Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ལྷན་གནས་སྐབས་སྒོ་རྒྱག་རྒྱུ་ཡིན།

Posted on 2015-12-172015-12-17 By ཁ་བརྡ 24 Comments on ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ལྷན་གནས་སྐབས་སྒོ་རྒྱག་རྒྱུ་ཡིན།

ཡོང་ཁུངས། བོད་ཀྱི་བང་ཆེན།

 
ཟླ་འདིའི་ཚེས་༡༦ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། སྐབས་༡༣ པའི་ནིའུ་ཡོག་ས་གནས་བོད་ཀྱི་གཞོན་ནུའི་རྒྱུན་ལས་ཁང་དེ་བཞིན་བློ་ཕམ་ཆེན་པོའི་ངང་གནས་སྐབས་སྒོ་རྒྱག་རྒྱུ་དང་། སྤྱི་ལོ་༢༠༡༦ ཟླ་བ་༡ ཚེས་༢༠ གོང་དུ་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ལྷན་གྱི་རྒྱུ་དབང་ཡོངས་རྫོགས་ཆད་ལུས་མེད་པར་བར་བརྒལ་འབྲེལ་མཐུད་པར་རྩིས་སྤྲོད་དགོས་ཞེས་བརྗོད་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་༡༩༧༠ ལོ་གསར་འཛུགས་བྱས་ཏེ། བཙན་བྱོལ་ནང་བོད་རང་བཙན་འཐབ་རྩོད་ཀྱི་སྒྲིག་འཛུགས་ཆེ་ཤོས་དེ་ཡིན་པ་དང་། བོད་གཞུང་གི་སྲིད་ཇུས་དབུ་མའི་ལམ་དུ་བསྒྱུར་བ་དང་། བར་ལམ་ཞིག་ནས་གཞོན་ལྷན་གྱི་རང་བཙན་ལངས་ཕྱོགས་ཀྱང་སྒྱུར་དགོས་པའི་བསམ་ཚུལ་ཁག་ཅིག་བྱུང་བ་ལྟར། གཞོན་ལྷན་གྱི་རྒྱ་གར་ནང་གི་ས་གནས་ཁག་བརྒྱད་དབུས་ཀྱི་ཁྱབ་ཁོངས་ནས་ཕྱིར་འཐེན་བྱས་ཡོད་པ་རེད། དེ་བཞིན་འདི་ལོར་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སའི་ས་གནས་ཀྱི་རྒྱུན་ལས་གསར་པ་འདེམས་ཐོན་བྱུང་བ་དང། ཁོང་ཚོས་གཞོན་ལྷན་གྱི་ཆབ་སྲིད་ལངས་ཕྱོགས་མ་བསྒྱུར་ན། གཞོན་ལྷན་གྱི་ཁྱབ་ཁོངས་འོག་འདུག་རྒྱུ་མིན་སྐོར་བརྗོད་ཡོད་པ་རེད།

938702

དེ་ཡང་ཟླ་འདིའི་ཚེས་༡༦ ཉིན་གཞོན་ལྷན་གྱིས་དེའི་སྐོར་ལ་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན། “འདི་ལོར་གསར་དུ་འདེམས་ཐོན་བྱུང་བའི་སྐབས་ ༡༣ པའི་ནིའུ་ཡོག་དང་ནིའུ་ཇར་སའི་ས་གནས་གཞོན་ནུའི་རྒྱུན་ལས་ནས་སྤྱི་ལོ་༢༠༡༥ ཟླ་བ་༧ ཚེས་༢༡ ཉིན་དབུས་གཞོན་ལྷན་ལ་ཡི་གེ་ཞིག་བཏང་ནས་ “དབུས་བོད་ཀྱི་གཞོན་ལྷན་གྱི་ལངས་ཕྱོགས་ལ་འགྱུར་བ་མ་བཏང་བར་ནིའུ་ཡོག་དང་ནིའུ་ཇར་སི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ཀྱི་ཁྱབ་ཁོངས་འོག་གནས་ཐབས་མེད་ལ། དབུས་ལ་འབྲེལ་བ་ཡང་བྱེད་རྒྱུ་མིན་་་་་་།” ཞེས་བྲིས་ཡོད། ཐག་གཅོད་འདི་ནི་ནིའུ་ཡོག་དང་ནིའུ་ཇར་སི་ས་གཞོན་ཚོགས་མིའི་བསམ་ཚུལ་བསྡུ་ལེན་མེད་པ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞིའི་ལམ་སྟོན་ལ་ཡང་རྩིས་མེད་ཀྱི་ཐལ་ཆེའི་ཐག་གཅོད་ཞིག་ཆགས་ཡོད་” ཅེས་དང།

གསལ་བསྒྲགས་དེའི་ནང་གཞོན་ལྷན་གྱི་ལངས་ཕྱོགས་དང་འབྲེལ་ནས་འཁོད་དོན། “སྤྱིར་ཚོགས་སྒེར་སུ་རུང་ནས་བོད་དོན་བདེན་མཐལ་སེལ་ཆེད་མང་གཙོའི་ལམ་སྲོལ་དང་ཆབ་སྲིད་ཀྱི་དགོས་དབང་ལྟར་རང་ཉིད་ཀྱི་འདོད་མོས་དང་མཐུན་པའི་ཆབ་སྲིད་ལྟ་གྲུབ་འདྲ་མིན་འཛིན་བཞིན་ཡོད་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་གུས་བརྩི་ཞུ་བཞིན་ཡོད། འོན་ཀྱང་བོད་ཀྱི་གཞོ་ནུ་ལྷན་ཚོགས་ལ་མཚོན་ན་འདས་པའི་ལོ་ངོ་བཞི་བཅུ་ཞེ་ལྔའི་ནང་མང་གཙོའི་འགྲོ་ལུགས་ཚུལ་བཞིན་ལྡན་པའི་ཐོག་ནས་ལས་དོན་ཡོངས་རྫོགས་ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས་རིམ་པའི་ནང་སྦྱང་བཤད་གྲོས་བསྡུར་བརྒྱུད་མང་མོས་དང་སྤྱི་མོས་ཀྱིས་གཏན་ཕབ་པའི་གྲོས་ཆོད་ལག་སྟར་གྱིས་ལས་དོན་སྒྲུབ་བཞིན་ཡོད་པ་དང་། ལྷག་པར་དབུས་སའི་འཛིན་སྐྱོང་དང་ལས་དོན་ཡོངས་རྫོགས་ཚོགས་ཆེན་རིམ་པའི་ནང་སྦྱང་བཤད་མཐིལ་ཕྱིན་གྱིས་གཏན་ལ་ཕབ་པའི་སྒྲིག་གཞིའི་འབྲུ་དོན་ལ་རྩ་འཛིན་ཞུ་བཞིན་ཡོད་ཀྱང་། ནིའུ་ཡོག་དང་ནིའུ་ཇར་སི་ས་གཞོན་གྱི་སྐབས་བབ་འབྲེལ་ཆགས་རྒྱུན་ལས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞི་ལས་ཡོངས་སུ་འགལ་བའི་ཐག་གཅོད་དང་གནང་བབ་ལ་ནང་ཁུལ་གོ་བསྡུར་སྦྱང་བཤད་ཀྱིས་འགྲིགས་འཇགས་ཡོང་ཐབས་སུ་སྤྱི་ཁྱབ་རྒྱུན་ལས་ནིའུ་ཡོག་ས་གནས་སུ་ཆེད་བཅར་གྱིས་ལས་ཐོག་རྒྱུན་ལས་དང་ཐེངས་གཉིས་ལ་ལྷན་འཛོམས་ཀྱིས་ཚོགས་འདུ་ཚོགས་ནས་དུས་ཡུན་རིང་པོར་ཕན་ཚུན་གྲོས་བསྡུར་སྦྱང་བཤད་བྱས་ཀྱང་གྲུབ་འབྲས་སོན་མེད་པ་མ་ཟད། ས་རྒྱུན་ཟུར་པའི་དགོངས་ཚུལ་བསྡུ་ལེན་ཞུས་པ་དང་། ཐེངས་གཅིག་གཞོན་ལྷན་དབུས་རྒྱུན་ཟུར་པ་གདན་ཞུས་ཀྱིས་ལམ་སྟོན་དང་ནང་ཁུལ་འགྲིགས་འཇགས་ཡོང་ཐབས་ཀྱི་གྲོས་འཆར་འདོན་གནང་མཛད་ཀྱང་ལས་ཐོག་ས་གཞོན་རྒྱུན་ལས་རྣམ་པས་གཞོན་ལྷན་ཚོགས་ཆེན་རིམ་པའི་ཐོག་གཏན་འབེབས་མཛད་པའི་དམིགས་ཡུལ་དང་སྒྲིག་གཞིར་མོས་མཐུན་དང་གུས་བརྩི་ཞུ་རྒྱུ་ལས་ཟློག་ཏེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་འོག་གནས་ཐབས་མེད་པའི་ཐག་གཅོད་ལ་འགྱུར་བ་གང་མང་མེད་ཅེས་ཨུ་ཚུགས་མཐར་སྐྱེལ་བྱས་པ་དང་། སྤྱི་ལོ་ ༢༠༡༦ ལོའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་བསྡུར་གྱིས་མང་མོས་ཐག་གཅོད་ཇི་བྱུང་ལ་ཡང་མོས་མཐུན་དང་གུས་བརྩི་ཞུ་རྒྱུའི་ཞལ་བཞེས་མ་གནང་བ་བཅས། སྔ་ཕྱིའི་གནང་ཕྱོགས་ཡོངས་ནས་མ་འོངས་པར་ཡང་ནང་ཁུལ་འགྲིགས་འཇགས་ཡོང་ཐབས་ཀྱི་རེ་བ་རྩ་བ་ནས་མ་མཆིས་པས། ད་ཐེངས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་འགན་འཛིན་ལྷན་ཚོགས་ཐེངས་ ༤༦ གི་གྲོས་གཞི་དོན་ཚན་བཅུ་པའི་ནང་གསེས་ཁ་པའི་གྲོས་ཆོད་གཉིས་པའི་དགོངས་དོན་དང་། དེ་བཞིན་བོད་སྤྱིའི་བསྟན་སྲིད་ཆེད་གཞོན་ལྷན་སྒྲིག་འཛུགས་སྲ་བརྟན་དང་། ལས་དོན་ཚགས་ཚུད། མ་འོངས་གཞོན་ལྷན་ནང་ཁུལ་དང་། ལྷག་པར་བོད་རིགས་ནང་ཁུལ་དོན་མེད་ཀྱི་འགལ་ཟླའི་རྙོག་གླེང་རྒྱུན་མཐུད་མི་ཡོང་བའི་ཆེད་དུ་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུའི་གནད་དོན་ཐོག་གཤམ་འཁོད་ཀྱི་ཐག་གཅོད་མི་བྱ་འཐུ་མེད་དུ་གྱུར་” ཞེས་འཁོད་འདུག

ཐེངས་འདིར་གཞོན་ལྷན་གྱིས་ཐག་གཅོད་གང་བྱུང་བའི་སྐོར་འཁོད་དོན། “དེ་ཡང་ད་ལྟའི་སྐབས་ ༡༣ པའི་ནིའུ་ཡོག་ས་གནས་བོད་ཀྱི་གཞོན་ནུའི་རྒྱུན་ལས་ཁང་དེ་བཞིན་བློ་ཕམ་ཆེན་པོའི་ངང་གནས་སྐབས་སྒོ་རྒྱག་རྒྱུ་དང་། ས་གནས་སུ་བར་བརྒལ་འབྲེལ་མཐུད་པ་བཞི་ (interim committee) ས་རྒྱུན་ཟུར་པའི་མང་མོས་འོས་བསྡུ་བརྒྱུད་ནས་བསྐོ་བཞག་བྱས་ཡོད་པར། སྐབས་ ༡༣ པའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གཞོན་རྒྱུན་ལས་ནས་སྤྱི་ལོ་༢༠༡༦ ཟླ་བ་༡ ཚེས་༢༠ གོང་དུ་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ལྷན་གྱི་རྒྱུ་དབང་ཡོངས་རྫོགས་ཆད་ལུས་མེད་པར་བར་བརྒལ་འབྲེལ་མཐུད་པར་རྩིས་སྤྲོད་གཙང་མ་དགོས་པ་དང་། དེ་རིང་སྤྱི་ལོ་༢༠༡༥ ཟླ་བ་༡༢ ཚེས་༡༦ ནས་བཟུང་མ་འོངས་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ལེན་ཡོད་པའི་ས་གཞོན་རྒྱུན་ལས་གསར་འདེམས་མ་བྱུང་བར། ནིའུ་ཡོག་དང་ནིའུ་ཇར་སིའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོ་ཚབ་ནུས་པའི་ས་གནས་གཞོན་ལྷན་ཞིག་མེད་པས། ཚོགས་སྒེར་སུ་རུང་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མིང་དང་། ཚོགས་དར། ལས་རྟགས། ལས་དམ། ལས་ཤོག་སོགས་བེད་སྤྱོད་བྱ་མི་ཆོག་པ་ནན་བརྗོད་བྱ་རྒྱུ་དང་། གལ་སྲིད་དེ་ལྟར་བྱེད་མཁན་བྱུང་ཚེ་དེ་ལས་བྱུང་བའི་གནད་དོན་གྱི་འགན་ཁུར་ཡོངས་རྫོགས་འཁུར་དགོས་”ཞེས་བསྒྲགས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

གསར་འགྱུར།

Post navigation

Previous Post: ཆོས་ལ་བསྐུལ་བའི་གཏམ་མྱོང་གྲོལ་བདུད་རྩིའི་ཐིག་ལེ་ཞེས་བྱ་བ།
Next Post: དཔལ་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ཆེན་མོའི་ཕྲིན་ལས།

Comments (24) on “ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ལྷན་གནས་སྐབས་སྒོ་རྒྱག་རྒྱུ་ཡིན།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-12-17 at 1:10 am

    ཨ་ཁ། བློ་ཕམ་ངོ་མ་གཞིས་ལུས་བོད་མི་རྣམས་པ་རེད། ཡུལ་གྱར་བ་ཚོ་རྩྭ་ཆུ་བཟང་སར་འབྱོར་ན་དེ་གས་འགྲིག་ཡོད། འགྲུབ་རྒྱུ་མེད་པའི་རེ་བ་ཅིག་ལ་འབད་ནས་དཔྱིད་ཉི་རིང་པོ་གཏོང་གི་ཡོད། ད་དགྲ་དགའ་གཉེན་སྡུག་ལ་གྱུར་འདུག་བས་དབུ་ལམ་པ་ཚོ་གཟིགས་ཤིག་ཨ།

  2. མངོན་སུམ་སྨྲ་བ། says:
    2015-12-17 at 1:22 am

    ད་རེས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཐག་གཅོད་ཡག་པོ་དང་ནན་མོ་གནང་འདུག འདི་ལྟར་ཐག་གཅོད་མ་བྱས་ཚེ་མ་འོངས་པར་ནེའུ་ཡོག་གི་ས་གནས་གཞོན་ནུ་ལྷན་ཚོགས་ལྟ་བུ་ཆབ་སྲིད་པའི་ལག་ཆ་ཆགས་ནས་བོད་སྤྱི་ཚོགས་སུ་ཕུ་དཀྲུགས་མདའ་དཀྲུགས་བྱེད་སྲིད།

  3. ཁྱུང་སེ། says:
    2015-12-17 at 4:17 am

    གཞོན་ལྷན་ནས་རང་ཉིད་ཀྱི་ལྟ་གྲུབ་རང་བཙན་ཡིན་མོད་རང་བཙན་གྱི་ཆེད་དུ་སྲིད་སྐྱོང་འོས་མིར་འོས་མ་འཕེན་པ་དེ་ལ་ཡ་མཚན་སྐྱེ་གཞི་ཞིག་རེད།། ཁྱེད་ཚོའིརང་བཙན་དེ་ཡང་ཆེས་དབུ་མར་འགྱུར་བའམ།། ཡང་ན་ཁ་ནས་རང་བཙན་ཙམ་ལས་དོན་ལ་དབུ་ལམ་ལ་གྱུར་ཟིན་པ་འདྲ།། དོན་གྱི་རང་བཙན་འདོད་ཀྱི་ཡོད་ན་ཁྱེད་ཚོའི་མངོན་འདོད་ལྟར་རང་བཙན་གྱི་ཆེད་དུ་སྲིད་སྐྱོང་གི་འོས་མིར་བཞེངས་མཁན་དེར་རྒྱབ་སྐྱོར་གྱིས་འོས་འཕེན་དགོས་པར་འོས་མ་འཕེན་པ་དེ་ལ་དྭོགས་པ་སྐྱེ་གཞི་ཞིག་ཆགས་མི་འདུག་གམ།། རང་བཙན་འདོད་མཁན་གྱི་སྲིད་སྐྱོང་པ་ཞིག་བྱུང་ན་ཁྱེད་ཚོས་འདོད་པའི་རང་བཙན་ལྟ་གྲུབ་དེར་ནུས་པ་ཐོན་ངེས་ཞིག་དང་གཞོན་ལྷན་ཚོགས་པ་དེའང་སྲ་བརྟན་དུ་གནས་ངེས་རེད།། དེ་མིན་རིམ་གྱིས་གཞོན་ཚོགས་འདི་བཞིན་ནམ་མཁའི་མཇའ་ལྟར་ཡལ་ངེས་རེད་འདུག

  4. དྲུག་སྡེ says:
    2015-12-17 at 4:44 am

    བོདཀྱི་གཞུན་ལྷན་ཚོགས་ཟེར་བའི་ཚོགས་པ་འདི་བོད་རིགས་རྣམས་ཀྱི་དགྲ་བོ་ཡང་ཞེ་སྣང་བསྐྱེད་ཀྱི་ཡོད་པ་མངོན་གསལ་རེད་ལ་ བོད་དོན་ཆེད་དུ་ལས་འགུལ་འདྲ་མིན་སྤེལ་ནས་དཔེ་མི་སྲིད་པའི་ཚོགས་པ་ཆེན་པོ་ཞིག་རེད་ལ་གཞུང་དང་ལྟ་བ་ཐ་དད་འཁྱེར་མཁན་གྱི་ཚོགས་པ་ཞིག་ཀྱང་རེད་ ཡིན་ཡང་དེང་སང་ཕྱི་རྒྱལ་ཁག་ལ་ཡོད་མཁན་ཚོ་རྣམ་སྤྱོད་ཏོག་ཙམ་གུ་ཡང་པོ་ཡོད་འགྲོ་བསམ་སོང་ཡིན་ཡང་དེ་ལས་ལྡོག་སྟེ་ཆོས་སྲིད་མཉམ་སེས་ཀྱི་ངན་ཇུས་ནང་ཐིམས་ཚར་ཤག་ཕང་པོ་རེད་།།

  5. པདྨ says:
    2015-12-17 at 6:44 am

    ཡང་དགྲ་གྱོད་མང་དུ་བཏངས་མི་འདུག་གམ། བོད་ཕྱི་ནང་ཁུལ་དུ་དཀྲུགས་ཤིང་བྱེད་བཞིན་དུ་རྒྱལ་བ་ཚང་གི་མཚན་དེ་བེད་སྤྱོད་གཏོང་བ་དཔེ་ཐ་ཆད་རེད། ཕུ་ནུ་ནང་འཁོར་དཀྲུག་པའི་ཡུ་གོག་དེ་སུ་ཞིག་བཀལ་ཡོད་པར་ཤེས་སོང་ངམ། ཨ་ཁ་ཁ། ད་ཡིན་བལྟས་ན་གཞོན་ཚོགས་གཉིས། དབུ་མ་གཉིས། རང་བཙན་གཉིས། ཀརྨ་གཉིས། དགེ་ལུགས་གཉིས། རྫོགས་ཆེན་གཉིས། པན་ཆེན་གཉིས་སོགས་ཕྱོགས་གཉིས་སུ་དཀྲུག་འཁན་གྱི་བོད་གཞོང་གི་སྒྲིག་འཛུགས་དེ་སྒོ་རྒྱག་ན་ཆོག་ས་རེད།

  6. ཇུང་ཏོག་ says:
    2015-12-17 at 7:25 am

    བོད་ཀྱི་གཞོན་ནུའི་དམིགས་ཡུལ་རང་བཙན་ཡིན་པ་མ་ཟད་ གཞོན་ནུའི་སྒྲིག་གཞིའི་ནང་གསལ་ཡོད་ན་ཉེ་ལམ་སྲིད་སྐྱོང་ལ་འོས་འཕེན་སྐབས་རང་བཙན་ཐབ་བརྩོད་ལ་འོས་མ་སླུག་པར་དབུ་ལམ་ལ་འོས་སླུག་སྟངས་ལ་བལྟས་ན་ལང་ཕྱོགས་བརྟན་པོ་མེད་པའི་ཚོགས་སྐྱིད་ཡོངས་རྫོགས་སྒོ་རྒྱབ་ན་ཡག་ཤོས་རེད་ང་ཚོའི་སྤྱི་ཚོགས་དཀྲུགས་མཁན་མེད་པ་ཞི་བདེ་ཆགས་སྲིད་།

  7. ལྷ།བྱ་འཕུར་མ། says:
    2015-12-17 at 8:49 am

    ཡག་ཤོས་བྱུང་ན་གཞོན་ནུ་ཚོགས་པ་སྒོ་རྒྱག་པ་དགོས་པ་རེད། འཁྲབ་མཁན་མཐོ་རིམ་སྐུ་དྲག་ཚོ་འཁྲབ་འཁྲབ་ནས་གཞོན་ནུ་ཚོགས་པ་ཁ་བཅད་སྣ་རལ་དུ་བཏང་བ་རེད། མ་གཞི་ནས་གཞོན་ནུ་ཚོགས་པས་རང་བཙན་རྩོད་ཀྱི་ཡོད་ཀྱང་ཚོགས་མི་ཚང་མས་གང་ལ་རྒྱབ་སྐྱོར་བྱེད་མིན་ད་ལོའི་སྲིད་སྐྱོང་གི་སྔོན་འགྲོ་འོས་བསྡུ་ལས་གསལ་གསལ་ཐང་ཐང་ཆགས་པ་རེད། ད་ནི་གཞོན་ནུ་ཚོགས་པས་བོད་རང་བཙན་རྩོད་ཀྱི་ཡོད་ཟེར་བ་མགྲིན་པ་ཡན་ཆད་ཀྱི་དབུགས་ཙམ་རེད་དོ།

  8. གཅན བཟོད་རྒྱམ། says:
    2015-12-17 at 9:21 am

    དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ད་ཐེངས་ཐག་གཅོད་གཙང་མ་ཞིག་གནང་འདུག་པར་དགའ་སྤྲོ་དང་བཅས་ཐུགས་རྗེ་ཆེ་ཞུ། མ་གཞི་ནས་དབུས་ལ་ཉན་འཇག་མི་བྱེད་པའི་ས་གནས་ཚོགས་པ་ཆུང་ཆུང་ཞིག་གིས་ཅི་བྱེད། དེ་ཡང་ས་གནས་ཚོགས་ཆུང་ཚོས་དབུས་ཀྱི་བཀའ་དགོངས་ལ་མི་བརྩི་བ་དེ་ཡག་རྟགས་ཤིག་མ་རེད། དེ་བས་ད་ཐེངས་ཀྱི་ཐག་གཅོད་དེ་ཏག་ཏག་འགྲིག་བསམ་བྱུང་ལ། དགའ་སྤྲོ་ཡང་སྐྱེས་ཡོད། འབྱུང་འགྱུར་ཡང་དབུས་ཀྱི་བཀའ་དང་ལེན་མི་བྱེད་པའི་ས་ཚོགས་ཆུང་བ་དེ་ཚོར་ཐག་གཅོད་འདི་ལྟར་གནང་ཐུབ་རེ་སྤོབས་པ་དང་གདེངས་ཚོད་ཡོད་དགོས་ལ། དེ་ལྟར་གནང་ཐུབ་པའི་རེ་བའང་ཞུ།
    བཀའ་དྲིན་ཆེ།

  9. ལུང་རྟོགས། says:
    2015-12-17 at 9:43 am

    པདྨ་ཟེར་བ་འདི་ལ་དོག་ཟོན་གྱིས་ཨ། མི་འདིས་ཚང་མ་དཀྲུག་མཁན་བོད་མིའི་སྒྲིག་འཛུགས་ཡིན་པ་བཤད་འདུག མི་འདིས་རིགས་དེ་ཁེ་ཕན་ཟ་མཁན་གྱི་སྐབས་འཚོལ་བ་ཡིན་པ་ཤེས་དགོས།

  10. ཀརྨ་བློ་གསལ་ says:
    2015-12-17 at 9:47 am

    འདས་པའི་དུས་སུ་གཞོན་ནུ་ལྷན་ཚོགས་འདིས་བྱས་རྗེས་བཞག་ཡོད་རེད་མོད། ད་ལོ་རང་བཙན་ཆེད་འོས་ཤོག་མ་འཕེན་པ་ནི་གཞོན་ལྷན་གྱི་དབུས་ལས་ཁུངས་སྒོ་རྒྱག་རན་ལ་འཁེལ་ཡོད། གུས་པར་བོད་ནང་གི་མི་མང་པོས་འདི་ལྟར་གསུངས་སོང་།

  11. བཟང་པོ། says:
    2015-12-17 at 9:57 am

    ཨ་ཡོ་ཡོ་ད་རྩོད་དགོས་རྒྱུ་དེ་མི་རྩོད་པར་མི་དགོས་རྒྱུ་རྐྱང་བྱེད་ནས་འདུག་ད་། ལྟོས་དང་བོད་པའི་དོན་དམ་པའི་འཐབ་རྩོད་དེ་ཁ་ཆག་སྣ་རལ་ཚར་ནས་ད་རྐུབ་བླུག་རྒྱུ་རང་རེད།

  12. གངས་ཕྲུག། says:
    2015-12-17 at 10:04 am

    དབུས་གཞོན་ལྷན་གྱིས་ཐག་གཅོད་དེར་དགའ་བསུ་ཡོད། རྗེས་སོར་ཡང་དེ་བཞིན་དགོས། དབུས་ལ་བརྩི་བཀུར་མི་བྱེད་མཁན་ས་གཞོན་ཡོད་དོ་ཅོག་སྒོ་རྒྱབ་ནས་དེར་ས་གཞོན་སྐྱར་འཛུགས་གནང་དགོས། ལྷག་པར་དུ་དབུས་ས་དབར་ནང་དཀྲུགས་བཟོ་མཁན་ཚང་མ་གཙང་སེལ་བཟོ་དགོས། གཞོན་ནུའི་ལྟ་གྲུབ་དང་སྒྲིག་གཞིར་མི་བརྩི་མཁན་མི་སྣ་སུ་བྱུང་ན་གཞོན་ནུའི་སྒྲིག་འཛུགས་ནས་ཕྱིར་འབུད་གཏོང་དགོས། ཚོགས་པ་གང་འདྲ་ཞིག་ཡིན་ཀྱང་ཚོགས་མི་མང་བ་ལས་ཚོགས་སྒྲིག་བརྩི་མཁན་མང་ན་བཟང་།

  13. པདྨ says:
    2015-12-17 at 4:51 pm

    མགོ་ལོག་ལུང་རྟོགས་ལ། ངན་པ་དགུ་འཛོམས་ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསལ་བསྒྲགས་གལ་ཆེན། གནས་ཚུལ་འདི་དབུས་བོད་ཀྱི་གཞོན་ནུ་གཅིག་པོར་ངན་ཁག་དཀྲི་རྒྱུ་ཡོད་མེད། འདིའི་རྒྱབ་ན་ཨ་རི་དང་རྡ་རམ་ས་ལའི་ཆབ་སྲིད་པ་དང་སྤྱི་ཚོགས་དཀྲུག་མཁན་ཉིན་མོའི་མི་དང་མཚན་མོའི་འདྲེ་ཁ་ཤས་ཡོད་པ་རེད། ངས་རིམ་གྱིས་མི་ངན་དེ་དག་འཐེར་འདོན་བྱེད་དགོས་བསམ་བསྡད་ཡོད།

  14. སྤོབས་པ་མཐའ་ཡས། says:
    2015-12-17 at 5:30 pm

    ཟླ་བ་རེ་ཟུང་གི་སྔོན་ཞིག་ལ་ང་ལ་ཡང་’དབུ་མའི་ལམ་གྱི་གཞོན་ནུ་མཐུན་ཚོགས་’ཀྱི་ནང་ལ་འཛུལ་ཞུགས་བྱེད་ན་དགའ་བསུ་ཡོད་ཟེར་ནས་ཡི་གེ་འདྲ་ཞིག་འབྱོར་སོང་།

  15. ཀརྡོ་གཉེར་ཕྱག་པ་ says:
    2015-12-17 at 11:32 pm

    དབུ་མའི་ལམ་གྱི་གཞོན་ནུའི་མཐུན་ཚོགས་ནི། ཡར་ཐོན་ཅན་གྱི་ཐོན་ཚོགས་སུ་ངོས་འཛིན་ཡོད། ང་ཡང་་་་་་

  16. བཙན་པོ། says:
    2015-12-18 at 4:23 am

    ད་རེབ་དབུས་ནས་ཐག་གཅོད་ཡག་པོ་གནང་འདུག གཞོན་ནུའི་ལྟ་བ་ལངས་ཕྱོགས་ལ་རྨ་མ་ཐེབས་པ་གནང་དགོས་པ་གལ་ཆེན་རེད།

  17. ལྷ་སྡེ་གནམ་ལོ་ཡག says:
    2015-12-18 at 11:21 am

    དགའ་བསུ་ཡོད། ཡིན་ནའང་། ཁ་བཤད་དང་ལག་ལེན་གཅིག་ཏུ་ཡོང་མ་ཐུབ་པས། བོད་དོན་ལ་ལམ་འགྲོ་བྱུང་གི་ཡོད་པ་མ་རེད། དེ་བས། བོད་དོན་སེལ་བསམ་མཁན་ཚོས་དེ་དོན་ཧ་གོ་འོས། དེ་ལས་ལྡོག་པ་དག་ནི་ཁེ་བཟང་ཆེད་ཡིན་པས། ཚང་མས་དེ་དོན་ཤེས་པར་འཚལ།

  18. ལུང་རྟོགས། says:
    2015-12-18 at 11:53 am

    ཞྭ་དམར་པདྨ། ཨ་རི་དང་རྡ་སའི་སུ་ཡིན་གསལ་པོ་བཟོ་རྒྱུ་མི་འདུག་ན་ཁྱོད་ཁྱི་ཡིན།

  19. པདྨ says:
    2015-12-18 at 2:22 pm

    ཞྭ་སེར་ལུང་རྟོགས་ཁྱོད་ལྟ་བུ་རེད་གདའ། མུ་འཐུད་ནས་ཡིན་ཨ།

  20. རྒྱལ་མཚན། says:
    2015-12-18 at 10:07 pm

    དབུས་གཞོན་ལྷན་གྱིས་ཐག་གཅོད་དེར་དགའ་བསུ་ཡོད། རྗེས་སོར་ཡང་དེ་བཞིན་དགོས། དབུས་ལ་བརྩི་བཀུར་མི་བྱེད་མཁན་ས་གཞོན་ཡོད་དོ་ཅོག་སྒོ་རྒྱབ་ནས་དེར་ས་གཞོན་སྐྱར་འཛུགས་གནང་དགོས། ལྷག་པར་དུ་དབུས་ས་དབར་ནང་དཀྲུགས་བཟོ་མཁན་ཚང་མ་གཙང་སེལ་བཟོ་དགོས། གཞོན་ནུའི་ལྟ་གྲུབ་དང་སྒྲིག་གཞིར་མི་བརྩི་མཁན་མི་སྣ་སུ་བྱུང་ན་གཞོན་ནུའི་སྒྲིག་འཛུགས་ནས་ཕྱིར་འབུད་གཏོང་དགོས། ཚོགས་པ་གང་འདྲ་ཞིག་ཡིན་ཀྱང་ཚོགས་མི་མང་བ་ལས་ཚོགས་སྒྲིག་བརྩི་མཁན་མང་ན་བཟང་།

  21. རྒྱལ་མཚན། says:
    2015-12-18 at 10:08 pm

    ད་རེས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཐག་གཅོད་ཡག་པོ་དང་ནན་མོ་གནང་འདུག འདི་ལྟར་ཐག་གཅོད་མ་བྱས་ཚེ་མ་འོངས་པར་ནེའུ་ཡོག་གི་ས་གནས་གཞོན་ནུ་ལྷན་ཚོགས་ལྟ་བུ་ཆབ་སྲིད་པའི་ལག་ཆ་ཆགས་ནས་བོད་སྤྱི་ཚོགས་སུ་ཕུ་དཀྲུགས་མདའ་དཀྲུགས་བྱེད་སྲིད།

  22. ཀརྡོ་གཉེར་ཕྱག་པ་ says:
    2015-12-19 at 12:13 am

    ལུང་རྟོགས་དང་། འཇམ་གཅེས་སོགས་ནི། བོད་མི་ཡ་རབས་ཚད་ལྡན་ཅིག་རེད་སྙམ་ལགས།

  23. བཟང་པོ། says:
    2015-12-19 at 1:49 am

    དེང་གི་དབུ་རང་གཉིས་ཀྱི་འཐབ་རྩོད། སྔོན་གྱི་ཆུ་སྒང་དང་བོད་གཞུང་གི་འཐབ་རྩོད། ཡང་དུ་ཆུ་སྒང་གསར་རྙིང་གི་འཐབ་རྩོད། དགེ་ལུགས་པའི་ནང་ཁུལ་གྱི་དམ་རྒྱལ་བསྟེན་གསོལ་གྱི་འཐབ་རྩོད། ་་་་་་་་་འཐབ་རྩོད་འདི་ཚོ་བོད་རྒྱ་འཐབ་རྩོད་དང་འབྲེལ་བ་ག་རེ་ཡོད་རེད་དམ། ངས་ཤེས་ཀྱི་མ་སོང་།

  24. གངས་བུ། says:
    2015-12-19 at 6:50 pm

    དབུས་གཞོན་ནུའི་ཐག་གཅོད་དེ་ལ་དགའ་བསུ་ཡོད། དབུས་ཀྱི་གསལ་བཤད་ལ་ཉན་པ་ཡིན་བཀླགས་པ་ཡིན། དངོས་གནས་ཁག་མི་འདུག། ཚོགས་པ་དེ་ཡི་ལང་ཕྱོགས་དང་ལྟ་བའི་འོག་འགྲོ་འདོད་མེད་ན། སྒོ་བརྒྱབ་ཡ་རང་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme