Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསར་འགོད་གསལ་བསྒྲགས།

Posted on 2015-12-152015-12-16 By ཁ་བརྡ No Comments on གསར་འགོད་གསལ་བསྒྲགས།

བརྒྱུད་གཏོང་བ། འཇམ་དཔལ་གཞོན་ནུ།

 
ཐེངས་འདིར་རྒྱལ་ཁབ་ ༢༠༠ ཙམ་གྱི་དབུ་ཁྲིད་རྣམ་པས་རྒྱལ་སྤྱིའི་ཁོར་ཡུག་ལྷན་ཚོགས་ཀོབ་ ༢༡ COP21 ཚོགས་ནས་གོ་ལའི་གནམ་གཤིས་ཚ་དྲོད་ཀྱི་ཚད་གཞི་སེལ་ཤི་སི་ 2.0C ལས་མི་བརྒལ་བར་གནས་ཐུབ་ཐབས་ཆེད་གྲོས་མཐུན་བྱུང་བ་བརྒྱུད་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་གནང་བར་བོད་མིའི་སྒྲིག་འཛུགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན། འོན་ཀྱང་བོད་མཐོ་སྒང་གི་ཁོར་ཡུག་གནས་སྟངས་ཐོག་བསམ་ཞིབ་མ་གནང་ཚེ་གོ་ལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་རྟོགས་ཐབས་བྲལ། གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱེད་སྐབས་འཛམ་གླིང་ཡང་ཐོག་ཏུ་གྲགས་པའི་བོད་མཐོ་སྒང་དེ་ཁོར་ཡུག་གི་ཐོག་ནས་ས་བབ་ཧ་ཅང་གནད་འགག་ཆེན་པོ་ཞིག་ཆགས་ཡོད།

དེ་ཡང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་གསུང་དོན། པེ་རི་སིར་གྲོས་མཐུན་བྱུང་བ་དེ་ཁ་ཕྱོགས་མ་ནོར་བའི་གོམ་སྟབས་ཤིག་ཡིན། འོན་ཀྱང་དེ་གོམ་པ་དང་པོ་ལྟ་བུ་ཡིན། གལ་ཏེ་འཛམ་གླིང་དབུ་ཁྲིད་རྣམས་ལ་གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཆེད་དོན་དམ་གྱི་ཐུགས་འཚབ་ཡོད་ཚེ་གོ་ལའི་ཁོར་ཡུག་གི་གནས་སྟངས་རྒྱུན་སྲིང་ཐུབ་རྒྱུར་བོད་མཐོ་སྒང་དེ་ཧ་ཅང་གནད་འགག་ཆེན་པོ་ཡིན་པར་ངོས་འཛིན་ཞུ་དགོས། ཐེངས་འདིར་པེ་རི་སིར་སྲིད་གཞུང་རྣམ་པས་གྲོས་མཐུན་བྱུང་བ་དེའི་ནང་ཤིང་ནགས་སོགས་བདག་གཅེས་ཐོག་རྒྱ་སྐྱེད་གནང་ནས་ཁ་རླུང་སྦགས་བཙོག་ལ་གདོང་ལེན་གནང་རྒྱུའི་འཆར་གཞི་གསལ་ཡོད།
བོད་ལ་མཚོན་ན་ཤིང་ནགས་ཧ་ཅང་ཕོན་ཆེ་གཅོད་འབྲེག་བྱས་པའི་ཉེར་ལེན་ལ་བརྟེན་ནས་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ཆེན་པོ་བཟོས་ཡོད། བོད་ནང་སྐབས་ཤིག་ལ་ས་ཁྱོན་ཧེཀ་ཊར་ hectares ས་ཡ་ ༢༥།༢ ཙམ་ཤིང་ནགས་ཀྱིས་ཁེངས་ཡོད། རྒྱ་ནག་གཞུང་གིས་ཚོད་དཔག་བྱེད་སྐབས་བོད་ཀྱི་ཤིང་ནགས་བརྒྱ་ཆ་ ༨༠ ཙམ་རྩ་མེད་བཏང་ཟིན།

སྤྱིར་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༣༠ བར་མཁའ་དབྱིངས་ནག་རྫས་དུག་རླངས་ཚོད་འཛིན་བྱས་ནས་ཉེན་ཁ་མེད་པ་བཟོ་རྒྱུའི་ཁས་ལེན་བྱས་པ་དེར་དགའ་བསུ་ཞུ་འོས་པ་ཞིག་ཡིན། འོན་ཀྱང་ལས་དོན་དེ་བོད་ཀྱི་ཁོར་ཡུག་ཉམས་ཉེས་སུ་བཏང་ནས་སྒྲུབ་ཐབས་བྱེད་མི་རུང་ལ་རྒྱ་ནག་གཞུང་གིས་ཆུ་ཤུགས་ཐོན་ཁུངས་སྐྲུན་ཆེད་ཆུ་མཛོད་ཆེ་རུ་གཏོང་རྒྱུའི་འཆར་གཞི་དེ་ཡང་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཞིག་མ་རེད། ད་བར་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱུག་ཆུ་ཆེ་ཁག་ཚང་མའི་ཐོག་ཆུ་མཛོད་བརྒྱབ་ཡོད་པ་མ་ཟད། ད་དུང་མུ་མཐུད་ཆུ་མཛོད་རྒྱག་རྒྱུའི་འཆར་གཞི་འདིང་བཞིན་ཡོད། ཆུ་མཛོད་དེ་དག་མ་རྒྱག་གོང་ཁོར་ཡུག་ལ་གནོད་སྐྱོན་ཇི་འདྲ་ཕོག་རྒྱུ་ཡིན་མིན་སོགས་ཀྱི་ཐད་གོ་བསྡུར་སྦྱང་བཤད་ཡག་པོ་ཞིག་མ་བྱས་ཚེ་ཆུ་ཤུགས་ཐོན་ཁུངས་དེ་དག་གིས་ཁོར་ཡུག་ཐོག་གསབ་ཏུ་མེད་པའི་ཉེན་ཚབས་ཧ་ཅང་ཆེན་པོ་བཟོ་སྲིད། སྤྱིར་རྩ་ཐང་ཐོག་འབྲོག་པ་ཚོས་གནས་གཅིག་ནས་གཅིག་ལ་སྤོ་རྒྱུའི་སྲོལ་རྒྱུན་དེས་སྐམ་སའི་སྲུང་སྐྱོབ་ཆེད་ཕན་ཐོགས་ཧ་ཅང་ཡོད།

འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་རྒྱ་ནག་གཞུང་གིས་བོད་མི་འབྲོག་པ་རྣམས་བཙན་དབང་འོག་གཞིས་སྤོ་བྱེད་འཇུག་བཞིན་ཡོད། དེར་བརྟེན་ད་བར་བོད་མི་འབྲོག་པ་ས་ཡ་གཉིས་ལྷག་རྩ་ཐང་ནས་གཏན་འཇགས་གྲོང་ཚོར་གནས་སྤོས་ཟིན། ང་ཚོས་རྒྱ་ནག་གཞུང་གིས་བོད་མི་འབྲོག་པ་རྣམས་གནས་སྤོ་བྱ་རྒྱུ་འཕྲལ་མར་མཚམས་འཇོག་བྱེད་དགོས་པ་མ་ཟད། དེ་སྔ་རྩ་ཐང་ནས་འབྲོག་པ་ཕྱིར་འབུད་ཟིན་པ་རྣམས་སླར་ཡང་རྩ་ཐང་དུ་འཚོ་བ་བསྐྱལ་ཆོག་པ་བཟོ་དགོས་པའི་རེ་འདུན་ཞུ་རྒྱུ་ཡིན།
དེ་ཡང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་གསུང་དོན། བོད་མི་ཚོར་སོ་སོའི་ས་ཆའི་ཐོག་གནས་ཚུལ་གང་བྱུང་བ་དེར་ཐད་བྱུས་བྱ་རྒྱུའི་ཐོབ་ཐང་དགོས། བོད་མི་འབྲོག་པ་ཚོར་རྩ་ཐང་བདག་གཅེས་དང་སྲུང་སྐྱོབ་ཐོག་ཉམས་མྱོང་ཧ་ཅང་ཡོད། ཁོང་ཚོར་རང་གི་ཕ་མེས་ནས་བརྒྱུད་པའི་རྩ་ཐང་གི་ཉམས་མྱོང་རྣམས་ལག་བསྟར་བྱས་པ་བརྒྱུད་རྩ་ཐང་བདག་གཅེས་བྱེད་བཞིན་ཡོད། དེར་བརྟེན་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ལས་སྲུང་ཆེད་འབྲོག་པའི་རྩ་ཐང་ཐོག་འཚོ་བ་སྐྱེལ་རྒྱུའི་ཉམས་མྱོང་དེ་དག་ལས་བློ་སྐྱེས་ལེན་དགོས། ཞེས་གསུངས།

སྤྱིར་པེ་རི་སིའི་ལྷན་ཚོགས་སྐབས་བཞག་པའི་གྲོས་མཐུན་དེའི་མཐའ་མའི་ཟིན་བྲིས་སྐབས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གནད་དོན་སྐོར་འཁོད་པ་དེ་དག་སུབ་ཡོད་ཀྱང་གྲོས་མཐུན་དེའི་འོག་བོད་མིས་གཙོས་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་ཐད་ཀར་དཀའ་ངལ་འཕྲད་མཁན་མི་རིགས་རྣམས་ངེས་པར་དུ་སྲུང་སྐྱོབ་བྱེད་ཐུབ་དགོས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པའི་འགན་འཛིན་མཆོག་གིས་གསུང་དོན། གདོད་མའི་མི་རིགས་དང་ཕྱི་མི་གནས་སྤོ་བྱས་པ། རྒས་འཁོགས། གྲངས་ཉུང་མི་རིགས། ཕྲུ་གུ། དབང་པོ་སྐྱོན་ཅན། བཙན་དབང་འོག་གནས་མཁན། བུད་མེད་སོགས་གོ་ལའི་གནམ་གཤིས་འགྱུར་ལྡོག་དཀའ་ངལ་ལས་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས། ཞེས་གསུངས། །

གསར་འགྱུར།

Post navigation

Previous Post: ཚིག་བདུན་ཀ་བཤད།
Next Post: ཕ་སྐད། ༼གླུ་གཞས།༽

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme