Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ – གཞོགས་གཞན་གྱི་འགྲེལ་བརྗོད།

Posted on 2015-12-212015-12-22 By ཁ་བརྡ 37 Comments on བོད་ཀྱི་གཞོན་ནུ་ལྷན་ཚོགས་ – གཞོགས་གཞན་གྱི་འགྲེལ་བརྗོད།

གློག་བརྙན་།

Post navigation

Previous Post: བོད་ཀྱི་སྙན་ངག་པ་དེ་ཚོའི་ཤེས་ཚད་དང་བརྩོན་འགྲུས་གཉིས་ཐད་ནས་མ་འདང་བ་རེད།
Next Post: ཨ་གསར་མ་གནང་རང་གི་སྐད་ཡིག་སྦྱོངས།

Comments (37) on “བོད་ཀྱི་གཞོན་ནུ་ལྷན་ཚོགས་ – གཞོགས་གཞན་གྱི་འགྲེལ་བརྗོད།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-12-22 at 12:20 am

    ལྷག་བསམ་ཁ་རི་ཁ་ཐུག་ཡིན་ཨེ། ཨ།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-12-22 at 12:36 am

    གསུམ་དུས་སྐབས་ལ། Free Tibet ལབ་ཆོག་གམ། མི་ཆོག ལགས།

  3. ཀརྡོ་གཉེར་ཕྱག་པ་ says:
    2015-12-22 at 12:52 am

    བཞི་ནི།
    བཀའ་འོག་དགོངས་དོན་ཤར་བསྐྱོད།
    ཆོལ་གསུམ་ཆིག་སྒྲིལ་འོངས་ཐབས།
    ཆོས་རིག་རིག་གཞུང་སྐད་ཡིག་ཉམས་པ་སླར་གསོ།
    དགྲ་བོར་ངོ་རྒོལ་་་་་་་་་

  4. ཀརྡོ་གཉེར་ཕྱག་པ་ says:
    2015-12-22 at 12:59 am

    གཞོན་ལྷན་ས་གནས་བརྒྱད་བཅུ་ཙམ་་་་་་

  5. ཀརྡོ་གཉེར་ཕྱག་པ་ says:
    2015-12-22 at 1:02 am

    ད་ལོའི་ས་གནས་རྒྱུན་ལས་ལ་མི་མང་གཅིག་སྟོང་ལྷག་གིས་འོས་འཕངས་ཡོད་པ་་་་་་་་

  6. མངོན་སུམ་སྨྲ་བ། says:
    2015-12-22 at 1:10 am

    ལྷག་བསམ་ཟེར་བ་འདི་ནེའུ་ཡོག་གི་སྤྱི་ཚོགས་དཀྲུགས་མཁན་སྐད་གྲགས་ཆེ་ཤོས་གཅིག་ཡིན་པ་མ་ཟད་ཐ་ན་མིང་ཆད་ཀྱང་མང་པོ་བཟོས་ཡོད་རབས་འདུག

  7. ཀརྡོ་གཉེར་ཕྱག་པ་ says:
    2015-12-22 at 1:11 am

    ས་གནས་ཚོགས་གཙོ་གནས་དབྱུང་གཏོང་ཆོག་པའི་དབང་ཚད་སུ་ལ་ཡོད་དམ།

  8. མངོན་སུམ་སྨྲ་བ། says:
    2015-12-22 at 1:11 am

    དབུས་གཞོན་ནུའི་ཐག་གཅོད་ལ་ངོ་རྒོལ་བྱེད་སྟངས་འདི་ཡག་པོ་རྩ་བ་ནས་མིན་པ་མ་ཟད་འདིའི་རིགས་ཁྲིམས་ལ་སྦྱར་ན་བཟང་་་་

  9. ཅང་ཤེས་རྟ་མཆོག says:
    2015-12-22 at 3:01 am

    ས་གནས་རྒྱུན་ལས་རྣམ་པ་གསུམ་ནས་བོད་ཀྱི་རྩ་དོན་དང་མི་རིགས་སྤྱི་ལ་བསམ་གཞིགས་ཀྱིས་བཀའ་མོལ་ཡག་པོ་དང་གནད་ལ་འཁེལ་བ་གསུངས་སོང་བས། རྒྱབ་སྐྱོར་ཡོད། དེང་སྐབས་དབུས་རྒྱུན་ལས་རེ་ཟུང་རང་བཙན་ཁ་ལ་འཁྱེར་ནས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་གཞི་མེད་བསྙོན་འཛུགས་བྱེད་མཁན་འཇམ་ནོར་དང་། ལྷ་བཟང་ཚེ་རིང་། ཆུ་བཞི་སྒང་དྲུག་གི་་མིང་འཛིན་པ་རེ་ཟུང་གི་བཀོད་ཇུས་འོག་ལ་འགྲོ་བཞིན་པ་མི་དམངས་ནས་ཤེས་རྟོགས་ཡོད་ལ། ནེའུ་ཡོག་དང་ནེའུ་ཇེ་སུ་མི་དམངས་ནས་ཧ་གོ་དོན་གསལ་ཐོག་ནས་གནས་ཚུལ་གསལ་བོ་བཟོ་པའི་ཡིད་ཆེས་བརྟན་པོ་ཡོད།

  10. པདྨ says:
    2015-12-22 at 3:24 am

    དེ་ལ་བདེན་ཚིག་མང་གི་འདུག ངོས་ནས་བསམ་ན་དབུས་ལས་ས་གནས་ལ་ནོར་འཁྲུལ་མི་འདུག དབུས་ནས་དགོངས་དག་ཞུ་དགོས་ངེས་རེད། སྒེར་འཁོར་མེད་པར་བོད་ས་གནས་གཞོན་གསར་བསྐྲུན་མེད་རུང་གསར་གཏོར་མི་གནང་བར་མཁྱེན་ཞུ་རྒྱུ་དེ་ཡིན།།

  11. ཀརྨ་བློ་གསལ་ says:
    2015-12-22 at 4:47 am

    ཡག་པོ་རེད། བཙན་བྱོལ་ནང་འཐོར་སོང་ན། བོད་ནང་ལས་ཀ་ལས་བདེ་བ་ཡོག་རེད།

  12. ཨ་ཁུ་ནོར་བུ་ says:
    2015-12-22 at 5:33 am

    བཀའ་སྤྱིའི་གསུང་བཤད་ཚང་མ་སྤྲེལ་ལས་རེད། བརྟན་བཞུགས་ཟེར་བ་ཚང་མ་སྤྲེལ་ལས་རེད། ཁྱོད་གསུམ་གྱི་ལས་ཀ་ཚང་མ་སྤྲེལ་ལས་རེད། ད་དུང་མུ་མཐུད་སྤྲེལ་ལས་བཤད་པ་ན། ཉིན་ཞིག་རྒྱལ་བར་མཚན་བཤད་ཆེན་པོ་བཟོ་ངེས་རེད། ཉིན་ཞིག་ང་ཚོའི་སྤྱི་ཚོགས་གསུམ་སུ་འགྲོ་ངེས་རེད། དེ་ནི་སྤྲེལ་ལས་བཤད་པའི་འབྲས་བུ་རེད།

  13. ལྷ།བྱ་འཕུར་མ། says:
    2015-12-22 at 9:59 am

    མི་འདི་གསུམ་པོ་འཁྲབ་འཁྲབ་ནས་གཞོན་ནུ་ཚོགས་པའི་དམིགས་ཡུལ་བསྒྱུར་དགོས་རེད་ཟེར།
    འདྲི་མཁན་ལྷག་བསམ་ཟེར་བ་འདི་ཡང་འཁྲབ་མཁན་ཞིག་རེད། གང་ལྟར་དབུས་གཞོན་ལྷན་གྱིས་ཐག་གཅོད་བྱས་པར་སྣང་བ་འགྲོ་མ་སོང་སྡུག་གྱོང་རེད།

    ཁྱེད་རང་ཚོས་སྤྱི་ཚོགས་ཕར་དཀྲུགས་ཚུར་དཀྲུགས་བྱས་ཏེ་མི་དམངས་ཀྱིས་ཐག་གཅོད་བྱེད་དགོས་ཟེར་ན་རྒྱུན་ལྡན་ཁ་ནང་འཇགས་པའི་དྲང་བདེན་གྱི་ཚིག་བེད་སྤྱོད་གང་དུ་གཏོང་དགོས་སམ།

    ད་ལོའི་གསུམ་བཅུ་དུས་དྲན་སྐབས་ཚོགས་གཙོ་འདིས་བོད་རང་བཙན་དང་རྒྱ་མི་བོད་ནས་ཕར་རྒྱུགས་དགོས། བོད་རང་བཙན་ཡིན་ལ་སོགས་ཀྱི་སྐད་འབོད་བྱས་ན་ཁྲིམས་འགལ་རེད་ཟེར་ནས་ཉེན་རྟོག་པ་སྐད་གཏོང་མཁན་ཁོ་རང་རེད།

    ད་འཁྲབ་སྟོན་མ་བྱེད་ཅིག་མི་དམངས་མགོ་འཐོམ་མ་འཇུག་རོགས་ཅེས་འབོད་སྐུལ་བྱེད་ཀྱི་ཡོད།

  14. ལྷ།བྱ་འཕུར་མ། says:
    2015-12-22 at 10:07 am

    ནེའུ་ཡོག་གནས་སྡོད་ལྷག་བསམ་ལགས། རང་གིས་དང་པོ་བོད་སྐད་བོད་ཡིག་ཡག་པོ་སྦྱོངས། དེ་ནས་བོད་དོན་དང་འབྲེལ་བའི་གནད་དོན་ཐོག་བཅར་འདྲི་བྱས་ན་ཡག་པོ་མེད་འགྲོ དེ་མིན་རང་གི་ར་མ་ལུག་གི་བཅར་འདྲི་འདྲ་བྱེད་དུས་དབྱིན་སྐད་མི་ཤེས་མཁན་ཚོས་ཉན་ཚེ་རང་གི་སྐད་ཆ་དག་ར་མ་ལུག་རང་རེད་ཟེར་ན་བགད་མོ་ཤོར་ངེས་རེད། དེ་ཙམ་ཡིན།

  15. ལུང་རྟོགས། says:
    2015-12-22 at 10:25 am

    ཉ་གེ་ཉོག་གེ་མང་པོ་ཞིག་བཤད་འདུག་ཀྱང་དོན་ལ་ལེན་པ་ས་གནས་ལ་འདུག གཞོན་ནུའི་དབུས་རྒྱུན་གྱི་ཐག་གཅོད་དེ་འགྲིག་པ་ཞིག་རེད། སོ་སོ་གཞོན་ནུའི་ལང་ཕྱོགས་ལ་མོས་མཐུན་མེད་ན་བཟང་སྤྱོད་ཀྱི་ཐོག་ནས་གཞོན་ནུའི་སྒྲིག་འཛུགས་ནས་དགོངས་པ་ཞུ་དགོས་པ་རེད། གཞོན་ནུའི་ནང་ལ་སྡད་བཞིན་གཞོན་ནུའི་ལང་ཕྱོགས་ལ་མི་བརྩི་བ་ནི་ཤ་ཟ་བཞིན་ཤ་མེད་ཚོགས་པར་ཞུགས་པ་རང་རེད།

  16. རྣོ། says:
    2015-12-22 at 11:37 am

    དབུས་ཀྱི་ཐག་གཅོད་ལ་རྒྱབ་སྐྱོར་ཡོད་་་་་་་ཚོགས་པ་རང་གི་ལངས་ཕྱོགས་ཚོགས་པ་རང་གིས་ཐག་གཅོད་དགོས་པ་ལས་་་་་་་མི་མང་ལ་དྲིས་ཤིང་མི་མང་གིས་ཐག་གཅོད་དགོས་དོན་ཡེ་ནས་མི་འདུག་་་་་་

  17. ཀརྡོ་གཉེར་ཕྱག་པ་ says:
    2015-12-22 at 12:16 pm

    གཞོན་ནུ་ལྷན་ཚོགས་ལ་ལྟ་ཞིབ་བྱས་པ།
    བོད་ཀྱི་དུས་བབ། ༢༠༡༥/༡༢/༢༠ རིག་པ། (༣)
    གེ་སར་ནོར་བུ་དགྲ་འདུལ།
    http://tibettimes.net/%E0%BD%82%E0%BD%9E%E0%BD%BC%E0%BD%93%E0%BC%8B%E0%BD%93%E0%BD%B4%E0%BC%8B%E0%BD%A3%E0%BE%B7%E0%BD%93%E0%BC%8B%E0%BD%9A%E0%BD%BC%E0%BD%82%E0%BD%A6%E0%BC%8B%E0%BD%A3%E0%BC%8B%E0%BD%A3%E0%BE%9F%E0%BC%8B/

  18. གངས་སེང། says:
    2015-12-22 at 12:18 pm

    ལྷག་བསམ་ཟེར་བ་སྤྱི་ཚོགས་དཀྲུགས་མཁན་རེད། ལས་ཀ་མེད་པར་གང་བྱུང་གསར་འགོད་རང་མོས་བྱེད་ཀྱིས།་ཧ་་་ཧ

  19. རིན་ཆེན་སྐྲུལ་སྐུ་ says:
    2015-12-22 at 12:35 pm

    ལྷག་བསམ་ཟེར་བ་དེ་རི་ལུང་སྐྱག་སྐྱོག་ནང་བཞིན་ཁ་རེ་ཁ་ཐུག་དང་ རྒྱ་གར་གྱི་མངར་ཟས་ ཇུ་ལེ་ཕི་ julefi ནང་བཞིན་ཁ་རེ་ཁ་ཐུག་ ཁྱིའི་མཇུག་མ་ནང་བཞིན་ཁ་རེ་ཁ་ཐུག་ སྤྱི་ཚོགས་ཕུ་བསྐྲུག་མདོ་བསྐྲུག་བཟོ་མཁན་ཞིག་རེད་ ཕྱི་ལོ་༡༠༡༥ལོའི་བསྐྲུང་ཤིང་གི་གཟེངས་རྟགས་དེ་ཁོ་ལ་ཐོབ།

  20. རིན་ཆེན་སྐྲུལ་སྐུ་ says:
    2015-12-22 at 12:52 pm

    དྲང་བདེན་མ་རེད་
    རང་བདེན་རེད་
    ཤེས་ཡོན་མེད་པའི་རྐྱེན་གྱི་རེད་
    སྐབས་བཙོལ་གོ་སྐབས་འཚོལ་ཐབས་རེད་

    གཞོན་ནུ་གཏོར་བཤིག་མ་བཏང་
    རྒྱལ་ཚོང་རང་བཤད་ཚོགས་པ་ཞེས་པ་གསར་བཙུགས་བྱ་
    འགོ་འབྱེད་མཛད་སྒོའི་སྐུ་མགྲོན་དུ་ལྷག་བསམ་བསྐྱག་བསྐྱོག་བསྐྲུག་བཤིང་མགྲོན་འབོད་བྱ།

  21. བོད་ཁམས་སྡེ་ says:
    2015-12-22 at 2:18 pm

    གཞོན་ནུའི་ལངས་ཕྱོགས་ལ་མོས་མཐུན་མེད་བཞིན་དུ་གཞོན་ནུ་ལྷན་ཚོགས་སུ་ཞུག་པ་ཙམ་གྱིས་ནོར་འཁྲུལ་རེད་ ཁྱེད་ཚོ་ལ་སློད་མེད་ཀྱི་དད་པ་དང་བོད་མི་རིག་གི་ལ་རྒྱ་རེ་ཡོད་ན་དབུ་མའི་ལམ་གྱི་ལངས་ཕྱོགས་གོང་ལ་ཕེབས་དང་ངས་ནི་ནམ་ཡོང་དགའ་བསུ་ཞུ་།

  22. གངས་ཕྲུག། says:
    2015-12-22 at 3:44 pm

    ས་གཞོན་རྒྱུན་ལས་དེ་གསུམ་གྱིས་ནང་འགལ་དང་ཁྲིམ་སྒྲིག་ལས་གང་ཟག་གཙོ་བོ་འཛིན་མཁན་རྐྱང་རེད། དབུས་ས་དབར་མི་མཐུན་པའི་གནས་ཚུལ་རིགས་བྱུང་ཚེ་གཞོན་ལྷན་རྒྱས་འཛོམས་ཀྱིས་གྲོས་མོལ་དང་མང་མོས་ཐོག་འགྲོ་དགོས། དེ་ཡང་ས་གནས་དང་དབུས་གང་གིས་སྔོན་འགྲོ་ཆ་རྐྱེན་མེད་པའི་ཐོག་ནས་གཞོན་ལྷན་གྱི་སྒྲིག་གཞི་རྩ་འཛིན་གྱིས་འཚོགས་དགོས་པ་ལས་ས་གནས་ཁག་གི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་ལྷན་ཚོགས་མི་རིགས། ད་ལམ་ས་རྒྱུན་ཁག་གིས་བྱེད་བབ་དེ་གཞོན་ལྷན་གཏོར་རྒྱུ་ལས་བོད་བཙན་བྱོལ་བའི་བཟང་སྤྱོད་ཞིག་ནམ་ཡང་མི་འགྱུར། ས་རྒྱུན་ཚོས་བཤད་དོན། ང་ཚོའི་རྒྱབ་ཏུ་མི་དམངས་མང་ཚོགས་ཡོད་ཟེར། ལུགས་མཐུན་ལྟར་བྱས་ན་ས་རྒྱུན་འོས་འདེམས་སྐབས་སུ་ས་གནས་གཞོན་ནུའི་ཚོགས་མི་ལས་ཚོགས་མི་མིན་པའི་སྤོའོ་དང་རྨོའོ་སོགས་བོད་མི་ཡོད་དོ་ཅོག་གིས་རྒྱུན་ལས་འོས་འདེམས་ཆོག་པ་ཞིག་མ་རེད། ཚོགས་པ་གང་དང་གང་ཞིག་གི་རྒྱུན་ལས་འདེམས་སྐབས་ཚོགས་པ་དེའི་ཚོགས་མི་རྐྱང་པས་འོས་འགན་ཡིན་པར་ཤེས་དགོས། ནིའུ་ཡོག་གི་ས་གཞོན་རྒྱུན་ལས་འདེམས་སྐབས་གཞོན་ནུའི་ཚོགས་མི་མིན་པའི་རྒན་ཕོ་མོ་ཚང་མས་འདེམས་ཀྱི་ཡོད་ཚུལ་འདུག། དེ་ཡང་ནོར་བ་རེད། གཞོན་ནུའི་སྒྲིག་འཛུགས་དེ་གཞོན་ནུའི་ཚོགས་མི་རྣམས་ལ་དབང་བ་ལས་བོད་མི་ཡོད་དོ་ཅོག་ལ་དབང་རྒྱུ་མ་རེད། དེ་ནི་ཚོགས་པ་སྤྱིའི་འགྲོ་སྟངས་དང་ལས་སྟངས་ཞིག་རེད། ཧ་མ་གོ་ན་མི་རིགས་གཞན་གྱི་ཚོགས་སྤྱིར་གཟིགས། མདོར་ན། ས་གཞོན་ཁག་ཅིག་གིས་གཞོན་ནུའི་ཚོགས་པ་འདིའི་ནུས་པ་མེད་པ་བཟོ་བཞིན་པ་ནི་གསལ་པོ་རེད།

  23. ཚེ་རིང་། says:
    2015-12-22 at 9:25 pm

    རྒྱལ་ཚོང་བ་ས་གནས་གཞོན་ལྷན་བེད་སྤྱོད་བྱེད་མཁན་རྣམས་ཀྱི་སྐད་ཆ་ལ་ཉོག་སོང་། དོལ་རྒྱལ་ཚོགས་པ་དང་གཅིག་པ་རེད་འདུག

  24. ཀརྡོ་གཉེར་ཕྱག་པ་ says:
    2015-12-22 at 11:50 pm

    http://tibettimes.net/%E0%BD%84%E0%BC%8B%E0%BD%9A%E0%BD%BC%E0%BC%8B%E0%BD%A6%E0%BD%B4%E0%BC%8B%E0%BD%A0%E0%BD%82%E0%BE%B2%E0%BD%B2%E0%BD%82%E0%BC%8B%E0%BD%98%E0%BD%B2%E0%BD%93%E0%BC%8B%E0%BD%82%E0%BE%B1%E0%BD%B2%E0%BC%8B/
    ་་་་་་་་་་ གཞོན་ནུའི་དམིགས་ཡུལ་གྱི་དོན་ཚན་དང་པོའི་ནང་། ༧གོང་ས་མཆོག་གི་བཀའ་དགོངས་བཞིན་ཤར་སྐྱོད་བྱ་རྒྱུ་ཞེས་འཁོད་ཡོད་པ་དང་། དོན་ཚན་བཞི་པའི་ནང་རང་བཙན་འཐབ་རྩོད་བྱེད་རྒྱུ་ཡིན་ཟེར་བ་གཉིས་བར་འགལ་བ་ཆགས་ཡོད་པ་རེད། དམིགས་ཡུལ་འདི་ཐོག་མ་གཏན་འབེབས་བྱེད་སྐབས། ༧གོང་ས་མཆོག་དང་བོད་གཞུང་གི་ལངས་ཕྱོགས་དང་མཐུན་གྱི་ཡོད་པ་རེད། ཡིན་ནའང་རྗེས་སུ་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕོགས་འགྱུར་བ་ཐེབས་ཡོད་པ་རེད། དངོས་ནས་༧གོང་ས་མཆོག་གི་བཀའ་དགོངས་ཐོག་ཤར་སྐྱོད་བྱ་རྒྱུ་ཡིན་ན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་ལའང་འགྱུར་བ་གཏོང་དགོས་པ་ཆགས་ཡོད་པ་རེད། ང་ཚོས་སྔ་ཕྱི་བར་གསུམ་དུ་ག་རེ་ཞུས་ཡོད་་་་་་་་་་

  25. ཀརྡོ་གཉེར་ཕྱག་པ་ says:
    2015-12-23 at 12:02 am

    ས་གནས་ཀྱིས། དབུས་གཞན་ལྷན་ལ་ངོ་རྒོལ་མཚོན་བྱེད་ལས་འགུལ་བྱས་པ་དེ་འགྲིགས་པ་རེད། དབུས་ཀྱིས་ས་གནས་ཚོགས་གཙོ་གནས་དབྱུང་བཏང་བ། དེ་ཡང་འགྲིགས་པ་རེད། ད་འདི་ནས་གོག་པ་སུ་སྔ་རེད་དོ།། ཧ་ཧ།།

  26. འཇིགས་བྲལ། says:
    2015-12-23 at 11:48 am

    ༡༽ མང་གཙོའི་འགྲོ་ལུགས་བཞིན་བྱས་ན་དབུས་ཀྱི་ཐག་གཅོད་ལ་བརྩི་བཀུར་ཞུ་དགོས་པ་ཆགས་ཡོད་པ་རེད། མང་མོས་དང་སྤྱི་མོས་ལ་ཁས་ལེན་གྱི་ཚོགས་པའི་སྒྲིག་འཛུགས་བདག་གཅེས་བྱེད་དགོས་པ་རེད།
    ༢༽ གལ་ཏེ་དབུས་ཀྱི་ལངས་ཕྱོགས་ལ་ངོས་ལེན་བྱེད་ཐུབ་ཀྱི་མེད་ན་ཚོགས་པ་ནས་དགོངས་པ་ཞུ་དགོས་པ་ལས། ཚོགས་པའི་ནང་རྙོག་གླེང་བཟོ་མཁན་དུ་བཙུགས་པ་ལྟ་བུ་བྱས་ནས་བསྡད་ན་ཡག་པོ་མ་རེད། དེ་ལས་སོ་སོའི་ལྟ་བ་དང་མཐུན་པའི་ཚོགས་སྡེའི་ནང་འཛུལ་ཞུགས་བྱས་ན་ཡག་ཤོས་རེད།
    ༣༽ གོ་ཐོས་ལ་ནིའུ་ཡོག་གི་ས་གནས་གཞོན་ནུའི་རྒྱུན་ལས་དེ་ཚོ་ནིའུ་ཡོག་ས་གནས་མི་མང་གཞོན་ནུའི་ཚོགས་མི་ཡིན་མིན་ཚང་མས་འོས་བླུགས་པ་རེད་ཟེར། དེ་བདེན་ན་རྩ་བ་ནས་འགྲིག་ཡོད་མ་རེད། ནིའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་འདེམས་ཀྱི་མེད་པར། ས་གནས་གཞོན་ནུའི་རྒྱུན་ལས་འདེམས་ཀྱི་ཡོད་པ་རེད། གཞོན་ནུའི་ཚོགས་མི་མིན་པ་ཚོ་ལ་གཞོན་ནུའི་རྒྱུན་ལས་འོས་འཕེན་གྱི་ཐོབ་ཐང་ག་བར་ཡོད་རེད།
    ༤༽ ས་གནས་ནིའུ་ཡོག་གི་མི་ཚང་མས་འོས་བླུགས་པ་རེད་ཟེར་ནས་གོ་དུས། ས་གནས་གཞོན་ནུ་ཟེར་ནས་མིང་གཞན་ཞིག་བཏགས་པ་མ་གཏོགས། དོན་ལ་ས་གནས་ནིའུ་ཡོག་གི་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་འོས་འདེམས་བྱེད་ཀྱི་ཡོད་པ་དང་དོན་གཅིག་ཏུ་གྱུར་འདུག གཞོན་ནུ་ཚོགས་པ་དེ་ཚོགས་པ་དེའི་ཚོགས་མི་ཚོར་དབང་བ་ལས་ཚོགས་མི་མ་ཡིན་པ་ཚོར་འོས་འཕེན་གྱི་ཐོབ་ཐང་རྩ་བ་ནས་མེད་པ་སྤྱི་ཡོངས་ཀྱི་འགྲོ་ལུགས་ཤིག་ཡིན་པས། ད་ལྟ་རྒྱུན་ལས་ཡིན་ཟེར་མི་དེ་ཚོ་འོས་བསྡུ་ཚད་ལྡན་གྱི་ལམ་ནས་འདེམས་ཐོན་བྱུང་བའི་རྒྱུན་ལས་ལ་ཁྲིམས་ལུགས་ཀྱི་འགྲོ་སྟངས་ལྟར་ན་ངོས་ལེན་བྱེད་མི་ཐུབ་པ་ཞིག་ཡིན་པར་མཐོང་།

  27. གཅན བཟོད་རྒྱམ། says:
    2015-12-23 at 1:56 pm

    ཟམ་གདོང་རིན་པོ་ཆེའི་བཀའ་གསུང་འདི་ལ་གསན་རོགས། དབུས་ཀྱི་བཀའ་མི་རྩི་མཁན་ཀྱི་ས་གནས་ཚོགས་ཆུང་གང་ན་སུ་ཡོད་པ་ཚང་མ་སྒོ་རྒྱག་པའི་ཐོབ་ཐང་དབུས་ལ་ཡོད་ཡོད་པ་རེད། ད་ཁྱོད་ཚོས་ཅོལ་འགྲོ་མོལ་འགྲོ་ཉ་གེ་ཉོག་གེ་བཤད་ནས་དཀྲུག་དཀྲུག་མ་གཏོང་། ངལ་གསོ་གནང་རོགས། སྐད་ཅི་ཙམ་བཤད་ཀྱང་བཤད་བཤད་ཚང་མ་དཀྲུག་གཏམ་རང་རེད་འདུག སྐད་ཆ་འགོ་བཙུགས་མ་ཐག་ནས་དོན་མེད་ཚིག་རྩོད་ཀྱི་བཟོ་ལྟ་ཐོན་ཡོང་གི་འདུག

  28. གཅན བཟོད་རྒྱམ། says:
    2015-12-23 at 1:57 pm

    ཟམ་གདོང་རིན་པོ་ཆེའི་བཀའ་གསུང་འདི་ལ་གསན་རོགས། དབུས་ཀྱི་བཀའ་མི་རྩི་མཁན་ཀྱི་ས་གནས་ཚོགས་ཆུང་གང་ན་སུ་ཡོད་པ་ཚང་མ་སྒོ་རྒྱག་པའི་ཐོབ་ཐང་དབུས་ལ་ཡོད་ཡོད་པ་རེད། ད་ཁྱོད་ཚོས་ཅོལ་འགྲོ་མོལ་འགྲོ་ཉ་གེ་ཉོག་གེ་བཤད་ནས་དཀྲུག་དཀྲུག་མ་གཏོང་། ངལ་གསོ་གནང་རོགས། སྐད་ཅི་ཙམ་བཤད་ཀྱང་བཤད་བཤད་ཚང་མ་དཀྲུག་གཏམ་རང་རེད་འདུག སྐད་ཆ་འགོ་བཙུགས་མ་ཐག་ནས་དོན་མེད་ཚིག་རྩོད་ཀྱི་བཟོ་ལྟ་ཐོན་ཡོང་གི་འདུག
    https://www.facebook.com/serkyiphonga/videos/513055412187113/?pnref=story

    https://www.facebook.com/ngaphey.mtsang/videos/915485658486973/?pnref=story

  29. གངས་ཕྲུག། says:
    2015-12-23 at 4:51 pm

    ས་གནས་མི་དམངས་སུ་བྱུང་གིས་གདམས་པའི་ས་གཞོན་རྒྱུན་ལས་ནི་ཁྲིམས་མཐུན་ལུགས་མཐུན་གྱིས་ས་རྒྱུན་མ་རེད། ས་གནས་གཞོན་ནུའི་ཚོགས་མི་རང་གིས་གདམ་པའི་ས་རྒྱུན་གསར་པ་འདེམས་དགོས། ས་གཞོན་འོས་འདེམས་སྐབས་སུ་ངེས་པར་དུ་གཞོན་ནུའི་ཚོགས་མི་རྐྱང་པས་འདེམས་དགོས་པ་ལས་དེ་མིན་ཚོགས་པ་ནང་ཟ་ངེ་ཟེང་ངེ་བཅས་ཀྱིས་དཀའ་ངལ་འདི་ཚོ་ཡོང་གི་རེད། མ་འོང་པར་གཞོན་ལྷན་གཙང་མ་དགོས་རྒྱུ་གལ་ཆེ་རེད།

  30. སྙིང་རྩ་སྤར་འཛིན། says:
    2015-12-24 at 4:46 am

    དབུས་ལྷན་ཚོགས་ཀྱི་ཁ་ལ་མི་ཉན་པའི་ས་གནས་ཚང་མའི་སྒོ་རྒྱག་རོགས། རྐྱ་མི་ཆོ་བཙོག་ལས་རྐང་ཐང་ཅ་དག་ཡག་གི་རེད། ཕ་མའི་བཀའ་ལ་མི་ཉན་པའི་བུ་ཕྲུག་བཞིན་ནོ།

  31. ལྷ་སྲས་དར་མ། says:
    2015-12-24 at 6:28 am

    ད་གོང་ས་མཆོག་ནས་རང་བཙན་རྩོད་ན་བཀའ་དང་འགལ་མིན་གྱི་བཀའ་སློབ་ནན་པོ་ཞིག་གནང་བའི་དུས་བསླེབ་པ་མ་ཟད་ཕྱི་སྐྱོན་རེད་འདུག མ་འོང་པར་རྙོག་དྲ་ཆེན་པོ་ཞིག་གི་སྒོ་དེ་སུ་དང་གང་གིས་བརྒྱབ་མ་ཐུབ་པར་དོལ་རྙོག་བཞིན་ལྷང་ལ་འབུད་རྒྱུ་ཉག་གཅིག་རེད།

  32. ནད་མེད་ཚེ་རིང་། says:
    2015-12-24 at 6:45 am

    རང་བཙན་དང་དབུས་མའི་ལམ་གཉིས་ནི་འཐབ་རྩོད་ཀྱི་ལམ་བུ་ཞིག་ཡིན་པས་གང་ཡག་པ་དེར་བསྐྱོད་དགོས་པ་ནི་བརྗོད་མི་དགོས་པ་ཡིན། ཡར་བཤད་མར་བཤད་གང་བྱ་ཀྱང་དམིགས་ཡུལ་གཙོ་བོ་དེ་བོད་མིར་རང་དབང་དགོས་པ་དེ་ཡིན། དེ་ལྟ་ན་བཙན་བྱོལ་ནང་གི་དབུས་གཞོན་ལྷན་གཙོས་པའི་ཚོགས་པ་དག་གི་འགོ་འཁྲིད་ཚོས་འགན་འཁུར་ཆེ་བཞེས་ཀྱི་རང་རང་སོ་སོའི་ཚོགས་མི་རྣམས་ལ་སྐབས་དུས་སུ་ལམ་སྟོན་ཞུ་གལ་ཆེ་བ་ལས། དེ་མིན་དབུས་གཞོན་ནུ་ཚོགས་པའི་འགོ་འཁྲིད་དོན་གྲུབ་ལྷ་དར་ལྟ་བུ་རེ་བཟུང་ནས་རང་སྣང་གང་དྲན་གྱི་བཀའ་མོལ་ཐལ་ཆ་རིགས་གནང་ནས་ད་ལྟ་རྙོག་དྲ་འདི་འདྲ་བྱུང་བ་རེད།

  33. ཁྱུང་སེ། says:
    2015-12-24 at 6:50 am

    ལྷ་སྲས་དར་མའི་སྐད་ཆར་གོ་རྒྱུ་འདུག ཡིན་ནའང་གོང་ས་མཆོག་ནས་བཀའ་སློབ་ཞིག་གནང་རེར་མི་འདུག གང་ཡིན་ཟེར་ན་ཟམ་གདོང་བླ་མར་དེ་ལྟར་མོས་པ་མི་འདུག ནེའུ་ཡོག་གཞོན་ལྷན་གྱི་རྙོག་ཁྲ་དེ་ཡང་ཟམ་གདོང་གིས་ཆེད་དུ་བཟོས་པ་རེད།། ད་གཞོན་ལྷན་ཚོགས་པ་དེ་ཡང་དབུ་ལམ་ལ་འགྱུར་ངེས་རེད།། འདས་པའི་གཞོན་ལྷན་དང་ད་ལྟའི་གཞོན་ལྷན་ཚོགས་པ་གཉིས་ལ་གནམ་སའི་ཁྱད་པར་འདུག ད་ལྟའི་གཞོན་ལྷན་ཚོགས་པ་ནི་རང་བཙན་ཁ་ལ་ཁྱེར་བ་ལས་དོན་དུ་རང་བཙན་ལ་འདོད་པ་མེད་པ་འདྲ།། གང་ཡིན་ཟེར་ན་རང་བཙན་གྱི་ནུས་པ་འདོན་སའི་སྲིད་སྐྱོང་གི་འོས་འཕེན་སྟངས་ལ་ལྟས་པས་ཤེས་ཐུབ།། གང་ལྟར་ནེའུ་ཡོག་ས་གནས་གཞོན་ལྷན་དང་ཆ་འདྲ་བ་ཞིག་རེད་འདུག

  34. བཀྲ་ཡེ་ཚང་། says:
    2015-12-24 at 7:52 pm

    ང་ཚོའི་སྤྱི་ཚོགས་ནང་དུ་ཁྱི་སྐྱག་མང་རུ་མང་རུ་་་་ངོ་མ་སེམས་པ་སྐྱོ་སོང་།གཞོན་ནུ་རྒྱལ་ལོ།

  35. ཀརྡོ་གཉེར་ཕྱག་པ་ says:
    2015-12-25 at 12:12 am

    དབུས་ས་གཉིས་ལས་ས་གནས་གཙོ་ཆེ། །
    དབུས་རང་གཉིས་ལས་དབུས་ལམ་གལ་ཆེ། །
    ་
    རང་བཙན་གཞོན་ལྷན་རྙིང་ནས་རྭལ་བགྱིད། །
    དབུ་ལམ་གཞོན་ལྷན་ད་ནས་འཛུགས་རན། །

  36. གངས་སེང། says:
    2015-12-26 at 12:48 am

    གཞོན་ནུའི་ནང་དབུ་ལམ་གྱི་ལྟ་གྲུབ་སླེབས་ན་ཉེན་ཁ་ཆེན་པོ་རེད། གཞོན་ནུས་རང་བཙན་བཤད་པ་དེ་བཙན་བྱོལ་ཆབ་སྲིད་ཀྱི་རྣོ་ངར་ཅན་ཞིག་རེད། དེ་གལ་ཆཻན་རེད། མུ་མཐུད་རང་བཙན་ལ་གནས་དགོས།
    འགའ་ཞིག་གིས་གཞོན་ལྷན་དབུ་ལམ་ལ་བསྒྱུར་རྩིས་བྱེད་པ་དེ་ཆབ་སྲིད་ཀྱི་གནད་འགག་མི་ཤེས་པ་རེད།
    གཞཽན་ལྷན་རང་བཙན་ལ་གནས་ན་༧གོང་ས་མཆོག་གི་བཀའ་དགོངས་འགལ་མེད། མང་གཙོའི་སྤྱི་ཚོགས་ནང་ལྟ་གྲུབ་མི་འདྲ་བའི་ཚོགས་པ་ངེས་པར་དགོས་པ་རེད། ཡོད་ཀྱང་ཆོག་པ་རེད།

    ཀརྡོ་གཉེར་ཕྱག་ལགས། དབུ་ལམ་གཞཽན་ལྷན་ཟེར་བ་བཙུགས་ན་འགྲིགས་ཀྱི་རེད། སུས་བཙུགས་ནའང་དེའི་འཇོན་ཐང་རེད། འོན་ཀྱང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་སྔར་རྒྱུན་བཞིན་དེ་སྔའི་ལྟ་གྲུབ་ལ་གནས་དགོས་པ་གནད་འགག་རེད་དོ།

    མདོར་ན། ཆབ་སྲིད་ཟེར་བ་དྲང་པོ་ཞིག་མ་རེད་ལ་ཆབ་སྲིད་པ་ཟེར་བ་དེའང་དེ་བས་དྲང་གཏམ་སྨྲ་མཁན་ཞིག་མ་རེད། དེ་བས་བསམ་བློ་ཡག་པོ་ཐོངས། ཆབ་སྲིད་ནི་ཆབ་སྲིད་རང་ལ་གནས་དགོས། དབུ་མ་དང་རང་བཙན་བཞག་རོགས་གནང།

  37. ཀརྡོ་གཉེར་ཕྱག་པ་ says:
    2015-12-26 at 12:51 am

    ་་་་་་་་་ ཀརྡོ་གཉེར་ཕྱག་ལགས། དབུ་ལམ་གཞཽན་ལྷན་ཟེར་བ་བཙུགས་ན་འགྲིགས་ཀྱི་རེད། སུས་བཙུགས་ནའང་དེའི་འཇོན་ཐང་རེད། འོན་ཀྱང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་སྔར་རྒྱུན་བཞིན་དེ་སྔའི་ལྟ་གྲུབ་ལ་གནས་དགོས་པ་གནད་འགག་རེད་དོ། ་་་་་་་་ ཟེར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme