Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོར་སྲིད་སྐྱོང་གཞོན་པ་ཞིག་དགོས།

Posted on 2015-12-162015-12-16 By ཁ་བརྡ 9 Comments on ང་ཚོར་སྲིད་སྐྱོང་གཞོན་པ་ཞིག་དགོས།

རྩོམ་པ་པོ། སྒྲོལ་མ་སྐྱབས།

 
ཁོ་བོས་རྒྱལ་ཁབ་ཁ་ཤས་ཀྱི་སྲིད་འཛིན་ལམ་ལུགས་དང་རྒྱལ་ཁབ་སྒྲིག་གཞིའི་སྐོར་གྱི་རྩ་ཁྲིམས་དོན་ཚན་ལ་ཞིབ་འཇུག་བྱེད་སྐབས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་སྒྲིག་གཞི་དང་སྲིད་སྐྱོང་གི་ཆབ་སྲིད་གོ་གནས་སོགས་ཀྱི་རྩ་ཁྲིམས་ཀྱི་དོན་ཚན་ལའང་སློབ་སྦྱོང་དང་བསམ་མནོ་གཏོང་གིན་ཡོད་། འོ་སྐོལ་ཚོའི་༢༠༡༡ ལོར་བཟོ་བཅོས་བརྒྱབ་པའི་རྩ་ཁྲིམས་ཀྱི་ནང་དོན་ལྟར་ན། ང་ཚོའི་བོད་གཞུང་དང་དེང་གི་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་ཆོས་ནི། བཙན་པོའམ་བླ་དཔོན་གྱི་དབང་ཐང་རྩ་ཁྲིམས་ཀྱིས་ཚོད་འཛིན་བྱེད་པའི་ལམ་ལུགས་༼ConstitutionalMonarchy༽དང་ཅུང་མཐུན་ལ། ལམ་ལུགས་འདི་ལག་བསྟར་བྱེད་པའི་རྒྱལ་ཁབ་དབྱིན་ཅི་དང་འཇར་པན་སོགས་ཀྱིས་སྲིད་བློན་ནམ་སྲིད་སྐྱོང་གཞོན་པ་ཡི་ལས་གནས་བསྐོ་བཞག་ལ་མཐོང་ཆེན་བྱེད་ཀྱིན་མེད་པས། བོད་གཞུང་གིས་སྐབས་དེར་རྩ་ཁྲིམས་བཟོ་དུས་བཀའ་ཁྲི་དང་དུས་ཕྱིས་ཀྱི་སྲིད་སྐྱོང་གི་གོ་གནས་ལ་སྲིད་སྐྱོང་གཞོན་པ་ཞིག་བསྐོ་བཞག་མི་བྱེད་པའི་དགོངས་དོན་ནི་ལམ་ལུགས་འདི་ལག་བསྟར་རམ་དཔེ་བླངས་བར་སྙམ་ལ། བཙན་བྱོལ་བོད་མིའི་རྩ་ཁྲིམས་ཀྱི་ལེའི་བཞི་བའི་དོན་ཚན་ཉེར་དགུའི་ཚན་པ་གསུམ་པ་ཡི་དགོངས་དོན་ནི། སྲིད་སྐྱོང་གཞོན་པ་བསྐོ་འཇོག་མི་བྱེད་པར་བཀའ་བློན་དེའི་ཚབ་ཏུ་བསྐོ་འཇོག་བྱེད་པའི་རྩ་ཁྲིམས་རྒྱབ་ལུང་ཡིན།

ཡིན་ནའང་ང་ཚོའི་རྩ་ཁྲིམས་བཟོ་ས་དང་༧རྒྱལ་དབང་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་ཡོངས་སུ་བོད་གཞུང་ལ་གནང་ས་དེ་བོད་རང་གི་ས་ཐོག་ནས་མིན་པར་བཙན་བྱོལ་ནས་ཡིན་པས། བོད་གཞུང་གི་གནས་སྟངས་དང་ཆ་རྐྱེན་ནི་གོང་གི་ལམ་ལུགས་དང་ཡོངས་སུ་མཐུན་པ་ཞིག་མིན། དེ་མིན་དབྱིན་ཅི་དང་འཇར་པན་སོགས་ཀྱི་རྩ་ཁྲིམས་ཀྱི་ནང་དུ་སྲིད་སྐྱོང་གཞོན་པ་བསྐོ་བཞག་བྱེད་དགོས་པ་བཀོད་མེད་ཅིང་དོན་དངོས་ལག་ལེན་ནང་དབྱིན་ཅི་དང་འཇར་པན་གཉི་གར་དོན་བྱེད་ནུས་བས་སྟོང་བའི་སྲིད་སྐྱོང་གཞོན་པ་ཞིག་བསྐོས་ཡོད།
ཨ་རི་ལ་མཚོན་ན་སྲིད་སྐྱོང་གཞོན་པ་ངེས་པར་དུ་བསྐོ་དགོས་པ་དེ་ཨ་རིའི་རྩ་ཁྲིམས་ཀྱི་ས་བཅད་གཉིས་བའི་དོན་ཚན་དང་བོ་ནང་དུ་རགས་ཙམ་གཏན་འཁེལ་བྱས་ཡོད་པ་དེ་གསལ་བར་བཟོ་ཆེད། ༡༩༦༧ ལོར་ཨ་རིས་རྩ་ཁྲིམས་འཐུས་ཚང་བྱེད་སྐབས་གཏན་ལ་ཕབ་པའི་༼འཐུས་ཚང་ས་བཅད་ཉེར་ལྔ་བ།༽ ཞེས་བྱ་བ་དེའི་ནང་དུ་སྲིད་འཛིན་གཞོན་པའི་སྐོར་གཏན་འཁེལ་གསལ་བོ་བྱས་ཡོད། ད་ལྟ་བར་དུ་ཨ་རིའི་སྲིད་འཛིན་བརྒྱད་དགུ་ལྷག་སྲིད་འཛིན་གྱི་དུས་ཡུན་ནང་དུས་ཆོས་སུ་གྱུར་བའམ་རྩ་དགོངས་ཞུས་པ་སོགས་ཀྱིས་སྲིད་འཛིན་གཞོན་པ་ཐད་ཀར་སྲིད་འཛིན་ཏུ་གྱུར།

རྒྱ་ནག་ལ་མཚོན་ནའང་རྒྱ་ནག་གི་༡༩༧༥ ཡི་རྩ་ཁྲིམས་མ་གཏོགས་རྩ་ཁྲིམས་གཞན་གསུམ་པོས་རྒྱལ་ཁབ་གྱི་གཙོ་འཛིན་གཞོན་པ་བསྐོ་བཞག་བྱེད་དགོས་པའི་ནང་དོན་གཏན་འཁེལ་བྱས་ཤིང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་༡༩༨༢ ལོའི་རྩ་ཁྲིམས་ཀྱི་ལེའུ་གསུམ་པའི་ས་བཅད་གཉིས་བའི་དོན་ཚན་༧༩་དང་༨༢་དང་༨༣་དང་༨༤་བཅས་ཀྱིས་རྒྱ་ནག་རྒྱལ་ཁབ་ཀྱི་གཙོ་འཛིན་གཞོན་པའི་བསྐོ་འཇོག་དང་འགན་འཁྲུ་དང་དུས་ཡུན་སོགས་ཀྱི་ཆ་རྐྱེན་བཀོད་ཡོད།
དེང་གི་རྒྱལ་ཁབ་མང་ཤོས་ཀྱིས་སྲིད་འཛིན་ནམ་སྲིད་སྐྱོང་གཞོན་པའི་གོ་གནས་དེ་ལག་བསྟར་བྱེད་ཀྱིན་ཡོད་པས་ཐབས་ལམ་བཟང་པོ་དང་རྒྱུ་མཚན་ལྡན་པ་ཞིག་ཡིན་པ་གོར་མ་ཆག

འོ་སྐོལ་གྱི་རྩ་ཁྲིམས་ཀྱི་འགྲོ་ལུགས་ལྟར་ན། སྲིད་སྐྱོང་དུས་ཆོས་སུ་གྱུར་བའམ་འཕོ་འགྱུར་བྱུང་ཚེ་བཀའ་བློན་གྲལ་རིམ་མཐོ་ཤོས་དེ་སྐབས་གནས་སྐབས་སུ་སྲིད་སྐྱོང་གི་འགན་བཞེས་དགོས་ཞེས་བཀོད་ཡོད། ཡིན་ནའང་བཀའ་བློན་མཐོ་ཤོས་དང་བཀའ་བློན་སོསོའི་ལས་འགན་ནི་སྲིད་སྐྱོང་གི་ལས་འགན་དང་གཅིག་མཚུངས་མིན་པས། སྐབས་དེར་བཀའ་བློན་མཐོ་ཤོས་ཞིག་འཕྲལ་ཏུ་སྲིད་སྐྱོང་ལ་བསྐོས་ན་འཕྲོ་ཅན་གྱི་ལས་དོན་མང་བོ་ཞིག་འཐུས་ཤོར་ཏུ་འགྲོ་སྲིད་པས་ཁོ་བོས་བསམ་ན་དོན་ཚན་དེ་ནི་ཁྲིམས་ལུགས་བྱུས་འགོད་མཁས་མཛངས་ལྡན་པ་ཞིག་མིན་པ་དང་། དེ་མིན་དེ་ལྟར་བགྱིད་ན་བཀའ་ཤག་གི་མཐུན་སྒྲིལ་ལ་གནོད་པ་མ་ཟད་དང་སྲིད་སྐྱོང་གི་བདེ་འཇགས་ལའང་ཉེན་ཁ་ཆེ་བར་བསམ།

སྲིད་སྐྱོང་གཞོན་པ་ཡི་གོ་གནས་ནི་ལྟར་སྣང་ཙམ་ལས་དངོས་ཡོད་ཀྱི་དབང་ཆ་མེད་དགོས་པ་ཞིག་ཡིན་ཕྱིན་ཁོ་བོས་བསམ་ན་ང་ཚོར་བཀའ་བློན་མ་ཡིན་པའི་སྲིད་སྐྱོང་གཞོན་པ་ཞིག་བསྐོས་ན་ཕན་པ་ལས་གནོད་པ་མེད་པར་མཐོང་། རྒྱུ་མཚན་ནི།

༡ གལ་སྲིད་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སྲིད་སྐྱོང་བའི་དུས་ཡུན་ནང་དུ་སྲིད་སྐྱོང་གི་གོ་གནས་ནས་དགོངས་པ་ཞུས་པའམ། སྲིད་སྐྱོང་གི་གོ་གནས་ནས་ཐད་ཀར་གནས་དཔྱུངས་བཏང་བའམ་ཡང་ན་ཆོས་ཉིད་ཀྱི་དབང་གིས་གློ་བུར་ཏུ་དུས་ཆོས་སུ་གྱུར་བའི་གནས་ཚུལ་སོགས་བྱུང་ན། ང་ཚོར་འཕྲལ་ཏུ་སྲིད་སྐྱོང་ཞིག་དགོས་པས་སྲིད་སྐྱོང་གཞོན་པ་དེ་སྲིད་སྐྱོང་ལ་འཕྲལ་དུ་བསྐོ་བཞག་བྱས་ན་ཆོག སྐབས་དེར་བཀའ་བློན་མཐོ་ཤས་ཚབ་ཏུ་བསྐོ་བའམ་མི་མང་གི་འོས་ཤོག་ལ་སྒུག་ནས་སྲིད་སྐྱོང་ཞིག་གསར་བསྐོ་བྱ་དགོས་ན་བཀའ་ཤག་དང་སྒྲིག་འཛིགས་ཀྱི་བྱ་བ་གང་མང་ཞིག་འཐུས་ཤོར་དུ་འགྲོ་ཉེན་ཆེ་བས། དེང་སྐབས་ཀྱི་རྒྱལ་ཁབ་བྱིངས་ཆེ་བའི་རྩ་ཁྲིམས་ནང་དུ་སྲིད་འཛིན་གཞོན་པ་བསྐོ་བཞག་བྱེད་པ་ལྟར་ང་ཚོས་ཀྱང་སྲིད་སྐྱོང་གཞོན་པ་ཞིག་བསྐོས་ན་ཆུ་མ་ཡོང་གི་རགས་ཞེས་པའི་དཔེ་ལྟར་བཀའ་ཤག་གི་བྱ་བ་འཐུས་ཤོར་དུ་མི་འགྲོ་བར་སྔོན་འགོག་བྱེད་ཐུབ།

༢ བོད་ཀྱི་གཞིས་བྱེས་གཉིས་ཀྱི་ངོ་ཚབ་མཚོན་ཐུབ་པའི་ཕྱིར་བཙན་བྱོལ་བའི་གནས་སྟངས་ལ་ཆ་རྒྱུས་དང་ཉམས་མྱོང་དཔྱིས་ཕྱིན་པ་ཡོད་པའི་སྲིད་སྐྱོང་གི་རོགས་ལ་བོད་ནང་ནས་འཚར་ལོངས་བྱུང་ཞིང་བོད་ནང་གི་གནས་སྟངས་གསལ་ལེར་ཤེས་ཤིང་ལས་ཀའི་ཉམས་མྱོང་ཡོད་པའི་སྲིད་སྐྱོང་གཞོན་པ་ཞིག་བསྐོ་བཞག་གནང་ཐུབ་ན་བོད་ཀྱི་གཞིས་བྱེས་ཀྱི་སྟོབས་ཤུགས་མཉམ་སྦྲེལ་དང་ལྷག་ཏུ་བོད་ནང་གི་མི་མང་གི་རེ་བ་དང་སྟོབས་ཤུགས་ཀྱི་མེ་རོ་སྲུང་ཐུབ་པར་ཕན་ལས་གནོད་པ་མེད་པས་ཕྱིར་རོ།།

༣ སྲིད་སྐྱོང་གཞོན་པ་ཞིག་བསྐོ་བཞག་བྱས་ན་སྲིད་སྐྱོང་གི་ངོ་ཚབ་བྱས་ནས་འབྲེལ་ཡོད་ཀྱི་ལས་དོན་ལ་ཞུགས་ནས་སྲིད་སྐྱོང་གི་དུས་ཚོད་མང་བོ་ཞིག་གྲོན་ཆུང་བྱེད་ཐུབ།

༤ སྲིད་སྐྱོང་གཞོན་པ་བསྐོ་བཞག་བྱེད་པ་དེ་ཆབ་སྲིད་ལམ་ལུགས་དེང་རབས་ཅན་དང་སྔོན་ཐོན་ཅན་གྱི་ཁྱད་ཆོས་ཡིན་པས། ང་ཚོ་བོད་པས་དེ་ལག་ལེན་བྱས་ན་བཙན་བྱོལ་བོད་གཞུང་གི་མཚན་སྙན་གྲགས་དང་དོན་བྱེད་ནུས་བ་མཐོར་འདེགས་ལ་ཕན་པར་སྙམ།

གོང་གི་རྒྱུ་མཚན་དེ་དག་གིས་ཁོ་བོས་བསམ་ན་བོད་ཀྱི་སྲིད་སྐྱོང་གིས་རྗེས་མའི་ལོ་ལྔ་ནང་དུ་སྲིད་སྐྱོང་གཞོན་པ་ཞིག་དང་མཉམ་དུ་ཕྱག་ལས་གནང་སྟེ་བོད་མིའི་སྡུག་བསྔལ་སེལ་ཅིང་བོད་མིར་བདེ་བ་བསྐྲུན་པའི་ཆབ་སྲིད་ཀྱི་འདོད་དོན་ཡོངས་སུ་འགྲུབ་པར་འབད་པ་ལྷུར་ལེན་བྱེད་ཆེད། ང་ཚོས་ཁྲིམས་བཟོ་བའི་འགྲོ་སྟངས་ལྟར་འོ་སྐོལ་གྱི་རྩ་ཁྲིམས་ལ་བཟོ་བཅོས་དང་འཐུས་ཚང་བར་བཏང་ནས་སྲིད་སྐྱོང་གཞོན་པ་བསྐོ་འཇོག་གི་དོན་ཚན་རྩ་ཁྲིམས་ནང་དུ་ཁ་གསལ་བར་འགོད་དགོས།

བསམ་ཚུལ།

Post navigation

Previous Post: འགྱོད་གཏམ་རྒྱ་མཚོའི་ཐིགས་པ།
Next Post: ཆོས་ལ་བསྐུལ་བའི་གཏམ་མྱོང་གྲོལ་བདུད་རྩིའི་ཐིག་ལེ་ཞེས་བྱ་བ།

Comments (9) on “ང་ཚོར་སྲིད་སྐྱོང་གཞོན་པ་ཞིག་དགོས།”

  1. པདྨ says:
    2015-12-16 at 9:18 am

    གནས་ལུགས་དང་ཤིན་ཏུ་བདེན་པའི་གཏམ་བཤད་གནང་བར་ཡི་རང་དང་བསྔགས་བརྗོད་ཞུ།

  2. ཇུང་ཏོག་ says:
    2015-12-16 at 10:58 pm

    དབྱིན་ཇི་དང་ཉི་ཧོང་ཨ་རི་སོགས་རང་བཙན་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་དང་ལུང་པ་མེད་པའི་སྐྱབས་
    བཅོལ་སྒྲིག་འཛུགས་ཀྱི་ལམ་ལུགས་གཉིས་ཚད་
    བསྡུར་བྱ་རྒྱུ་ནི་ཕ་རིའི་ལྕེ་བ་མེད་ཚུར་རིའི་སླེ་བ་མེད་
    ཟེར་བའི་དཔེ་དང་འདྲ་ལ་ང་ཚོའི་ཁྲིམས་ཡིག་འདི་ལ་
    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟེར་བ་ལས་བཙན་བྱོལ་བོད་མིའི་རྩ་ཁྲིམས་མིན་ན་དེ་ཡང་མཁྱེན་པ་
    གནང་དགོས་།

  3. ཅོག་མྱི། says:
    2015-12-16 at 11:48 pm

    ཇུང་ཏོག་ལགས། ང་ཚོའི་སྒྲིག་འཛུགས་འདིའི་འབྱུང་ཁུངས་དང་རྨིང་གཞི་ནི་ལོ་རྒྱུས་ཡོད་པའི་ཁྲིམས་ལྡན་རྒྱལ་ཁབ་ཅིག་གི་སྲིད་གཞུང་ཞིག་ཡིན་པ་མ་གཏོགས་གང་ཟག་རང་ག་བ་ཞིག་གིས་འཕྲལ་དུ་བཙུགས་པའི་སྒྲིག་འཛིགས་ཞིག་མིན་ཕྱིན། དབྱིན་ཅི་དང་འཇར་པན་དང་ཨ་རིའི་གཞུང་དང་བསྡུར་ཆོག་ཆོག་ཅིག་ཅི་ལ་མིན། དེ་མིན་ངས་འདི་ནས་རྩ་ཁྲིམས་ཟེར་དོན་ཡང་ཁྲིམས་འདིའི་བརྗོད་བྱ་བརྗོད་བྱེད་གང་གི་ཐད་ནས་བལྟས་ན་འདི་ནི་རྩ་ཁྲིམས་ཞིག་ཡིན་པ་མ་གཏོགས་བཅའ་ཁྲིམས་ཞིག་མ་རེད། མི་བདེན་བསམ་ན་འདིའི་དབྱིན་ཡིག་གི་འགྱུར་ལ་ལྟོས་དང་༼ Charter༽ཞེས་བྲིས་འདུག དེ་ནང་དོན་ནི་རྩ་ཁྲིམས་དང་དོན་ཅིག དེ་ནས་ཁྲིམས་ལུགས་རིག་པར་སྐད་ཆ་དྲིས་དང་གསལ་བོ་ཆགས་ཡོང་། ཛ་དྲག་གི་དུས་འདིར་རང་གི་གཞུང་ལ་ཤུགས་རྒྱག་དགོས།

  4. བེ་རེ་གདོང་ནག says:
    2015-12-17 at 5:37 am

    རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱད་གང་རེད། ཞིབ་དབྱོད་ཁང་དང་ཁྲིམས་ཁང་གི་ཁྱད་གང་ཡིན་ནམ།

  5. ཅོག་མྱི། says:
    2015-12-17 at 11:06 am

    རྩ་ཁྲིམས་ནི་འབྱུང་ཁུངས་དང་བཅའ་ཁྲིམས་ནི་ཡན་ལག་ལྟ་བུ་རེད། ཞིབ་དཔྱོད་ཁང་ནི་ནག་ཉེས་ལྟར་སྣང་ཅན་ལ་བརྩད་གཅོད་དང་སྲིད་གཞུང་གི་ཚབ་བྱས་ནས་ཞུ་གཏུག་བྱེད་པའི་ལས་ཁང་ཞིག་དང་། ཁྲིམས་ཁང་ནི་རང་རྐྱ་ཐུབ་པའི་སྒོས་ནག་ཉེས་ཡིན་མིན་དང་གྲུབ་མིན་ཐག་གཅོད་བྱེད་པའི་ལས་ཁང་སྟེ་མང་གཙོ་ཀ་བ་གསུམ་ལྡན་གྱི་ཡ་གྱལ་ཡིན།

  6. ཇུང་ཏོག་ says:
    2015-12-17 at 9:08 pm

    རྩ་ཁྲིམས་(constitution)
    བཅའ་ཁྲིམས་(charter)
    རང་བཙན་ཡོད་པའི་རྒྱལ་ཁབ་ལ་རྩ་ཁྲིམས་ཡོད་པ་དང་ང་ཚོ་མིའི་ལུང་པའི་ནང་སྐྱབས་བཅོལ་ནས་བསྡད་ཡོད་པ་ནས་བཅའ་ཁྲིམས་ལས་རྩ་ཁྲིམས་བཟོ་རྒྱུ་རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་ཁྲིམས་མཐུན་ཆགས་མི་ཐུབ་པ་ནི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ལ་བཅའ་ཁྲིམས་(charter)ལས་རྩ་ཁྲིམས་(constitution)མེད་པ་ནས་ངོ་འཕྲོད་ཐུབ་པ་བཅས་རྩ་ཁྲིམས་བཟོ་བ་ལ།
    དང་པོ་རངལ་ས་ཆའི་བདག་དབང་ཡོད་པ་ (territory)
    གཉིས་པ་མི་འབོར་ཡོད་པ་(papulation)ཡོད་པ་
    གསུམ་པ་སྲིད་གཞུང་ཡོད་པ་(government)
    བཞི་པ་འགོ་འཁྲིད་ཡོད་པ་(head of nation) དེ་ཚོ་ཚང་ཡོད་ན་རྩ་ཁྲིམས་བཟོ་ཆོག་པ་ལས་། དེ་མིན་མིའི་ལུང་པའི་ནང་བསྡད་ནས་ལུང་པ་གཅིག་གི་ནང་རྩ་ཁྲིམས་འགྲོ་ས་ཡོད་མེད་ཤེས་མ་སོང་ལ། ང་ཚོའི་བཅའ་ཁྲིམས་ཐོག་མ་ཟིན་བྲིས་གནང་མཁན་གྱི་མཁས་དབང་ཚོར་བཀའ་འདྲི་ཞུས་ན་འབྲེལ་བཤད་འདི་ལས་ལྷག་པ་ཞིག་གནང་རྒྱུ་མེད་པ་ངས་ཐག་གཅོད་ཐུབ་ཐུགས་རྗེ་ཆེ་།

  7. ཀརྡོ་གཉེར་ཕྱག་པ་ says:
    2015-12-17 at 11:55 pm

    བཅའ་ཁྲིམས་ = charter
    རྩ་ཁྲིམས་ = constitution
    ས་ཆའི་བདག་དབང་ཡོད་པ་ = territory
    མི་འབོར་ཡོད་པ་ = papulation
    སྲིད་གཞུང་ཡོད་པ་ = government
    འགོ་འཁྲིད་ཡོད་པ་ = head of nation

  8. ཀརྡོ་གཉེར་ཕྱག་པ་ says:
    2015-12-17 at 11:57 pm

    རྩ་ཁྲིམས་ཟིན་བྲིས་དང་། བཅའ་ཁྲིམས་ལག་བསྟར་གཉིས་དུས་གཅིག་ལ་འོངས་སྲིད་པ་ཅིག་རེད་སྙམ་ལགས།

  9. ཅོག་མྱི། says:
    2015-12-18 at 12:08 am

    ཇུང་ཏོག་ལགས། དེས་ན་རྒྱལ་ཁབ་སོ་སོ་དང་བདག་དབང་ཡོད་པའི་མངའ་སྡེའི་སོ་སོའི་ཡུལ་མིའི་ཐོབ་ཐང་དང་སྲིད་གཞུང་གི་ངོ་བོ། སྲིད་འཛིན་གྱི་འགན་འཁྲི། ཁྲིམས་ཀྱི་དབང་འཛིན་སོགས་གཏན་ཏུ་འཁེལ་བའི་ཁྲིམས་དེ་རྩ་ཁྲིམས་རེད་དམ་བཅའ་ཁྲིམས་རེད། ང་ཚོའི་ཨ་རིའི་མངའ་སྡེ་སོ་སོ་ལའང་རང་ཉིད་ཀྱི་རྩ་ཁྲིམས་ཡོད་པས། རྩ་ཁྲིམས་དང་རྒྱལ་ཁབ་དོན་གཅིག་མིང་གི་རྣམ་གྲངས་མ་རེད། གོང་ནས་ཉིད་ཀྱིས་བཀོད་པའི་ཆ་རྐྱེན་བཞི་བོ་དེ་ནི་བདག་དབང་ལྡན་པའི་རྒྱལ་ཁབ་ཅིག་གི་ཚང་དགོས་པའི་ཆ་རྐྱེན་ཡིན་པ་མ་གཏོགས་རྩ་ཁྲིམས་ཀྱི་ཆ་རྐྱེན་མ་རེད། ཁྲིམས་ལུགས་རིག་པ་ཏོག་ཙམ་སྦྱོང་དང་ངེས་ཤེས་ཡོད་ངེས། དེ་མིན་རྒྱལ་ཁབ་ལ་ལའི་རྩ་ཁྲིམས་ལ་(Charter)ཟེར་ཤིང་དཔེར་ན་༼Charter of 1814༽ལྟ་བུ་དང་ལ་ལར་constitution་ཟེར། ཨ་རིའི་རྩ་ཁྲིམས་ལྟ་བུའོ། འོ་སྐོལ་གྱི་བཙན་བྱོལ་བའི་རྩ་ཁྲིམས་ཀྱི་བརྗོད་བྱ་བརྗོད་བྱེད་ཚང་མ་རྩ་ཁྲིམས་ཀྱི་སྒྲིག་གཞི་དང་ཡོངས་སུ་མཐུན་པས་དེ་ནི་བཙན་བྱོལ་བའི་རྩ་ཁྲིམས་ཞིག་ཡིན་པ་མ་གཏོགས། རྩ་ཁྲིམས་ལ་མ་བརྟེན་པར་བྱུང་བའི་བཅའ་ཁྲིམས་ཞིག་མི་སྲིད་པས་ཕྱིར་རོ། བཙན་བྱོལ་བས་བཙན་བྱོལ་རྩ་ཁྲིམས་ཙམ་བཟོ་བ་མ་གཏོགས་རྒྱ་གར་ནས་བཅའ་ཁྲིམས་ཞིག་བཟོ་བའི་དཔེ་མེད། འདི་ཙམ་གྱིས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme