Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་གི་སྲིད་བློན་ཝུན་ཅ་པོ་སྐྱེ་དགུ་མདོར་འབྱོར་ཡོད་པ།

Posted on 2010-04-15 By དབང་ཕྱུག་ 10 Comments on རྒྱ་ནག་གི་སྲིད་བློན་ཝུན་ཅ་པོ་སྐྱེ་དགུ་མདོར་འབྱོར་ཡོད་པ།

www

རྒྱ་ནག་གི་སྲིད་བློན་ཝུན་ཅ་པོ་ཚེས་༡༥ཉིན་གྱི་ཕྱི་དྲོའི་དུས་ཚོད་༦སྟེང་ཡུལ་ཤུལ་རྫོང་དུ་འབྱོར་ཡོད་པ་དང་། ས་ཡོམ་གྱི་གནོད་འཚེ་ཐེབས་པའི་ས་ཁུལ་ལ་ཕེབས་ནས་གནས་ཚུལ་རྒྱུས་ལོན་དང་གནོད་འཚེ་ཐེབས་པའི་མང་ཚོགས་ལ་འཚམས་འདྲི། གནོད་སེལ་རྒུད་སྐྱོབ་བྱ་བར་མཛུབ་སྟོན་གྱི་ལས་དོན་དངོས་ལ་ཞུགས་ཡོད་འདུག སི་ཁྲོན་ཝུན་ཁྲོན་གྱི་ས་ཡོམ་སྐབས་ཀྱི་ཚོར་སེམས་དེ་དང་། འགན་ཁུར་དེར་གསར་ལམ་ཁག་ནས་བསྟོད་བསྔགས་མང་པོ་ཐོབ་པ་ལྟ་བུ་ཞིག་འདིར་ཡང་ བྱུང་བ་ཡིན་ན། གནོད་སེལ་གྱི་བྱ་བར་རེ་བ་ཅུང་ཡོད་པ་རེད་ཅེས་གསར་འགྱུར་འདི་སྐོར་ཀློག་མཁན་མང་པོས་དྲ་ངོས་ཀྱི་གླེང་མོལ་མང་པོ་བྱས་དང་བྱེད་ཀྱིན་འདུག་པའི་གསར་གནས་སུ།

གསར་འགྱུར།

Post navigation

Previous Post: བོད་ཡིག་ལ་བར་སྟོང་འཇོག་དགོས་སམ།
Next Post: ས་འགུལ་རྗེས་ཀྱི་སྐྱེ་དགུ་མདོའི་རྣམ་པ།

Comments (10) on “རྒྱ་ནག་གི་སྲིད་བློན་ཝུན་ཅ་པོ་སྐྱེ་དགུ་མདོར་འབྱོར་ཡོད་པ།”

  1. ཀརྨ་རྡོ་རྗེ་ says:
    2010-04-15 at 4:25 pm

    སྲིད་དོན་པས་་དཔར་རྒྱག་ཡ་་སྒོ་སྐབས་་ཡག་པོ་་རག་ཤག རྒུད་སྐྱོབ་་ལས་ཀ་་ག་ཚོད་་བྱེད་་ཐུབ་བགྱིད་་ཡོད་མེད་་གཞི་ནས་་ལྟ་རྒྱུ་་རེད།

  2. རང་བཙན་ལྡེའུ་ says:
    2010-04-15 at 4:53 pm

    པོ་བོ་ཝུན་ཅ་པའོ་ བོད་མིར་གོ་ཆགས་ཚབས་ཆེན་འདི་འཕོག་པའི་གོ་སྐབས་ཟིན་ཏེ་རྒྱ་ནག་དམར་གཞུང་ནས་བོད་མིར་་སེམས་འཁུར་དང་བློ་ཚབས་ཡོད་འདོག་གི་རྣམ་པ་བསྟོན་ཆེད་ས་གནས་སྐྱེ་དགུ་མདོར་ལག་པ་གཏོང་པར་གདོང་བསྟོན་ཙམ་ཞིག་བྱས་ཏེ་ དོན་དུ་ པོ་བོ་ཝུན་ཅ་པའོ་ཡི་བལྟ་སྐོར་འདི་སྙན་འཕྲིན་དང་རླུང་འཕྲིན་སོགས་ནས་རྒྱལ་ནང་དང་ རྒྱལ་སྤྱིའི་ནང་ཁྱབས་གྲགས་རྒྱ་ཆེ་བྱས་ཏེ་རང་ཉིད་དང་རྒྱུན་དུ་སྡུག་རྩུབ་ཅན་གྱི་དམར་པོའི་གཞུང་ལ་སྟོད་མངགས་དང་བྱས་རྗེས་ དེ་བཞིན་སྲིད་དོན་གྱི་རྒྱལ་ཁ་འཚོལ་དུ་ཡོང་བ་ལས་བོད་མི་རིགས་ཀྱི་གོ་ཆགས་ལ་སེམས་ཚབ་ཆེ་བའི་རྐྱེན་གྱིས་བལྟ་སྐོར་ཡོང་བ་ཞིག་ཡིན་པ་ནམ་ཡང་ཡིད་མཆེས་མི་ཐུབ་ གོ་ཆགས་འཕོག་པའི་སྐྱེ་དགུ་མདོའི་བོད་མི་རིགས་ཚོར་ཁ་ཚ་དགོས་བཏུགས་དང་ཛ་དྲགས་གི་དགོས་མཁོ་དེ་གསོན་པོ་ཚོར་ཟས་གོས་གནས་མལ་གྱི་རོགས་ཕན་དང་ བོད་རིགས་སྟོང་ཕྲག་མང་པོ་ས་ཁང་ཞིག་རུལ་འོག་ཤི་གསོན་གར་འགྲོ་མི་ཤེས་པའི་གནས་སུ་སྔངས་སྐྲགས་འོག་འཚུད་པ་དེ་དག་དུས་ཡུན་སྐར་ཆ་འགྱངས་མེད་འདོན་དགོས་པའི་མི་དང་འཕྲུལ་ཆས་ཀྱི་ཐབས་ཤེས་ནུས་པའི་རོགས་རམ་དགོས་པ་དེ་རེད་ ས་གནས་སྐྱེ་དགུ་མདོ་ནས་ཁ་པར་ཐོག་གནས་ཚུལ་གོ་གསལ་ལ་ཤུལ་ལྷག་བོད་རིགས་ནང་འཁུལ་མཉམ་རུབ་ཐོག་ཕན་ཚུན་རོགས་ཕན་བྱེད་པ་ལས་རྒྱ་དམར་གཞུང་ནས་རོགས་པ་བྱེད་གཁན་སླེབས་མ་སོང་ཟེར་ འོན་ཀྱང་རྒྱལ་སྤྱའི་རླུང་འཕྲིན་སོགས་གསར་འགྱུར་བརྒྱུད་ལམ་ཁག་ནང་རྒྱ་དམར་གཞུང་ནས་ས་ཡོམ་འཕོག་སའི་ས་གནས་སུ་རོགས་པ་གཞི་རྒྱ་ཆེན་པོ་བྱེད་དུ་གཏོང་བཞིན་པའི་སྙན་པར་མང་པོ་ཞིག་བསྔར་བཞིན་གཡོ་ཁྲམ་གྱིས་ཁྱབས་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་དེ་དག་ དགོས་སའི་ས་གནས་སྐྱེ་དགུ་མདོའི་བོད་རིགས་ཚོར་རོགས་པ་བྱེད་དུ་བསླེབས་མེད་འདུག་ན་ རྒྱ་གཞུང་ནས་བཏང་པའི་མི་དེ་དག་ག་བར་རོགས་པ་བྱེད་དུ་ཕྱིན་པ་ཡིན་ནམ་ འགྲོ་ལམ་ནོར་ཏེ་ མཚོ་གླིང་ཧཡི་ཊི་ ས་ཡོམ་འཕོག་སར་ཕྱིན་པ་རེད་དམ་།

  3. ཙན་དན་ལོ་མ། says:
    2010-04-15 at 5:36 pm

    ༢༠༠༨ ལོར་བོད་མི་བརྒྱ་ཕྲག་དམར་གསོད་བྱེད་མཁན་གྱི་ལག་དམར་ཝིན་ཅ་པོ་དེ་རིང་བོད་མིར་སེམས་གསོའི་ཆེད་ཡོང་བར་དགའ་བསུ་མེད། གལ་སྲིད་རྒྱ་ནག་གིས་བཀག་འགོག་མ་བྱས་ན་རྒྱལ་སྤྱིས་རོགས་སྐྱོབ་བྱེད་རྒྱུ་རེད། རྒྱ་མིས་གོད་ཆགས་ཀྱི་གནས་ཚུལ་འདི་ཡང་ཆབ་སྲིད་ཀྱི་ལག་ཆ་བྱེད་ཆེད་ཁྱབ་བསྒྲགས་གཙོ་འདོན་ལས་དོན་དངོས་ཀྱི་རོགས་པ་མི་བྱེད།

  4. ལྷགབསམ་རྒྱ་མཚོ། says:
    2010-04-15 at 7:26 pm

    大陸青海發生規模7.1強震,台灣已組成23人的專業搜救隊,準備赴青海協助救援,海基會並已去函大陸海協會,表達我方的意願。

    不過,海協會今天回函表示,感謝我方的好意,目前救援力量充足,相關援救工作已經展開,後續若有救援需求,將即時與我方聯繫。

    四川大地震發生之後,我方也曾表達要協助搜救的意願,不過,大陸方也沒有同意,最後是由紅十字會等民間單位組成的醫療救援物資團提供協助。
    ཡང་སྐྱར་ཐེ་ཝན་དང་རྒྱ་གྲམ་དམར་པོའི་ཚོགས་པ་སོགས་ཀྱི་རོགས་སྐྱོར་ལ་བཀག་སྡོམ་བྱས་པའི་གནས་ཚུལ་འཁོད་འདུག

  5. རྒྱལ་བསྟན། says:
    2010-04-16 at 2:02 am

    ཝུན་ཅ་པོ་ས་གནས་ལ་བསླེབས་པ་དེ་དམར་གཞུང་གིས་གྲངས་ཉུང་མི་རིགས་ལ་འདྲ་མཉམ་གྱི་ཐོབ་ཐང་ཡོད་པའི་བཟོ་སྟོན་པ་ཞིག་ཡིན་པའི་དོགས་པ་ཡོད། དངོས་གནས་རོགས་ཕན་བྱེད་ཀྱི་ཡོད་མེད་འདས་པའི་ཉིན་གཉིས་རིང་གི་བྱེད་སྟངས་ནས་ཤེས་ཐུབ། །དངོས་ཡོད་ཕན་ཐོགས་བྱེད་འདོད་ཡོད་ན་རྒྱ་གཞུང་ནས་བྱེད་ཐུབ་ཀྱི་རེད།
    ས་བྱི་ལོའི་ཞི་རྒོལ་སྐབས་དམག་མི་ཁྲི་སྟོང་འཕྲལ་དུ་བཏང་ནས་བོད་མིར་དྲག་གནོན་ཚབས་ཆེན་བྱས་ཡོད། འོན་ཀྱང་ད་རེབ་བོད་མིར་གོད་ཆག་བྱུང་སྐབས་རོགས་སྐྱོར་དམག་མི་༡༠༠ཙམ་ཞིག་ཚོུད་༨ རྗེས་ལ་གཞི་ནས་སླེབས་པ་དེ་རྣམས་ཀྱིས་གཞུང་གི་ལས་ཁུངས་སྲུང་པ་ལས་མང་ཚོགས་ལ་རོགས་སྐྱོར་གང་ཡང་བྱས་ཡོད་པའི་གནས་ཚུལ་གོ་རྒྱུ་མི་འདུག
    རྗེས་སུ་རོགས་སྐྱོར་གང་འདྲ་བྱེད་ཀྱི་ཡོད་མེད་ཤེས་དཀའ།
    ཡག་ཤོས་ནི་ཕྱི་ཕྱོགས་ཀྱི་རོགས་རམ་བཀག་འགོག་མ་བྱས་ན་ལེགས་སོ་སྟེར་རྒྱུ་རེད།

  6. ནགས་མེ། says:
    2010-04-16 at 3:56 am

    ཝན་པོ་ཟེར་བའི་རྒྱ་རྒན་འདིས་བཅོས་མའི་གདོང་པགས་ཤིག་ཁུར་ནས་ཆབ་སྲིད་ཀྱི་ཡོང་འབབ་གསོག་པར་བོད་ནང་དུ་ཕྱིན་པ་རེད། མི་ངན་ཁོ་་་་་་་་་་་་

  7. gangcheng says:
    2010-04-16 at 4:35 am

    རྒྱ་ནག་གི་སྲིད་བློན་བུན་གྱི་ས་གནས་ས་ཐོག་གི་ཁང་པའི་སྤུས་ཚད་ག་འདྲ་ཡོད་མེད་ཉམས་འཇོག་གི་ཡོད་ན། ཁང་པ་བརྡིབ་པ་རྣམས་ལྟོས་དང། རྒྱུ་ཆ་སྐྱོ་བོ་སྒང་ལ་རྒྱག་སྟངས་ངན་པ། ལྕགས་བེད་སྤྱོད་བྱས་པ་ཉུང་ཞིང་། ཨར་འདམ་སྤུས་ཀ་སྐྱོ་བས་སོབ་སོབ་རེད་འདུག གྲོང་གསེབ་གསར་པ་འཛུགས་སྐྲུན་བྱས་པའི་ཁང་པའི་རྒྱུ་ཆ་དང་དེའི་འགན་བྱེད་མཁན། འབྲེལ་ཡོད་གྱི་མི་སྣ་རྣམས་ཀྱིས་མི་མང་གི་དངུལ་ག་ཚོད་ཅིག་ལྐོག་ཟ་བྱས་ཡོད་པ་དང་། ད་ཐེངས་ས་ཡོམ་སྐབས་ཁང་པ་དེ་དག་བརྒྱ་ཆའི་བརྒྱ་རྡིབ་སྐྱོན་བྱུང་ཡོད་ཚོད་འདུག འདི་དག་ལ་ཡང་ང་ཚོས་དོ་སྣང་སྤྲད་དེ་ཆེད་ལས་མི་སྣ་གདན་འདྲེན་གྱིས་ཞིབ་བཤེར་བྱས་ཏེ་གཏུགས་བཤེར་ཞིག་བྱེད་དགོས་པ་རེད།

  8. ཨ་མཆོག་ཆོས་དར། says:
    2010-04-16 at 5:26 am

    གྲོགས་པོ་ཚོ།
    སྐབས་འདི་འདྲའི་དུས་ལ་རྒྱ་རིགས། བོད་རིགས། སྲིད་གཞུང་། སྒེར་བ་སུ་ཞིག་གིས་རོགས་པ་དང་ཐུགས་འཕྲེལ་བྱེད་པ་ལ་ཐུགས་རྗེ་ཆེ་ཞུ་དགོས་བ་རེད་བསམ།
    ང་ཚོས་འདི་ནས་རོགས་གང་ཐུབ་བྱེད་མཁན་ཚོར་རྒྱབ་སྐྱོར་བྱེད་མ་ཐུབ་ན་ཡང་ཁ་གཏོང་མི་རོང་བསམ།

  9. གངས་འདབས་ says:
    2010-04-16 at 6:24 am

    ངས་ལྟས་ན་འང་སུ་ཞིག་གིས་ང་ཚོར་སྡུག་དུས་ཐུགས་ཕྲད་ལ་ཡོང་བ་དང་སེམས་གསོ་གཏོང་བ་དཔལ་འབྱོར་གྱི་རོགས་རམ་བྱེད་པ་བཅས་ལ་རྗེ་སུ་ཡིད་རངས་བྱེད་དགོས་རེད། ཆབ་སྲིད་དང་འབྲེལ་བའི་གནད་དོན་རྣམས་རྗེས་སོར་བཤད་ན་ལེགས་སམ།
    ད་ཆ་ང་ཚོ་བཙན་བྱོལ་ནང་ཡོད་དུས་རང་སེམས་སྐྱོ་བ་དང་གདུང་སེམས་མཉམ་བསྐྱེད་བྱ་རྒྱུ་ལས་གཞན་པའི་ས་གནས་ས་ཐོག་ལ་ལག་འཆང་ནས་ཤ་ཁྲག་གཅིག་པའི་སྤུན་ཟླར་རོགས་བྱ་རྒྱུ་ནི་ཧ་ལམ་མི་ཐུབ་པ་དེ་རེད།
    བོད་ཀྱི་གཏམ་དཔེར་༼སྐབས་རེ། ཐག་རིང་གི་ཉེན་ལས། གྲོང་པའི་དགྲ་བཟང་།༽
    འོན་ཀྱང་། རྟ་ཕོས་རྒྱུགས་ཐུབ་ན། བྱང་ཐང་སྟོང་པ་རེད། ག་ལེར་ག་ལེར་ཕྱིར་སྡོད་སྤུན་ཟླ་ཚོས་སྐྱི་རྒཨུ་མདོ་སླར་གསོའི་ཆེད་དཔལ་འབྱོར་རོགས་རམ་བྱ་དགོས་རེད་ལ། ས་གནས་སུ་སྐྱོད་ཐུབ་ཚེ་དེ་ལས་བཟང་།

  10. མིག་ལྡན says:
    2010-04-16 at 7:06 am

    རྒྱ་ནག་གི་ས་འགུལ་རྟོག་དཔྱོད་ཆེད་མཁས་པ་ཁ་ཤས་ཀྱིས་ཟླ་ཤས་སྔོན་ནས་ཀྲུང་གོའི་ས་འགུལ་ལས་ཁུངས་སུ་མདོ་ཁམས་ཡུལ་ཤུལ་ཁུལ་ལ་ས་འགུལ་ཡོང་རྒྱུའི་སྔོན་བརྡ་དང་སྙན་ཞུ་ཕུལ་བའི་སྐོར་གཤམ་གསལ་རྒྱ་ཡིག་དྲ་ངོས་སུ་གསལ་འདུག་ཀྱང་། ལན་དུ་ལས་ཁུངས་དེས་རང་རྒྱལ་གྱི་སྐམ་སར་གནས་སྐབས་རིང་གཏོར་བཤིག་གི་རང་བཞིན་ལྡན་པའི་ས་འགུལ་རིགས་མི་འབྱུང་ཞེས་ལབ་འདུག་པས་མི་དམངས་ཀྱི་ཚེ་སྲོག་སྣང་མེད་འགན་འཛོལ་བྱེད་མཁན་དེ་རིགས་ཡན་པོར་མ་ཤོར་བའི་ཁྲིམས་བརྩད་དཔྱིས་ཕྱིན་པ་བྱ་མི་དགོས་སམ།
    http://www.dongtaiwang.com/loc/phome.php?v=0
    http://www.epochtimes.com/gb/10/4/15/n2878310.htm

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme