Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐང་ཧྲུའུ་བར་གསེང་གི་ཤོག་འཁྱར།

Posted on 2015-12-032015-12-05 By ཁ་བརྡ 7 Comments on ཐང་ཧྲུའུ་བར་གསེང་གི་ཤོག་འཁྱར།

ཐེ་བོ་སངས་རྒྱས།

 
ཁ་སང་ང་ལ་<ཐང་ཧྲུའུ་གླེགས་བམ་བདུན་བརྒྱ་དོན་བདུན་པའི>བར་གསེང་ན་ཤོག་འཁྱར་ཞིག་རྙེད་བྱུང་། དེར་ལེའུ་དང་ཤོག་གྲངས་གང་ཡང་མི་གསལ་མོད། རང་རེ་བོད་ཀྱི་སྐོར་ཡིན་ཞིང་དྲྭ་གྲོགས་འགའི་རེ་སྐུལ་ལྟར་ཡི་གེར་ཕབ་ཡོད།
“རྨ་འབྲིའི་མགོ་ཁུངས་དེར་ལྟ་ན་སྡུག་པའི་ཡུལ་གྲུ་མང་དུ་བདོག དབྱར་དུས་ལྗོངས་རྒྱུ་བ་བུང་བའི་ཚོགས་བཞིན་འཁོར་ཏེ། ཕྱི་རོལ་ཏུ་འགྱིག་ཤོག་དང་ཤེལ་དམ་ལ་སྩོགས་པ། ནང་རོལ་ཏུ་བག་ཆགས་ཀྱི་གད་དར་གང་བྱུང་འཕེན་གྱིན་མཆིས།

unnamed

ཡུལ་ཁོར་མོ་ཡུག་ཏུ་དགོན་སྡེ་སྟོང་ཕྲག་མང་པོ་གདའ། ཁོང་ཚོས་ཧྭ་ཤང་ལ་གྲྭ་བ་ཞེས་འབོད། གྲྭ་འབོར་བཞི་ཆ་གཅིག་ཙམ་གྲོང་དང་གྲོང་འགྲིམས་ཤིང་ཆོས་བཏོན་ནས་ཡོན་ལེན་པར་བྱེད། ཡོན་གྱིས་མ་མགུ་དུས་གདོང་གཤིས་ལོག་འགྲོ་མཁན་ཡང་ཡོད། ཆོས་ཀྱང་བན་བོན་འདྲེས་མར་བྱེད། ཕི་གླིང་བ་སོགས་ཀྱིས་བླ་མའི་ཆོས་ལུགས་ཞེས་ཟུར་ཟ་ཡང་བྱས་མྱོང་། ཚེས་བཟང་ཞིག་ལ་སེར་མོ་བ་དག་གིས་མགོར་འབག་འཇིགས་སུ་རུང་བ་རེ་གོན། ལག་ཏུ་མཚོན་ཆ་སྣ་ཚོགས་ཐོགས་ནས་གར་འཁྲབ། མཐར་གར་དཔོན་དེས་སྣུམ་གདུ་བཞིན་པའི་ནང་ཆང་བླུགས་ཏེ་ཁོ་རང་སྲེག་ལ་ཁད་བྱེད།

ཡུལ་དེར་སྐབས་སྐབས་སུ་གནམ་ཡིག་འབབ་ལ། བརྡ་དག་ལ་རྨོངས་པ་ཞིག་གིས་བྲིས་པ་ལྟ་བུའམ། ལྷའི་ཡི་གེ་མ་ཤེས་ན་བཀླག་མི་བཏུབ་པའང་ཡོང་། དེ་ལྟ་ནའང་མི་རྣམས་འཇིགས་ཡེར་བའམ་འུར་ཟིང་ངེར་གཏོང་། རི་དང་དེའུའི་མགོར་ཤིང་ལས་བྱས་པའི་མདའ་མདུང་ཁལ་དང་ཁལ་བྱས་ནས་སྤུངས། མཚོ་དང་མཚེའུའི་ནང་འབྲུ་རིགས་ལ་གསེར་དངུལ་སོགས་ཕྲན་ཚེགས་རེ་སྦྱར་བ་སྒྱེ་དང་སྒྱེ་བྱས་ནས་འཕེན། བཟའ་འབྲུ་དང་དར་གོས་སོགས་མེར་བསྲེགས་ཏེ་ལྷ་མཆོད་པར་བྱེད།

ཕྲུ་གུ་སྐྱེས་ན་བླ་མ་དང་རྩིས་པར་མིང་སློང་། རུས་མིང་གདགས་པའི་སྲོལ་དེ་གནའ་ནས་ཉམས་པས། ཁོང་ཚོས་རང་ཉིད་རུས་གང་དུ་གཏོགས་པའང་མི་ཤེས། ལས་གང་བརྩམ་ཡང་སྔོན་ལ་མོ་བཏབ་ནས་ལེགས་ཉེས་བརྟག ཚོང་སོགས་ལ་ཆས་དུས་སྣོད་སྟོང་པ་ཅན་དང་ཐུག་ན་རྣམ་རྟོག་གིས་གདོང་ནག་རོག་གེར་འགྲོ།

ལོ་སར་གྱི་སྔ་ནུབ་བཟའ་བཅའ་སྣ་དགུ་འདུས་པའི་ཟས་ཤིག་སྣོད་ཅིག་ཏུ་གཡོ། བག་ཟན་ཁུགས་ལ་བལ་དང་སོལ་བ་སོགས་སྦས་ནས་མི་གཤིས་བརྟག རང་རང་ལ་བབས་པའི་བག་ཟན་གྱི་ཁ་འབྱེད་མི་ཕོད་པ་ཙམ་འོང་། གནའ་མྱི་ཚོས་མནའི་དམ་ཚིག་གཏོང་བ་བས་སྲོག་གཏོང་བར་ཐེ་མི་ཚོམ་མོད། ད་སྐབས་གཏམ་རྫུན་པོ་ཆེ་རེའི་མཐར་མནའ་ཐུ་མོ་ཆེ་རེ་འདོར། སྐད་ཆ་འདྲ་ཆགས་པོ་བཤད་མཁན་ནི་མང་ཡང་། ལག་ལེན་དུ་འདེབས་མཁན་ནི་ཉུང་།

ཁོ་བ་ཅག་གིས་ཅ་ལག་གི་རྒྱུ་སྤུས་དང་གསར་རྙིང་ལ་དང་དོད་ཆེན་པོ་མི་བྱེད་པས། ཁྲོམ་རར་དངོས་ཟོང་རྫུན་མས་ཁེངས་ཤིང་བྲེ་སྲང་ལ་སྒྱུ་བཤོམ་པ་སོགས་རྒྱུན་མར་འོང་།” xxxxxxx

འདིའི་མན་ཆད་ཤོག་བུ་ཆར་ཐིགས་ཀྱིས་བརྡུངས་ཤིང་། ཡིག་འབྲུ་དག་མི་གསལ་བས་ཅུང་ཕངས་སྣང་ཞིག་ཤར།

རྩོམ་རིག

Post navigation

Previous Post: ༢༠༡༥ ཟླ་༡༢ ཚེས་༣ ཉིན་རྔ་པའི་གནས་ཚུལ་ཤེས་རྟོགས་བྱུང་དོན།
Next Post: སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་འདི་རེད།

Comments (7) on “ཐང་ཧྲུའུ་བར་གསེང་གི་ཤོག་འཁྱར།”

  1. ལོ་ཡག says:
    2015-12-04 at 2:54 am

    རྩོམ་པ་པོས་མཚམས་རེར་གང་ཟག་སྒེར་གཅིག་གཉིས་ཀྱི་ཞྭ་མོ་བོད་མི་ཐམས་ཅད་ལ་བསྐྱོན་འདུག བོད་པའི་སྤྱི་ཚོགས་ཕྱེད་མཐོང་ལ་ཕྱེད་མ་མཐོང་རེད། གང་ལྟར་འགྱུར་གྱི་སྡེབ་སྦྱོར་གཟེངས་སུ་ཐོན་པས་བཀླགས་པ་ལ་སྤྲོ་བ་འཕེལ།

  2. ལྷ།བྱ་འཕུར་མ། says:
    2015-12-04 at 7:20 am

    སྙན་པོ་བྱུང་།མུ་མཐུད་འབྲི་རོགས།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-12-04 at 8:48 am

    ཕྱི་རོལ་ཏུ་འགྱིག་ཤོག་དང་ཤེལ་དམ་ལ་སྩོགས་པ།
    ཚིག་བརྗོད་འདི་དག་ལ་བརྟག་ན། རྙིང་པ་ཞིག་མིན་པར་སྣང་ངོ་།

  4. ཐེ་བོ་སངས་རྒྱས says:
    2015-12-04 at 11:50 pm

    གསལ་བཤད་ཞུ་རྒྱུར། རྩོམ་ཉོག་འདི་ཁོ་བོས་ཉེ་ཆར་བྲིས་པའི ཞེས་པ་བྲིས་རྗེས་དྲ་གྲོགས་མི་ཉུང་བ་ཞིག་གིས་མུ་མཐུད་དུ་འབྲི་བར་བསྐུལ་བས། ཀྱལ་ཀའི་ཚུལ་དུ་བྲིས་པ་ཡིན། ཀློག་པ་པོ་མང་པོ་དང་ལྷག་པར་དུ་ཁ་བརྡ་རྩོམ་སྒྲིག་པས་སྒྱུར་རྩོམ་ཞིག་ཏུ་ངོས་འཛིན་གནང་འདུག་མོད། རྩོམ་ཡིག་སྔ་མ་དེར་སྒྱུར་རྩོམ་མིན་པ་གསལ་པོར་བྲིས་ཡོད།
    རྩོམ་པ་པོས།

  5. ཐེ་བོ་སངས་རྒྱས says:
    2015-12-04 at 11:54 pm

    ཐང་ཧྲུའུ་གླེགས་བམ་༧༧༧ནང་ཁོད་པའི་བོད་གནས་ཞེས་པ་ཆད།

  6. སྤོབས་པ་མཐའ་ཡས། says:
    2015-12-05 at 12:20 am

    འདི་ཧ་ཅང་ཡག་པོ་ཞིག་འདུག སྔོན་མ་དེ་ལས་བརྒྱ་འགྱུར་གྱིས་བཟང་བ་མཆིས།

  7. བློ་གྲོས་རབ་བརྟན་ says:
    2015-12-05 at 1:34 am

    ཡག་པོ་འདུག་མུ་མཐུད་དུ་ཡིན་ཡ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme