Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྟ་ཞོན་ནས་ཡིན་རུང་རོགས་པ་བྱེད་དུ་འགྲོ་དགོས།

Posted on 2010-04-142010-04-14 By ཁ་བརྡ་ 4 Comments on རྟ་ཞོན་ནས་ཡིན་རུང་རོགས་པ་བྱེད་དུ་འགྲོ་དགོས།

ལོ་ལོན།

སྤྱིར་ན་ནང་ཆོས་ལ་དད་པ་མེད་པ་ཡང་མིན། ནང་ཆོས་དང་བོད་སྨན་གཉིས་ལ་ནུས་པ་མེད་པ་ཡང་མ་རེད།
དེ་གཉིས་ཀྱི་ནུས་བ་དང་བྱིན་རླབས་དེ་དུས་ཡུན་རིང་པོ་ཞིག་གམ། ཡང་ན། ཚེ་རབས་མང་པོ་བརྒྱུད་ཚེ་ད་བཟོད་ནུས་བ་ཞིག་ཐོན་གྱི་ཡོད་པ་རེད།
འོན་ཀྱང་། དུས་ཐོག་དུས་ཐོག་ལ་བྱིན་རླབས་དང་ནུས་བ་ཐོན་རྒྱུ་ཕར་ཞོག སྐབས་རེར་སྐབས་བབ་ཀྱི་གནས་ཚུལ་ལ་གནོད་པ་མི་འབྱུང་པའི་ངེས་པའམ་མེད། དེ་རིང་གི་དུས་ཚོད་འདིར། བོད་ནང་དུ་ས་ཡོམ་གྱི་གོད་ཆག་དང་གནོད་འཚེ་ཐེབས་པའི་མི་མང་ཚོར། དུས་ཐོག་ལ་མཁོ་བ་ནི་བསྔོ་བ་དང་སྨོན་ལམ་མ་ཡིན་པར། ཆུ་དང་ཟ་མ། ཉལ་ཆས་དང་སྡོད་ཁང་སོགས་རེད།
ཡིན་ན་ཡང་། བསྔོ་བ་དང་སྨོན་ལམ་ཟེར་བ་ནི་མིའི་རིགས་ཀྱི་བསམ་བློའི་འདུ་ཤེས་འཛིན་སྟངས་ཤིག་རེད། རང་ཉིད་མི་སེམས་བཟང་པོ་ཞིག་ཡོང་བར་བྱེད་པའི་ཐབས་ལམ་ཙམ་ལས་ཕ་རོལ་པོ་དེ་དཀའ་ངལ་ནས་སྐྱོབ་བྱེད་དེ་མ་རེད། ང་ཚོ་ཚང་མས་བསྔོ་བ་དང་སྨོན་ལམ་རྒྱག་དང་རྒྱག འོན་ཀྱང་། དེ་ཙམ་གྱིས་འགྲིག་པ་ཙམ་དུ་བཞག་ན་། ཁོང་ཚོ་དཀའ་ངལ་འོག་འདས་གྲངས་ཉིན་རེ་ལས་ཉིན་རེ་ཇེ་མང་དུ་འགྲོ་བ་ལས་མེད།
“ངས་སྨོན་ལམ་བྱེད་ཀྱི་ཡོད། ཁྱོད་ཀྱིས་ཀྱང་སྨོན་ལམ་བརྒྱབ་”ཟེར་བ་ལས། བོད་ཕྱི་ནང་གཉིས་ན་ཡོད་པའི་བོད་མི་ཡོད་དོ་ཅོག་གིས་། སླར་ཡང་”བོད་མིའི་སྐྱིད་སྡུག་མཉམ་མྱོང་”ཞེས་བའི་དམ་བཅའ་དེ་སེམས་ལ་བཅངས་ནས། བོད་ས་ཡོངས་ནས་སྨན་པ་རྣམས་དང་སྨན་གཡོག་རྣམས་ཀྱིས་ལས་མཚམས་བཞག་ནས། སྨན་ཁུག་རྒྱབ་ལ་ཁུར་ཏེ་ས་དེར་འབྱོར་ཐབས་བྱེད་རྒྱུ། དགོན་སྡེ་ཁག་གི་གྲ་བ་དང་བཙུན་མ་རྣམས་ཀྱིས་ཆོས་གྲ་རྩོད་མཚམས་བཞག་ཏེ་གུར་དང་ཉལ་ཆས་འཁྱེར་ནས་ས་དེར་འབྱོར་ཐུབ་པ་བྱེད་རྒྱུ། འབྲོག་པ་རྣམས་ཀྱིས་རྩམ་པ་དང་མར་། ཆུ་ར་སོགས་འཁྱེར་ནས། འགྲོ་ལམ་མེད་ན་རྟ་གཡག་ལ་ཞོན་ནས་ས་དེར་འབྱོར་ཐབས་བྱེད་རྒྱུ། རོང་བ་རྣམས་ཀྱིས་བག་ལེབ་དང་གྲོ་ཕྱེ་དང་འབྲས་འཁྱེར་ནས་ས་དེར་འབྱོར་ཐབས་བྱེད་རྒྱུ།
ཕྱི་སྡོད་བོད་མི་རྣམས་ཀྱིས་རང་རང་གི་ཐད་ནས་དངུལ་དངོས་སོགས་ཀྱི་རོགས་སྐྱོར་གང་ཐུབ་དག་མྱུར་དུ་བྱོས་། གསུངས་ན། དེ་ནི་དུས་སུ་བབ་པའི་དཀའ་ངལ་ལ་གདོང་ལེན་བྱེད་སྟངས་རེད་ལ་བསླབ་བྱ་ཡང་རེད།
འདིར་རེ་བ་གཞན་ཞིག་ནི། ད་ཐེངས་ཀྱི་རྐྱེན་ངན་འདི་ཁོ་ནར་དམིགས་ནས། བཙན་བྱོལ་བོད་གཞུང་གིས་ཁ་གསལ་བོའི་སྒོ་ནས། གོང་ས་མཆོག་ས་གནས་དེ་གའི་མི་མང་ལ་སེམས་གསོའི་ཆེད་ཐེངས་གཅིག་དེར་ཕེབས་ཐུབ་རྒྱུར་རྒྱ་ནག་གཞུང་ལ་སྙན་ཞུ་ཞིག་གང་མགྱོགས་མགྱོགས་གནང་ཐུབ་ན་དགེ་མཚན་ཤིན་ཏུ་ཆེ་བསམ།

སྣ་ཚོགས།

Post navigation

Previous Post: མདོ་ཁམས་སྐྱེ་དགུ་མདོའི་ས་ཡོམ་སྐོར་ལ་ཉན་ཞིབ་བྱས་པ།
Next Post: ཨོཾ་མ་ཎི་པ་དྨེ་ཧཱུྃ།

Comments (4) on “རྟ་ཞོན་ནས་ཡིན་རུང་རོགས་པ་བྱེད་དུ་འགྲོ་དགོས།”

  1. chol sum says:
    2010-04-14 at 7:45 pm

    Thugje Che. lolon, your idea is very good for the moment but only some people see your good article on Khabda or another news. Who will tell to that Tibetan Government in Daramsala? Actually where are you living? That why you should send a letter to Bka-shag or Spyi-‘thus right now directly might be possible they will think about that. Yes, of course we can do prayer and dedicate for them but this moment they must need medicine and food. Realy I wont’ be sleeping. What should we do my heart people? How is giving these Karma for us? A shu-re kho!!!!!!!!!!!

  2. མི་རྐང་གླིང་བུ། says:
    2010-04-15 at 2:12 am

    ཁ་སང་བོད་ཟླ་གཉིས་པའི་ཚེས་སུམ་ཅུ་དང་། ཕྱི་ལོ་༢༠༡༠།ཟླ་༤པའི་ཚེས་༡༤རེས་གཟའ་ལྷག་པ་ཉིན། བོད་ཡུལ་ཁམས་སྒ་སྐྱེ་དགུ་མདོར་རང་བྱུང་གི་གོད་ཆགས་འདི་བྱུང་མ་ཐག་ཏུ་རང་ཅག་བོད་འབངས་རྣམས་ཀྱི་ཁོག་པའི་སྙིང་དང་། དཔྲལ་བའི་མིག་ཏུ་གྱུར་པའི་༸གོང་ས༸རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་ནས་ཐུགས་ཕམ་ཙད་མེད་དང་བཅས་གཞིས་བྱེས་གཉིས་ལ་དཀའ་ངལ་འདི་དག་གདོང་ལེན་གྱི་ཆེད་དུ་བཀའ་བསྩལ་པ།

    ༄༅། །ད་ནང་ཞོགས་སྐད་གསར་འགྱུར་གོ་བ་ལ། སྐྱེ་དགུ་མདོའི་ས་ཁུལ་དེ་ལ་ས་ཡོམ་ཤུགས་ཆེན་པོ་ཞི་བོ་ཞིག་རྒྱབ་གཞག ད་ནངས་ཞོགས་སྐད་གསར་འགྱུར་བྱས་པ་ཡིན་ན། མི་དྲུག་ཅུ་རེ་གཉིས་ཤི་བ་རེད་ཟེར། ད་རེས་འདི་བ་གོ་དུས་མི་བརྒྱ་ཕྲག་ཁ་ཤས་དང་། སྟོང་ཕྲག ཁ་ཤས་ཀྱིས་སྟོང་ཕྲག་གཉིས་གསུམ་ཟེར་གི་འདུག་ཟེར། ཞིབ་ཕྲ་ཞིག་ཤེས་མ་སོང་། བྱས་ཙང་ས་ཡོམ་སྡུག་ཅག་ཅིག་རྒྱབ་གཞག ཤུགས་ཆེན་པོ་དགའ་རབ་ཞིག་བརྒྱབ་གཞག ད་བྱེད་ཡ་ནི་གང་ཡང་ཡོད་མ་རེད། སྨོན་ལམ་བརྒྱབ་ནས་བསྡད་ན་མ་གཏོགས། ད་ང་ཚོ་བོད་སའི་ས་ཁུལ་ལ་བྱུང་བ་རེད། གཙུག་ལག་ཁང་འདིར། ཆོས་དོན་ལ་བཀའ་མོལ་ཞིག་ཞུས། སྨོན་ལམ་ཞིག་འཚོགས་ཐུབ་ན། སྙིང་རྗེ།
    ད་ང་རང་ཚོ་སངས་རྒྱས་པའི་ཆོས་པ་རེད། བདེ་སྡུག་གང་བྱུང་བ་ཡིན་ནའང་གཙོ་བོ་སོ་སོར་སོ་སོའི་ལས་ཀྱི་འབྲས་བུ་སྨིན་པ་ཤ་སྟག་རེད། ད་ས་ཡོམ་གི་འོག་ནས་རྐྱེན་འདས་སུ་ཕྱིན་པ་དང་། ནད་པ། ནད་གཅོང་ཆགས་པ་དེ་དག་སོ་སོའི་སྔོན་བསགས་གི་ལས་ངན་པའི་འབྲས་བུ་སྨིན་པ་རེད། དེ་འདྲ་ཡིན་དུས། སྡུག་བསྔལ་མྱངས་པ་དེ་ཡིས་ཚེ་རབས་མང་པོར་གཞན་ལ་གནོད་པའི་བྱ་བ་དང་འབྲེལ་བའི་སྡིག་པ་བསགས་བཞག་པ་དེ་ཚོའི་གྲས་དེ་དག་པར་ཡོང་བར་ཤོག་སྙམ་པའི་སྨོན་ལམ་རྒྱབ་པ་ཡིན་ན་ཕན་གི་རེད། སོ་སོའི་སེམས་ལ་ཡིན་ནའང་ཏོག་ཙམ་སྡུག་བསྔལ་རྔམས་སྐྲག་ཤུགས་ཆུང་དུ་འགྲོ་བ་དང་། སྡུག་བསྔལ་བྱུང་བ་དེས་བསོད་ནམས་གསར་པ་གསོག་པའི་རྐྱེན་དུ་འགྲོ་བའི་དེ་འདྲའི་ཕན་ཐོག་ཡོང་གི་རེད། ཁྱོད་རང་ཚོས་འདི་ནས་ཕར་ལན་སྐྱེལ་སའི་བཟོ་འདྲ་བོ་བྱུང་བ་ཡིན་ན་སྡུག་བསྡལ་ནི་བྱུང་ཚར་བ་རེད། རྐྱེན་ངན་ནི་ཕྲད་ཚར་བ་རེད། ཞེའུ་སེམས་མ་སྐྱིད་པ་བྱས་ནས་བསྡད་པ་ལས་ག་ཚད་ཐུབ་ཐུབ་ཀྱིས་དགེ་བ་གསོག་ཐུབ་ན་གཟུངས་སྔགས་འདྲ་གསོག བློ་སྦྱོང་གི་ཉམས་ལེན་འདྲ་བྱེད་ཐུབ་པ་ཡིན་ན་སྡུག་བསྔལ་དང་ལེན་དེ་འདྲའི་བསམ་མནོ་ཏོག་ཙམ་གཏོང་ཐུབ་པ་ཡིན་ན་ཅིག་ཕན་འགྲོ་གི་རེད་པཱ། རྐྱེན་ངན་དགེ་བའི་གྲོགས་སུ་འགྱུར་བ་དང་། རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་ཐུབ་པ་བྱུང་ན་ཡག་པོ་རེད་པཱ། རེད་པཱ་ཡ།

    ཞེས་བསྩལ་བ་ཁོ་བོས་ཡིག་ཐོག་ཏུ་ཕབ་ཅིང་ཞུས་དག་ནན་ཏུར་བྱས་ཁུལ་ཡིན་ཡང་གློག་བརྙན་གྱི་དྲ་ཐག་འདི་ལ་རྩ་འཛིན་ཞུ་རོགས།
    http://www1.voanews.com/tibetan-english/news/
    འདི་ན་རང་གིས་འཇོན་འདོག་བྱས་པ་མ་ཡིན་ཅིང་ཞེ་ཕུག་བོད་དང་རྒྱལ་བ་རིན་པོ་ཆེ་ལ་གཏད་ནས་ཡོད་པའི་གཞིས་བཞུགས་བོད་མའི་རྣམས་ཀྱི་བསམ་པའི་རྒྱག་ཕྱེ་ཞིག་དང་། ངུ་ངག་འདི་ལྟ་བུའི་ཁྲོད་ནས་མིག་ཆུ་འཕྱིད་རོགས་ཞིག་ཏུ་འགྱུར་བའི་རེ་བས་འདིར་ཕབ་བཀོད་ཞུས་པ་ཡིན།
    སྤུན་ཟླ་རྣམ་པ། ༸གོང་ས་རྒྱལ་བ་རིན་པོ་ཆེས་གསུངས་པ་ལྟར་ལུས་སེམས་གཉིས་ཀ་སྡུག་བསྔལ་གྱི་འོབས་དོང་ལྷུངས་པའི་གཞིས་བཞུགས་རྣམས་པ་ལ་བཀའ་སློབ་འདི་ཉིད་རྒྱུད་སྒྲགས་བྱེད་རོགས་ཞུ།

  3. ལྷགབསམ་རྒྱ་མཚོ། says:
    2010-04-15 at 8:06 pm

    བསྔོ་སྨོན་གནང་དགོས། རྒྱུ་ནོར་གྱིས་རོགས་སྐྱོར་དགོས། དྭ་ཕྲུག་གསོ་སྐྱོང་དགོས། མཉམ་སྦྲེལ་དང་ཆིག་སྒྲིལ་དགོས། སྐྱེ་དགུ་མདོ་སྐྱར་འཛུག་དོས། གལ་ཆེ་བ་ཞིག་ལ་མི་རིགས་ཞིག་གི་ཆགས་འཇིག་ལ་བསམ་ཏེ། རང་དབང་ལྡན་པའི་བོད་མི་ཚོས་མི་རེས་ཐ་ནའང་ཕྲུ་གུ་༡༠་རེ་བསྐྲུན་རོགས།

  4. གཞིས་ལུས་བོད་པ། says:
    2010-04-16 at 1:45 am

    གངས་ལྗོངས་གླེང་སྟེགས་དྲ་ཚིགས་སུ་གསལ་བ་ལྟར་ན། བོད་ནང་གི་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གཅིག་པུས་ཀྲུང་སྒོར་ས་ཡ་གཅིག་དང་འབུམ་བདུན་༡༧༠༠༠༠༠གྱིས་ས་འགུལ་གྱིས་གནོད་འཚེ་ཐེབས་པའི་ཡུལ་ཤུལ་ས་ཆར་རོགས་སྐྱོར་བྱས་ཤིང་ད་དུང་ཐེངས་གཉིས་པ་ལའང་མུ་མཐུད་དུ་རོགས་སྐྱོར་བྱེད་འཆར་ཡོད་པར་བཤད་འདུག ཡང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྲི་བརྒྱད་ཅུའི་༨༠༠༠༠༠རོགས་སྐྱོར་བྱས་པར་བཤད་ཅིང་ད་དུང་མུ་མཐུད་དུ་བྱ་འཆར་ཡོད་པར་བཤད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme