Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་བརྒྱུད་ཀྱི་ལ་རྒྱ་བཟུང་སྟེ་འཇིག་རྟེན་གྱི་འཐབ་རྩོད་མ་གནང་རོགས།

Posted on 2015-12-012015-12-01 By ཁ་བརྡ 2 Comments on ཆོས་བརྒྱུད་ཀྱི་ལ་རྒྱ་བཟུང་སྟེ་འཇིག་རྟེན་གྱི་འཐབ་རྩོད་མ་གནང་རོགས།

མི་མགར་མུན་འཇོམས།

 
དེ་རིང་ཁ་སང་ཕྲད་དང་རྣམ་དབྱེ་སོགས་བརྡ་སྤྲོད་ཀྱི་ཕྱི་ཤུན་དང་། ནང་བསྟན་རིག་གཞུང་གི་ངོ་གདོང་དང་གྲངས་འདྲེན་ཙམ་ལ་བློ་ཁ་ཕྱོགས་ཏེ་མཐོན་པོར་རློམ་པ་དང་། ནང་བསྟན་ཤེས་ཀྱང་ཉམས་ལེན་དང་ལག་ལེན་དམན་པའི་ཚོད་བཤད་དང་ཕྱོགས་ཞེན་གྱི་དཔྱད་བརྗོད་པ་སྐྱ་སེར་མང་པོ་ཞིག་གིས་དྲྭ་ཐོག་ན་གནད་དོན་མང་པོ་ཞིག་འུར་བཞིན་འདུག

ཀཿཐོག་བླ་མས་རྒྱ་རྒན་ཁ་སྤུ་ཅན་ཞིག་སྤྲུལ་སྐུར་ངོས་འཛིན་བྱས་པ་དེ་ནི་རང་དང་རང་གི་ཕྱོགས་ལ་འཚོ་བའི་འོང་སྒོ་དང་། འགྲོ་གྲོན་དཔལ་འབྱོར་ཁོ་ནའི་ཆེད་དུ་དམིགས་ཏེ། བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མིན་པའི་སྤྲུལ་སྐུ་ལམ་སྲོལ་དེ་ཚོང་རྫས་སུ་བེད་སྤྱོད་བཏང་བ་ཙམ་ལས་ལས་དོན་ཡག་པོ་ཞིག་མིན་ཚུལ་ཁ་དང་ལག་པ་ཡོད་ཚད་ཀྱིས་བརྙན་དང་པར་ཡི་གེ་དང་ཟུར་ཟ་རི་མོ་སོགས་ཀྱིས་ངན་དམོད་སྣ་དགུ་བྱེད་བཞིན་འདུག་གོ།
བླ་ན་མེད་ཅིང་གཟི་འོད་འབར་བའི་རིས་མེད་ཀྱི་བསྟན་པ་རིན་པོ་ཆེ་འཛམ་གླིང་ཤར་ནུབ་གང་སར་མཐུན་ལམ་ཆེན་པོས་མཚོ་བཞིན་དུ་གནས་ཡོད་པ་ལ་བསམ་བཞིན་དང་བསམ་བཞིན་མ་ཡིན་པས་ཁྲག་ལྟར་དཀྲུག་མཁན་གྱི་བསྟན་ལ་གནོད་ཅིང་འགྲོ་ལ་གཤེ་བའི་དྲྭ་མི་ཁྱོད་ཚོས་ཅུང་ཙམ་ཉོན།

ཁ་སྔོན་ཡང་སྒྱུ་རྩལ་གྱི་ལས་རིགས་གཉེར་དང་གཉེར་མུས་ཡིན་པའི་མཁན་ཆོས་དར་རྒྱ་མཚོས་མཉམ་མེད་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གློག་བརྙན་དུ་འཁྲབ་སྟོན་བྱེད་བཞིན་ཡོད་པའི་ཐད་ལྷ་རམས་པ་འཇམ་དཔལ་བློ་ཤེས་ལགས་ཀྱིས་ཁོང་སྒེར་གྱི་ལྟ་ཚུལ་དང་མཐོང་སྣང་ཅུང་ཙམ་བརྗོད་པར།
བློ་མིག་དོག་ལ་ཕྱོགས་ཞེན་ཆེ་བའི་དྲྭ་མི་ཧ་ཅང་མང་པོས་སྒེར་པ་ཞིག་སྤྱི་ལ་བསྒྱུར། རིལ་རིལ་ཞིག་ལེབ་ལེབ་ལ་སྦྱར་ཞིང་། དེའི་ཁ་གཏད་དུ་ལངས་མཁན་དག་ཀྱང་ཕྱོགས་མཐོང་གུ་ཡངས་ཀྱི་བསམ་བློ་དང་འདུ་ཤེས་རྩ་བ་ནས་མེད་པར་ཅི་ཐུབ་གང་ཐུབ་ཀྱིས་ངན་དམོད་ལ་ངན་དམོད་ཀྱིས་ལན་དང་ཞབས་བྲོ་རེ་འཁྲབ་སོང་།།

སྤྱིར་བཏང་ནས་བཤད་ན་མཁན་ཆོས་དར་རྒྱ་མཚོས་གློག་བརྙན་འཁྲབ་སྟོན་གྱི་བྱ་བ་གཉེར་བ་དང་། ལྷ་རམས་པ་འཇམ་དཔལ་བློ་ཤེས་ཀྱིས་ལྟ་ཚུལ་བརྗོད་པ་བཅས་གང་ཡིན་ཡང་ཁོང་གཉིས་སྒེར་དང་སྒེར་གྱི་མོས་ཁམས་དང་མཚུངས་པའི་བྱ་བ་དང་ལྟ་ཚུལ་ཙམ་ལས། རྗེ་ཡི་གདན་ས་ཁག་དང་སྔ་འགྱུར་རྙིང་མའི་གདན་ས་གང་གི་ཡང་བྱ་བ་དང་ལྟ་ཚུལ་མིན། ཁོང་གཉིས་ཀྱང་ཆོས་བརྒྱུད་དེ་གཉིས་ཀྱི་ཁོངས་སུ་གཏོགས་ཙམ་ལས་ཆོས་བརྒྱུད་གཉིས་ཀྱི་འཐུས་ཚབ་མི་སྣ་དང་གནད་ཡོད་སྤྱི་མི་སོགས་གང་ཡང་མིན་པས། ཕྱོགས་གཉིས་སུ་ལངས་ཏེ་དྲྭ་ཐོག་གི་གཡུལ་འགྱེད་ལ་ཞུགས་བཞིན་པའི་དྲྭ་མི་དག་གིས་དགེ་ལུགས་པ་དང་རྙིང་མ་བ་ཞེས་ཆེ་ཆེ་རྫིག་རྫིག་གིས་ཐ་སྙད་མང་པོ་སྤྱད་ནས་རིས་གཅོད་བྱེད་དོན་ཅི་ཡིན།

མ་གཞི་ནས་མཁན་བླ་དགེ་བཤེས་སུ་དང་སུ་ཡིན་ཡང་ཆོས་བརྒྱུད་དེ་དང་དེའི་གྲལ་མཐར་གཏོགས་ཤིང་མིང་དང་འབྱོར་པ་ཅི་ཙམ་ཡོད་ན་ཡང་ཆོས་བརྒྱུད་དེའི་སྤྱི་མི་དང་འཐུས་ཚབ་དུ་འགྱུར་བ་མིན་པས་གང་ཟག་སྒེར་པའི་དཔྱད་བརྗོད་དང་བྱ་བ་སྤྱི་ཡི་ཐོག་ལ་འཁུར་མི་ཉན། དགེ་བཤེས་ཚང་གིས་རེ་བ་བཟང་ས་དང་མཐོ་ས་ལ་བཅངས་ཏེ་ལྟ་ཚུལ་སྤེལ་བ་མ་གཏོགས་དགེ་ལུགས་པ་ཡིན་མིན་གང་ལྟར་ཡང་རྗེ་ཡི་གསུང་རབ་དང་ལྷག་པར་ལྟ་བའི་སྐོར་ཐོས་བསམ་དང་ཉམས་ཞིབ་བྱས་ཏེ་རྩོམ་ཡིག་སྤེལ་བ་དང་། རྗེ་ཙོང་ཁ་པའི་སྐུ་ཚེའི་རྣམ་ཐར་གློག་བརྙན་དུ་ཕབ་སྟེ་འགྲེམས་སྤེལ་བྱེད་པར་དགེ་ལུགས་སྤྱི་ཡི་ངོས་ནས་ཆོག་མཆན་དགོས་ཞེས་རྩ་བ་ནས་ཟེར་མི་སྲིད།

ད་དུང་ཐ་སྙད་ཙམ་དུ་བྱ་བྱེད་ཐམས་ཅད་འཐད་ཅིང་རང་ངོས་ནས་ཅུང་ཙམ་ཡང་མེད་པའི་ལྟ་བ་དེ་ཉིད་གློག་བརྙན་གྱི་ལམ་ནས་གོ་བརྡ་ལེགས་པོ་འཕྲོད་པ་ཞིག་དང་། གང་ཅིའི་ཐད་ནས་དགེ་ལུགས་དེ་ཆོས་ལུགས་གཞན་ལས་རབ་དང་ཕུལ་དུ་བྱུང་བའི་སྣང་བརྙན་ཞིག་བསྐྲུན་དགོས་ཞེས་དེ་བས་ཀྱང་ཟེར་མི་སྲིད།
མཁན་པོ་ཚང་གིས་རྗེ་ཙོང་ཁ་པའི་ཐོས་བསམ་སྒོམ་གསུམ་དང་ལྟ་སྒོམ་སྤྱོད་གསུམ་མཁས་བཙུན་བཟང་གསུམ་སོགས་རྣམ་ཐར་ཆ་ཚང་གློག་བརྙན་གྱི་ལམ་ནས་གསལ་སྟོནམི་ཐུབ་རུང་། རང་གི་རྣམ་རིག་དང་ཕྱི་ནང་གི་མཐུན་རྐྱེན་དང་འབྱོར་པ་ལ་དཔག་པའི་གློག་བརྙན་གང་ཡག་ཡག་ཅིག་འཁྲབ་སྟོན་བྱ་འདོད་ཡོད་པ་ལས། ང་ཚོས་མཐོང་མི་འདོད་ཅིང་མཐོང་ན་ཞེ་འཁོན་འབར་བའི་རྗེ་བླ་མའི་རྣམ་ཐར་ངན་པ་ཞིག་རྩ་བ་ནས་འཁྲབ་མི་སྲིད། དེས་ན་ཕན་ཚུན་དགྲ་འཛིན་དང་ངན་དམོད་དགོས་དོན་མི་འདུག་སྙམ།

དེང་སང་སྨྲ་བརྗོད་རང་དབང་གི་ཁ་གཡང་སྒྲོག་སྟེ་དྲན་པ་དང་ཚོར་བ་ཡོད་ཚད་བརྗོད་ཅིང་སྤེལ་བ་ནི་རང་དབང་གི་གོ་དོན་མ་ལོན་པ་སྟེ། ཉེ་རབས་ལོ་རྒྱུས་ཁྲོད་དུ་གོ་ས་མཐོན་པོར་བཟུང་ཡོད་པའི་འཕགས་ཡུལ་གྱི་བསམ་བློའི་སློབ་གསོ་བ་ཆེན་མོ་རྗེ་ཀིར་ཤུ་ན་མུར་ཏིས་གསུངས་པ་བཞིན་རང་དབང་ནི་བློ་གྲོས་དང་ཤེས་རབ་ཀྱིས་ཕྱུག་དགོས་པ་མ་གཏོགས་ཤེས་རབ་དང་བྲལ་བའི་ཕྱོགས་ཞེན་དང་ཨུ་ཚུགས་ཀྱིས་བསྐྱེད་པའི་རང་དབང་ནི་རང་དབང་ལོང་བ་རེད།།

སྐབས་སུ་བབས་པའི་གཏམ་དངོས་ནི་ཀཿཐོག་བླ་མས་ངོས་འཛིན་གནང་བའི་རྒྱ་སྤྲུལ་དེ་སྤྲུལ་སྐུ་རྫུན་མ་རེད་ཟེར་མཁན་དག་ལ་རྒྱས་བཤད་དང་སྤྲོས་བཤད་མི་དགོས་པར་གོ་བདེ་བའི་ལམ་ནས་རྟགས་བསལ་ཚུལ་དུ་བཏང་ཡོད།

༼༡༽ སྤྲུལ་སྐུར་ངོས་འཛིན་བྱས་པའི་རྒྱ་རིགས་དེ་ཆོས་ཅན། སྤྲུལ་སྐུ་རྫུན་མ་ཡིན་ཏེ། བོད་པ་མིན་པའི་ཕྱིར། ཟེར་རྒྱུ་ཡིན་ནམ།
དེ་ལྟར་ཡིན་ན་སྤྲུལ་སྐུ་དངོས་མ་ལ་བོད་པ་ཡིན་དགོས་པའི་སྒྲུབ་བྱེད་རིགས་པ་དང་རྒྱབ་རྟེན་གྱི་བཀའ་ལུང་ཅི་ཞིག་ཡོད།
ད་དུང་ཆོས་བརྒྱུད་ཀུན་ལ་བོད་པ་མིན་པའི་བླ་སྤྲུལ་དགེ་བཤེས་ཧ་ཅང་མང་པོ་ཡོད་པ་མཐོང་ཐོས་གང་ཡང་བྱུང་མ་སོང་ངམ།

༼༢༽ དེ་ཆོས་ཅན། སྤྲུལ་སྐུ་རྫུན་མ་ཡིན་ཏེ། སྤྲུལ་སྐུ་དངོས་མ་ཡིན་ན་སྐུ་སྐྱེས་བསྟན་དོན་ལ་བྱོན་པས་བསྟན་པ་ལ་ལག་རྗེས་རེ་འཇོག་དགོས་པ་གང་ཞིག་དེ་མེད་པའི་ཕྱིར། ཟེར་ན། བྱས་རྗེས་དེ་ཙམ་མཐོང་རྒྱུ་མེད་པའི་འདས་མ་ད་གསུམ་གྱི་སྤྲུལ་སྐུ་ཕལ་ཆེ་བ་ལ་ཁ་ཐོངས་ལ། ངན་དམོད་འཚང་འདྲི་བྱོས་དང་རང་གི་དེ་ཉིད་མངོན་རྒྱུ་རེད། །

༼༣༽ དེ་ཆོས་ཅན། སྤྲུལ་སྐུ་རྫུན་མ་ཡིན་ཏེ། རང་གི་ཆོས་བརྒྱུད་དང་དགོན་པ་ཆོས་སྡེ་སོགས་ནས་མིན་པའི་བླ་མ་ཞིག་གིས་ངོས་འཛིན་གནང་བའི་ཕྱིར། ཟེར་རམ། དེ་ཡང་གོང་དང་མཚུངས་པའི་ལྟག་ཆོད་ཀྱི་རིགས་པའམ་སུན་ཅི་ཕྱིན་དུ་རྒོལ་བ་འབའ་ཞིག་གོ ། ངོས་འཛིན་བྱེད་སྟངས་ལ་སྦྱར་ན་ཡང་རིགས་པ་གོང་དང་མཚུངས་སོ།།

མ་འོངས་པར་ཆོས་བརྒྱུད་གྲུབ་མཐའ་དང་། ཆོས་སྡེ་དགོན་སྡེ། ཆོལ་ཁ་ལུང་ཚན་ཕན་ཚུན་རྩོད་པ་དང་འཐབ་པ་སོགས་ཀྱིས་ཉ་མི་བདེ་མཚོ་མོ་མི་བདེ་བ་ཞིག་རྩ་བ་ནས་མ་གནང་རོགས། འུ་ཅག་གི་བླ་མ་རིན་པོ་ཆེས་”ཁོང་ཉིད་བློ་བདེ་པོའི་ངང་ནས་ཞིང་ལ་ཕེབས་ཐུབ་པ་ཞིག་”དགོས་ཚུལ་བཀའ་སློབ་ག་ཚོད་གནང་དང་གནང་བཞིན་འདུག །
རང་སྐྱོན་རི་བོ་ཙམ་ལ་རྟོག་དཔྱོད་དང་དོ་སྣང་མེད་པར་གཞན་སྐྱོན་ཁབ་རྩེ་ཙམ་དེ་གླེང་རྒྱུ་དགའ་ཞིང་གླེང་བཞིན་ཡོད་པའི་ཕྲན་དང་སྐལ་མཉམ་གྱི་སྤུན་ཟླ་དག་ལ་སོར་བཅུ་ཐལ་མོ་སྙིང་ཁར་སྦྱར་ཏེ་གསལ་འདེབས་ཞུས་པ་ཙམ་ལས། ལམ་སྟོན་དང་བཀའ་སློབ་གནང་རྒྱུ་ནི་ཕར་རིའི་སྤང་རྒྱན་རེད། སྟོན་པ་ཆེན་པོས་ཀྱང་རང་མ་དུལ་བར་གཞན་འདུལ་བའི་ཚུལ་མེད་ཚུལ་གསུངས་ཡོད།།

ང་ཚོས་འདོར་ལེན་དང་དགག་གཞག་གང་གི་སྐབས་སུ་ཡང་གནས་ལུགས་དང་རིགས་པ་གཙོ་བོར་འཛིན་དགོས་པ་ལས། ཨུ་ཚུགས་དང་མཁྲེགས་འཛིན། ཞེ་སྡང་དང་ཕྱོགས་ཞེན་རྩ་བ་ནས་བྱེད་མི་ཉན། དེ་ཡང་། སློབ་དཔོན་བདེ་བྱེད་བདག་པོས།

བདག་ནི་སངས་རྒྱས་ཕྱོགས་མི་འཛིན།
སེར་སྐྱ་སོགས་ལ་མི་སྡང་ཡང་།
གང་ཞིག་རིགས་པ་ལྡན་པའི་ཚིག།
དེ་ཉིད་སྟོན་པར་ཡོངས་སུ་འཛིན་ཞེས་གསུངས་པ་ལྟར་ལགས་སོ།།

འཕགས་ཡུལ་འབྲས་སྤུངས་མཁས་མང་བློ་གསལ་གླིང་གི་གྲྭ་རིགས་མི་ཉག་པ་མི་མགར་མུན་འཇོམས་ཞེས་བྱ་བས་འགྲུལ་བཞུད་ཅིག་གི་སྐབས་དང་བསྟུན་ཏེ་བྲིས།།

བསམ་ཚུལ།

Post navigation

Previous Post: ང་ཚོས་ཅི་ཞིག་འཚོལ་བཞིན་ཡོད།
Next Post: ལམ་སྟོན་གསལ་བསྒྲགས།

Comments (2) on “ཆོས་བརྒྱུད་ཀྱི་ལ་རྒྱ་བཟུང་སྟེ་འཇིག་རྟེན་གྱི་འཐབ་རྩོད་མ་གནང་རོགས།”

  1. དགའ་སྐུ་ says:
    2015-12-01 at 8:53 pm

    གཞན་ལས་བཤུས། ༼ཉེར་གཅིག་དུས་རབས་ཀྱི་དཀའ་ངལ།༽

    དགོས་དགོས་ནི་ཇེ་མང་རེད། །འགྲུབ་འགྲུབ་ནི་ཇེ་ཉུང་རེད། །འདོད་པ་ནི་ཇེ་ཆེ་རེད། །འཇོན་ཐང་ནི་ཇེ་ཆུང་རེད། །
    ཅ་དངོས་ནི་ཇེ་མང་རེད། །ཕན་ཐོག་ནི་ཇེ་ཆུང་རེད། །འཆར་གཞི་ནི་ཇེ་ཆེ་རེད། །མི་ཚེ་ནི་ཇེ་ཐུང་རེད། །
    ངོ་ཤེས་ནི་ཇེ་མང་རེད། །བློས་ཐུབ་ནི་ཇེ་ཉུང་རེད། །བཤད་མཁན་ནི་ཇེ་མང་རེད། །སྒྲུབ་མཁན་ནི་ཇེ་ཉུང་རེད། །
    ཕྱི་དངོས་ནི་ཇེ་ཕྱུག་རེད། །ནང་སེམས་ནི་ཇེ་ཞན་རེད། །བྲེལ་བ་ནི་ཇེ་ཆེ་རེད། །བདེ་བ་ནི་ཇེ་ཆུང་རེད། །
    འབྱུང་འཁྲུག་ནི་ཇེ་ཆེ་རེད། །འབྲས་བཟང་ནི་ཇེ་ཆུང་རེད། །རྣམ་གཡེངས་ནི་ཇེ་ཆེ་རེད། །ཁོམ་པ་ནི་ཇེ་ཆུང་རེད། །
    ཉེར་གཅིག་ཡི་དུས་རབས་ན། །དཀའ་ངལ་ལ་བཤད་ཚོད་མེད། །སེམས་སྨྱོན་འདི་མ་ཐུལ་བར། །ཞི་བདེ་ཞིག་རྙེད་དཀའ་བས། །
    བདེ་སྐྱིད་ནི་ནང་ལ་འདུག །ཐབས་ཤེས་དེ་བླ་མར་ཞུས། །ཆོག་ཤེས་དང་གུ་ཡངས་གྱིས། །བཟོད་པ་དང་སྙིང་རྗེ་སྒོམ། །ཏིང་འཛིན་དང་ཤེས་རབ་སྤེལ།

  2. པདྨ says:
    2015-12-06 at 3:47 pm

    མ་གཞི་དོན་འདི་ནི་ང་དང་འདྲ་བ་ཞིག་གིས་གླེང་གཞིའི་གནད་དོན་ཅིག་གཏན་ནས་མིན་ཞིང་། ལྷག་ཏུ་མི་ཚེའི་ཁ་ཕྱོགས་ཙམ་ཡང་ངོས་མི་ཟིན་པའི་བདག་ལྟ་བུ་ཞིག་གིས་ཁ་ཕོ་ཆེན་པོ་ཡིས་འཇིག་རྟེན་ལས་འདས་པའི་དམ་པའི་ལྷ་ཆོས་ནང་གི་གཞི་ལམ་འབྲས་གསུམ་དང་། སྐྱེ་བ་སྔ་ཕྱི་སོགས་ལ་འདི་ཡིན་འདི་མིན་གྱིས་ལབ་རྡོལ་གཏན་ནས་མི་འོས་ན། ལས་འབྲས་དང་འབྲེལ་བའི་ཤིན་ལྐོག་རིགས་དེ་བས་ཀྱང་ག་ནས་འོས། དེའི་ནང་ནས་ཀྱང་དེ་རིང་ཁ་སང་སྤྲུལ་སྐུ་ལམ་ལུགས་སྐོར་ཡིག་ངག་གཉིས་ཐོག་ནས་ཕྱོགས་ཡར་མར་མང་པོ་ཞིག་ཁྱབ་བཞིན་པའི་དུས་ཚོད་འདི་དང་བསྟུན་ནས། བདེན་བརྫུན་གྱི་གནད་དོན་མང་པོ་ཞིག་སྤྱི་ཚོགས་སུ་མཐོང་ཐོས་སུ་གྱུར་པས་སྤྱིར་ནང་བསྟན་ལ་སྤྲུལ་སྐུ་ལམ་ལུགས་ངོས་འཛིན་བྱས་པའི་སྲོལ་ཡོད་མི་ཆོག་སྐོར་བཤད་མཁན་དང་། ཡང་བོད་རྒྱུད་ནང་བསྟན་ལས་གཞན་རྒྱུད་པ་རྣམས་ལ་ངོས་འཛིན་བྱེད་སྲོལ་མེད་པས་རྒྱ་རིགས་སོགས་ལ་དེ་འདྲ་ཡོང་ན་མི་འགྲིག་ཚུལ་ཤོད་མཁན་ཡང་འདུག གང་ལྟར་གནད་དོན་མ་རྟོགས་པའི་ལོང་བ་རྣམས་ཀྱིས་ལོང་བའི་ཚོགས་སུ་ཀུན་དགའ་རྭ་བའི་མེ་ཏོག་གི་ཁ་དོག་ལ་འགྲེལ་བཤད་དང་ཆ་རེད། རྒྱུ་མཚན་ནི། སྤྱིར་སྤྲུལ་སྐུ་ངོས་འཛིན་གྱི་སྲོལ་དེ་ཡོད་དང་མེད་ནི་ཡུལ་དུས་ཀྱི་དགོས་མཁོ་ལ་བལྟོས་ནས་བོད་དུ་དར་བ་དང་། དེ་ཡང་ལམ་དང་ལུགས་སྲོལ་ཚད་ལྡན་གྱི་སྒོ་ནས་སྤྱི་ཚོགས་ལ་ཁ་ཞེ་གཉིས་མེད་ཀྱིས་ཕན་ཐོགས་ཡོད་པ་ཞིག་ཡིན་པར་ནི་མིག་མདུན་གྱི་གསེར་གྱི་ལྷུན་པོ་ལྟར་རེད། གཞན་ཡང་ལམ་སྲོལ་གང་དང་གང་ཡིན་ཡང་མི་རིགས་ཤིག་གི་དགོས་མཁོ་དང་ཆོས་ལུགས་བྱེ་བྲག་པ་ཞིག་གི་ཕྱག་ལེན་ཡིན་ཀྱང་ཆོག གཙོ་བོ་ནི་དགོས་མཁོ་དབང་གིས་ཡིན་པས་ནམ་ཞིག་ན་དགོས་མེད་དུ་འགྱུར་བའི་ཚེ། དེ་མ་ཉིད་དུ་མི་དགོས་ཞེས་ངུ་འབོད་མ་དགོས་པར་ངང་གིས་མེད་པར་ཆགས་འགྲོ་བ་ནི་ཆོས་ཉིད་རེད། དེ་མིན་སོ་སོའི་བསམ་ཚད་བདེན་པར་བཟུང་ནས་འདི་ཡོད་ཆོག་དང་འདི་མེད་དགོས་ཞེས་འཇིག་རྟེན་བྱེད་པོ་ཅིག་ཡིན་སྙམ་པའི་ང་རྒྱལ་ཞིག་གིས་གཞན་སྤྱི་ཚོགས་ཤིག་ཕར་ཟད་རང་གི་ཁྱིམ་མི་ཡང་ཁ་ལོ་སྒྱུར་མི་ཐུབ། དེར་བརྟེན་འདིའི་རིགས་ནི་ཆོས་ཕྱོགས་ནས་བཤད་ན་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དང་རྒྱལ་བའི་གསུངས་རབ་དགོངས་འགྲེལ་དང་བཅས་པ་ལ་མཁྱེན་རྒྱ་ཡངས་ཤིང་། ཉམས་ལེན་གྱི་རྟོགས་པ་མཐོན་པོར་སོན་པའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་མཐའ་གཅོད་འོས་པ་ཞིག་ཡིན་པ་ལས། དཔོན་གནས་ཀྱི་གོ་ས་ལྟར་རྒྱུ་འབྱོར་པ་དང་དབང་ཤུགས་སོགས་ཀྱིས་མཐའ་གཅོད་མི་ཐུབ་ཅིང་། མ་ཟད་མི་སྒེར་ཕལ་པ་ཞིག་དང་ཚོགས་སྡེ་བྱེ་བྲག་པ་ཞིག་ཐ་ན་སྲིད་གཞུང་གིས་ཀྱང་ངོས་འཛིན་གནང་ཐབས་གཏན་ནས་མེད། དེ་བཞིན་བླ་མའང་ཡང་སྲིད་སུ་དང་གང་གི་ཡང་སྲིད་ངོས་འཛིན་ཡོད་དང་མེད་དེ་གོང་ཞུས་ཀྱི་སྐྱེས་ཆེན་དམ་པས་བཤད་བྱ་ཡིན་པ་ལས། ང་དང་ཁྱོད་འདྲ་བའི་ཚུར་མཐོང་དག་གིས་འདི་ལ་ཡོད་པའི་ཕྱིར་འདི་ལའང་ཡོད་དགོས་སོ་ཞེས་རིགས་འགྲེ་གཏང་ས་གཏན་ནས་མེད། རྒྱུ་མཚན་ནི་རང་གི་སྤྱོད་ཡུལ་དུ་མ་གྱུར་པའི་ཤིན་ཏུ་ལྐོག་གྱུར་གྱི་ཆོས་ཤིག་ཡིན་ཕྱིན་ཡིད་ཆེས་པའི་ལུང་གི་རྗེས་སུ་འབྲངས་ནས་རྟོགས་དགོས་པའི་ཁོ་ན་ཡིན་པས་སོ། གནད་དོན་དེ་ལྟར་མ་རྟོགས་པའི་དབང་གིས་དེང་སང་དངུལ་ལོ་དང་དབང་ཤུགས་འོག་ནས་སྤྲུལ་སྐུ་མང་པོ་ཞིག་ཐོན་བཞིན་པའི་དག་ལ། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་ངོས་ལེན་མ་ཐོབ་པས་ཆེད་དུ་སྤྱི་ཚོགས་སུ་ཟིང་སློང་བཞིན་པ་དང་། དེ་དག་གིས་ཚབ་བྱས་ནས་མི་མང་པོ་ཞིག་གིས་མཉམ་དུ་འུར་རྒྱབ་བཞིན་པ་དངོས་གསལ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme