Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨོ་སི་ཀྲི་ལ་ཡའི་ནང་གོ་ལའི་ཚ་དྲོད་ཆེད་མི་མང་གྲོམ་བགྲོད་ཆེན་མོའི་སྐབས་བོད་རིགས་མདུན་དུ་ཐོན་ཡོད་པ།

Posted on 2015-11-302015-11-30 By ཁ་བརྡ 2 Comments on ཨོ་སི་ཀྲི་ལ་ཡའི་ནང་གོ་ལའི་ཚ་དྲོད་ཆེད་མི་མང་གྲོམ་བགྲོད་ཆེན་མོའི་སྐབས་བོད་རིགས་མདུན་དུ་ཐོན་ཡོད་པ།

བློ་བཟང་ལུང་རྟོགས། ཨོ་སི་ཊི་ལི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ།

 
ཕ་རི་སིར་འཛོམས་འཆར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་གོ་ལའི་ཚ་དྲོད་ཀྱི་ལྷན་ཚོགས་སྔོན་དུ། ཕྱི་ཟླ་༡༡་པའི་ཚེས་༢༧་ནས་༢༩་བར་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་ཆེ་ཁག་རྣམས་སུ་ཡོད་པའི་བོད་རིགས་ཚོགས་པ་ཁག་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཐེངས་འདིའི་མི་མང་གོམ་བགྲོད་ཆེན་མོའི་མདུན་དུ་ཐོན་ཡོད་པ་རེད། དེ་ཡང་གྲོང་ཁྱེར་སིག་ནེ། མེལ་སྦོན། སྦི་རི་སི་སྦིན། ཁེན་སྦེ་ར། ཨེ་སྒྲི་ལེ་སྒྲི། ཧོ་སྦར་ཊི་བཅས་ནས་བོད་རིགས་ཚོགས་པ་ཁག་དང་བོད་དོན་ལྷན་ཁང་གིས་འཛམ་གླིང་ཡང་རྩེ་བོད་གངས་ཅན་ལྗོངས་ནི་འཛམ་གླིང་ཁོར་ཡུག་ལ་གནད་འགག་ཆེན་པོ་གྱུར་ཡོད་པ་དང་ཚ་དྲོད་འགྱུར་ལྡོག་གི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་དགོས་པའི་འབོད་སྐུལ་གནང་།

unnamed-1

རྒྱལ་ས་ཁེན་སྦེ་རར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལྷག་པ་མཚོ་སྒོ་མཆོག་ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་དང་། ཁོང་གིས་ད་ཐེངས་ཨོ་སི་ཀྲི་ལི་ཡ་ཁྱོན་ཡོངས་སུ་བོད་རིགས་མཐུན་ཚོགས་ཁག་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་གཞུང་འབྲེལ་མིན་པའི་ཚོགས་པ་བརྒྱ་ཕྲག་མང་པོར་མཉམ་འབྲེལ་བྱས་ནས་སྤྱིར་འཛམ་གླིང་གི་ཁོར་ཡུག་དང་ལྷག་པར་བོད་ཀྱི་ཁོར་ཡུག་གི་ཉེན་འཚབ་སྐོར་ལ་ལས་འགུལ་དོན་ཕན་ལྡན་པ་སྤེལ་སོང་ཅེས་གསུངས།

གྲོང་ཁྱེར་སིག་ནེའི་ནང་བོད་རིགས་གཞོན་སྐྱེས་བསྟན་འཛིན་ཆོས་རྒྱལ་ལགས་ནས་ཨོ་སི་ཀྲི་ཡའི་གཞོན་སྐྱེས་རྣམས་དང་མཉམ་ཞུགས་ཀྱིས་ཐེངས་འདིའི་ལས་འགུལ་གྱི་འཕྲེད་དར་གཙོ་བོ་ཁྱེར་ཡོད་པ་དང་། གྲོང་ཁྱེར་ཕིར་ཐི་ནས་ཡིན་པའི་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་ཡིན་པ་བསྟན་འཛིན་ཆོས་སྐྱིད་ལགས་དང་། རྒྱལ་ས་ཁེན་སྦི་ར་ནས་བོད་དོན་ལས་འགུལ་བ་ཚེ་དབང་ཐུབ་བསྟན་ལགས་གཉིས་ཀྱིས་ས་གནས་སོ་སོར་གསུང་བཤད་གནང་མཁན་གཙོ་བོའི་གྲས་སུ་ཐོན་ཡོད་པ་རེད།

unnamed-2

ཨོ་སི་ཀྲི་ལི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བློ་བཟང་ལུང་རྟོགས་ཀྱིས་གསུང་དོན། ད་ཐེངས་བོད་རིགས་རྣམས་འཛམ་གླིང་རང་བཞིན་ཅན་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་འདི་འདྲ་ཞིག་གི་ནང་མཉམ་ཞུགས་གནང་ཐུབ་པ་འདི་ཨོ་སི་ཀྲི་ལི་ཡའི་ནང་ཡོད་པའི་བོད་རིགས་ཚོགས་པ་ཁག་ལ་མཚོན་ན་ལོ་རྒྱུས་ཀྱི་དོན་སྙིང་ཡོད་པའི་ལས་འགུལ་ཞིག་ཡིན་པས་སྤོབས་པ་སྐྱེས་འོས་པ་ཞིག་རེད་ཅེས་དང་།

unnamedབོད་ནང་གི་བོད་མི་རྣམས་ལ་གོ་ལའི་ཚ་དྲོད་ཀྱིས་ཐད་ཀར་ཤུགས་རྐྱེན་ཐེབས་བཞིན་ཡོད་ཀྱང་ཁོང་རྣམས་ཀྱི་འབོད་སྐད་འཛམ་གླིང་མི་མང་གི་གོ་ཐོས་བྱེད་མི་ཐུབ་བརྟེན། རང་དབང་ལུང་པར་ཡོད་པའི་ང་ཚོས་བོད་རིགས་སྤུན་ཟླ་རྣམས་ཀྱི་མགྲིན་ཚབ་པ་བྱེད་ཐུབ་པ་བྱུང་ཡོད། ལྷག་པར། བོད་ནང་གི་འབྲོག་པ་མང་ཚོགས་རྣམས་ཀྱི་ཆེད་གོམ་བགྲོད་བྱས་པ་ཡིན། ཁོང་རྣམས་མི་ལོ་སྟོང་ཕྲག་རིང་བོད་ཀྱི་མཐོ་སྒང་ས་ཁུལ་དུ་རྒྱུན་གནས་བྱེད་ཐུབ་བྱུང་ཡོད་ཀྱང་། རྒྱ་ནག་ནས་རང་ཉིད་ཀྱིས་བཟོས་པའི་ཁོར་ཡུག་ཀྱི་དཀའ་ངལ་སེལ་ཆེད་ཉམ་ཆུང་ཉེས་མེད་བོད་རིགས་འབྲོག་པ་རྣམས་རྩྭ་ཐང་ནས་བཙན་དབང་གི་གནས་སྤོ་བྱེད་བཅུག་ཡོད་པ་རེད་ཅེས་སོགས་གསུངས་སོང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ལྷན་ཚོགས་ཀྱི་སྔོན་དུ་ཨོ་སི་ཀྲི་ལི་ཡའི་བོད་དོན་ལྷན་ཁང་གིས་སྙན་ཞུའི་དེབ་ཆུང་ཞིག་བཏོན་པ་དེའི་ནང་འཛམ་གླིང་ཁོར་ཡུག་གི་གནད་དོན་ཁྲོད་བོད་ཀྱི་ཁོར་ཡུག་དེ་བཞིན་གལ་གནད་ཆེན་པོ་ཡིན་པའི་སྐོར་གསལ་འདོན་བྱས་ཡོད།unnamed-3

བོད་དོན་ལྷན་ཁང་གི་ལས་འགུལ་འགན་འཛིན་སྐྱིད་འཛོམས་ཀྱིས་གསུང་དོན། བོད་དེ་བཞིན་ཨེ་ཤི་ཡའི་གཙང་བོ་ཆེ་ཁག་གི་འགོ་ཁུངས་ཡིན་པ་དང་། འཁྱག་རོམ་གྱི་བང་མཛོད་ཆེན་པོ་ཡིན་པའི་བོད་ཀྱི་མཐོ་སྒང་ནི་འཛམ་གླིང་བྱང་སྣེ་དང་འཛམ་གླིང་ལྷོ་སྣེ་ཕུད་དེ་གཙང་ཆུའི་འབྱུང་ཁུངས་ཆེ་ཤོས་དེ་ཆགས་ཡོད་པ་རེད། དུས་རབས་ཉེར་གཅིག་པར་བོད་ནི་གཙང་ཆུའི་བདག་དབང་དང་བཟའ་བཅའི་བདེ་སྲུང་ལ་མཚོན་ན་གལ་ཆེན་པོར་གྱུར་ཡོད། དེ་བས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཚ་དྲོད་ལྷན་ཚོགས་སུ་ཕེབས་པའི་དབུ་ཁྲིད་རྣམས་ཀྱིས་བོད་ཀྱི་ཁོར་ཡུག་གནད་དོན་འདི་འཛམ་གླིང་གི་ཁོར་ཡུག་ལ་ཐབས་ཇུས་ཀྱི་གནད་འགག་ཆེན་པོ་ཡིན་པ་དང་བོད་མཐོ་སྒང་གི་ཛ་དྲག་རང་བཞིན་ཅན་གྱི་ཁོར་ཡུག་ལ་ངེས་པར་དུ་དོ་སྣང་གནང་དགོས་ཅེས་གསུང་།

ཨོ་སི་ཀྲི་ལའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་དོན་ལྷན་ཁང་ནས།
ཕྱི་ལོ་༢༠༡༥་ལོའི་ཟླ་༡༡་པའི་ཚེས་༣༠་ཉིན།

གསར་འགྱུར།

Post navigation

Previous Post: ཧྥ་རན་སིར་དྲག་སྤྱོད་པས་བཙན་རྒོལ་ཅི་བྱས་ཀྱི་ལོ་ཚིགས།
Next Post: ཀ་ལི་སྤུངས་ནས་སྤང་མདའ་རྙེད་པ།

Comments (2) on “ཨོ་སི་ཀྲི་ལ་ཡའི་ནང་གོ་ལའི་ཚ་དྲོད་ཆེད་མི་མང་གྲོམ་བགྲོད་ཆེན་མོའི་སྐབས་བོད་རིགས་མདུན་དུ་ཐོན་ཡོད་པ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-11-30 at 11:30 am

    ་་་་་་་་ བོད་དེ་བཞིན་ཨེ་ཤི་ཡའི་གཙང་བོ་ཆེ་ཁག་གི་འགོ་ཁུངས་ཡིན་པ་དང་། འཁྱག་རོམ་གྱི་བང་མཛོད་ཆེན་པོ་ཡིན་པའི་བོད་ཀྱི་མཐོ་སྒང་ནི་འཛམ་གླིང་བྱང་སྣེ་དང་འཛམ་གླིང་ལྷོ་སྣེ་ཕུད་དེ་གཙང་ཆུའི་འབྱུང་ཁུངས་ཆེ་ཤོས་དེ་ཆགས་ཡོད་པ་རེད། དུས་རབས་ཉེར་གཅིག་པར་བོད་ནི་གཙང་ཆུའི་བདག་དབང་དང་བཟའ་བཅའི་བདེ་སྲུང་ལ་མཚོན་ན་གལ་ཆེན་པོར་གྱུར་ཡོད། ་་་་་་་་་

  2. ཀརྡོ་གཉེར་ཕྱག་པ་ says:
    2015-11-30 at 11:36 am

    ཁོར་ཡུག་ནི།
    ཁོར་ཡུག་ནི། སྐྱབས་དཀོན་མཆོག་འདྲ།
    ཁོར་ཡུག་ནི། གྲོགས་ཕ་དང་འདྲ།
    ཁོར་ཡུག་ནི། བྱམས་མ་དང་འདྲ། །
    ཁོར་ཡུག་ནི། སྲོག་ཀུན་དང་འདྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme