Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀླུ་མཁར་བྱམས་ཀྱི་གཟི་བརྗིད་རྡོ་རྗེ་ཕ་ལམ།

Posted on 2015-12-082015-12-08 By ཁ་བརྡ 24 Comments on ཀླུ་མཁར་བྱམས་ཀྱི་གཟི་བརྗིད་རྡོ་རྗེ་ཕ་ལམ།

ཨེ་མ་ཧོ།

 
ཚན་རིག་དང་གྲུབ་མཐའ་ཕྱི་ནང་གི་ཁྱད་པར་ཆེན་པོ་མ་ཤེས་ཀྱང་བོད་བཙན་པོའི་རྒྱལ་རབས་དང་ང་ཚོ་གདོང་དམར་བོད་ཀྱི་གཤིས་ཀ་མ་འགྱུར་བ་དེ་ནི་ཁྱོད་ཀྱི་གཟི་བརྗིད་དང་གནས་ལུགས་མཐུན་པའི་ལོ་རྒྱུས་ཀྱི་རྡོ་རིང་ཆེན་པོ།།

རྒྱ་སྐད་དང་དབྱིན་ཇིའི་སྐད་ལ་དེ་ཙམ་མཁས་པ་མིན་ཀྱང་གནས་ལུགས་རང་བཞིན་ལྡན་པའི་བོད་སྐད་གཙང་མ་སྒྲ་དག་སྒྲོས་གཙང་རྒྱུ་མཚན་ལྡན་པར་སྡེབ་སྦྱོར་གྱི་ཉམས་དང་ལྡན་པའི་རྩོམ་རིག་སྨྲ་བའི་མཁས་པ་ཆེན་པོ།

unnamed-3

ལག་ཁྱེར་གཉིས་བརྩེགས་དང་ཧིན་སྒོར་དུང་ཕྱུར་མང་པོའི་བདག་པོ་མིན་ཡང་ལུས་ངག་ཡིད་ཀྱི་དཀའ་སྤྱད་ཀྱི་རྣམ་གྲངས་ཐམས་ཅད་གངས་ཅན་སྤྱི་ལ་ཕན་བདེའི་གནད་དོན་ལ་གནང་བའི་གཟི་བརྗིད་ཅན་གྱི་དཔའ་བོ་རང་བཙན་བདག་པོ།

དྲང་བདེན་ཅན་ཁྱོད་ནི་མགྲིན་བཟང་དབང་པོའི་ཏོག་ལ་ཁབ་དང་མེ་སྟག་ཙམ་གྱི་དཀའ་ཚེགས་མ་མྱོང་ཡང་སྐད་ཅོར་རྒྱག་པ་ནང་བཞིན་མ་ཡིན་པར་ལོ་དྲུག་མུན་བཙོན་དུ་བཞུགས་པའི་བདེན་དཔུང་ཅན་ཁྱོད་ལ་ཕམ་ཁ་བཟོས་པ་ལ་མྱ་ངན་ཞུ།།

གངས་དཀར་གྱི་གཞི་ཁྱིམ་ཁྲ་མོའི་ཆེད་དུ་འཆི་ཡང་འགྱོད་མེད་ཀྱི་དྲང་བདེན་གྱི་ལམ་ཀ་ལ་བཙན་པོའི་རྒྱལ་རབས་ཀྱི་བ་དན་དགུང་དུ་སྐྱོད་ནས་མུ་ནས་མུ་རུ་སྤྲིན་གྱི་སྒྲ་དབྱངས་སྒྲོག་དང་ཁྱོད་ཀྱི་གསེར་བཟང་གི་ཞབས་རྗེས་ནམ་ཡང་ཡལ་བ་མེད་པས་དེ་ལུགས་མཁྱེན་འཚལ།།

ཞེས་རབ་གནས་ཤིང་ལུག་སྨིན་ཟླའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་བཟང་ངམ་རྫོགས་ཆེན་པདྨ་རིག་འཛིན་དང་རྗེ་རིན་པོ་ཆེའི་འདས་མཆོད་སྐབས་སུ་བྷན་གྷོར་གཙུག་ལག་སློབ་གྲྭ་ཆེན་མོའི་དགུང་ཚོགས་ནས་ཤྲྰིཿསྨྱོན་ཨེ་མ་ཧོས་ཀླུ་མཁར་བྱམས་ལ་གཟེངས་སུ་བསྟོད་པའོ།། །།

སྣ་ཚོགས།

Post navigation

Previous Post: བླ་མ་ལགས།
Next Post: “དབྱངས་”ཀྱི་མཆོད་པ།

Comments (24) on “ཀླུ་མཁར་བྱམས་ཀྱི་གཟི་བརྗིད་རྡོ་རྗེ་ཕ་ལམ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-12-09 at 12:25 am

    ཀརྡོས།
    ཀླུ་མཁར་བྱམས་ནི་མི་གླུད་འདྲ་བ་ཡིན་སྟངས་བཞི་ནི།

    ༡༽ རང་རིགས་ཀྱི་ཆོས་དང་འཇིག་རྟེན་གྱི་བཀའ་དྲིན་དྲན་ཤེས་མི་ཤེས་མཁན་བོད་མི་བླུན་ཤོས་ཀླུ་བྱམས།
    ་
    ༢༽ རྒྱ་གར་ནང་སྡོ་ཆོག་པའི་ལག་འཁྱེར་རག་སྟངས་བརྗེད་ཚར། ཟ་ས་སྡོད་ས་སྤྲོད་མཁན་ངོ་མི་ཤེས་མཁན་གླེན་ལྐུགསས་ཀླུ་མཁར་བྱམས།
    ་
    ༣༽གཞན་གྱི་གཡག་བརྐུས་བཙན་ནང་ལོ་འགའ་ཕྱིན་ནས། ཆབ་སྲིད་བཙོན་པ་རྫུན་མ་ཀླུ་མཁར་བྱམས།
    ་
    ༤༽ དབུས་ལམ་གྱི་ཕོགས་བཟའ་བཞིན། རང་བཙན་ཁ་འཁྱེར་ནས་སྲིད་སྐཡོང་ལངས་མཁན་གྱི་ཞབས་འདྲེན་ཀླུ་མཁར་བྱམས།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-12-09 at 12:40 am

    འཇམ་ནོར་དང་དོ་རྒྱལ་བ།
    https://www.facebook.com/photo.php?fbid=10153739678006460&set=a.10150649159191460.413276.824661459&type=3&theater

  3. ཁྱུང་སེ། says:
    2015-12-09 at 4:36 am

    ད་ལན་ཨེ་མ་ཧོས་ཀྐུ་མཁར་བྱམས་དཔའ་བོ་དེ་ལ་ཉམས་མགུར་བླངས་པ་དེ་ལ་༡༠༠% རྒྱབ་སྐྱོར་ཡོད།། ཀླུ་མཁར་བྱམས་རྒྱལ་གྱུར་ཅིག

  4. ཅོ་རི་ཉི་མ། says:
    2015-12-09 at 4:55 am

    ཨེ་མ་ཧོ་ཡི་རྒྱལ་གཅེས་ཀྱི་འདུ་ཤེས་དེ་ནི་ཡིད་དབང་འཕྲོག་པ་ཞིག་འདུག ངོ་མ་དགའ་པོ་བྱུང་། ང་ཅོ་རི་བོད་མི་རྒྱལ་གཅེས་པ་རྣམས་ལ་དགའ། རྒྱལ་གཅེས་པ་ཚོ་ལ་གུས། རྒྱལ་གཅེས་པ་ཚོའི་རྒྱབ་ལང་བྱེད་ཀྱི་ཡིན། ཐུགས་རྗེ་ཆེ།

  5. གངས་ཕྲུག། says:
    2015-12-09 at 5:04 am

    ཀླུ་བྱམས་ལ་རྒྱབ་སྐྱོར་དང་ལྟ་ཕྱོགས་ཅིག་པ་དག་ནི་བོད་མི་རིགས་ཀྱི་ཕུགས་བསམ་གཉེར་ཞིང་བོད་ཀྱི་ལ་རྒྱའི་བདག་པོ་བ་ཚོ་རེད། དབུ་ལམ་པ་ཚོ་ནི་བོད་ཀྱི་སྲིད་དོན་གྱི་ཚོང་པ་དག་དག་རེད། དེང་སྐབས་ཁོང་ཚོའི་ཚོང་གི་མ་རྩ་རླགས་ཚ་ལེ་རེད། འོན་ཀྱང་བཙན་བྱོལ་ཚང་ལ་མགོ་སྐོར་གཏོང་རྒྱུ་ནི་རྒྱུན་ལྡན་རེད། རང་མགོ་རང་གིས་སྐོར་བ་འདི་དངོས་གནས་སྐྱོར་བ་ལ།

  6. Rinchen Dhondup says:
    2015-12-09 at 5:09 am

    ཨེ་མ་ཧོས་དྲང་བདེན་ལ་རྒྱབ་སྐྱོར་གནང་བར་ཡི་རང་ཞུ། ཨ་ཚོགས་ཀླུ་བྱམས་ཀྱིས་བོད་དང་བོད་མིའི་རྩ་དོན་ཆེད་སྐུ་ལས་གང་བསྐྱོན་པ་ཐམས་ཅད་ལ་ང་ཚོས་དུས་ནམ་ཡང་བཀའ་དྲིན་ཞུ་འོས་སོ།

  7. ཅོ་རི་ཉི་མ། says:
    2015-12-09 at 5:18 am

    ཀརྡོ་ཟེར་བའི་མི་ངན་གླུད་རྫས་འདྲ་བ་འདིས་ཆོས་ལུགས་པའི་ལ་རྒྱ་ཡིན་མདོག་གིས་ཀླུ་བྱམས་ཀྱི་ཆོས་ཁས་ལེན་གྱི་མི་འདུག་ཟེར་ནས་ངུ་གི་རེད། ཆོས་མེད་གུན་ཁྲན་ཏང་གི་རྩ་ཁྲིམས་ཀྱི་འོག་ཏུ་འགྲོ་ཡིན་ཟེར་ནས་ངར་གི་རེད། དགོན་སྡེ་སྟོང་ཕྲག་མང་པོ་གཏོར་མཁན་གྱི་ཆོས་མེད་སྨྲ་བ་གུན་ཁྲན་ཏང་གི་འོག་ཏུ་འགྲོ་གི་མིན་ཟེར་མཁན་ཞིག་ཡོད་ན་ཀརྡོས་ཉེས་ཞྭ་བསྐོན་གང་ཐུབ་བྱེད་ཀིན་རེད། ཀརྡོ་ཁྱོད་རང་རྒྱལ་བཙོང་བ་ཆུང་ཆུང་ཞིག་རེད། རྒྱ་དགའ་མ་ཁྱོད་ཁ་བཙུམ

  8. པདྨ says:
    2015-12-09 at 7:21 am

    ཀརྡོ་ཉོན་ཨ། བློ་བཟང་སེངྒེས་གཞུང་དངུལ་བརྐུས་པ་དབྱིན་ཇི་བ་དང་རྒྱ་རིགས་འགས་བཤད་པ་རེད། སྤེལ་པ་ཚེ་རིང་གིས་སྤྲུལ་སྐུ་བསད་པ་དང་སྤྱི་རྒྱུ་བརྐུས་པ་འཇུ་ཆེན་ཐུབ་བསྟན་དང་བསྟན་པ་ཆོས་འཕེལ་གྱིས་ཚོགས་མང་ནས་བཤད་པ་རེད། ཀླུ་མཁར་བྱམས་ལ་རྒྱ་མིས་འུར་སྒྲོག་དང་ཁྱོད་ལྟ་བུ་དྲོད་ཆུང་འགའ་ཞིག་གིས་སྒེར་འཁོན་ཞིག་ལས་དཔའ་བོ་ཨ་ཚོགས་ལ་གཞི་མེད་ཡིན་པར་གསལ་བོ་རེད།

  9. ཀརྡོ་གཉེར་ཕྱག་པ་ says:
    2015-12-09 at 7:49 am

    #10 པདྨ ་ལགས་ཀྱིས་སྤེལ་དོན།:
    December 9th, 2015 at 7:21 am
    ཀརྡོ་ཉོན་ཨ། བློ་བཟང་སེངྒེས་གཞུང་དངུལ་བརྐུས་པ་དབྱིན་ཇི་བ་དང་རྒྱ་རིགས་འགས་བཤད་པ་རེད། སྤེལ་པ་ཚེ་རིང་གིས་སྤྲུལ་སྐུ་བསད་པ་དང་སྤྱི་རྒྱུ་བརྐུས་པ་འཇུ་ཆེན་ཐུབ་བསྟན་དང་བསྟན་པ་ཆོས་འཕེལ་གྱིས་ཚོགས་མང་ནས་བཤད་པ་རེད། ཀླུ་མཁར་བྱམས་ལ་རྒྱ་མིས་འུར་སྒྲོག་དང་ཁྱོད་ལྟ་བུ་དྲོད་ཆུང་འགའ་ཞིག་གིས་སྒེར་འཁོན་ཞིག་ལས་དཔའ་བོ་ཨ་ཚོགས་ལ་གཞི་མེད་ཡིན་པར་གསལ་བོ་རེད། ་་་་་་་་་

    ངས་ནི། བློ་སེང་དང་སྤེན་ཚེ། འཇུ་ཆེན་དང་ཀླུ་བྱམས་སྐོར་ལ་མི་བསད་པ་དང་། དངུལ་རྐུས་པའི་སྐོར་གང་ཡང་མི་ཤེས་ཀྱང་།
    ཀླུ་བྱམས་རང་གིས་རང་གི་ལོ་རྒྱུས་བཤད་དུས་ཡ་མཚན་མང་པོ་ལབ་ཙང་། ངས་ཀྱང་རྗེས་ཟློས་བྱས་པ་ཡིན།
    ལུག་རྫི་དང་། ཀླུ་བྱམས་གཉིས་ཀྱིས། འདི་ང་ཚོ་བོད་མི་མང་མཐོང་ཆུང་ཞེ་དྲགས་བྱས་ཙང་། ང་སྨྱུག་འཛོན་པ་ཡང་། ནད་མ་འཁྱོག་ནས་དེ་ལྟར་ཤོད་བཞིན་ཡོད། ད་མཁྱེན་སོང་ངེ། དྲ་གྲོགས་པདྨ་ལགས།། །།

  10. ཞོལ་གཡག་འབྲོང་རྒྱུད། says:
    2015-12-09 at 8:58 am

    བ་མ་ཤི་སྙང་མའི་རྒྱུན་མི་ཆད་བྱས་པ་རེད། ཀརྡོ་འདི་མ་ཤི་བར་དུ་མཆན་སྙང་མ་ཛར་ཛར་ལ་རྒྱུན་མི་ཆད། ཧ་ཧ།
    ཨེ་མ་ཧོས་སྙིང་སྟོབས་དགུ་འགྱུར་་བོད་བཙན་པོའི་སྙིང་སྟོབས་ཀྱི་བག་ཆགས་ཀྱི་ས་བོན་ཀླུ་བྱམས་ལ་བསྟོད་གླུ་ཡག་པོ་ཞིག་བགྱེར་འདུག།

  11. ཁྱུང་སེ། says:
    2015-12-09 at 9:54 am

    རེད་ཀརྡོ་འདི་མི་རྨོངས་དད་ཅན་ལུག་འདྲ་བ་ཞིག་ཡིན་བཟོ་འདུག ཨ་ལེ་སྐུ་རྩེད་ཞུས་ཡིན་ཁོང་ལ་དག་སྣང་ཆེ་ཙམ་ཡོད་པའི་རྒྱུ་མཚན་གྱིས་རང་གི་རྩ་བའི་བླ་མ་དང་དེའི་བཀའ་ལ་མི་བརྩི་མཁན་ཞིག་ཡོད་ན་དེ་ལ་འདྲེ་སྲིན་དུ་བལྟ་མཁན་ཞིག་རེད།།

  12. རྟེན་འབྱུང says:
    2015-12-09 at 10:21 am

    ཀླུ་མཁར་ལ་རྒྱབ་སྐྱོར་གནང་མཁན་ཚོར་ཉོན། ཁྱེད་ཚོས། ཀླུ་མཁར་གྱིས་སྲིད་སྐྱོང་འོས་མི་ལ་ལངས་ནས་ད་བར་ཁོས་སྐད་ཆ་དང་ཡི་གེ་བྲིས་པ། གསར་འགོད་པས་དྲི་བ་དྲིས་ལན་སོགས་ཚང་མ་སྔ་གཞུག་ནང་འགལ། ཆུའི་རྐྱལ་བ་ཨི་ཁུང་སྟོང་བརྡོལ་བ་ནང་བཞིན་ཆགས་བསྡད་ཡོད་པ་ལ་བསམ་བློ་ཡག་པོ་བཏང་ནས་དེ་ནས་སྐད་ཆ་བཤད་ན་ཡག་གི་བསམ།

  13. ཀརྡོ་གཉེར་ཕྱག་པ་ says:
    2015-12-09 at 1:05 pm

    #10 ཞོལ་གཡག་འབྲོང་རྒྱུད། ་ལགས་ཀྱིས་སྤེལ་དོན།:
    December 9th, 2015 at 8:58 am
    བ་མ་ཤི་སྙང་མའི་རྒྱུན་མི་ཆད་བྱས་པ་རེད། ཀརྡོ་འདི་མ་ཤི་བར་དུ་མཆན་སྙང་མ་ཛར་ཛར་ལ་རྒྱུན་མི་ཆད། ཧ་ཧ།
    ཨེ་མ་ཧོས་སྙིང་སྟོབས་དགུ་འགྱུར་་བོད་བཙན་པོའི་སྙིང་སྟོབས་ཀྱི་བག་ཆགས་ཀྱི་ས་བོན་ཀླུ་བྱམས་ལ་བསྟོད་གླུ་ཡག་པོ་ཞིག་བགྱེར་འདུག།

    #11 ཁྱུང་སེ། ་ལགས་ཀྱིས་སྤེལ་དོན།:
    December 9th, 2015 at 9:54 am
    རེད་ཀརྡོ་འདི་མི་རྨོངས་དད་ཅན་ལུག་འདྲ་བ་ཞིག་ཡིན་བཟོ་འདུག ཨ་ལེ་སྐུ་རྩེད་ཞུས་ཡིན་ཁོང་ལ་དག་སྣང་ཆེ་ཙམ་ཡོད་པའི་རྒྱུ་མཚན་གྱིས་རང་གི་རྩ་བའི་བླ་མ་དང་དེའི་བཀའ་ལ་མི་བརྩི་མཁན་ཞིག་ཡོད་ན་དེ་ལ་འདྲེ་སྲིན་དུ་བལྟ་མཁན་ཞིག་རེད།། ་་་་་་་་་་ ཟེར། ཧཧཧ།། །།

  14. བསྟན་འཛིན། says:
    2015-12-10 at 1:52 am

    ཀླུ་མཁར་སོགས་བོད་རང་བཙན་བ་ཚོ་འཕམ་སོང་ན་བོད་མི་རིགས་འདི་འཕམ་འགྲོ་རྒྱུ་རེད། བོད་མི་རེ་འགའ་དང་བོད་མི་རིགས་གཉིས་དབར་འདེམས་ཕྱོགས་ནོར་མི་ཉེས་ཨ།

  15. ཀརྡོ་གཉེར་ཕྱག་པ་ says:
    2015-12-10 at 1:57 am

    བོད་མིའི་སྲིད་སྟེགས་ཐོག་ལ་སྡོད་མཁན་ལ། མི་རབ་ཡ་རབ་གཉིས་ལས། ཡ་རབ་དེ་འདེམས་པ་དགོས་པ་དེ་དུས་ནམ་བརྗེད་མི་ཉན་ནོ།།

  16. ལུང་རྟོགས། says:
    2015-12-10 at 9:19 pm

    དགའ་བའི་ཁ་ལ་ལྟས་ན་དགོད་ཤོར་ངུ་བའི་ཁ་ལ་ལྟས་ན་ངུ་ཤོར་ཟེར་བའི་གཏམ་དཔེ་དེ་འདྲ་འབུ་འདི་ཚོར་ཏག་ཏག་རེད། ཅོ་རི་སོགས་ཀྱིས་ནམ་རྒྱུན་དུ་ཨེ་མ་ཧོའམ་མཁན་ཆེན་བླ་མར་ཁ་རྡུང་སྐྱོན་བརྗོད་ཁོ་ན་བྱེད་ཀྱི་ཡོད་ཀྱང་དེ་རིང་ཁོ་རང་ཚོའི་བསམ་ཚུལ་དང་མཐུན་པ་ཞིག་བཤད་ཡོང་དུ་བསྟོད་པ་ནམ་མཁར་མི་ཤོང་བ་འཐེན་ཁུལ་བྱེད་ཀྱི་འདུག རང་ཚུག་མེད་པའི་མི་འདི་ཚོ་སྙིང་མ་རྗེ།

  17. ཚེ་རིང་ says:
    2015-12-11 at 1:16 am

    ༸གོང་ས་མཆོག་གི་ཐུགས་དགོངས་དཀྲུག་མཁན་ཞིག་ལ་རྒྱལ་གཅེས་པ་ཞེས་བསྟོད་ན་ལྐུག་པ་དང་སྐྱག་པ་ཟ་མཁན་རང་རེད་་་་་

  18. སྤོབས་པ་མཐའ་ཡས། says:
    2015-12-11 at 2:04 am

    ཀླུ་མཁར་བྱམས་ཀྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གདམ་བྱ་འདེམས་བྱེད་ཀྱི་འགན་ཁུར་ཞིང་ཐོབ་ཐང་ལ་ལོངས་སུ་སྤྱད་ནས་སྲིད་སྐྱོང་འོས་མིར་བཞིངས་པ་རེད། ཡིན་ན་ཡང་ཁོང་ལ་རྒྱབ་སྐྱོར་བྱེད་མདོག་བྱེད་མཁན་མང་པོ་ཞིག་གིས་ཐ་ན་དྭངས་བླངས་དཔྱ་ཁྲལ་ཡང་འབུལ་གྱི་མིན་ཟེར་ནས་དྲ་ཐོག་ལ་བསྒྲགས་ཞོར་དུ་འོས་མི་འདི་འགྲིགས་དང་དེ་མ་འགྲིགས་སོགས་གླེང་ཁུལ་བྱེད་པ་དེ་ཁ་ཡོད་ལག་སྟོང་རེད། དེ་ཚོའི་གྲས་མང་པོ་ཞིག་ཁ་ནང་ན་འདོན་རྒྱུ་ཞིག་དམར་སྲུང་དམག་གི་བརྗོད་ཚིག་ཁ་ཤས་ཞིག་ལས་གང་ཡང་མེད་མོད་ཀླུ་བྱམས་ཁ་ལ་ཁྱེར་ནས་དཀྲུག་ཤིང་བརྒྱབ་བསྡད་པ་དེས་ཀླུ་བྱམས་ཀྱི་འོས་ཤོག་ཉུང་དུ་འགྲོ་བ་དང་། མི་མང་གིས་དོག་འགྲོག་ཡོང་གཞིར་ཉེས་སྐྱོན ཆེན་པོ་བཏང་སོང་བསམ།

  19. ཚེ་རིང་ says:
    2015-12-11 at 4:32 am

    པདྨ་མཁས་མདོག་མ་བྱེད་ཁྱོད་རང་ཡང་གདོན་འདྲེ་ལ་སྐྱབས་སུ་འཆི་ན་གྲིག་གི་ཡོད་པ་རེད་་་་་་དེ་མིན་ཁྱོད་དང་ཁྱོད་འདྲ་བ་དྲ་རྒྱའི་སྟེང་འདྲ་མིན་འདྲ་འབྲི་མཁན་ཚང་མར་སྐྱག་པ་ཟོ་ཨ་ཞུ་རྒྱུ་མ་ཏོག་གང་ཡང་མེད།

  20. པདྨ says:
    2015-12-11 at 4:58 am

    ཚེ་རིང་ཁྱོད་ཀྱི་ཟ་མྱོང་བ་དེ་ཞིམ་པོ་འདུག་གམ། ཧ ཧ
    ལན་གྱིས་ལྡོག་པ་མི་ནུས་ན་དེ་ཡི་རྗེས་འདྲིངས་དམ་པའི་ལུགས་ཟེར་བ་གོ་མ་མྱོང་ངམ། མདོར་ན་གོང་ས་མཆོག་ལ་དགའ་འདོགས་དང་ཁོང་གི་ཉེ་འཁོར་དང་འཁོར་ཡུག་ཕལ་ཆེ་བ་གཡོ་སྒྱུ་མཁན་དང་རྫུན་མ་རྐུ་མ་མི་གསོད་སོགས་སྙིང་རྗེ་དང་དགེ་སྡིག་གཏན་ནས་མེད་པའི་ཁྲམ་པ་ཤར་ཏག་རེད་འདུག བླ་རྒན་དེ་ཚོས་གཞན་དབང་དུ་སོང་བ་རེད། དེས་ན་ཚེ་རིང་ཁྱོད་ལྟ་བུ་སྐྱག་པ་རང་གིས་ཟོས་ནས་སྐྱག་གཟན་མི་ལ་བརྗོད་ན་རྣམ་དཔྱོད་ཡོད་མེད་གསལ་གསལ་ཐང་ཐང་བསྟན་པ་རེད་བཀའ་དྲིན་ཆེ་ཞུ།

  21. ཚེ་རིང་ says:
    2015-12-11 at 5:05 am

    ད་བར་མི་ངན་ཁྱེད་ཚོའི་རིགས་ལ་བཟོད་སྒོམ་བྱས་ནས་བསྡད་པ་ཡིན་ད་དུང་ངོ་ཚ་མེད་མཁན་ཁྱོད་ཚོས་༸གོང་ས་མཆོག་ལ་ཁུང་མེད་སྐྱོན་འཛུག་མང་པོ་བྱེད་ཀྱི་འདུག་པས་ད་ཁ་ཙུམ་ནས་བསྡོད་ཐབས་བྲལ་སོང།ཨེ་མ་ཧོ་་་་་ཀླུ་བྱམས་་་་ཅོ་རི་ཉི་མ་དང་པདྨ་ཟེར་མཁན་མི་དེ་ཚོའི་རིགས་ལ་འགྲེལ་བཤད་མདོར་བསྡུས་ནས་བརྒྱབ་ན་རྒྱ་གུང་ཁྲན་གྱི་སྤྲང་ཁྱི་མཇུག་མ་མེད་མཁན་རང་རེད།་་་ཁག་མེད་སྤྲང་ཁྱིས་སྦྱིན་བདག་དང་རྐུ་མ་ངོ་མི་ཤེས།སྤྲང་ཁྱི་ཐོག་ཁར་སླེབས་ན་ནམ་མཁའི་སྐར་མར་རྨུག་ཟེར་བ་ཤིན་ཏུ་བདེན།
    སྤྲང་ཕྲུག་ཅོ་རི་ཉི་མ་དུས་ཚོད་རིང་པོའི་རྗེས་ལ་ཡང་དཀྲུག་ཤིང་རྒྱག་པར་སླེབས་བྱུང་་་་དུས་ཡུན་དེའི་བར་རྒྱ་གུང་ཁྲན་དྲུང་དུ་ཏོ་སློང་དུ་ཕྱིན་པས་ཧཧཧཧཧ་་་་་རྒྱ་མིའི་སྐྱག་པ་ཟ་མཁན་ཟེར་ན་ཁྱོད་ཚོ་རེད་

  22. དྲི་མེད་ལྷག་བསམ། says:
    2015-12-12 at 6:03 am

    རྩེད་མོ་ཞིག་ཞུ་ན། སྡེ་དགེ་ས་ཕུད་བླ་མ་ནོར་བུ་བསྟན་འཛིན་གྱིས་ས་དྲག་བསྡུས་པས། མཁས་པའི་ལུག་དང་ལྐུག་པའི་ལུག་ལ་ཁྱད་པར་མེད་པ་བྲིས་ཡོད། དེས་ན། དཔའ་རྒོད་ཀླུ་མཁར་བྱམས་ཀྱི་ལུག འབུམ་རམ་བློ་བཟང་སེང་གེའི་ལུག བྱས་ཅན་སྤེན་པ་ཚེ་རིང་ལུག ལུག་གསུམ་པོ་གཡོ་སྒྱུ་ཅན་གྱི་ཁྱི་སྤྱང་གཅིག་གི་ཁ་ཟས་རེད། །ད་བཙན་རྫོང་ཞིག་གང་ནས་བཙལ།

  23. ཚེ་རིང་ says:
    2015-12-15 at 6:18 am

    པདྨ་ལགས་ང་འུ་ཐུག་ནའང་ཁྱོད་འདྲ་བ་རྒྱ་མིའི་སྐྱག་པ་ཟ་ཡི་མ་རེད་ད་་་་་་ད་རྒན་ལགས་མང་པོ་མི་ཞུ་ཀླུ་བྱམས་དང་ཁྱེད་རྣམས་ལ་སྔོན་འགྲོའི་འོས་གྲངས་ནས་གསལ་པོ་ཤེས་ཡོད་ཀྱི་རེད་་་་་་དེ་ལས་མང་བ་ཞུ་དགོས་དོན་མིན་འདུག་ལ་བོད་རྒྱ་ཆེའི་མི་མང་ད་བར་༸གོང་ས་མཆོག་གི་བཀའ་སྲིང་ཅིག་སྒྲུབ་ཞུས་ཡོད་ལ་མ་འོངས་པར་ཀྱང་དེ་ལྟར་ཞུ་ཡི་རེད་་་བོད་མི་མང་ཁྱོད་འདྲ་བའི་མི་ངན་རྣམས་ཀྱི་གཡོ་བྱུས་འོག་ཚུད་རྒྱུ་མིན་པ་ཀླུ་བྱམས་ཀྱི་འོས་གྲངས་ལ་གཟིགས་དང་གསལ་པོ་ཤེས་ཐུབ་་་་་་་ད་རེ་བ་མ་བྱེད་རྒྱ་གཞུང་གི་དམིགས་ཡུལ་འགྲུབ་མི་ཐུབ་ལ་ཁོ་ཚོས་ཁྱོད་ཚོར་སྤྲད་པའི་དངུལ་ཚང་མ་ཆུ་བཟོད་རེད་ད་ཧཧཧཧཧཧཧཧ

  24. ཀརྨ་བློ་གསལ་ says:
    2015-12-15 at 7:19 am

    ད་ལྟ་སྤེན་པ་ཚེ་རིང་འུ་ཐུག་ཡོད་པ་མཚོན་ཡོད། ལམ་ཁ་གཅིག་ལྷག་ཡོད་པ་ནི་ཡབ་གཞིས་བརྒྱུད་ནས་སྲིད་སྐྱོང་བློ་སེང་ལ་གནོན་ཤུགས་སྤྲད་ནས་བཀའ་བློན་ནང་འགྲོ་ཨེ་ཐུབ་ལྟ་རྒྱུ་དེ་ལས་ལྷག་མི་འདུག་པས། ཀླུ་མཁར་བྱམས་བེད་སྤྱོད་ཀྱིས་གོང་ས་མཆོག་ལ་དབུ་བསྐོར་གཏོང་འདུན་ཡོད་པ་མཚོན་ཐུབ་ཡོད། ལྟད་མོ་རྗེས་སུ་མི་འདུག་གམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme