡིན་པས། གཟབ་གཟབ་བྱེད་ས་གཅིག་པུ་ཆགས་ཡོད།

  7. ལྷག་བསམ། says:
    2016-01-08 at 11:39 am

    ཀླུ་བྱམས་རྒྱ་བོ་དེ་སྙིང་རྗེ། རྒྱལ་སྤྱི་བཤད་མི་དགོས། རང་གི་མདུན་ཙམ་ཡང་མ་མཐོང་བར་གང་སར་ཁྱི་ལྟར་རྒྱུགས་པའི་འབྲས་བུ་ལ་ཉེ་ལམ་སྔ་འགྱུར་རྙིང་མའི་མཆོག་སྤྲུལ་རིན་པོ་ཆེ་གཏེར་སྟོན་ཨོ་རྒྱལ་སྟོབས་རྒྱས་ཞེས་པ་སྦིར་རྒྱལ་ཕྲན་གྱི་རྒྱལ་པོ་ཆེན་པོ་སྟོབས་དང་དཔལ་འབྱོར་གྱི་འཁོར་ལོས་སྒྱུར་བ་འགྲན་ཟླ་བྲལ་བ་གང་དེས་གསུངས་པ་ལྟར་ཡིན། ཁམས་པ་ཕོ་རྒོད་ཨུ་ཚུགས་ཅན་ཚོས་བེད་སྤྱོད་ཡག་ཐག་ཆོད་བཏང་སྟེ། མཇུག་མཐར་བེད་སྤྱོད་ཀྱི་འབྲས་བུ་སོན་པ་ན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་སྐད་གསེང་མཐོན་པོས་སྐྱོན་བརྗོད་བྱས་པར་མ་ཟད། སྨྱོན་པའི་གྲས་སུ་བཞག་ཟིན་པ་རེད། ཁོ་དང་ཁོའི་རྗེས་འབྲང་བ་གླེན་རྨོངས་ཚོར་དེ་མ་གཏོག་གཞན་ཐོབ་པའི་སྐལ་བ་མེད། སྐུ་ངོ་བློ་སེང་ལགས། ཐུགས་རྗེ་ཆེ། མུ་མཐུད་ནས་ཡིན་དཱ། ཨམ་ཕྲུག་ཚོས་རྩོམ་རིག་བཤད་ནས་སྡོད་ཅིག དབུས་པ་ཚོ་རྒྱལ་གྱུར་ཅིག ཁམས་པ་རྣམས་བློ་སྤོབས་སྐྱེད་ཅིག

  8. གངས་ཕྲུག། says:
    2016-01-08 at 9:13 pm

    རྣོ་མིང་ཅན་ལགས། ཁྱེད་ལ་དཔྱོད་ཤེས་ཀྱི་བློ་རྩེ་མེད་པའམ་སྐབས་འཚོལ་གྱིས་གཡོལ་གཏམ་གང་ཞིག་གིས་སྐད་ཆ་འདི་དག་བྱུང་བ་ཡིན་ན་ཆོག། བློ་སེང་ལ་འོས་གྲངས་མང་རྐྱེན་ནི་ལུང་ཚན་དང་ཆོལ་ཁའི་འཐོན་འཁྱེར་གྱིས་བྱུང་ཚུལ་བཤད་པ་ནི་རྒྱུ་མཚན་གོ་ལྡོག་ཏུ་སོང་བ་རེད། ཆོལ་ཁས་འཐོན་འཁྱེར་ཡིན་དཔོན་ཚེར་འོས་གྲངས་མང་དགོས་རྒྱུ་རེད། རྒྱུ་མཚན་ནི་བཙན་བྱོལ་ནང་དུ་མི་འབོར་མངས་ཤོས་དབུས་གཙང་དབུས་རྒྱུན་ལས་ཀྱིས་སྲིད་སྐྱོང་གི་འོས་གཞི་ནི་དཔོན་ཚེ་རེད། དབུས་གཙང་དང་མདོ་སྟོད་གཉིས་ཀྱི་བར་ན་མི་མངོན་པའི་གཡུལ་འགྱེད་ལངས་བཞིན་ཡོད་ཚུལ་བཤད་པར་ཡང་དོན་དངོས་ཀྱི་ལྡོག་ཕྱོགས་སུ་སོང་བར་དཔོན་ཚེའི་འོས་གྲངས་ཀྱིས་ར་སྤྲོད་བཟོས་པ་རེད། མངོན་གསལ་དོད་པོའི་རྡ་སའི་གཡུལ་འགྱེད་ནི་ཨ་མདོ་དང་ཁམས་པའི་བར་ན་རེད། མ་འོངས་པར་འདིའི་ཁ་ཕྱོགས་དེ་གང་དུ་འགྱུར་མིན་ནི་བཤད་ཚོད་ཐུབ་རྒྱུ་ཁག་པོ་རེད།

  9. བཙན་རྒོད། says:
    2016-01-11 at 2:25 am

    རྣོ་ཟེར་བ་དེའི་རྩོམ་ཡིག་གི་མགོ་ནས་ཀློག་སྐབས་ཁོང་ཁ་གསལ་གཏིང་གསལ་གྱིས་ལམ་ནས་འོས་མི་ཚོའི་དགེ་སྐྱོན་ཐེར་འདོན་བྱེད་མཁན་མྱི་གཞུང་དྲང་ཞིང་རེད་སྙམ། ཡིན་ན་ཡང་དོན་ཚན་གསུམ་པའི་སྐབས་སུ་ཁོང་ནི་རི་བོང་ཅལ་འདྲོགས་བྱེད་ཅིང་གཡམ་རྒྱུགས་ལ་དགའ་བའི་ཅོལ་ཆུང་གི་བྱིས་པ་བསམ་མེད་ཅིག་ཡིན་པ་མཐར་གཏུགས་ན་ཁོ་རང་ཀླུ་བྱམས་ཀྱི་རྒྱབ་སྐྱོར་བ་ཞིག་ཡིན་པ་དེས་ཟ་དང་ཟུར་ནས་རྟོགས་བྱུང་།སྙིང་མ་རྗེ་ད་ཁྱེད་ཚོ་ལ་རེ་བ་ཡོད་པ་མ་རེད་སེམས་པ་ལྷོད་ལྷོད་བྱོས་བཞུགས་ལོ།

  10. རྣོ། says:
    2016-01-11 at 7:19 am

    བཙན་རྒོད་ལགས། དེ་ནི་ཁྱེད་རང་གི་བསམ་བློ་དང་མིག་ཟུང་གཉིས་འཁྱོག་ཡོད་པས་ཡིན་འགྲོ། ངས་ནི་ཀླུ་བྱམས་ལ་དམིགས་བཀར་རྒྱབ་སྐྱོར་བྱ་དགོས་དོན་མེད་ལ། བྱ་ཡང་མི་སྲིད། དེ་ནི་ངས་རྒྱབ་སྐྱོར་བྱ་འདོད་པའི་མི་ཞིག་ད་རེབ་ཀྱི་སྲིད་སྐྱོང་འོས་མི་དག་གི་ཁྲོད་ན་མི་འདུག་པས་སོ།

  11. བཙན་རྒོད། says:
    2016-01-11 at 8:20 am

    རྣོ་ལགས་ཁྱེད་ཀྱིས་དམིགས་སུ་བཀར་ཞིང་ཁ་གསལ་གཏིང་གསལ་བྱས་ནས་ཀླུ་བྱམས་ལ་རྒྱབ་སྐྱོར་བྱས་འདུག་ཟེར་གྱིན་མེད་ལ་དེ་ཟེར་ཐུབ་མཁན་གྱི་བུ་ཚ་ཞིག་ཁྱོད་མིན་པ་ཡང་གསལ་བོར་ཤེས་ཡོད། ཡིན་ན་ཡང་ཁྱེད་ཀྱི་སྐད་ཆའི་ཟ་དང་ཟུར་ནས་ཁོང་ཚོ་ལས་ལྷག་པའི་ཀླུ་བྱམས་སྨད་པའི་ཟོལ་གྱིས་བསྟོད་འདུག་པ་གསལ་བོར་ཤེས་ཀྱིན་འདུག་ལ་དེས་ཁྱེད་ཀྱི་བསམ་བློ་དང་མིག་ཟུང་གཉིས་ཀླུ་བྱམས་ཀྱི་ཕྱོགས་སུ་འཁྱོག་ཡོད་པ་ཡང་གསལ་གསལ་རྗེན་རྗེན་དུ་ཤར་འདུག།

  12. ལུང་རྟོགས། says:
    2016-01-12 at 9:16 pm

    རྣོ་ཟེར་བ་འདི་དཀྲུག་ཤིང་མཁན་པོ་ཞིག་རེད། ཁོ་ལྟ་བུའི་སྐད་ཆ་ལ་རིན་ཐང་ཅི་ཡང་མེད། ཁོའི་ངོ་ལ་ཁོ་རང་མ་གཏོགས་ཚང་མ་སྐྱོན་གྱི་ཕུང་པོ་རེད་འདུག ག་རེ་བཤད་རུང་མ་བཤད་རུང་། ད་ལྟའི་སྲིད་སྐྱོང་འོས་མི་དག་ནི་བཙན་བྱོལ་ཁྲོད་ཀྱི་ཨ་ཡོད་ནང་གི་ད་ཡོད། སྒོ་ངའི་ནང་གི་སེར་རིལ་དག་དག་བཙན་བྱོལ་བོད་མི་ཚོས་གདམ་གདམ་དཀྲུག་དཀྲུག་བྱས་ནས་ཐོན་ཡོང་བ་རེད། ལར་ནས་རང་ཉིད་མ་གཏོགས་ཚང་མ་སྐྱོན་གྱི་ཕུང་པོར་མཐོང་བ་འདི་ང་རྒྱལ་ཅན་ཚོའི་རང་གཤིས་རེད། ལྷག་པར་སྲིད་སྐྱོང་བློ་བཟང་སེང་གེ་ལ་འོས་མང་པོ་ཐོབ་པ་དེ་ཆོལ་ཁའི་མཐེན་ཁྱེར་ལས་བྱུང་བ་རེད་ཟེར་བ་ནི་རྫུན་གཏམ་ཆེན་པོ་ཞིག་རེད། བཙན་བྱོལ་ནང་གི་མི་འབོར་གྱི་བརྒྱ་ཆ་དྲུག་བཅུ་བདུན་བཅུ་ཙམ་དབུས་གཙང་གིས་ཟིན་ཡོད་ཅིང་། དབུས་གཙང་དབུས་རྒྱུན་གྱིས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་འོས་མིར་སྟོན་ཡོད་པས་ཆོལ་ཁའི་མཐེན་ཁྱེར་བྱས་ན་ཁོ་རང་ལ་ཨང་དང་པོ་ཐོབ་དགོས་པ་རེད།

  13. ཀརྡོ་གཉེར་ཕྱག་པ་ says:
    2016-01-12 at 9:40 pm

    #7 ལྷག་བསམ། ་ལགས་ཀྱིས་སྤེལ་དོན།:
    January 8th, 2016 at 11:39 am
    ཀླུ་བྱམས་རྒྱ་བོ་དེ་སྙིང་རྗེ། རྒྱལ་སྤྱི་བཤད་མི་དགོས། རང་གི་མདུན་ཙམ་ཡང་མ་མཐོང་བར་གང་སར་ཁྱི་ལྟར་རྒྱུགས་པའི་འབྲས་བུ་ལ་་་་་་་་་་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme