Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤོག་སྦག་གམ་ཚོན་མེ་ནམ་ཡང་བསྒྲོན་མི་རུང་།

Posted on 2015-12-272015-12-27 By ཁ་བརྡ 1 Comment on ཤོག་སྦག་གམ་ཚོན་མེ་ནམ་ཡང་བསྒྲོན་མི་རུང་།

དེད་དཔོན།

 
ཤོག་སྦག་སྦར་བའི་ལུགས་སྲོལ་འདི་གཡམ་རྒྱུག་དང་ཅལ་འདྲོགས་ལ་དགའ་བའི་བྱབ་ཆུང་འགས་གཞན་གྱི་ལད་ཟློས་བྱས་པ་ཙམ་ལས། རང་རེའི་ཡུལ་དུ་སྔར་ནས་དར་བའི་ལུགས་སྲོལ་ཞིག་མིན། ཕྱི་ལུགས་ནང་འདྲེན་བྱེད་པ་ལ་ལེགས་པའི་ཆ་ཡོད་ན་བྱ་འོས་ཀྱི་ལེགས་ཆ་མེད་ན་དེ་ཉིད་ལད་མོ་ནམ་ཡང་བྱ་མི་རུང་བ་ནི་བཟང་སྤྱོད་ལ་གུས་བརྩི་དང་། ངན་སྤྱོད་སུན་འབྱིན་བྱ་མཁན་གྱི་མི་རབས་གསར་པའི་འོས་འགན་ཉག་གཅིག་ཡིན། དེས་ན་འཛམ་གླིང་གང་སར་དར་ཁྱབ་ཆེ་བའི་དུས་སྟོན་འདྲ་མིན་སྐབས་སུ་ཚོན་མེ་སྦར་བའི་ལུགས་སྲོལ་འདིར་ཞིབ་འཇུག་དང་དཔྱད་པ་རེ་གྱིས་དང་། འདི་ཉིད་ཚབས་ཆེ་བའི་ནོར་འཁྲུལ་དང་བཟང་སྤྱོད་དང་འགལ་བ་ཞིག་ཡིན་པ་ལས་ལེགས་པའི་ཆ་སྤུ་ཙམ་ཡང་མེད་པར་ཤེས་ངེས།

དེའང་ཚོན་མེ་སྦར་བ་དེས་ལྟོ་གོས་གཏམ་གསུམ་གང་ལའང་ཕན་ཐོགས་གང་ཡང་མེད་བཞིན་རྒྱུ་དངུལ་ཕོན་ཆེན་ཞིག་ཆུད་ཟོས་སུ་བཏང་བ་དང་། དེ་སྦར་བའི་རྐྱེན་གྱིས་རྫས་རྡུལ་སྙིགས་མས་མཁའ་དབུགས་ལ་འབག་བཙོག་བཟོ་བ། འགོ་ནད་འདྲ་མིན་ཁྱབ་གདལ་དུ་ཡོང་རྐྱེན་བྱེད་པ། ཤོག་སྦག་སྦར་བའི་སྒྲ་དང་དུ་རླངས་ཀྱིས་མི་རྣམས་ཁམས་མི་དྭངས་པ་སོགས་གནོད་པ་ཚབས་ཆེན་བྱུང་བ་མ་ཟད། ཤོག་སྦག་འགད་ནས་རི་ལུང་དང་ནགས་ཚལ་མེར་ཤོར་ཏེ། དེར་གནས་འཆའ་བའི་སྲོག་ཆགས་ཆེ་ཕྲ་དུ་མའི་ཚེ་སྲོག་ལ་གནོད་སྐྱོན་ཐེབས་པ་དང་། མི་ལ་རྨས་སྐྱོན་བྱུང་སྟེ་ལུས་ཀྱི་ཡན་ལག་སྐྱོན་ཅན་དུ་གྱུར་པ། དེ་བཞིན་ཁང་པ་མེར་ཤོར་ནས་མིའི་ཚེ་སྲོག་ལའང་གནོད་པ་བྱེད་པ་སོགས་ཀྱི་གནས་ཚུལ་ཐོན་བཞིན་ཡོད། ལྷག་པར་དུ་མཁའ་ལ་རང་དབང་དུ་རྒྱུ་བའི་འབུ་རིགས་ཁྲག་ཁྲིག་མང་པོའི་སྲོག་ལ་དངོས་སུ་གནོད་པ་བྱེད་པའི་སྡིག་ལས་ཚབ་ཆེན་འདི་སེམས་ལྡན་ཡོད་དོ་ཅོག་གི་ཚེ་སྲོག་ལ་བརྩི་བཀུར་མཛད་མཁན་རང་རིགས་ཀྱི་སྤྲོ་སྐྱིད་ལ་མི་རན་པ་དང་མི་འཁོ་བས་ཅིས་ཀྱང་མཚམས་འཇོག་བྱ་རན་ཡོད།

ཤོག་སྦག་སྦར་བའི་ལུགས་སྲོལ་ངན་པ་འདི་བཀག་སྡོམ་གྱི་ཆེད་དུ། སྐྱེས་འགྲོ་སྤྱིའི་ཚེ་སྲོག་ལ་བརྩི་བཀུར་དང་སྲུང་སྐྱོབ་ཀྱི་འགན་ཁུར་པའི་བརྩེ་ཤེས་ལྡན་པའི་མི་བུ་དག་གིས་ཐབས་བརྒྱ་ཇུས་སྟོང་གིས་ལས་འགུལ་སྣ་མང་སྤེལ་ཏེ། སྐྱེ་ཁམས་ལ་གནོད་པ་ཆེ་བའི་རྫས་ངན་ཤོག་སྦག་སྒྲོན་མཁན་འཇིག་རྟེན་སྤྱི་ཡོངས་ལ་འགོག་རྒོལ་ཐེངས་གཅིག་གཏོང་བའི་དུས་སུ་བབ་ཡོད། འཚེ་མེད་ཞི་བདེའི་ཆོས་ལུགས་ཉམས་ལེན་མཛད་མཁན་ནང་པའི་དགོན་སྡེ་ཁག་ནས་འདི་ཉིད་སྔོན་འགོག་ཡོང་ཐབས་ལ་འབུར་དུ་ཐོན་པའི་ལས་བྱ་ཞིག་གཉེར་དགོས་ནའང་། དེ་ལས་ལྡོག་སྟེ་དེང་སང་དགོན་པ་ཁ་ཤས་ནང་ལོ་སར་སྐབས་སུ་རྒྱུ་དངུལ་ཕོན་ཆེན་བཏང་སྟེ་ཤོག་སྦག་སྦར་པའི་གནས་ཚུལ་མཐོང་ཐོས་ཡོད་པ་ནི་ཆེས་ཡིད་སྐྱོ་དགོས་པ་ཞིག་རེད། བདེ་སྡུག་གི་ཚོར་བ་གཅིག་པ་ཡིན་པའི་སྐྱེ་འགྲོ་སྤྱིའི་ཚེ་སྲོག་ལ་གཅེས་སྤྲས་མི་མཛད་པར་བྱ་སྤྱོད་འདི་འདྲ་སྤེལ་བ་ནི་འཚེ་མེད་ཞི་བདེའི་བསྟི་གནས་སུ་གྲགས་པའང་མིང་ཙམ་དུ་གྱུར་པ་མ་ཡིན་ནམ།

དེས་ན་དགོན་པ་ཆེ་ཕྲ་གང་ཡིན་ཡང་དེར་བཞུགས་པའི་བརྩེ་ཤེས་ལྡན་པའི་སེར་མོ་བ་དག་ནི་དད་ལྡན་མང་ཚོགས་ཚོའི་བསམ་བློའི་སྣེ་ཁྲིད་པ་ཡིན་སྟབས་རང་རང་སོ་སོའི་འཁོར་འབངས་དག་གིས་ཅི་གསུང་གི་བཀའ་སྒྲུབ་ངེས་པས། ཕྱི་སྣོད་རང་བྱུང་ཁོར་ཡུག་དང་། ནང་བཅུད་ཀྱི་སེམས་ཅན་དུ་མ་ཞིག་ལ་འཕྲལ་ཡུན་གཉིས་ལ་གནོད་པ་ཆེ་བའི་རིགས་འདི་དག་ད་ནས་བཟུང་མཚམས་འཇོག་ཡོང་ཐབས་ལ་སློབ་གསོའི་བྱ་འགུལ་མཐོ་འདེགས་སུ་གཏོང་དགོས། སློབ་གསོའི་བྱ་འགུལ་དེ་ཉིད་མཐོ་སྒང་གངས་རིའི་ལ་ཐོད་ནས་ཆུ་ཕྲན་གྱི་རླབས་རིས་མཆེད་པ་ལྟ་བུ་བར་མེད་དུ་སྤེལ་ཏེ། གླིང་ཆེན་བཞི་པོ་ཡོངས་ཁྱབ་ཏུ་འདིའི་དགེ་སྐྱོན་ཤེས་རྟོགས་བྱུང་བ་ཞིག་བྱ་རན་ཡོད། དེ་དང་དེ་འདྲ་བོ་བསམ་བློའི་སྒྲོམ་གཞི་རྩ་ཆེ་ཤོས་བྱམས་བརྩེ་དང་འགལ་བའི་བྱ་སྤྱོད་མཐའ་དག་འཇིག་རྟེན་འདིར་མིང་གི་ལྷག་མ་ཙམ་དུ་འགྱུར་པའི་ཕྱིར་དུ་བྱ་འགུལ་སྣ་ཚོགས་སྤེལ་རོགས་ཞེས་མཉམ་མེད་ཤཱཀྱ་སེང་གེའི་བྱིན་རླབས་ཚན་ཁ་ཡིད་ཁམས་སུ་བརྟས་པའི་ལུས་ཅན་ཀུན་ལ་ལག་ཟུང་སྙིམ་པར་སྦྱར་ཏེ་གསོལ་བ་ལན་བརྒྱར་འདེབས་པ་ཡིན་ནོ།

བསམ་ཚུལ།

Post navigation

Previous Post: ༧རྫོགས་ཆེན་གྱི་རྣལ་འབྱོར་པ་ཐུབ་བསྟན་ཤེས་རབ་རྗེས་དྲན་འཇའ་གུར་ཕུང་པོ་ཞེས་བྱ་བ།
Next Post: འོས་ཤོག་རེ་རེ་མེ་མདའ་ལྟར་དུ་བཟུང་།

Comment (1) on “ཤོག་སྦག་གམ་ཚོན་མེ་ནམ་ཡང་བསྒྲོན་མི་རུང་།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-12-27 at 9:28 am

    དང་པོ་༼དེད་དཔོན༽རང་ནག་ཁུངས་ནས་ཕྱི་ལ་ཐོན་ཏེ་དངོས་མིང་དང་ལས་བྱ་བཞུགས་གནས་གང་ཡིན་ཁ་གསལ་དང་དེ་ནས་དགོན་པ་ཁ་ཤས་ནས་ཤོ་སྤག་སྤར་ཚུལ་ཟེར་སྤོམ་བཤད་འདི་འདྲ་མ་བྱས་པ་དགོན་པ་གང་ཡིན་མིང་ཁ་གསལ་སྟོན་ནས་བྲིས་དང་ལེགས་ཉེས་བླང་དོར་ལ་ཕན་རླབས་དང་དགེ་མཚན་ཆེ་བར་མངོན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme