Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་གྱིས་ངོ་ཚ་ཉོས་འདུག

Posted on 2015-12-072015-12-07 By ཁ་བརྡ 19 Comments on རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་གྱིས་ངོ་ཚ་ཉོས་འདུག

འཇམ་གཅེས།

 
ཕྱི་ཚེས་༤ ཉིན་ཡོ་རོབ་གསར་གནས་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཕེ་རེ་སི་རུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་ཆེན་འཚོགས་སྐབས་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་༡༥༠ མཉམ་ཞུགས་བྱས་ཡོད་པ་དང་། ཚོགས་འདུ་འགོ་འཛུགས་མ་བྱས་པའི་སྔོན་དེར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་འཇར་་མན་སྲིད་བློན་ལྕམ་མེལ་ཁལ། དབྱིན་ཇིའི་སྲིད་བློན་ཁཱ་མེས་རོན། ཉི་ཧོང་སྲིད་བློན་ཧྲིན་ཛོ་ཨ་པུའུ་བཅས་ཕེ་རེ་སི་ལ་འབྱོར་མ་ཐག་ཧྥ་རན་སིའི་སྲིད་བློན་ཧོ་ལང་ཊི་དང་མཉམ་དུ་ཉེ་ཆར་འཇིགས་སྐུལ་དྲག་སྤྱོད་པས་མེ་མདའ་བརྒྱབ་ཏེ་ཉེས་མེད་མི་སེར་༡༣༠ དམར་གསོད་བཏང་བའི་ཡུལ་དངོས་ལ་ཕེབས་ཏེ་མྱ་ངན་དང་དྲན་གསོའི་མེ་ཏོག་ཕུལ་ཡོད་པ་རེད།unnamed-6

ཡིན་ནའང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་གྱིས་དེ་ལྟར་གནང་མེད་ལ། དེ་ནི་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ཞིས་ཅིན་ཕིན་གྱི་མཛད་རིམ་གོ་སྒྲིག་སྐབས་ནོར་འཁྲུལ་ཆེན་པོ་ཞིག་ཤོར་བ་ལས་ཧྥ་རན་སི་གཞུང་ལ་འབྲེལ་བ་ཅི་ཡང་མེད་འདུག་ལ། ཞིས་ཅིན་ཕིན་གྱིས་ཕྱི་སྲིད་ལས་ཁུངས་ཀྱི་ལས་དོན་བྱེད་སྟངས་ཐད་ལ་འདོད་བློ་མ་ཁེངས་བའི་གནས་ཚུལ་ཐོན་བཞིན་ཡོད་པ་དང་། ལྷག་པར་ཏུ་ཞིས་ཅིན་ཕིན་གྱིས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ཉི་ཧོང་སྲིད་བློན་གཉིས་མྱ་ངན་དྲན་གསོ་ཆེད་ཕེབས་ཡོད་པ་ཤེས་རྟོགས་བྱུང་རྗེས། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ཁོ་རང་ལ་སྲིད་འཛིན་དེ་གཉིས་ཀྱི་མདུན་ནས་ངོ་ཚ་བཟོ་རུ་བཅུག་ཡོད་པས་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་ཚོས་ལས་དོན་ནོར་འཁྲུལ་ཤོར་ཡོད་པས་རང་སྐྱོན་ངོས་ལེན་དང་ནོར་འཁྲུལ་ལས་ཉམས་མྱོང་ལེན་དགོས་བ་རེད་བཀའ་བཀྱོན་གནང་ཡོད་འདུག

unnamed-7ཞིས་ཅིན་ཕིན་གྱིས་ཐེངས་འདིའི་འཛམ་གླིང་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་ཆེན་དེ་ནི་རྒྱ་ནག་གིས་འཛམ་གླིང་གི་ལས་དོན་ཆེ་ཁག་ལ་འགན་ཁུར་གྱི་ཡོད་པའི་སྣང་བརྙན་ཞིག་བསྐྲུན་པའི་གོ་སྐབས་ཡག་ཤོས་ཡིན་པར་བརྩིས་ཡོད་ནའང་། ཐེངས་འདིར་ཕེ་རེ་སི་རུ་ཚེ་སྲོག་ཤོར་བའི་མི་རྣམས་ལ་མྱ་ངན་དྲན་གསོ་མ་གནང་བ་དེ་ཡིས་ཡར་རྒྱས་སུ་འགྲོ་བཞིན་པའི་སྟོབས་ཆེན་རྒྱལ་ཁབ་ཞིག་གི་འགོ་ཁྲིད་དང་། སྲོལ་རྒྱུན་རིག་གནས་ཀྱི་ཀུན་སྤྱོད་བླ་ན་མེད་པ་ཡོད་ཟེར་བའི་རྒྱ་ནག་མི་རིགས་ཀྱི་སྐུ་ཚབ་ཀྱིས་ཚེ་སྲོག་བརྒྱ་དང་སུམ་ཅུ་ལ་སྣང་མེད་བཏང་བ་མཚོན་པས་ནུབ་ཕྱོགས་གསར་འགོད་པ་ཚོ་ཧང་སངས་སུ་བཅུག་པ་མ་ཟད། འཛམ་གླིང་མི་མང་གི་མིག་མདུན་དུ་རྒྱ་ནག་གི་འགོ་ཁྲིད་ཚོ་ནི་བྱམས་སྙིང་རྗེ་བྲལ་ཞིང་མི་གཤིས་མེད་པའི་སྣང་བརྙན་སྡུག་པོ་ཞིག་བཞེངས་ཡོད་པ་རེད།

སྲིད་འཛིན་ཞིས་ཅིང་ཕེང་གིས་འདས་པའི་ཟླ་བ་ཁ་ཤས་ཀྱི་ཡར་སྔོན་དེར་དབྱིན་ཡུལ་དུ་བསྐོར་བསྐྱོད་སྐབས་སུ་གཏམ་བཤད་རིང་ཆེ་ནས་རོགས་པ་དག་ཉོབ་བཅུག་པ་དང་། གོས་ཐུང་མར་སྣེ་རྐང་པའི་འོག་ནས་མར་ཛར་བ། མཚན་རྟགས་འགོད་སྐབས་བྱེད་སྟངས་ཁ་ཤས་ནས་འགོ་ལོག་བསྲེས་པ། མ་ཟད་ཁོ་པའི་དགའ་རོགས་ཀྱིས་མཛེས་མཛེས་བྱས་ནས་ངོ་ལ་ཐལ་བ་དཀར་པོ་བྱུགས་མང་དྲག་པ་སོགས་ཀྱིས་འཛམ་གླིང་ལ་སྐད་གྲགས་བཞག་སོང་། ཡང་དེ་རིང་རྒྱ་སྤྱིའི་དཔོན་རིགས་ང་ཆེ་ང་བཙན་ཡིན་ཟེར་མཁན་ཡོངས་སུ་རྫོགས་པ་འདུ་འཛོམས་ཀྱི་མིག་སྔར་ནས་ཞབས་འདྲེན་སྐྱག་པ་འདྲ་ཅིག་ཞུས་ཡོད་འདུག ག་བ་ག་བ་་མི་དེ་ཡིན་ན་་་་་གླེན་པ་ལུག་ནང་བཞིན་ཞིག་ཡིན་ཁོག་ཐག་རེད། ཁ་ཐུག་མགོ་བརྡུང་ནས་འགྲོ་མཁན་ཞིག་རེད་འདུག་་་་ཡང་མིན་ན་ཡོ་རོབ་ལུང་པའི་ཡུལ་ལྷ་གཞི་བདག་དེ་ཚོས་ཁོ་ལ་ངན་བྱས་པ་ཡིན་སྲིད་་

གསར་འགྱུར།

Post navigation

Previous Post: ལོ་ཙཱ་གླེང་བའི་གཏམ་ཆུང་བ།
Next Post: འབྲོག་མོ་སྙིང་ལ་རྗེ་བོ། ༼གླུ་གཞས།༽

Comments (19) on “རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་གྱིས་ངོ་ཚ་ཉོས་འདུག”

  1. འཇམ་གཅེས། says:
    2015-12-07 at 8:47 pm

    གོང་གསལ་གསར་འགྱུར་ཡོང་ཁུངས་ཡོ་རོབ་བོད་གནས་དྲྭ་བ་དང་། འགྲེལ་བཤད་སྙིང་བསྡུས་ཁ་བསྣོན་འབྲི་བ་མཁན་གུས་འཇམ་གཅེས་སོ།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-12-08 at 12:39 am

    དིང་གི་རྒྱ་གཞུང་ནི། ཆེས་རྗེས་ལུས། ཆེས་ཀླ་ཀློ། ཆེས་མུན་ནག ཆེས་སྡུག་རྩུབ་ཅན། མའོའི་རོ་ལ། ཤི་ཐམ་རོ་ཐམ་བྱས་ནས་སྡོད་མཁན་ཅིག་རེད།

  3. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-12-08 at 12:36 pm

    ཨེ་་་་་ཞིའུ་ཅིང་ཕིང་ལ་བསྙད་མ་བརྐོ་མ་གཏོགས་དབུས་བོད་མིའི་སྒྲིག་འཛུགས་ནས་གཤེ་ཡོང་གདའ། གང་ལྟར་ཡུལ་གྱར་བོད་མི་རྣམས་བོད་ལ་ཡོང་ཨེ་བཅུག་ཟེར་ནས་རེ་བ་རྒྱག་ཡུལ་རེད་གདའ་་་་་་་་

  4. ཀརྡོ་གཉེར་ཕྱག་པ་ says:
    2015-12-09 at 2:54 pm

    http://www.un.org/en/universal-declaration-human-rights/

    The Universal Declaration of Human Rights
    .
    .

    Article 13.

    (1) Everyone has the right to freedom of movement and residence within the borders of each state.
    (2) Everyone has the right to leave any country, including his own, and to return to his country.
    .
    .
    .

  5. ཀརྡོ་གཉེར་ཕྱག་པ་ says:
    2015-12-10 at 1:09 am

    རྒྱ་གཞུང་གི་རྒྱལ་སྤྱིའི་འགྲོ་མི་ཡི་ཐོབ་ཐང་བཙན་འཕྲོག་བྱས་ཡོད་མེད་དེ། ངའི་མཆནབཞི་རྟགས་འདིས་ཤེས་ཐུབ་པ་མི་འདུག་གམ། ལགས།

  6. ཀརྡོ་གཉེར་ཕྱག་པ་ says:
    2015-12-10 at 1:10 am

    འགྲོ་བ་མི་རིགས་ཅིག་ཡིན་ཚད་ལ།
    འགྲོ་བ་མི་ཡི་ཐོབ་ཐང་རག་པ་ཤོག།

  7. ཀརྡོ་གཉེར་ཕྱག་པ་ says:
    2015-12-10 at 1:11 am

    བོད་པར་བོད་མིའི་འགྲོ་བ་མི་ཐོབ་ཐང་རག་པར་ཤོག

  8. ཁྱུང་སེ། says:
    2015-12-10 at 1:20 am

    དབུ་མའི་ལམ་འབྲས་ཐོབ་དུས་ཞི་ཅིང་ཕིང་ལ་ཁ་བཏགས་བསྐྱག་ནས་ང་ཚོ་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་གྱུར་ཅིག་ཅེས་ཟེར་ནས་དར་དམར་ནམ་མཁའི་དགུང་ལ་སྟེགས་ནས་སེང་དར་ས་ཡི་རུམ་ལ་སྦ་རྒྱུ་རེད། བྱས་ཙང་ཞི་ཅིང་པིང་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ན་རྗེས་སུ་ངོ་ཚ་རོགས་མ་རེད་དམ། ལགས་

  9. ཀརྡོ་གཉེར་ཕྱག་པ་ says:
    2015-12-10 at 2:41 am

    འགྲོ་བ་མི་ཐོབ་ཆང་རྒྱལ་འགྱུར་ཅིག ཞེས་པའི་རོལ་ཆ་སྐད་གྲགས་ཅན་འདི། ལན་ཅིག་གསོན་དང་།
    https://www.youtube.com/watch?v=hTlrSYbCbHE

  10. ཀརྡོ་གཉེར་ཕྱག་པ་ says:
    2015-12-10 at 4:04 am

    བོད་ཐོག་ཤོས་མཁན་རྒྱ་རིགས་འདི་འདྲ་ཞིག་བྱུང་ངམ་། ལགས།
    https://www.youtube.com/watch?v=etXAm-OylQQ

  11. ལུང་རྟོགས། says:
    2015-12-10 at 9:14 pm

    ཞི་ཅིན་ཕིན་གྱིས་ངོ་ཚ་ཉོས་འདུག་ཟེར་དུས་ཡི་མི་རང་མཁན་འདི་ཚོས་བློ་བཟང་སེང་གེས་ངོ་ཚ་ཉོས་འདུག་ཟེར་བ་ཞིག་ཐོས་ན་དགའ་ཐག་ཆོད་འགྲོ་ཡི་རེད། འདིའི་སྟེངས་ནས་མི་འདི་ཚོ་སུ་ཡིན་པ་གསལ་ཐིང་ངེར་མཐོང་ཡོང་གི་རེད།

  12. ཀརྡོ་གཉེར་ཕྱག་པ་ says:
    2015-12-11 at 12:11 am

    འགྲོ་བ་མིའི་ཐོབ་ཐང་ཉིན་མོར།

    http://www.rfa.org/english/news/china/un-rights-12102015174329.html

    “The [ruling] Chinese Communist Party wants to ensure its dictatorship continues, and it needs to use such methods to terrorize and subjugate its subjects,” he said.

    Rights abuses, especially toward China’s minority populations, have also been made worse by China’s “failed environmental policies,” according to a joint statement released on Thursday by Han Chinese, Tibetan, Uyghur, and Southern Mongolian activists.

    Tibetans, especially, are on “the frontline of a climate crisis with the temperature of the plateau rising twice as fast as the rest of the world,” with over 2 million Tibetan nomads forced from their traditional grazing grounds in the name of grassland protection, the statement said.

  13. ཀརྡོ་གཉེར་ཕྱག་པ་ says:
    2015-12-11 at 12:13 am

    http://www.rfa.org/tibetan/sargyur/humen-right-day-2015-12102015131743.html

    རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་རྒྱ་ནག་གཞུང་ཚབ་ཁང་གི་མདུན་སྐད་འབོད། ༢༠༡༥།༡༢།༡༠

  14. ཀརྡོ་གཉེར་ཕྱག་པ་ says:
    2015-12-11 at 12:14 am

    http://www.rfa.org/tibetan/dalai-lama/26th-anniversary-of-nobel-peace-prize-for-hhdl-celebrated-in-hunsur-12102015120330.html
    རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་བརྒྱུད་སྨད་གྲྭ་ཚང་དུ་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་༢༦འཁོར་བའི་ཉིན་མོར་སྲུང་བརྩི་ཞུས་པ།

  15. ཀརྡོ་གཉེར་ཕྱག་པ་ says:
    2015-12-11 at 8:16 am

    བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་་་་་
    http://www.tchrd.org/tib/

  16. ཀརྡོ་གཉེར་ཕྱག་པ་ says:
    2015-12-14 at 9:42 am

    http://tibettimes.net/%E0%BD%94%E0%BD%B4%E0%BC%8B%E0%BD%80%E0%BE%B2%E0%BD%BA%E0%BC%8B%E0%BD%86%E0%BD%84%E0%BC%8B%E0%BD%A3%E0%BC%8B%E0%BD%A3%E0%BD%BC%E0%BC%8B%E0%BD%96%E0%BD%A2%E0%BE%92%E0%BE%B1%E0%BD%91%E0%BC%8B%E0%BD%80/
    ་་་་་་་་་ ལྷག་པར་དུ་བོད་དང་ཡུ་གུར་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་འཛིན་པའི་དམར་ཤོག་ཚོགས་པའི་དྲག་གནོན་སྲིད་ཇུས་སོགས་ལ་ཐེར་འདོན་བྱས་པའི་ཉེས་འཛུགས་འོག འདས་པའི་ཟླ་བ་ ༩ རིང་བཀག་བསྐྱིལ་བྱས་ཏེ། དེ་རིང་གཞི་ནས་པེ་ཅིན་མི་དམངས་འབྲིང་རིམ་ཁྲིམས་ཁང་གཉིས་པའི་ནང་ལོ་ ༨ ཀྱི་ཁྲིམས་ཐག་བཅད་ཡོད་འདུག་ལ། ་་་་་་་་་

  17. ཀརྡོ་གཉེར་ཕྱག་པ་ says:
    2015-12-15 at 12:22 am

    http://www.rfa.org/tibetan/sargyur/cop21-tibet-action-12142015114329.html
    ཚོགས་ཆེན་གྱིས་འཛམ་གླིང་གི་ཚ་ཚད་སེལ་སི་ཡ་སེ་(Celcious)གཅིག་དང་ཕྱེད་ཀ་ཙམ་དམའ་རུ་གཏོང་རྒྱུར་གྲོས་མཐུན་བྱུང་བ་ཐོག་མ་དེ་ཡིན་ཡང་བོད་ནང་ཚ་ཚད་འཛམ་གླིང་ས་ཆ་གཞན་ལས་ཉིས་ལྡབ་འཕར་གྱི་ཡོད་སྐབས་ཚད་གཞི་དེ་དག་སྤྱི་མཚུངས་བོད་ནང་དུའང་ལག་བསྟར་ཡོང་རྒྱུར་འབྲེལ་ཡོད་ཚང་མས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་སྐོར་གསུངས་གནང་འདུག

  18. ཀརྡོ་གཉེར་ཕྱག་པ་ says:
    2015-12-15 at 12:23 am

    http://www.rfa.org/tibetan/sargyur/pu-zhi-qiang-12142015130825.html
    དེ་ནས་ལོ་ཤས་སྔོན་ཁོང་གིས་རྒྱ་ནག་ནང་བེད་སྤྱོད་བྱེད་པའི་Sina Weiboཟེར་བའི་སྤྱི་ཚོགས་དྲ་རྒྱའི་ཐོག་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀིས་ཐན་བཅས་པའི་ནང་འཛིན་བཞིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་དང༌། རྒྱ་ནག་གི་འགོ་ཁྲིད་ཚོར་འཕྱ་སྨོད་བྱེད་པའི་རྩོམ་ཡིག་སྤེལ་བའི་རྗེས།

  19. ཀརྡོ་གཉེར་ཕྱག་པ་ says:
    2015-12-16 at 1:36 am

    རྒྱ་ནག་མང་གཙོར་འགྱུར་འགོ་བཙུགས་ཟིནད་པ།
    http://www.theguardian.com/world/2015/dec/15/us-politicians-attack-nightmare-xi-jinping-china-pu-zhiqiang

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme