Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀཿཐོག་མཁན་པོ་ཐུབ་བསྟན་ཤེས་རབ་འཇའ་ལུས་སུ་དེངས་འདུག

Posted on 2015-12-262015-12-26 By ཁ་བརྡ 12 Comments on ཀཿཐོག་མཁན་པོ་ཐུབ་བསྟན་ཤེས་རབ་འཇའ་ལུས་སུ་དེངས་འདུག

ཨེ་མ་ཧོས་མཚམས་སྦྱོར་བྱས།

 
སྦས་པའི་རྣལ་འབྱོར་བ་ཞིག་སྐུ་ཞི་བར་གཤེགས་པ་དང་སྐུ་འཇའ་ལས་སུ་གྱུར། ཉེ་བའི་བོད་མདོ་ཁམས་གསེར་རྟ་རྫོང་ཁོངས་རགས་བཀྲམ་བྱམས་པ་གླིང་གི་བླ་མ་ཐུབ་ཤེར་རིན་པོ་ཆེ་སྐུ་མྱ་ངན་ལས་འདས་ཡོད་པ་དང། ཁོང་སྐུ་གཤེགས་ནས་བདུན་ཕྲག་གཅིག་ཙམ་གྱི་རྗེས་སུ་སྐུ་གདུང་ཁྲུ་གང་ཙམ་ལས་མ་ལྷག་པར་འཇའ་ལུས་སུ་དེངས་ཡོད་འདུག
བླ་མ་ཐུབ་བསྟན་ཤེས་རབ་རིན་པོ་ཆེ་ནི་ཤར་རྒྱལ་བ་ཀཿཐོག་པའི་དགོན་ལག་གཞི་ཆེན་རགས་བཀྲམ་དགོན་པའི་ཁོངས་གཏོགས་ཏོག་ཚ་སྡེ་པ་རུ་ཕྱི་ལོ་༡༩༣༠ བོད་རབ་བྱུང་བཅུ་དྲུག་པའི་ལྕགས་རྟ་ལོར་སྐུ་འཁྲུངས་ཤིང་། རགས་བཀྲམ་བྱམས་པ་གླིང་གི་ཆོས་སྒོར་ཞུགས་ནས་འདོན་རྟ་དབྱངས་སོགས་ཆོ་ག་ཕྱག་ལེན་བཅས་ལ་སློབ་གཉེར་གནང་། སྐུ་ན་སོན་པ་དང་སྔ་འགྱུར་བསྟན་པའི་ཆུ་མགོ་ཤར་རྒྱལ་བ་ཀཿཐོག་དགོན་གྱི་བཤད་གྲྭ་རུ་ཞུགས་ནས་ཀཿཐོག་མཁན་ཆེན་རྒྱལ་མཚན་འོད་ཟེར་སོགས་ཀྱི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་ལ་སྦྱངས་པ་མཐར་སོན་ནས་མཁས་པའི་མཚན་སྙན་དང་བཅས་མཁན་པོའི་མཚན་གནས་བཞེས། སྐབས་དེ་ཙམ་དུ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སོགས་རིས་མེད་ཀྱི་སྐྱེས་དམ་པ་དུ་མ་ཞིག་གི་ཞབས་ལ་གཏུགས་ཡོད་འདུག

unnamed-9unnamed-8

ཀཿཐོག་ནས་མཁན་པོའི་མཚན་གནས་བཞེས་རྗེས་ཀཿཐོག་གི་དགོན་ལག་ཨ་འཛོམ་དགོན་དུ་ཕེབས་ནས་མཁན་པོ་མཛད་འགན་བཞེས་ནས་བཞུགས་ཡོད་པ་དང། ཨ་འཛོམ་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་(1896-1959)མདུན་ནས་ཟབ་ལམ་འོད་གསལ་རྫོགས་པ་ཆེན་པོའི་ཁྲིད་ཁ་ཡོངས་སུ་རྫོགས་པ་ཞུས་ནས་ཉམས་བཞེས་མཛད། སྨྱོ་ཤུལ་ལྗོན་པ་ལུང་སོགས་སུའང་ཕེབས་ནས་སྨྱོ་ཤུལ་མཁན་པོ་ལུང་རྟོགས་རིན་པོ་ཆེ་སོགས་ཀྱི་མདུན་ནས་སྔ་འགྱུར་རྙིང་མ་པའི་ཐུན་མོང་མ་ཡིན་པའི་ཟབ་ཆོས་དག་ལ་སློབ་གཉེར་ཉམས་བཞེས་མཛད་ཡོད་འདུག

བོད་ལ་དུས་འགྱུར་མ་བྱུང་བའི་སྐབས་ཙམ་ལ་ཕྱིར་རང་ཡུལ་དུ་ཕེབས་ནས་བཞུགས་ཤིང་། དུས་འགྱུར་གྱི་སྐབས་དང། དེའི་རྗེས་སུ་ཉམས་ཆུང་སྦས་པའི་བརྟུལ་ཞུགས་ཁོ་ན་དང་དུ་བླངས་ནས་རྫོགས་པ་ཆེན་པོའི་ཉམས་བཞེས་ཁོ་ན་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་ཡོད་ལ། ཉེ་ཆར་བོད་ཟླ་བཅུ་པའི་གནམ་གང་ཕྱི་ལོ་༢༠༡༥ ལོའི་ཟླ་༡༢ ཚེས་༡༡ རེས་གཟའ་ལྷག་པའི་དགོང་མོ་ཆུ་ཚོད་དྲུག་ཙམ་གྱི་སྟེང་དུ་སྐུ་གཤེགས་ཡོད་པ་དང། སྐུ་མ་གཤེགས་པའི་སྔོན་ནས་འབྲེལ་ཡོད་རྣམས་ལ་མི་རིང་བར་སྐུ་གཤེགས་རྒྱུ་ཡིན་པ་དང་། སྐུ་གདུང་ལོངས་སྐུ་ཆས་སུ་ཞལ་བསྒྱུར་རྒྱུས་མཚོན་རྒྱས་སྤྲོས་རིགས་གཏན་ནས་མི་དགོས་པའི་ཞལ་ཆེམས་བཞག་ཡོད་འདུག སྐུ་གཤེགས་ནས་ཉིན་བདུན་གྱི་རིང་ཐུགས་དམ་དུ་བཞུགས་ཤིང། སྐུ་གདུང་ཞུགས་འབུལ་ཞུ་བའི་སྐབས་ཁྲུ་གང་ཙམ་ལས་མ་ལྷག་པར་འཇའ་ལུས་འཕོ་ཆེན་གྱི་སྐུར་གཤེགས་ཡོད་འདུག

བོད་ཟླ་༡༡ ཚེས་༡༢ མཚན་མོ་སྐུ་གདུང་ཞུགས་འབུལ་ཞུ་བའི་སྐབས་པདྨའི་དབྱིབས་ཅན་གྱི་ཁ་བ་སབ་སིབ་ཏུ་བབས་པ་སོགས་དང། ཉི་མའི་འོད་དང་ལྷན་དུ་ཁ་དོག་སྣ་ཚོགས་ཀྱི་འོད་མདངས་འཕྲོ་བ་སོགས་ཡ་མཚན་པའི་རྟགས་དུ་མ་ཞིག་བྱུང་ཡོད་པ། གནས་དེར་བཞུགས་པའི་འབྲེལ་ཡོད་ཅིག་གིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་སོང་། ཁོང་གི་བཞུགས་གནས་འབྲོག་ས་ཁུག་ཀྱོག་ཅིག་ཡིན་པ་ལས། སྐབས་དེར་འབྲེལ་ཡོད་ལྟོས་བཅས་རྣམས་ཀྱིས་སྐྱེས་ཆེན་དམ་པ་ཞིག་སྐུ་ཞི་བར་གཤེགས་པའི་སྐབས་ཀྱི་ཆོ་ག་དང་བྱེད་སྟངས་དག་ཇི་བཞིན་བྱུང་ཡོད་ན། ཕལ་ཆེར་སྐྲ་སེན་ཙམ་ཡང་མ་ལུས་པར་འཇའ་ལུས་དེངས་སྲིད་པ་རེད་འདུག།

ངོ་སྤྲོད།

Post navigation

Previous Post: འགྲོ་བ་མི་ལ་དགོས་ངེས་ཀྱི་གཞི་རྩའི་རིན་ཐང་།
Next Post: ཟླ་གཅིག་རིང་སྙན་དེབ་ཆིག་སྟོང་བཙོང་ཚར་ལ་ཉེ།

Comments (12) on “ཀཿཐོག་མཁན་པོ་ཐུབ་བསྟན་ཤེས་རབ་འཇའ་ལུས་སུ་དེངས་འདུག”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-12-26 at 5:29 pm

    སྐྱེས་བུ་དམ་པ་མ་འདྲ་བ་ཅིག་ཡིན་པ་འདྲ། ཡིན་ནའང་སྐུ་འཇའ་ལུས་སུ་གྲུབ་ཟེར་མངོན་སུམ་ལ་སྙོན་མ་གདིང་རོགས་མ་གཏོགས་སྐུ་གཟུགས་ཆུང་ངུ་རུ་གྱུར་པ་མཐོང་རྒྱུ་འདུག་གདའ།

  2. ཁྱུང་སེ། says:
    2015-12-26 at 8:48 pm

    སྐྱབས་སུ་མཆི།། སྐྱེས་ཆེན་དམ་པ་ཞིག་ལོས་ཡིན།། བླ་མེད་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་ཞིག་ལོས་ཡིན།། རྙིང་མ་དང་བོན་པོ་གཉིས་ལ་དེ་སྔར་ཀྱང་འཇའ་ལུས་པ་མང་དུ་བྱུང་འདུག ཡིན་ནའང་བླ་མ་འདི་ཉིད་ཀྱི་སྐུ་ལུས་ཁྲུ་གང་ལྷག་ཙམ་འདུག་པས་འཇའ་ལུས་སུ་དེངས་ཟེར་ན་ གང་འདྲ་འདུག་གམ།།

  3. དྲི་མེད་ལྷག་བསམ། says:
    2015-12-26 at 9:42 pm

    རྫོགས་ཆེན་གྱི་རྒྱུད་ནས་བྱུང་བའི་འཇའ་ལུས་སུ་དེང་པའི་རྟགས་མཚན་མངོན་དུ་གྱུར་བ་རེད། ལུས་རྡུལ་ཕྲན་དང་སེམས་ཆོས་ཉིད་དུ་དེང་པའི་རྟགས་སུ་སྐུ་ལུས་གྲུ་གང་དུ་གྱུར་བའོ། །གསང་བ་བྱེད་ཐུབ་ན་ལུས་ལྷག་མ་མེད་པར་འཇའ་ལུས་སུ་དེང་ངེས་པ་ཡིན་ནོ། །

  4. ཀརྡོ་གཉེར་ཕྱག་པ་ says:
    2015-12-26 at 10:27 pm

    ་་་་་་་་་་ གནས་དེར་བཞུགས་པའི་འབྲེལ་ཡོད་ཅིག་གིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་སོང་། ཁོང་གི་བཞུགས་གནས་འབྲོག་ས་ཁུག་ཀྱོག་ཅིག་ཡིན་པ་ལས། སྐབས་དེར་འབྲེལ་ཡོད་ལྟོས་བཅས་རྣམས་ཀྱིས་སྐྱེས་ཆེན་དམ་པ་ཞིག་སྐུ་ཞི་བར་གཤེགས་པའི་སྐབས་ཀྱི་ཆོ་ག་དང་བྱེད་སྟངས་དག་ཇི་བཞིན་བྱུང་ཡོད་ན། ཕལ་ཆེར་སྐྲ་སེན་ཙམ་ཡང་མ་ལུས་པར་འཇའ་ལུས་དེངས་སྲིད་པ་རེད་འདུག། ་་་་་་་་་

  5. ཀརྡོ་གཉེར་ཕྱག་པ་ says:
    2015-12-26 at 10:28 pm

    ་་་་་་་ །གསང་བ་བྱེད་ཐུབ་ན་ལུས་ལྷག་མ་མེད་པར་འཇའ་ལུས་སུ་དེང་ངེས་པ་ཡིན་ནོ། །་་་་་་་་་་་

  6. ཏི་སི། says:
    2015-12-27 at 12:10 am

    འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས།??

  7. ཀརྡོ་གཉེར་ཕྱག་པ་ says:
    2015-12-27 at 12:22 am

    གསང་སྔགས་ནས་གསུངས་པའི་སྒྱུར་ལུས། འོད་གསལ། འཇའ་ལུས་ལ། གོ་བ་ཆགས་པ་ཙམ་གྱིས། མདོ་ལུགས་ཀྱི་ས་བརྒྱད་དགུའི་བསོད་ནམས་ཐོབ་པར་གསུང་སྲོལ་འདུག་པས་་་་་

  8. དྲི་མེད་ལྷག་བསམ། says:
    2015-12-27 at 3:39 am

    ཀཿཐོག་གཞི་ཆེན་བླ་མ་ཐུབ་ཤེར་དགུང་ལོ་85། ཟླ་༡༢ ཚེས་༡༡་ལ་གཤེགས།
    སྟག་ལུང་རྩེ་སྤྲུལ་དགུང་པོ་89། ཟླ་༡༢་་ཚེས་༢༤་གཤེགས།
    རྙིང་མ་པའི་བླ་མ་ཚོ་ལ་སྐུ་ཀེགས་ཡོད་པ་ཡིན་ནམ།

  9. ཁྱུང་སེ། says:
    2015-12-27 at 4:25 am

    དྲི་མེད་ལགས་ཀྱིས་གསུངས་པ་ལྟར་རེད།། བྱ་བྲལ་སངས་རྒྱས་རྡོ་རྗེ་ལྟ་བུ་སྐུ་ཚེ་རིང་པོ་ཞེ་དྲག་རེད།། ཚེ་ཡི་དངོས་གྲུབ་ཐོབ་ཟེར་ན་དེ་འདྲ་ཡིན་གྱི་རེད།། ཡིན་ནའང་དགའ་ལྡན་ཁྲི་རིན་པོ་ཆེ་རི་རྫོང་ལྟ་བུའང་དགུང་ལོ་མཐོན་པོ་རེད།།

  10. པདྨ says:
    2015-12-27 at 7:01 am

    རྟོགས་པའི་བསྟན་པ་གནས་པའི་རྟགས་རེད། རྒྱུད་ནས་བྱུང་བའི་འཇའ་ལུས་སུ་དེང་པའི་རྟགས་མཚན་མངོན་འདུག་ཡིན་ན་ཡང་གྲུ་གཟུགས་དེ་ཚོས་ཁྱབ་བསྒྲགས་ཆེད་དུ་གྲུ་དང་ཐོ་འཇལ་བ་ལ་ངོ་རྒོལ་ཡོད། དེ་མིན་འཇའ་ལུང་འཕོ་ཆེན་དེངས་ན་སེམས་ཅན་ཐེར་འབུལ་འདྲེན་པའི་གནས་ལ་བར་ཆད་བྱས་པ་རེད། བོད་ནས་ཚོགས་འདུ་དཀར་ཟས་མདར་ཟས་རྩོད་པ་ལས་ཉམས་ལེན་ཡང་དག་གི་བླ་རྒན་དེ་ཚོ་སྐུ་བདག་རེ་བྱས་ན་ཅི་མ་རུང་སྙམ་མོ།།

  11. རྟ་བདུན་དབང་བོ says:
    2015-12-27 at 11:01 pm

    སྔ་འགྱུར་རྙིང་མ་བའི་བླ་མ་རྩ་ཆེན་གཉིས་སྐུ་གཤེགས་པར་མྱ་ངན་ཞུ། དྲི་མེད་ལྷག་བསམ་ལགས་དགུང་གྲངས་བརྒྱད་ཅུར་ཕེབས་ནས་གཤེགས་ན་སྐུའི་བར་ཆད་ག་ལ་ཡིན། འཇིག་རྟེན་འདིའི་འགྲོ་དོན་མཐའ་རུ་ཕྱིན་པ་ལགས་སོ། །

  12. རང་བྱུང་རིག་པའི་རྡོ་རྗེ says:
    2015-12-27 at 11:15 pm

    མཁན་པོ་ལགས་སྐུ་གཤེགས་པར་ཐོས་པས་ཡིད་སྐྱོ་གནས་སུ་གྱུར། སྐུ་འཇའ་ལུས་དེངས་ཟེར་ཀྱང་དབུ་ལ་བལྟས་ནས་ཇེ་ཆུང་དུ་མ་སོང་བ་འདྲ་བོ་འདུག སྐུ་ལུས་ཇེ་ཆུང་དུ་སོང་ན་མགོ་མཇུག་ཚང་མ་འགྲོ་དགོས་རེད། འོན་ཀྱང་ངེད་ཀྱིས་མཐོང་སྣང་ཡིན་སྲིད། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme