Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས­­་ཨ་རིའི་རྒྱལ་ས་ཁུལ་གྱི་མི་མང་ལ་གསལ་བཤད་གནང་བ།

Posted on 2015-12-282015-12-28 By ཁ་བརྡ 14 Comments on དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས­­་ཨ་རིའི་རྒྱལ་ས་ཁུལ་གྱི་མི་མང་ལ་གསལ་བཤད་གནང་བ།

གློག་བརྙན་།

Post navigation

Previous Post: ཨ་མདོ་ཙོང་ཁ་སྟབས་བདེ་ཟ་ཁང་།
Next Post: འཐོར་ཞིག་གི་ལམ་དུ་ཕྱོགས་པའི་བོད་མིའི་སྒྲིག་འཛུགས།

Comments (14) on “དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས­­་ཨ་རིའི་རྒྱལ་ས་ཁུལ་གྱི་མི་མང་ལ་གསལ་བཤད་གནང་བ།”

  1. ཨ་ཁུ་ནོར་བུ་ says:
    2015-12-28 at 10:27 pm

    ནིའུ་ཡོག་གཞོན་ནུ་ཚོགས་པར་ངས་རྒྱ་ནག་གཞུང་ཚབ་དང་ཤུགས་ལྡན་ཚོགས་པའི་ཚབ་ཞུས་ནས་བཀྲིས་བདེ་ལེགས་ཞུ་གི་ཡིན་།

  2. གཙང་ཞོལ་བདེ་གསལ། says:
    2015-12-29 at 12:49 am

    ཏག་ཏག་རེད། ཕན་ཐོགས་མེད་ན་སྒོ་རྒྱག་དགོས་པ་རེད།

  3. རིག་གྲོལ། says:
    2015-12-29 at 9:06 am

    དབུས་ཚོགས་གཙོ་ལས་ཐོགས་འདི་ཚོའི་སྐབས་སུ་རྙོག་དྲ་འདི་གཙང་སེལ་མི་ཐུབ་པ་གཏན་འཁེལ་རེད། རྒྱུ་མཚན་ནི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ཁོ་རང་རྙོག་དྲའི་ནང་ཚུད་ཟིན་པ་དང་། ནིའུ་ཡོག་གཞོན་ནུ་ཚོགས་གཙོ་ངག་དབང་དཔལ་ལྡན་སོགས་དང་ཁོ་ཚོའི་བར་དུ་སྒེར་འཁོན་ཡོད་པ། བསྟན་འཛིན་འཇིགས་མེད་ལ་རང་ཚུགས་མེད་པར་མི་ཅོལ་ཆུང་ཁ་ཤས་ཀྱི་གཡམ་རྒྱུག་འོག་ཚུད་ཟིན་པ། ནིའུ་ཡོག་མི་མང་གིས་བསྟན་འཛིན་འཇིགས་མེད་སོགས་ལ་རྒྱབ་སྐྱོར་མེད་པ་བཅས་ཀྱིས་རེད།
    དེ་ལས་བསྟན་འཛིན་འཇིགས་མེད་སོགས་ནས་དབུས་རྒྱུན་མི་ལྔ་ཨ་རིར་འགྲོ་དགོས་པའི་རྒྱུ་མཚན་དང་། སོང་བའི་ལས་བསྡོམས། མགྲོན་ཤོག་གཏོང་མཁན་སུ་ཡིན་མིན་སོགས་ལ་གསལ་བཤད་ཡག་པོ་ཞིག་བྱས་ཏེ་མི་མང་ཡིད་ཆེས་ཡོང་བ་ཞིག་བཟོ་རྒྱུ་དང་། སྐབས་རྗེས་མའི་ཚོགས་གཙོ་སོགས་ལ་འདུམ་འགྲིག་འདི་རྩིས་སྤྲད་ཚེ་དགེ་མཚན་ཆེ་ཙམ་མཐོང་གིན་འདུག
    དེ་མིན་དྲ་ལམ་ནས་སྡིགས་རེས་སྨོད་རེས་བྱས་པ་ཁོ་ནས་ནམ་ཡང་ལས་ཀ་མཐའ་འཁྱོལ་མི་ཡོང་བ་མ་ཟད་དབུས་གཞོན་ནུའི་མཚན་མཐོང་ལ་རྨ་འབྱིན་པ་ཞིག་ཆགས་ངེས་རེད། ད་ལྟ་བསྟན་འཛིན་འཇིགས་མེད་སོགས་ཀྱི་ལས་འགན་གལ་ཆེ་ཤོས་ནི་དབུས་གཞོན་ནུའི་སྒྲིག་འཛུགས་དང་མཚན་མཐོང་གཉིས་སྲུང་སྐྱོབ་བྱེད་རྒྱུ་དེ་རེད།

  4. ལྷ།བྱ་འཕུར་མ། says:
    2015-12-29 at 11:01 am

    དེང་སང་སྤྱི་ཚོགས་འབྲེལ་ལམ་དྲ་ཚིགས་སྐད་འཕྲིན་དང་ངོ་དེབ་སྟེང་དབུས་ས་གཉིས་ཀྱིས་དྲི་བ་དྲི་ལན་འདི་འདྲ་ཞིག་འགྲོ་བཞིན་ཡོད་པ་འདིར་འགོད་པ་ཆོག་པ་ཞུ།

    ༼ནེའུ་ཡོག་ས་གནས་ཀྱི་དྲི་བ་དག་ལ་དབུས་ཀྱིས་འདི་ལྟར་ལན་བསྐྱོན་ངེས། ༽

    སྒོ་བརྒྱབ་ཟིན་པའི་ས་གནས་ནེའུ་ཡོག་དང་ནེའུ་ཇར་སེ་གཞོན་ལྷན་གྱིས་དབུས་གཞོན་ནུའི་ཚོགས་གཙོར་དྲི་བ་བཏང་བ་དག་ལ་དབུས་ཀྱིས་ལན་འདི་ལྟར་རྒྱག་ངེས་རེད།

    ༡༽ དབུས་ཀྱི་ཚོགས་གཙོ་ནེའུ་ཡོག་ལ་སླེབས་ཀྱང་མི་མང་ལ་གདོང་སྟོན་མི་ཕོད་པའི་རྒྱུ་མཚན་གང་ཡིན་ནམ།
    ལན། ནེའུ་ཡོག་དང་ནེའུ་ཇར་སེ་གཞོན་ལྷན་ནང་དུ་ཚོགས་མི་མང་ཤོས་གཞོན་ནུའི་ཚོགས་མི་མིན་པས་གདོང་སྟོན་པའི་རྒྱུ་མཚན་གང་ཡང་མི་འདུག

    ༢༽ དབུས་ཀྱི་ཚོགས་གཙོས་ས་གཞོན་སྒོ་བརྒྱབ་པའི་གསལ་བསྒྲགས་དེ་ནེའུ་ཡོག་མི་མང་མདུན་ལ་མ་བྱས་པར་ས་གནས་གཞན་ནས་བྱེད་དོན་གང་ཡིན་ནམ།
    ལན། ས་གནས་ནེའུ་ཡོག་དང་ནེའུ་ཇར་སེའི་གཞོན་ལྷན་གནས་སྐབས་སྒོ་བརྒྱབ་པའི་གསལ་བསྒྲགས་བྱས་པའི་སྐོར་ཡིག་འབྲེལ་བྱས་ཡོད་ཅིང་། དབུས་ཀྱི་ཚོགས་མི་ནེའུ་ཡོག་བསླེབས་ནས་ས་གནས་ཚོགས་གཙོ་དང་ཚོགས་གཞོན།དྲུང་ཆེ་བཅས་ལ་གསལ་བཤད་བྱས་ཡོད། གང་ཡིན་ན་ཟེར་ན།ད་ལོའི་གསུམ་བཅུ་དུས་དྲན་སྐབས་ས་གནས་གཞོན་ལྷན་གྱི་ཚོགས་གཙོས་ལས་རོགས་འགའི་སྒེར་གྱིས་ལྟ་གྲུབ་ཐོག་ནས་སྤྱི་ཚོགས་ཕུ་དཀྲུགས་མདའ་དཀྲུགས་བྱས་སྟབས་ས་གནས་གཞོན་ལྷན་གནས་སྐབས་རིང་སྒོ་བརྒྱབ་པ་ལས་གཏན་དུ་སྒོ་བརྒྱབ་མེད།

    ༣༽ དབུས་ཀྱི་ཚོགས་གཙོས་ནེའུ་ཡོག་ས་གཞོན་དང་གནས་སྟངས་གཅིག་པ་ཡིན་པའི་རྒྱ་གར་ནང་གི་ཚོགས་པ་བརྒྱད་སྒོ་མ་བརྒྱབ་པར་ནེའུ་ཡོག་གཅིག་པུ་སྒོ་བརྒྱབ་པའི་རྒྱུ་མཚན་གང་ཡིན་ནམ།
    ལན། ས་གནས་ནེའུ་ཡོག་དང་ནེའུ་ཇར་སེ་གཞོན་ལྷན་གནས་སྐབས་སྒོ་བརྒྱབ་པ་དང་ས་གནས་བརྒྱད་ཀྱི་གནས་སྟངས་ཁ་ཁ་ཡིན་པས་དབུས་ཀྱི་ཚོགས་ཆེན་ཐོག་ཐག་གཅོད་བྱས་ཡོད་འདུག ལྷག་པར་དུ་ཕྱིར་འབུད་ཟིན་པའི་ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ་སོགས་ཀྱིས་གཞོན་ལྷན་ལ་མིང་ཆད་སོགས་བཟོས་ཡོད་པས་ཁོ་ཚོའི་བྱ་ངན་སྤྱོད་ངན་གཞོན་ནུའི་ལོ་རྒྱུས་ནང་བསུབ་མི་ཐུབ་པའི་ཉེས་པ་ཆེན་པོ་ཞིག་ཆགས་ཡོད།

    ༤༽ ནེའུ་ཡོག་ས་གཞོན་སྒོ་བརྒྱབ་པར་རྒྱ་གར་ནས་དབུས་ཀྱི་མི་ལྔ་འགྲོ་སོང་འབོར་ཆེན་བཏང་ནས་ཡོང་དགོས་དོན་ཨེ་ཡོད་དམ།
    ལན། ཕྱིར་འབུད་ཟིན་པའི་ཚོགས་གཙོས་གནས་སྐབས་ས་གཞོན་སྒོ་བརྒྱབ་ཟིན་པའི་ཚོགས་པའི་མིང་ཐོག་ནས་དབུས་ཀྱི་མི་ལྔ་ཨ་རིར་ཡོང་བའི་འགྲོ་གྲོན་སོགས་ཀྱི་སྐོར་ལ་སེམས་ཁྲེལ་དང་དྲི་བ་གཏོང་བའི་དབང་ཆ་མེད་ལ་དྲི་བར་ལན་རྒྱག་དགོས་པའང་གང་ཡང་མེད།

    ༥༽ ད་ལྟའི་ས་གནས་གཞོན་ནུའི་རྒྱུན་ལས་རྣམས་དེ་སྔ་མི་མང་སྟོང་ཕྲག་བརྒལ་བའི་ཚད་མཐོའི་རྒྱབ་སྐྱོར་ལ་བརྟེན་ནས་འདེམས་བསྐོ་བྱུང་བ་རེད། གྲངས་ཚད་དེ་ནི་དབུས་གཞོན་ནུའི་ལས་བྱེད་འདེམས་པའི་གྲངས་ཚད་ལས་མང་བ་ཡོད་ལ། སྤྱི་འཐུས་ཤིག་འདེམས་པའི་གྲངས་ཚད་ལས་བརྒལ་ཡོད། དེ་ནི་བོད་ཀྱི་གཞོན་ནུའི་ལོ་རྒྱུས་ནང་བྱུང་མྱོང་མེད་པ་ཞིག་རེད། དེར་སྣང་ཆུང་བཏང་ན་ག་ནས་འགྲིགས་ཀྱི་རེད་དམ།
    ལན། ས་གནས་ནེའུ་ཡོག་དང་ནེའུ་ཇར་སེ་གཞོན་ནུ་ཚོགས་པའི་ནང་ཚོགས་མི་རྫུན་མ་མང་དྲགས་པས་མི་ཚོགས་སྟོང་ཕྲག་བརྒལ་བའི་ཚད་མཐོའི་རྒྱབ་སྐྱོར་ཡོད་ཟེར་བ་ནམ་མཁར་མི་ཤོང་བའི་སྐྱག་རྫུན་ལུང་པ་གང་བཤད་འདུག གཞོན་ནུའི་ཚོགས་མི་མིན་པ་ཚོས་གཞོན་ནུའི་ལངས་ཕྱོགས་དང་རྩ་དོན་སོགས་ལ་འགལ་བའི་སྐད་ཆ་ཤོད་པའི་ཐོབ་ཐང་མེད་པ་མ་ཟད་། ཁོ་ཚོས་བྱ་སྤྱོད་དེས་དམངས་གཙོའི་ཁེ་དབང་ལ་རྡོག་རོལ་བཏང་བ་ལས་འདི་ནས་སྣང་ཆུང་རིགས་གང་ཡང་བྱས་མེད་པར་ཐུགས་འཇགས་འཚལ།

    ༦༽ ལྷག་པར་དུ་རྒྱུན་ལས་རྣམས་རྩ་དགོངས་བཏང་དགོས་པའི་དབང་དུ་བཏང་ཡང་གཏོང་དབང་ཡོད་པ་གཅིག་པུ་དེ་མི་མང་རེད། དེ་མིན་སུ་གང་གིས་བཏང་ཐུབ་ཀྱི་མེད། གནས་ལུགས་དེར་མང་གཙོ་ཟེར་བ་མ་རེད་དམ།
    ལན། ས་གཞོན་གྱི་རྒྱུན་ལས་རྣམ་པ་ཚོའི་གཞོན་ལྷན་གྱི་མིང་དང་ལས་ཤོག་སོགས་བེད་སྤྱོད་གཏོང་མཁན་གང་ཟག་གིས་གཞོན་ནུའི་ལངས་ཕྱོགས་དང་མ་མཐུན་པ་དང་སྒེར་གཅོད་བྱེད་ཚེ་དབུས་ནས་ཇི་ལྟར་ཐག་གཅོད་བྱེད་མིན་དབུས་ལ་དབང་ཚད་ཡོད་པ་འཛམ་གླིང་ཡོངས་ཁྱབ་ཡིན་པས་དམངས་གཙོ་ཡིན་མིན་གྱི་གནས་ལུགས་གང་ཡང་མ་རེད།གལ་སྲིད། ཁྱེད་རྣམ་པས་དམངས་གཙོའི་གོ་དོན་རྟོགས་པ་ལོག་རྟོགས་བྱུང་ཚེ་དམངས་གཙོའི་ཁྱབ་ཁོངས་དང་ཐོབ་ཐང་། དམིགས་བསལ་སོགས་ཀྱི་ཡིག་ཆ་ཞིབ་པར་ཀློག་རོགས་གནོངས།

    ༧༽ མང་གཙོ་གལ་ཆེའམ་གཞོན་ནུའི་སྒྲིག་གཞི་གལ་ཆེ་བ་རེད་དམ།
    ལན། དམངས་གཙོ་གལ་ཆེའམ་གཞོན་ནུའི་སྒྲིག་གཞི་གལ་ཆེ་བ་ཟེར་བ་བྱིས་པ་སྣབས་ལུགས་ཅིག་ལ་ཕ་མ་གཉིས་ཀྱི་ནང་ནས་སུ་གལ་ཆེ་མིན་དྲིས་པ་དང་གཅིག་མཚུངས་རེད། གཞོན་ནུའི་ཚོགས་ཁོངས་ནས་བསྡད་ན་གཞོན་ནུའི་སྒྲིག་གཞི་ལ་བརྩི་སྲུང་དང་ལག་བསྟར་བྱེད་དགོས་རེད།

    ༨༽ མི་མང་གལ་ཆེའམ་གཞོན་ནུའི་ལངས་ཕྱོགས་གལ་ཆེ་བ་ཡོད་དམ།
    ལན། རང་བཙན་གལ་ཆེན། འབྱུང་འགྱུར་གྱི་བོད་རིགས་མི་རབས་གཞན་རྣམས་ལ་རང་བཙན་དེ་བས་གལ་ཆེན།

    ༩༽ བཙན་བྱོལ་བོད་མིའི་སྒྲིག་བཙུགས་གལ་ཆེའམ་གཞོན་ནུ་ཚོགས་པ་གལ་ཆེ་བ་ཡོད་དམ།
    ལན། གོང་གི་ལན་གྱིས་ཆོག་པ་ཞུ།

    ༡༠༽ ཐོག་མར་རང་གཞུང་དང་མི་མང་གི་ཆེད་དུ་གཞོན་ནུ་ཚོགས་པ་བཙུགས་པ་རེད་དམ། གཞོན་ནུའི་ཆེད་དུ་རང་གཞུང་བཙུགས་པ་རེད་དམ།
    ལན། བོད་རྒྱལ་ཁབ་ཀྱི་རང་བཙན་བསྐྱར་གསོ་ཆེད་དུ་གཞོན་ལྷན་བཙུགས་པ་རེད། གཞོན་ལྷན་གྱི་ལྟ་གྲུབ་དང་ལངས་ཕྱོགས་མ་མཐུན་ཚེ་སོ་སོའི་ལྟ་གྲུབ་ལྟར་ཚོགས་པ་གང་ལ་ཞུགས་མིན་མི་སྒེར་གྱི་གནད་དོན་ཡིན་པས་ཇུས་ཏོག་བྱེད་འདོད་མེད། གལ་སྲིད་། ཚོགས་པའི་ཚོགས་མི་ཁོངས་སུ་ཡོད་ན་ཚོགས་པའི་ལྟ་གྲུབ་དང་སྒྲིག་གཞི་གཙོས་ལས་རིམ་སོགས་གུས་བརྩི་དང་ལག་ལེན་ཤར་སྐྱོད་བྱེད་དགོས།

    ༡༡༽ དབུས་གཞོན་ནུའི་དམིགས་ཡུལ་ངོ་མ་དེ་ས་གནས་གཞོན་ནུ་སྒོ་བརྒྱབ་རྒྱུ་དེ་ཨེ་ཡིན་ནམ།
    དབུས་གཞོན་ནུས་དྲི་བ་མཛུབ་མོ་རི་སྟོན་དག་ལ་ལན་རྒྱོབ་དང་།
    ལན། ས་གནས་ནེའུ་ཡོག་དང་ནེའུ་ཇར་སེ་གཞོན་ལྷན་གྱིས་གཞོན་ནུའི་ལྟ་གྲུབ་ལྟར་བོད་རང་བཙན་བསྐྱར་གསོ་བྱེད་པར་དབུས་གཞོན་ལྷན་དང་འཕྱར་གྲུ་མཉམ་འདེགས་གནང་འདོད་ཡོད་ཚེ་བསྐྱར་དུ་ས་གནས་སྒོ་འབྱེད་ཆོག་ཆོག་ཡིན་ཞེས་ཐུགས་འཇགས་འཚལ།

    (མཆན། དྲི་བའི་ནང་གི་ཡིག་ནོར་ཇི་བྱུང་རང་སོ་བཞག་ཡོད། དབུས་གཞོན་ནུ་ལྷན་ཚོགས་ལ་ཚོགས་པའི་མིང་དང་ལས་རྟགས། ལས་ཤོག་སོགས་ཀྱི་བདག་དབང་ཆ་ཚང་ཡོད་པས་ཆོག་མཆན་མེད་པར་བཀོལ་སྤྱོད་ལོག་པའི་རིགས་བྱུང་ཚེ་ཁྲིམས་འགལ་ཡིན།)

  5. ཁྱུང་སེ། says:
    2015-12-29 at 11:36 am

    རེད་རེད་ཡག་པོ་བྲིས་འདུག དབུས་ཀྱིས་སྒོ་བརྒྱབ་རྒྱུར་བཀའ་བཏང་ཚར་དུས་ད་དུང་མི་མང་བསྡུ་བསྐོང་བྱས་ནས་མང་མོས་རྒྱབ་སྐྱོར་བྱུང་རབས་ཤོད་པ་ནི་རྐུན་མ་ཧམ་ཆེན་གྱིས་མི་གསོད་ཅེས་པ་དེ་ཅིས་མི་བདེན།།

  6. ངས་པོ་རྒྱལ་མཚན། says:
    2015-12-29 at 7:50 pm

    སྤྱིར་བཏང་རྒྱལ་ཁྲིམས་ལུགས་ཀྱི་འགྲོ་སྟངས་ལྟར་ན། ཆེ་བ་རྒྱལ་ཁབ་དང་ཆུང་བ་ཚོགས་པ་གང་འདྲ་ཞིག་གི་ལས་བྱེད་ལས་སྣེ་འདེམས་སྐོ་བྱེད་སྐབས་སུ། དང་པོ། རྒྱལ་ཁབ་ཀྱི་སྲིད་འཛིན་ནམ་སྲིད་བློན་འདེམས་སྐབས་རྒྱལ་ཁབ་དེའི་མི་སེར་མ་གཏོགས་གཞན་ལ་འོས་ཤོག་བླུག་རྒྱུའི་ཐོབ་ཐང་མེད། གཉིས་པ། ཚོགས་པ་གང་འདྲ་ཞིག་གི་ལས་བྱེད་འདེམས་སྐབས་ཚོགས་པ་དེའི་ཚོགས་མི་མ་གཏོགས་འོས་ཤོག་ལྡུག་རྒྱུའི་ཐོབ་ཐང་མེད། ཡིན་ནའང་དེང་དུས་དམངས་གཅོའི་རྒྱལ་ཁབ་ཆེ་ཤོས་ཨ་རི་ནང་དུ། བོད་པས་དེ་ལས་ལྡོག་སྟེ་ནིའུ་ཡོག་དང་ནིའུ་ཇར་སི་གཉིས་ཀྱི་ས་གནས་གཞོན་ལྷན་གྱི་ལས་བྱེད་འདེམས་སྐབས་གཞོན་ལྷན་ཚོགས་མི་མ་ཡིན་པ་མང་པོས་འོས་ཤོག་བླུགས་འདུག དེ་ནི་དམངས་གཙོ་དང་དམར་ཤོག་གི་གང་གི་ཁོངས་སུའང་མི་རྟོག་པའི་ལམ་ལུགས་ཤིག་མ་རེད་དམ།

  7. བསྟན་རྣམ། says:
    2015-12-30 at 1:38 am

    དབུས་གཞོན་ནུ་ལྷན་ཚོགས་ཀྱིས་ས་གནས་གཞོན་ནུ་ལྷན་ཚོགས་སྒོ་རྒྱག་གི་འདུག་ཀྱང་། མི་མང་གིས་དབུས་གཞོན་ནུ་སྒོ་རྒྱག་རྒྱུར་ཞེ་དྲག་འགོར་གི་མ་རེད། ཐེངས་འདིའི་དབུས་གཞོན་ནུའི་རྒྱུན་ལས་རྣམས་ཀྱིས་དོན་མེད་རྙོག་གླེང་མང་པོ་ཞིག་བཟོས་བ་རེད། འདི་དོན་གྲུབ་ལྷ་དར་ནས་འགོ་བཙུགས་པ་རེད། དོན་གྲུབ་ལྷ་དར་གྱིས་ས་རཱ་མཐོ་སློབ་དང་། ནོར་གླིང་། གསོག་སྒར་བཅས་སུ་རྙོག་གླེང་མང་པོ་ཞིག་བསླངས་ཡང་མཐའ་མ་ཁོ་རང་ཕྱིར་ཕུད་དེ་རྙོག་གླེང་དེ་ཚོར་གྲུབ་འབྲས་གང་ཡང་ཐོབ་མེད་པར་མི་མང་གིས་ཁོ་རང་ཕྱིར་ཕུད་པ་རེད། ད་སྐབས་གཞོན་ནུའི་རྙོག་དྲ་འདི་རྟེན་འབྲེལ་ཆུགས་ཚར་ཡོད། མི་རིང་བར་མི་མང་གིས་དབུས་གཞོན་ནུ་ལྷན་ཚོགས་སྒོ་རྒྱག་གི་རེད་སྙམ། ཚོགས་པ་འདིའི་ལོ་རྒྱུས་ཀྱི་གྲུབ་འབྲས་ཉམས་རྒྱུར་འགོ་བཙུགས་འདུག འཇིག་རྟེན་གྱི་བྱ་དངོས་གང་ཡིན་ཡང་འཕེལ་རྒྱས་ཅི་འདྲ་ཕྱིན་ཀྱང་དུས་བསྟུན་ཡར་རྒྱས་གཏོང་མ་ཐུབ་ཚེ་ཉམས་རྒྱུ་འགོ་འཛུགས་ཀྱི་རེད། དེར་བློ་ཕམ་སྐྱེས་ནས་ཡོང་རྒྱུ་ཅི་ཡང་ཡོད་མ་རེད། མི་མང་གི་འདོད་བློ་དང་བྲལ་བའི་ཚོགས་པ་དང་སྒེར་བ་སུ་ཡིན་ཡང་མཐའ་མ་ཕམ་རྒྱུ་ཉག་གཅིག་རེད།

  8. དྲང་བདེན says:
    2015-12-30 at 8:05 pm

    ནེའུ་ཡོག་ས་གནས་གཞོན་ནུ་གཞོན་ནུ་རྒྱུན་ལས་ལས་ཐོག་པ་དེ་དག་ཞབས་འདྲེན་ངོ་མ་རེད རྒྱལ་བའི་ཁ་ལ་ཁུར་ནས་གཞོན་ནུ་ཁྲག་ལྟར་དཀྲུག པོ་དང་རྨོ་ཆབ་སྲིད་དྲི་མ་མ་ཁ་བ་མགོ་འཐོམས་ཁ་ཤས་དཔུང་སྒྲིལ་་ནས་རྒྱལ་གཅེས་སེམས་ལ་རྨ་ཁ་ངོ་མ་བཟོས་སོང ལངས་ཤོར་དེ་དག་ལོསང་སུ་ཤོར་ན་བོད་ལ་བདེན་པའི་མཐའ་གསལ་བའི་དུས་ཤིག་ག་དུས་ཡོད

  9. ལྷ་སའི་བུ་ says:
    2015-12-31 at 11:16 am

    དབུ་མ་དང་རང་བཙན་སྐོར་ནང་ཁུལ་རྙོག་ཁྲ་བཟོས་ནི་མི་འདོད་པར་ལས་འགུལ་སྤེལ་དང་། གྲུབ་འབྲས་ཐོན་པའི་ལས་དོན་སུས་བྱས་ནའང་འགྲིགས་ཀྱི་རེད། རྒྱ་མིའི་ཁ་དཔེར་། རྩི་རྩི་འཇུ་ཐུབ་མཁན་ཞིག་བྱུང་ན། ཞི་མི་དཀར་ནག་ལ་ཁྱད་པར་མེད། ཅེས་པ་ལྟར་རེད།
    མང་གཙོའི་སྒྲིག་འཛུགས་ཆེ་ཆུང་གང་ཡིན་ཡང་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་ལ་གུས་བརྩི་ཞུ་རྒྱུ་མང་གཙོའིལམ་ལུགས་རེད། ས་གནས་གཞོན་ནུའི་ཚོགས་པ་དབུས་གཞོན་ནུའི་བཀོད་ཁྱབ་འོག་མི་འགྲོ་མཁན་ཚོ་ནོར་པ་རེད། ལྟ་སྤྱོད་ལ་འགྱུར་བ་གཏོང་དགོས་ཡོད་ཚེ་རྒྱལ་ཡོངས་ཚོགས་འདུའི་སྐབས་ཐག་གཅོད་བྱ་རྒྱུ་ལས་རང་སྣང་གང་དྲན་བྱེད་ས་ཨེ་ཡོད།

  10. ལྷ་སའི་བུ་ says:
    2015-12-31 at 1:25 pm

    ནོར་བཅོས། རྙོག་ཁྲ་བཟོས་ནི་མི་སྡོད་པར་ཟེར་རྒྱུ་ཡིན། འདོད་ཅེས་པ་ནོར་འདུག།
    རྩི་རྩི་། ཙི་ཙི་ བཟོ་རོགས་གནང་།

  11. ཀརྡོ་གཉེར་ཕྱག་པ་ says:
    2016-01-07 at 3:00 pm

    རང་བཙན་དང་དབུ་མ།
    https://www.facebook.com/lobsang.tsering.14/videos/10206456243578819/

  12. ཀརྡོ་གཉེར་ཕྱག་པ་ says:
    2016-01-08 at 11:48 am

    གཞོན་ལྷན་ཚོགས་ཟུར་ཅིག་གིས།
    https://www.youtube.com/watch?v=iMeuTMGoTLs

  13. ཀརྡོ་གཉེར་ཕྱག་པ་ says:
    2016-01-08 at 11:49 am

    ཚོགས་གཙོ་ཡིན་དུས།
    https://www.youtube.com/watch?v=KExIP6o02kA

  14. ཀརྡོ་གཉེར་ཕྱག་པ་ says:
    2016-01-11 at 10:01 am

    གཞོན་ལྷན་ཚོགས་གཙོས་གསལ་བཤད།
    https://www.facebook.com/tsedup.dorjee.18/videos/998400033552387/

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme