Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགེ་སྐུལ་།

Posted on 2010-04-142010-04-14 By ཁ་བརྡ་ 11 Comments on དགེ་སྐུལ་།

བཙན་བྱོལ་བོད་རིགས་ཚང་མས་མཁྱེན་གསལ་ལྟར། ཚེས་ ༡༤ ཉིན་གྱི་་ཞོགས་པར་སྐྱེ་རྒུ་མདོ་རུ་ས་ཡོམ་བརྒྱབ་སྟེ་ཉུང་མཐར་མི་༤༠༠བསད་ཅིང་མི་༨༠༠༠ཙམ་ལ་རྨས་སྐྱོན་ཐོན་པའི་གནས་ཚུལ་ཐོན་འདུག་ཅིང་། དེ་ཡང་དེ་རིང་ཉིན་རྒྱབ་བསད་པའི་མི་གྲངས་དེ་༦༠༠ལ་འཕར་ཅིང་། དོ་དགོང་ཁུངས་ལྡན་གནས་ཚུལ་ལྟར་ན། མི་གྲངས་༡༠༠༠ལྷག་བསད་འདུག་ཟེར། དེ་རིང་གཅིག་པོར། ཁ་བརྡ་དྲ་བའི་སྟེང་ལ་ཡང་ས་འགུལ་གྱི་གནས་ཚུལ་དང་འབྲེལ་བའི་རྩོམ་བཞི་སླེབས་འདུག་ཅིང་། ྐློག་པ་པོ་ཚོའི་ཁྲོད་དུ་བོད་ནང་ལ་ཐད་ཀར་འབྲེལ་བ་བྱས་ཏེ་ས་གནས་ས་ཐོག་གི་གནས་ཚུལ་མཆན་བུའི་ཁོངས་སུ་ངོ་སྤྲོད་བྱས་བ་ཡང་བྱུང་འདུག ཕྱི་སྡོད་བོད་མི་རྣམས་ཀྱིས་ཐེངས་འདིའི་ས་འགུལ་ཁྲོད་ཤི་རྨས་བྱུང་བ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་བྱེད་པ་གལ་ཆེ་བར་མ་ཟད་། དེ་ལས་ཀྱང་ལྷག་པ་དང་གལ་ཆེ་བ་ནི་དངུལ་དངོས་ཀྱི་རོགས་རམ་གནང་རྒྱུ་དེ་རེད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་བཞིན་པའི་བོད་རིགས་ཚོས། གདུང་སེམས་མཉམ་བསྐྱེད་ཀྱི་སྒོ་ནས་དངུལ་དངོས་གྱི་རོགས་རམ་གནང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་རེད། ཨ་སྒོར་བཅུ་དང་ཡོ་སྒོར་ལྔ་མ་གཏོགས་ཞལ་འདེབས་རྒྱག་མ་ཐུབ་རུང་། དེས་ཤུལ་ལྷག་དྭ་ཕྲུག་དང་རྨས་མ་རྣམས་ལ་སྨན་བཅོས་དང་སྡོད་ཁང་། ལྟོ་གོས་སོགས་ཀྱི་མཐུན་རྐྱེན་སྦྱར་ཐུབ་པ་མ་ཟད་རོགས་རམ་རྒྱ་ཆེར་གནང་ཐུབ་པ་ནི་བརྗོད་མ་དགོས་བ་ཞིག་རེད། དེས་ན། བོད་ནང་ལ་ཐད་ཀར་འབྲེལ་བ་ཡོད་པའི་སྤྱི་སྡོད་རོགས་ཚོགས་མ་ཅིག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། བོད་ཀྱི་བདེ་རྩ། བོད་གྲོང་ཐེབས་རྩ་སོགས་ཀྱིས་རོགས་སྐྱོར་གྱི་ཞལ་འདེབས་བསྡུ་སློང་བྱེད་བཞིན་འདུག་པས། བོད་རིགས་ཚོས། རང་གི་ནུས་ཚོད་ཀྱིས། ཚོགས་པ་འདི་དག་བརྒྱུད་ནས་ས་འགུལ་གྱི་ཁྲོད་རྨས་སྐྱོན་ཕོག་པ་དང་དྭ་ཕྲུག་དུ་ལྷག་པ་། ཁང་ཁྱིམ་སྟོང་པ་སོགས་ཀྱི་ཆེད་དུ་ཞལ་འདེབས་གནང་རོགས།
གཤམ་དུ་ཚོགས་པ་ཁག་གི་སྦྲེལ་ཐག་ཡོད། ྐློག་མཁན་ཚོས་ཚོགས་པ་འདི་དག་མ་ཡིན་པའི་རོགས་ཚོགས་གཞན་པ་ཡོད་ན། དེ་དག་ངོ་སྤྲོད་གནང་རོགས།

1) https://secure.groundspring.org/dn/index.php?aid=25331
2)https://salsa.wiredforchange.com
3)http://www.tibetanvillageproject.org/
4)http://www.tibetanbridge.org

ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།

གསལ་བསྒྲགས།

Post navigation

Previous Post: ཨོཾ་མ་ཎི་པ་དྨེ་ཧཱུྃ།
Next Post: ཡོ་རོབ་ལ་གནས་གསར་ཞེས་པའི་སྒྱུ་རྩལ་འགྲེམ་སྟོན།

Comments (11) on “དགེ་སྐུལ་།”

  1. རིན་ཆེན་ says:
    2010-04-14 at 10:45 pm

    གསར་འགོད་པ་ལགས། ས་ཡོམ་ཁྲོད་དུ་མི་ཤི་གྲངས་ཀྱི་ཕུང་པོ་སྟོང་ཕྲག་གཉིས་ཟིན་གྲབས་འདུག དངོས་སུ་ད་དུང་ག་ཚད་ཤི་ཡོད་ཤེས་ཀྱི་མེད་འདུག དེ་ནི་ང་རང་ངོ་ཤེས་གྲོགས་པོ་ཞིག་གིས་ཁ་པར་སླེབས་སོང་། ཁོང་གི་སྤུན་མཆེད་གསུམ་ཀྱང་དེར་ཤི་འདུག་བསྔོ་རྟེན་ཕུལ་རོགས་གསུང་བྱུང་།་ ཁ་སང་རྒྱ་ནག་གིས་མྱུར་སྐྱོབ་ཡག་པོ་མི་འདུག་ཟེར།

  2. གཞིས་ལུས་བོད་པ། says:
    2010-04-14 at 11:45 pm

    རིན་ཆེན་ལགས། མི་ཤི་གྲངས་དེ་ཁྱེད་ཀྱིས་བཤད་པ་ལྟ་བུ་ཡིན་ན། རྒྱ་གཞུང་གིས་མི་ཤི་གྲངས་གསང་གི་ཡོད་པ་འདྲ་། དེ་རིང་ནངས་སྔའི་གསར་འགྱུར་དུ་བཞི་བརྒྱ་བརྒྱད་ཅུ་ལྷག་ཡིན་པར་བཤད་འདུག གཞུང་གིས་འདི་ལྟར་གསང་དགོས་དོན་ག་རེ་ཡིན་ནམ། ཝུན་ཁྲོན་ས་འགུལ་སྐབས་ཀྱང་མི་ཤི་གྲངས་དངོས་དེ་གསང་ཡོད་པ་རེད་ཟེར་མཁན་འདུག་ལ་བདེན་པ་ཡིན་པ་འདྲ། ཕུང་པོའི་སྐོར་དེ་གཅིག་གཉིས་རེ་བརྙན་འཕྲིན་ཐོག་ནས་རྩ་བ་ནས་སྟོན་གི་མི་འདུག

  3. མི་རྐང་གླིང་བུ། says:
    2010-04-15 at 2:11 am

    ཁ་སང་བོད་ཟླ་གཉིས་པའི་ཚེས་སུམ་ཅུ་དང་། ཕྱི་ལོ་༢༠༡༠།ཟླ་༤པའི་ཚེས་༡༤རེས་གཟའ་ལྷག་པ་ཉིན། བོད་ཡུལ་ཁམས་སྒ་སྐྱེ་དགུ་མདོར་རང་བྱུང་གི་གོད་ཆགས་འདི་བྱུང་མ་ཐག་ཏུ་རང་ཅག་བོད་འབངས་རྣམས་ཀྱི་ཁོག་པའི་སྙིང་དང་། དཔྲལ་བའི་མིག་ཏུ་གྱུར་པའི་༸གོང་ས༸རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་ནས་ཐུགས་ཕམ་ཙད་མེད་དང་བཅས་གཞིས་བྱེས་གཉིས་ལ་དཀའ་ངལ་འདི་དག་གདོང་ལེན་གྱི་ཆེད་དུ་བཀའ་བསྩལ་པ།

    ༄༅། །ད་ནང་ཞོགས་སྐད་གསར་འགྱུར་གོ་བ་ལ། སྐྱེ་དགུ་མདོའི་ས་ཁུལ་དེ་ལ་ས་ཡོམ་ཤུགས་ཆེན་པོ་ཞི་བོ་ཞིག་རྒྱབ་གཞག ད་ནངས་ཞོགས་སྐད་གསར་འགྱུར་བྱས་པ་ཡིན་ན། མི་དྲུག་ཅུ་རེ་གཉིས་ཤི་བ་རེད་ཟེར། ད་རེས་འདི་བ་གོ་དུས་མི་བརྒྱ་ཕྲག་ཁ་ཤས་དང་། སྟོང་ཕྲག ཁ་ཤས་ཀྱིས་སྟོང་ཕྲག་གཉིས་གསུམ་ཟེར་གི་འདུག་ཟེར། ཞིབ་ཕྲ་ཞིག་ཤེས་མ་སོང་། བྱས་ཙང་ས་ཡོམ་སྡུག་ཅག་ཅིག་རྒྱབ་གཞག ཤུགས་ཆེན་པོ་དགའ་རབ་ཞིག་བརྒྱབ་གཞག ད་བྱེད་ཡ་ནི་གང་ཡང་ཡོད་མ་རེད། སྨོན་ལམ་བརྒྱབ་ནས་བསྡད་ན་མ་གཏོགས། ད་ང་ཚོ་བོད་སའི་ས་ཁུལ་ལ་བྱུང་བ་རེད། གཙུག་ལག་ཁང་འདིར། ཆོས་དོན་ལ་བཀའ་མོལ་ཞིག་ཞུས། སྨོན་ལམ་ཞིག་འཚོགས་ཐུབ་ན། སྙིང་རྗེ།
    ད་ང་རང་ཚོ་སངས་རྒྱས་པའི་ཆོས་པ་རེད། བདེ་སྡུག་གང་བྱུང་བ་ཡིན་ནའང་གཙོ་བོ་སོ་སོར་སོ་སོའི་ལས་ཀྱི་འབྲས་བུ་སྨིན་པ་ཤ་སྟག་རེད། ད་ས་ཡོམ་གི་འོག་ནས་རྐྱེན་འདས་སུ་ཕྱིན་པ་དང་། ནད་པ། ནད་གཅོང་ཆགས་པ་དེ་དག་སོ་སོའི་སྔོན་བསགས་གི་ལས་ངན་པའི་འབྲས་བུ་སྨིན་པ་རེད། དེ་འདྲ་ཡིན་དུས། སྡུག་བསྔལ་མྱངས་པ་དེ་ཡིས་ཚེ་རབས་མང་པོར་གཞན་ལ་གནོད་པའི་བྱ་བ་དང་འབྲེལ་བའི་སྡིག་པ་བསགས་བཞག་པ་དེ་ཚོའི་གྲས་དེ་དག་པར་ཡོང་བར་ཤོག་སྙམ་པའི་སྨོན་ལམ་རྒྱབ་པ་ཡིན་ན་ཕན་གི་རེད། སོ་སོའི་སེམས་ལ་ཡིན་ནའང་ཏོག་ཙམ་སྡུག་བསྔལ་རྔམས་སྐྲག་ཤུགས་ཆུང་དུ་འགྲོ་བ་དང་། སྡུག་བསྔལ་བྱུང་བ་དེས་བསོད་ནམས་གསར་པ་གསོག་པའི་རྐྱེན་དུ་འགྲོ་བའི་དེ་འདྲའི་ཕན་ཐོག་ཡོང་གི་རེད། ཁྱོད་རང་ཚོས་འདི་ནས་ཕར་ལན་སྐྱེལ་སའི་བཟོ་འདྲ་བོ་བྱུང་བ་ཡིན་ན་སྡུག་བསྡལ་ནི་བྱུང་ཚར་བ་རེད། རྐྱེན་ངན་ནི་ཕྲད་ཚར་བ་རེད། ཞེའུ་སེམས་མ་སྐྱིད་པ་བྱས་ནས་བསྡད་པ་ལས་ག་ཚད་ཐུབ་ཐུབ་ཀྱིས་དགེ་བ་གསོག་ཐུབ་ན་གཟུངས་སྔགས་འདྲ་གསོག བློ་སྦྱོང་གི་ཉམས་ལེན་འདྲ་བྱེད་ཐུབ་པ་ཡིན་ན་སྡུག་བསྔལ་དང་ལེན་དེ་འདྲའི་བསམ་མནོ་ཏོག་ཙམ་གཏོང་ཐུབ་པ་ཡིན་ན་ཅིག་ཕན་འགྲོ་གི་རེད་པཱ། རྐྱེན་ངན་དགེ་བའི་གྲོགས་སུ་འགྱུར་བ་དང་། རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་ཐུབ་པ་བྱུང་ན་ཡག་པོ་རེད་པཱ། རེད་པཱ་ཡ།

    ཞེས་བསྩལ་བ་ཁོ་བོས་ཡིག་ཐོག་ཏུ་ཕབ་ཅིང་ཞུས་དག་ནན་ཏུར་བྱས་ཁུལ་ཡིན་ཡང་གློག་བརྙན་གྱི་དྲ་ཐག་འདི་ལ་རྩ་འཛིན་ཞུ་རོགས།
    http://www1.voanews.com/tibetan-english/news/
    འདི་ན་རང་གིས་འཇོན་འདོག་བྱས་པ་མ་ཡིན་ཅིང་ཞེ་ཕུག་བོད་དང་རྒྱལ་བ་རིན་པོ་ཆེ་ལ་གཏད་ནས་ཡོད་པའི་གཞིས་བཞུགས་བོད་མའི་རྣམས་ཀྱི་བསམ་པའི་རྒྱག་ཕྱེ་ཞིག་དང་། ངུ་ངག་འདི་ལྟ་བུའི་ཁྲོད་ནས་མིག་ཆུ་འཕྱིད་རོགས་ཞིག་ཏུ་འགྱུར་བའི་རེ་བས་འདིར་ཕབ་བཀོད་ཞུས་པ་ཡིན།
    སྤུན་ཟླ་རྣམ་པ། ༸གོང་ས་རྒྱལ་བ་རིན་པོ་ཆེས་གསུངས་པ་ལྟར་ལུས་སེམས་གཉིས་ཀ་སྡུག་བསྔལ་གྱི་འོབས་དོང་ལྷུངས་པའི་གཞིས་བཞུགས་རྣམས་པ་ལ་བཀའ་སློབ་འདི་ཉིད་རྒྱུད་སྒྲགས་བྱེད་རོགས་ཞུ།

  4. བཀྲ་་་ཤིས་དོན་གྲུབ་ says:
    2010-04-15 at 4:16 am

    ཨོྃ་༞མ་ནི་པདྨེ་ཧཱུྃ།

  5. ཅོ་རི་ཉི་མ། says:
    2010-04-15 at 4:47 am

    ངའི་གོ་ཐོས་བཤད་ན་སུད་སི་ཚན་རིག་པའི་ལྟ་ན་བོད་ཀྱི་ས་ཐོག་ཏུ་མེ་འཁོར་ལྕགས་ལམ་རྒྱག་མི་ཐུབ་པར་བཤད་ཡོད་པར་རེད།
    རྒྱུ་མཚན་ནི། བོད་ཀྱི་སའི་འོག་ཨུ་ཁུང་མང་བ་དང་ས་སྲ་མོ་དེ་ཙམ་མི་འདུག་ཞེས་བཤད་མྱོང་ཡོད་པར་རེད།
    ས་ཡོམ་སྐོར་རུ་ཚན་རིག་པའི་བཤད་སྲོལ་ལྟ་ན་སའི་སྟེང་དུ་སྔར་མེད་ཀྱི་ལྕི་ཚད་གསར་དུ་སླེབས་ན་སའི་འོག་ཏུ་ཡོད་པའི་སའི་ཨུ་ཁུང་མར་རྡོལ་འགྲོ་དུས་ས་ཡོམ་རྒྱག་པར་བཤད།
    རྒྱུ་རྐྱེན་དེར་འདྲ་བརྟེན་ནས་ས་ཡོམ་རྒྱག་གིན་ཡོད་པར་ཡིན་ན། བོད་ཀྱི་གཙང་བོ་ཆེན་པོ་རྣམས་འགྲོ་སར་མ་གཏོང་བ་བཀག་ཡོད་པས་བོད་ཀྱི་ས་ཐོག་ཏུ་སྔར་མེད་ཀྱི་ལྕི་ཚོད་རྒྱ་མ་དུང་ཕྱུར་མང་པོ་གསར་དུ་སླེབས་པས་ས་ཡོམ་རྒྱག་པར་མིན་ནམ་སྙམ།
    དཔྱོད་ལྡན་རྣམ་པས་ཞིབ་འཇུག་བྱེད་ཐུབ་ན་ཡག་པོ་རེད་སེམས།

  6. ཀརྨ་རྡོ་རྗེ་ says:
    2010-04-15 at 8:56 am

    ས་འགུལ་སྐོར་ http://www.yahu earthquake in tibet གནས་ཚུལ་རྒྱས་པ་འདིར་བསྣུན་ན་ཐོན་ཡོང་།

  7. ལྷགབསམ་རྒྱ་མཚོ། says:
    2010-04-15 at 9:20 am

    བོད་རིགས་ཡོངས་ཀྱིས་སྐྱེ་རྒུ་མདོའི་ཤི་གསོན་ཡོངས་ལ་བསྔོ་སྨོན་གནང་རོགས། ༡༽ བསམ་བློ་བཏང་ན་བསད་རྨས་ཀྱིས་མནར་བའི་སྐྱེ་བོ་དེ་དག་བྱང་ཆུབ་སེམས་དཔས་མཛད་པ་གནང་ཚུལ་ཞིག་སྟེ། སྲོག་གཅོད་པ་སོགས་སྡིག་པའི་ལས་ཀྱི་རྣམ་པར་སྨིན་པ་བསླུ་བ་མེད་པ་དང་། སྣོད་བཅུད་མི་རྟག་པ་དང་། རྣམ་གྲོལ་དོན་གཉེར་ཀྱི་བསྐུལ་མ་རུ་ངེས། ༢ ༽ མཐུན་སྒྲིལ་ཀྱི་བསྐུལ་མ་ཞིག་སྟེ། དེ་རིང་བོད་ཀྱི་དགོན་སྡེ་ཡོངས་ཀྱིས་བསྔོ་སྨོན་དང་། བླ་སྥྲུལ་མང་པོས་དངུལ་བསྡུ་སྒྲུབ་དང་། རྫ་སེར་ཤུལ་དགོན་པའི་གྲྭ་བ་༥༠༠ གུར་༢༠༠ ཟས་གོས་རླང་འཁོར་བདུན་ཙམ་ཉེ་འགྲམ་དུ་སླེབས་ཡོད་པ་དང་། གསེར་རྟ་བླ་རུང་དགོན། སྡེ་དགེ་དགོན་ཆེན། ཨ་མདོ་ཀིརྟི་དགོན་བཅས་ཀྱི་སྐུ་ཚབ་སོགས་འབྱོར་ཞིང་། དབུས་སེར་འབྲས་ཀྱི་ཁ་པར་རྒང་ནས་ཐུགས་སྨོན་དང་། རོགས་དངུལ་བསྡུ་བཞིན་བའི་གནས་ཚུལ་འབྱོར། ༣ ༽ སྐྱོ་བ་སྐྱེ་དགོས་པ་ཞིག་སྟེ། བོད་ཀྱི་མི་རིགས་ཉུང་དུ་འགྲོ་བའི་ཁར་མི་དེ་ཙམ་ཤི་བ་དང་། ས་གནས་དེ་བདག་མེད་དུ་གྱུར་བ་དང་། རྒྱ་དམག་གིས་དང་པོ་རང་གི་དམག་སྒར་སྐྱོབས་ཐབས་བྱས་པ་དང་། མི་དམངས་སྨན་ཁང་ཞིག་ཚེ་དམག་མིའི་སྨན་ཁང་དུ་བོད་རིགས་གཅིག་ཀྱང་མ་ཚུད་པའི་སྐོད་བཤད་འདུག གཞན་བོད་རིགས་རོགས་སྐྱོར་པ་དང་། གཉེན་འཕྲད་པ། ཕྱི་རྒྱལ་དང་དགོན་སྡེ་ཁག་གི་རོགས་སྐྱོར་ཡང་གཞུང་མ་རྒྱུད་པར་ལས་ཀ་བྱེད་མི་ཆོག་པའི་བཀའ་རྒྱ་དམ་པོས་བཀག་འདུག ༤ ༽ ས་ཡོམ་བྱུང་རྐྱེན། ཝུན་ཁྲོན་ཡར་རྒྱུད་ཀྱི་གོ་ལའི་སེར་ཀ་འགུལ་ནས་བྱུང་བ་དང་། དེས་རྐྱེན་ཀྱིས་འགད་རྫས་མང་པོ་འབར་རྐྱེན་ལས་བྱུང་མིན་ལ་ཐེ་ཚོམ་ཆེ་ཚུལ་དང་། ཝུན་ཁྲོན་དང་། གཟི་ཚ། ལན་ཀྲུ། སྐྱེ་དགུ་ཕྱོགས་ལ་དུག་རྫས་སྣ་ཚོགས་ཡོད་པ་ཡོངས་གྲགས་སོ། ། དུག་རྫས་ཞིབ་འཇུག་པ་མང་པོས་ཝུན་ཁྲོན་ས་ཡོམ་ཆེན་པོ་ཡང་དུག་མཚོན་དང་འབྲེལ་བ་ཡོད་པར་བཤད་འདུག འོན་ཀྱང་གཞུང་གིས་དེ་དག་བཤད་མི་ཆོག་པའི་ཁྲིམས་བཞག་དེ་སེངྒ་པིར་དང་། ཧོང་ཀོང་། ཐེ་ཝན་གྱི་དྲྭ་ཚིག་སྟེང་གི་ཁ་སང་ཡོད་པའི་ཞིབ་འཇུག་གི་གནས་ཚུལ་དེ་རིང་མི་རྙེད་པ་བྱས་འདུག ཀུན་ཀྱིས་ཐུགས་སྨོན་ནན་ཏན་གནང་རོགས་ཞུ། །

  8. Tenzin Deshal says:
    2010-04-15 at 9:53 am

    http://woeser.middle-way.net/

  9. བཙན་པོ་ says:
    2010-04-15 at 11:19 am

    རིན་ཆེན་ཟེར་བ་ཁྱོད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རིན་ཆེན་བཀྲ་ཤིས་ཡིན་ན་ཁྱེད་མི་ཁྱི་སྐྱག་འདྲ་བ་ཞིག་རེད། ཁྱེད་ལ་གསར་འགོད་པས་ཡུལ་ཤུལ་སྐོར་དྲི་བ་འདྲི་སྐབས་ཁྱེད་ཁོ་ཚོའི་གོལ་ཆགས་སྐོར་མི་བཤད་པར་ཡུལ་ཤུལ་ཁམས་དང་ཨ་མདོ་གང་ཡིན་མིན་ལུང་ནག་གང་བཤད་ནས་ཅི་བྱེད་བརྩི་ཡོད། ཁམས་དང་ཨ་མདོ་གང་ཡིན་ན་ཡིན།ཚང་མ་བོད་པ་རེད། ཁྱེད་ཀྱི་སེམས་ནང་ན་ཆོལ་ཁའི་ཞེན་ཁོག་གི་དུག་འདུག ཁྱེད་འདྲ་བ་འདི་ཚོ་མི་རེད། ཁྱི་རེད།

  10. སྡེ་དགེ་བ་འཇིགས་མེད་ཡེ་ཤེས་རྡོ་རྗེ། says:
    2010-04-15 at 1:12 pm

    ལས་སྨོན་བྱམས་བརྩེའི་སྲོག་གིས་འབྲེལ་བའི་བོད་རིགས་ཚོ།
    མི་ཚེ་གཅིག་ལ་སྐྱིད་སྡུག་སྣ་ཚོགས་ཡོང་སྲིད་པས། 

    སྐྱིད་དུས་ང་རྒྱལ་མ་བྱེད་བོད་ཀྱི་སྤྱི་དོན་སྒྲུབས།
    སྡུག་དུས་སེམས་ཕམ་མ་བྱེད་གཅིག་ཕན་གཅིག་རོགས་བྱོས།

    རྐྱེན་ཆག་སྒོ་བྱུང་བའི་ཛ་དྲག་དུས། སེམས་སྐྱོ་བ་ཙམ་ཀྱིས་མི་ཕན་པས།
    བློ་རིག་པའི་ཐབས་ཇུས་གྲོས་བྱས་ནས། ལས་དེ་འདྲ་མི་བྱེད་འདི་འདྲ་བྱེད།

    ཚེ་འདས་རྣམས་ལ་ཕན་པའི་ཕྱིར། སྐྱ་སེར་ཕོ་མོ་ཐམས་ཅད་ཀྱིས།
    
བདུན་ཕྲག་བདུན་ཀྱི་དུས་ཡུན་ལ། ཆོས་ལ་ཐོས་བསམ་སྒོམ་པར་མཛོད།

    གསོན་པོ་རྣམས་ལ་ཕན་པའི་ཕྱིར། སོ་སོའི་རང་ནུས་གང་ཡོད་ཀྱིས།
    
དངུལ་གྱིས་ཞབས་འདེགས་འབུལ་བའམ། ལུས་ངག་ཡིད་ཀྱིས་འབད་པར་འཚལ།

    ཤུལ་ལུས་དྭ་ཕྲུག་སྐྱབས་མེད་རྣམས། ཐབས་དང་ཇུས་ཀྱིས་མ་སྐྱབས་ན།

    བོད་ཕྲུག་རྒྱ་ལ་བསྒྱུར་ངེས་པས། ས་ཡོམ་ངན་འབྲས་ཅི་བས་སྡུག

    རྒྱ་མིའི་གཡོ་འཕྲུལ་བྱམས་ན་ཡང་། དེ་ལ་བློ་གཏད་བྱེད་མི་རུང་།
    
ཤིན་ཏུ་ཉམ་ཐག་གྱུར་ན་ཡང་། རང་དབང་རྩོད་ལེན་བརྗེད་མི་རུང་།

  11. གཞིས་ལུས་བོད་པ། says:
    2010-04-16 at 1:43 am

    གངས་ལྗོངས་གླེང་སྟེགས་དྲ་ཚིགས་སུ་གསལ་བ་ལྟར་ན། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གཅིག་པུས་ཀྲུང་སྒོར་ས་ཡ་གཅིག་དང་འབུམ་བདུན་༡༧༠༠༠༠༠གྱིས་ས་འགུལ་གྱིས་གནོད་འཚེ་ཐེབས་པའི་ཡུལ་ཤུལ་ས་ཆར་རོགས་སྐྱོར་བྱས་ཤིང་ད་དུང་ཐེངས་གཉིས་པ་ལའང་མུ་མཐུད་དུ་རོགས་སྐྱོར་བྱེད་འཆར་ཡོད་པར་བཤད་འདུག ཡང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྲི་བརྒྱད་ཅུའི་༨༠༠༠༠༠རོགས་སྐྱོར་བྱས་པར་བཤད་ཅིང་ད་དུང་མུ་མཐུད་དུ་བྱ་འཆར་ཡོད་པར་བཤད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme