Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་བརྒྱུད་ནང་བསྟན་ལ་མཚན་ཤས་ངན་པ་རེད་དམ།

Posted on 2015-11-282016-01-17 By ཁ་བརྡ 26 Comments on བོད་བརྒྱུད་ནང་བསྟན་ལ་མཚན་ཤས་ངན་པ་རེད་དམ།

རྒྱང་མིག

 
དེང་སྐབས་དྲ་ལམ་དང་གསར་འགྱུར་བརྒྱུད་ལམ་ཁག་ནང་ཁྱབ་ཀྱིན་པའི་གནས་ཚུལ་ཆེན་པོ་ཞིག་ནི། དངུལ་སྒོར་དང་སྦྱིན་བདག་གི་ངོ་སོ་འབའ་ཞིག་སྲུང་མཁན་གྱི་བོད་བླ་ཁག་ཅིག་གིས་རྒྱ་རིགས་འབྱོར་ལྡན་ཅན་དང་གློག་བརྙན་འཁྲབ་མཁན་རིགས་ལ་ཅི་དགར་སྤྲུལ་སྐུའི་མིང་ཆེན་རེ་བཏགས་ཏེ་བོད་བརྒྱུད་ནང་བསྟན་ལ་མཚན་ཤས་ངན་པ་བཟོ་བཞིན་ཡོད་པ་དེ་རེད། ལྷག་པར་དུ་རྒྱ་ནག་སྐམ་ས་ཆེན་པོར་རྒྱ་ཡན་དུ་དར་ཁྱབ་འགྲོ་བཞིན་པའི་ལུགས་སྲོལ་སྐྱུག་བྲོ་བོ་འདི་དག་གིས་བོད་བརྒྱུད་ནང་ཆོས་འདི་ཉིད་ཇི་འདྲའི་དྲི་ངན་འགོས་པའི་ཉེན་ཚབས་ཅན་དང་འཇིགས་རུང་ཅན་ཞིག་ཏུ་བསྒྱུར་གྱིན་པས་མ་ཚད། མཐར་འགན་ཁུར་ཅི་ཡང་མེད་པའི་སྒོ་ནས་བོད་བརྒྱུད་ནང་ཆོས་འདི་ཉིད་བོད་བླ་སྒོར་སྲེད་ཅན་ཚོ་དང་རྒྱ་རིགས་འབྱོར་ལྡན་ཅན་ཚོའི་རང་འདོད་ཀྱི་རྩེད་ཆས་འབའ་ཞིག་ཏུ་མི་འགྱུར་བའི་ངེས་པ་ཡང་མེད་པའི་ཚོད་ཏུ་སླེབས་མི་འདུག་གམ། དྲ་གྲོགས་ཚོ།

འབྲེལ་ཐག་འདི་ནས་ཅིག་གཟིགས་དང་། http://www.iqiyi.com/w_19rta9l99h.html

12295454_10153787423509802_8209163800614423234_n12278733_10153787423539802_5286189731554445404_n

12279041_10153787423414802_9172698879756478020_n12274404_10153787423434802_8624003161271617360_n

12294666_1062394180451659_1032104308229654895_n12274470_1062394280451649_6270848117082129477_n

12311115_900476913366931_935637281186916423_n12279152_900477390033550_5528150274594298404_n

12301774_852399598191435_7199342426586042414_n

༼འདི་དང་འབྲེལ་བའི་གནས་ཚུལ་ཁ་སྣོན་ཟུར་བཀོད།༽

12294637_10153646432496877_7747418955651245344_n

12311264_10153646432746877_965160218148416320_n
11046320_10153646433081877_6559953052768368485_n

12274401_10153646431991877_8135523163413629035_n12299277_974762492578140_1082224821925950309_n

ངོ་སྤྲོད།

Post navigation

Previous Post: སྨུག་ཀློང་ཁྲོད་ནས་མེ་ཏོག་ལ་བལྟ་བ།
Next Post: ཀ་རྩོམ་སེམས་ཀྱི་སྐད་ཆ།

Comments (26) on “བོད་བརྒྱུད་ནང་བསྟན་ལ་མཚན་ཤས་ངན་པ་རེད་དམ།”

  1. སྤོབས་པ་མཐའ་ཡས། says:
    2015-11-28 at 10:00 pm

    མི་འདི་ཚོས་སྤྱོད་ངན་ཅི་ཞིག་བྱས་པ་རེད། ཅི་ཞིག་མ་འགྲིགས་པ་རེད། པར་ལ་བལྟས་མོད་སྤྱོད་ངན་བྱས་པ་ཅི་ཡང་མཐོང་གི་མི་འདུག འགྲེལ་བཤད་རྒྱས་ཙམ་གནང་རོགས།

  2. ཁྱུང་སེ། says:
    2015-11-28 at 10:20 pm

    ཡག་པོ་རེད་ཕྱི་ཡི་ནང་པས་བོད་རྒྱུད་ནང་བསྟན་པ་འདི་ནང་བསྟན་པར་ངོས་འཛིན་བྱེད་ཀྱི་མི་འདུག རྒྱུ་མཚན་འདི་འདྲ་ལ་བརྟེན་ནས་ཡིན་གྱི་རེད།། ཤཀྱ་ཐུབ་ཟས་ངན་ངོན་ཙམ་གྱིས་ཆོག་ཤེས་གནང་མོད་་་་དེང་སང་ནི་གོས་ཆེན་དང་གསེར་དངུལ་གྱིས་བརྒྱན་ནས་བསྟན་པ་སྤེལ་ཚུལ་འདི་ནང་བསྟན་པ་ཡིན་མིན་དཔྱད་མི་དགོས་པར་ལྟས་ཚོད་ལ་ཤེས་ངེས།།

  3. ཇུང་ཏོག་ says:
    2015-11-28 at 10:40 pm

    ང་ཡིའི་བསྟན་པ་ཟབ་མོ་འདི་། ང་འདྲ་ང་མིན་ཞིག་གི་ཤིགས་། གསུང་པ་ནས་ངོ་འཕྲོད་ཐུབ་། སངས་རྒྱས་ཀྱི་ཆོས་གོས་རྣམ་འབྱར་ལུས་ལ་གྱོན་ནས་བུད་མེད་སྟེང་ཞོན་མཁན་དང་བུད་མེད་མཉམ་ཉལ་མཁན་ཚོ་ཧཧཧ་་་་་་་་་

  4. འཇམ་གཅེས། says:
    2015-11-28 at 11:46 pm

    ངས་ནི་དང་པོ་ཨ་ཞང་ཚང་གིས་གློག་བརྙན་ཞིག་འཁྲབ་འདུག་དྲན་སོང་། ཡ་མཚན་པ་ཞིག་ལ་མཛད་སྒོའི་སྐབས་སུ་ཚེ་མདོ་བཏོན་བཞིན་རྒྱལ་གླིང་འབུད་པ། ད་དུང་སྟོད་འགག་གཉིས་བརྩེགས་གཡོག་པ། ཕྱག་འཚལ་སྟངས་སོགས་ལས་ཁྲེལ་རྒོད་ཡང་ཤོར་དགོས་བྱུང་། ཕྱིས་སུ་ཡིག་ཐོག་ནས་ཞིབ་ཕྲའི་གནས་ཚུལ་ཤེས་དུས་ཨ་ཞང་ཚང་གི་འཁྲབ་སྟོན་མིན་པར་གསལ་པོ་ཤེས་དུས།

  5. ཀརྡོ་གཉེར་ཕྱག་པ་ says:
    2015-11-29 at 1:39 am

    བསྟན་པ་དག་དེར་བྱ་རྒྱུ་དེ། དད་ལྡན་ཚང་མའི་ལས་འགན་རེད་དོ།།

  6. སྤོབས་པ་མཐའ་ཡས། says:
    2015-11-29 at 1:52 am

    སྤྱོད་ངན་ག་རེ་བྱས་སོང་བ་རེད། གོས་ཆེན་གྱོན་ན་ཅི་ཞིག་མ་འགྲིགས་པ་རེད། ངས་ངོ་མ་གོ་མ་སོང་། རྒྱ་ཡིག་གི་དྲ་བ་དེའི་ནང་དུ་ཅི་ཞིག་བྲིས་འདུག་གསལ་བཤད་ཅིག་གནང་རོགས།

  7. ཀརྡོ་གཉེར་ཕྱག་པ་ says:
    2015-11-29 at 2:10 am

    དྲ་གྲོགས་ཚོར།
    https://www.facebook.com/photo.php?fbid=10153787442674802&set=pcb.10153787442739802&type=3&theater

  8. ཚེ་རིང་། says:
    2015-11-29 at 3:21 am

    སྤྲུལ་སྐུ་བཟོས་པ་རེད་དོ།

  9. ལུང་རྟོགས། says:
    2015-11-29 at 3:46 am

    ངས་ཀྱང་པར་འདི་དག་གི་ནང་ན་སྟོད་འགག་སྟེང་ལ་བཟན་ཁྲ་གོན་མཁན་ཞིག་ལས་གཞན་མ་འགྲིག་པ་ཅང་མཐོང་མ་སོང་།

  10. ཀརྡོ་གཉེར་ཕྱག་པ་ says:
    2015-11-29 at 3:47 am

    མའོ་སྡིག་ཆེན་ལག་དམར་རྗེས། །
    ལག་དམར་མི་རབས་འགའ་ཤས་འདས། །
    རྒྱ་གཞུང་དོལ་རྒྱལ་གཡོ་འཁྲུལ་བྱས། །
    རྒྱལ་ནོར་པཎ་ཆེན་སྨོན་ལོག་བསྟན། །

  11. ཀརྡོ་གཉེར་ཕྱག་པ་ says:
    2015-11-29 at 4:00 am

    ་་་་་་་་་་་ བོད་བརྒྱུད་ནང་ཆོས་འདི་ཉིད་བོད་བླ་སྒོར་སྲེད་ཅན་ཚོ་དང་རྒྱ་རིགས་འབྱོར་ལྡན་ཅན་ཚོའི་རང་འདོད་ཀྱི་རྩེད་ཆས་འབའ་ཞིག་ཏུ་མི་འགྱུར་བའི་ངེས་པ་ཡང་མེད་པའི་ཚོད་ཏུ་སླེབས་མི་འདུག་གམ། དྲ་གྲོགས་ཚོ། ་་་་་་་་་་་

  12. པདྨ says:
    2015-11-29 at 4:07 am

    རྒྱང་མིག་ལགས་ཀྱིས་གསལ་བཤད་གནང་བར་ལེགས་ཀྱང་སྨད་པ་དང་དངུལ་སྒོར་ཁོ་ན་ཡིན་རབས་བཤད་ན་འགྲིག་གི་ཨེ་ཡོད་ན།
    འདི་རྒྱལ་བ་ཀཿ་ཐོག་པའི་མཚན་ཐོག་ནས་ཡིན་པར་གསལ་གསལ་ཐང་ཐང་རེད། རྒྱ་ནག་གི་པན་རྫུན་དང་བོད་གཞུང་གི་ཀར་རྫུན།སི་ཏུ་ཚོགས་པས་རྡོ་རྗེ་འཆང་ཆེན་གསུམ་པ། གོང་ས་མཆོག་གིས་མཁན་པོ་འཇིགས་ཕུན་སོགས་ངོས་འཛིན་བྱས་པ་ཚང་མ་དེང་སྐབས་དྲ་ལམ་ལ་འདུག་པས་ཚང་མ་དངུལ་སྒོར་དང་སྦྱིན་བདག་གི་ངོ་སོ་འབའ་ཞིག་སྲུང་མཁན་གྱི་བོད་བླ་ཁག་ཅིག་གིས་རྒྱ་བོད་དབྱིན་རིགས་འབྱོར་ལྡན་ཅན་དང་དང་སོ་སོའི་དགའ་ས་མཐུན་གྲོགས་ལས་བསམ་བློ་གཏོང་མ་ཤེས་པ་མ་ཡིན་ནམ། དཔེར་ན་བཟོད་པ་རིན་པོ་ཆེས་བླ་མ་ཡེ་ཤེས་ངོས་འཛིན་པ་དང་། ཀ་ལི་རིན་པོ་ཆེ་དང་།ས་སྐྱ་གོང་མས་ས་ཡི་སྙིང་པོའི་སྤྲུལ་སྐུ་ངོས་འཛིན་དང་སི་ཏི་ཀརྨ་པས་བོང་དཀར་སྤྲུལ་སྐུ་ངོས་འཛིན་པ་སོགས་གློག་བརྙན་འཁྲབ་མཁན་ལྟ་བུ་སྤྲུལ་སྐུའི་མིང་ཆེན་རེ་བཏགས་ཏེ་བོད་བརྒྱུད་ནང་བསྟན་ལ་མཚན་ཤས་ངན་པ་བཟོ་བཞིན་ཡོད་པ་མ་ཡིན་ནམ། ལྷག་པར་དུ་རྒྱ་གར་རྡ་རམ་ས་ལ་དང་རྡེ་ར་རྡུན། ར་ཡི་པུ་སོགས་སྤྲུལ་རྫུན་གྱི་བཟོ་གྲྭ་ཐབས་ཆག་དེ་ཚོས་ལན་པ་མ་ཡིན་ནམ། མདོར་ན་ཀརྨ་པ་ཀ་ཐོག་པ་གོང་ས་དང་ས་སྐྱ་གོང་མ་འབྲི་གུང་སྐྱ་གོན་སོགས་སྤྲུལ་སྐུ་ངོས་འཛིན་རིང་ལུགས་སྲོལ་སྐྱུག་བྲོ་བོ་འདི་དག་བརྟག་དཔྱད་མེད་བོད་བརྒྱུད་ནང་ཆོས་འདི་ཉིད་ཇི་འདྲའི་དྲི་ངན་འགོས་པའི་ཉེན་ཚབས་ཅན་དང་འཇིགས་རུང་ཅན་ཞིག་ཏུ་བསྒྱུར་ཟིན་པའི་གྲུབ་འབྲས་མ་ཡིན་ནམ། དེས་ན་ཁྱོད་ཀྱིས་་་མཐར་འགན་ཁུར་ཅི་ཡང་མེད་པའི་སྒོ་ནས་བོད་བརྒྱུད་ནང་ཆོས་འདི་ཉིད་བོད་བླ་སྒོར་སྲེད་ཅན་ཚོ་དང་འབྱོར་ལྡན་ཅན་ཚོའི་རང་འདོད་ཀྱི་རྩེད་ཆས་འབའ་ཞིག་ཏུ་མི་འགྱུར་བའི་ངེས་པ་ཡང་མེད་པའི་ཚོད་ཏུ་སླེབས་མི་འདུག་གམ། བཤད་པ་དོན་ལ་གནས་སོ།།

  13. ཅོ་རི་ཉི་མ། says:
    2015-11-29 at 5:46 am

    ཤཀྱའི་བསྟན་པ་འོ་མའི་རྒྱ་མཚོའི་ནང་།
    མི་བསད་ཁྲག་གི་ཐིགས་པ་བཏབ་མཁན་གྱི།
    ཀུན་དང་མི་མཐུན་བླ་མའི་ཆོས་ལུགས་ཤིག
    ཆེན་པོ་བོད་ཀྱི་ཡུལ་དུ་དར་བར་རེད།།

    ཆོས་གོས་འོག་ཏུ་དུག་མདའ་འཛིན་མཁན་དང་།
    དགེ་འདུན་མང་མ་དམག་ལ་ཁྲིད་མཁན་གྱི།
    སངས་རྒྱས་བྱང་སེམས་ཟེར་བའི་སྤྲུལ་སྐུ་ཞིག
    ཆེན་པོ་བོད་ཀྱི་ཡུལ་དུ་བྱུང་བ་རེད།

  14. དྲུག་སྡེ་ says:
    2015-11-29 at 6:47 am

    དེང་སང་གི་སྤྲུལ་སྐུ་ངོས་འཛིན་ལ་ཡིད་ཐང་འཆད་སོང་ ད་སངས་རྒྱས་ཀྱི་ས་ལ་འགོད་ཐུབ་མཁན་ཞིག་ཡོད་ན་ཁྱི་ཞིག་ཡིན་ནའང་སྙིང་ནས་དད་པ་དང་ཡིད་ཆེས་ཡོད་དེ་མིན་ལྟ་ཙམ་བྱེད་པ་ལས་བླ་ཆེན་སུས་ངོས་ལེན་ཡི་གེ་ཡོད་ཀྱང་ངས་ནི་དེ་སངས་རྒྱས་ཀྱི་བསྟན་པ་ཤིག་མཁན་ཞིག་ལས་གཞན་མིན།།

  15. པད་རྣམ། says:
    2015-11-29 at 10:21 am

    ༡, གློག་བརྙན་འཁྲབ་མཁན་འདི་འདྲ་སྤྲུལ་སྐུར་ངོས་འཛིན་བྱེད་མཁན་ལ་སྒོར་མོ་ཅུང་ཙམ་རག་ན་ཐང་། དེ་གལ་ཆེན་པོ་མ་རེད། གཙོ་བོ་དེ་ལ་བརྟེན་ནས་བོད་ཀྱི་ནང་ཆོས་དང་། ཞོར་དུ་བོད་ཀྱི་རིག་གཞུང་་དེ་རྒྱ་མིའི་སྤྱི་ཚོགས་སུ་དེ་ལས་ལྷག་པའི་ཁྱབ་བསྒྲགས་ཤིག་འགྲོ་གི་རེད། དེའི་རིན་ཐང་གཅིག་བྱས་ན་སྒོར་མོ་དེ་ལས་ལྡབ་མང་པོས་ཆེ་གི་རེད། དེ་འགྲིག་གི་མི་འདུག འདི་འགྲིག་གི་མི་འདུག་ཟེར་ནས་མགོ་རུམ་ལ་བསྡུས་ནས་གཞན་ལ་ཁ་བཏང་ནས་འདུག་པ་ལས་བསམ་བློ་ཆེ་ཙམ་ཞིག་བཏང་ན་མི་ལེགས་སམ།

    ༢། ང་ཚོས་ང་ཚོའི་ནང་ཆོས་དེ་ངོ་མ་ཇི་ལྟ་བུ་ཞིག་ཡིན་ཚུལ་གཅིག་པོ་བཤད་ནས་འདུག མི་ལ་ཆོས་ཇི་ལྟ་བུ་དགོས་ཀྱི་ཡོད་པ་ལ་བསམ་བློ་མི་གཏོང་། རྒྱ་ནག་མི་མང་ལ་དགོས་པའི་ཆོས་དེ་ང་ཚོ་དང་གཅིག་པ་གཅིག་རྐྱང་ཡིན་དགོས་ཨེ་ཡོད། ཁོ་ཚོ་ལ་ཆོས་ཇི་ལྟ་བུ་ཞིག་དགོས་པ་ཁོ་ཚོས་ཤེས། ང་ཚོས་ཁོ་ཚོ་ང་ཚོ་དང་མི་འདྲ་བའི་མི་རིགས་ཁ་ཁ་རེད། སྐད་རིགས་ཁ་ཁ་རེད། སྲོལ་རྒྱུན་ཁ་ཁ་རེད་ཅེས་ནས་བཤད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་ཁོ་ཚོ་ལ་དགོས་པའི་ཆོས་ཀྱང་ང་ཚོ་ལས་མ་འདྲ་བ་ཞིག་ཡིན་ན་སྐྱོན་ཅི་ཡོད་པ་རེད།

    ༣། མི་རིགས་གཞན་ཞིག་ལ་ནང་ཆོས་སྤེལ་དུས་ང་ཚོའི་ཆོས་དང་ཁྱད་པར་ཅུང་ཙམ་རེ་ཤོར་ན་ཐང་། དེ་ལ་སྐྱོན་ཅི་ཡོད། ང་ཚོའི་ཆོས་འདི་ཡང་སྟོན་པ་ཤཀྱ་ཐུབ་པའི་ཆོས་ཇི་མ་ཇི་བཞིན་ཨེ་ཡིན། སྤྲུལ་སྐུ་བཙལ་རྒྱུ་འདི་ཡང་ང་ཚོའི་གསར་བཏོད་ཅིག་མ་ཡིན་ནམ། ང་ཚོས་ནང་ཆོས་དེ་རང་འདོད་དང་མཐུན་པ་ཞིག་ཏུ་བསྒྱུར་ཆོག གཞན་གྱིས་དེ་ལྟར་བྱས་མི་ཆོག་ཟེར་བ་འདི་འདྲའི་ཁ་དབང་ང་ཚོ་ལ་སུས་བྱིན་པ་རེད།

  16. ཨ་ཁུ་ནོར་བུ་ says:
    2015-11-29 at 11:06 am

    དིང་སང་དེ་འདྲ་གང་ས་གང་ལ་འདུག་པས་ཧང་སངས་དགོས་དོན་མེད། རང་གི་དགོན་པར་བཞུགས་ནས་ཆོས་མ་གནང་བར་གང་ས་གང་ལ་འགྲོ་མཁན་གྲཱ་ཆས་གོན་པ་ཚང་མ་ཆེ་ཆུང་མ་ཏོག་རེ་བ་གཅིག་པ་རེད། ཁོང་ཚོས་གཉེར་བའི་ཆོས་ཚོགས་ནི་དོན་དུ་ཚོང་ཁང་རང་རེད། ཁོང་ཚོའི་ཚོང་ཟོག་ནི་སངས་རྒྱས་ཀྱི་གསུང་དང་དགོངས་པ་རེད། གྲཱ་ཆས་གོན་པའི་ཚོང་པ་དེ་འདྲ་རྒྱ་ནག་གཅིག་པོ་མིན་པར་གང་ས་གང་ལ་མཐོང་ཡས་ཡོད།

  17. རྟ་བདུན་དབང་བོ says:
    2015-11-29 at 1:36 pm

    རྒྱ་རྒན་གློག་བརྙན་འཁྲབ་མཁན་དེར་སྤྲུལ་སྐུ་ཞིག་གི་མིང་བཏགས་ཡོད་པ་རེད་དམ། ཤེས་མཁན་ཡོད་ན་གསུང་རོགས་ཞུ། །

  18. རྟ་བདུན་དབང་བོ says:
    2015-11-29 at 2:13 pm

    ཁྱེད་རང་ཚོས་གང་བྱེད་ཀྱང་ཁ་ཡ་མི་བྱེད་ཐག་ཆོད་ཡིན། དེང་དུས་རྒྱ་ནག་གཅོའི་ནུབ་ཕྱོགས་ལུང་བ་ཚང་མ་འདི་འདྲས་ཁེངས་ཡོད་པ་རེད། འོན་ཀྱང་འདི་ནི་གསར་དུ་ཐོན་པ་ཞིག་མ་རེད། སྔོན་ནས་བོད་ཡུལ་ན་ཡོད་པ་རེད། མི་ལའི་རྣམ་ཐར་ལ་ལྟོས་དང་ཤེས་ཐུབ། རྗེ་བཅུན་མི་ལ་ནི་གྲུབ་པ་ཐོབ་པའི་གང་ཟག་ཁྱད་པར་བ་ཞིག་ཡིན། སྐུ་ཚེ་གང་བོར་དཀའ་ཐུབ་བཅད་པ་རེད། རྗེས་སུ་གྲུབ་པ་ཐོབ་ནས་ཀྱང་དཔལ་འབྱོར་ཧ་ཅང་ཞན་པོ་རེད། དེ་ནི་བོད་པ་ཚོ་ཁྲ་ཁྲ་ཟང་ཟིང་ལ་དགའ་བས་རེད། ཆོས་ལུགས་གཤའ་མ་བྱེད་མཁན་དོན་གྱི་རྣལ་འབྱོར་བ་ཚོ་བོད་པ་ཚོའི་མིག་ལ་ཐོགས་ཀི་མ་རེད། དེ་དང་དེ་བཞིན་འཛམ་གླིང་མི་མང་གི་མིག་ལམ་ལའང་ཁྲ་ཁྲ་ཟང་ཟིང་མཛེས་པ་ལས་དོན་ཀྱི་ཆོས་པ་ཚོ་མཛེས་ཀི་མ་རེད། འདི་ནི་སུ་ཞིག་གིས་བསྒྱུར་བཅོས་བྱེད་ཐུབ་ཀྱི་མ་རེད། རྒྱུ་མཚན་ནི་བོད་ཀྱི་བླ་ཆེན་ཡོད་དོ་ཅོག་ཁྲ་ཁྲ་ཟང་ཟིང་གི་ངང་མི་ཆེ་བསྐྱལ་གྱི་ཡོད་པས་རེད། །

  19. ཀརྡོ་གཉེར་ཕྱག་པ་ says:
    2015-11-29 at 2:47 pm

    ཤཀྱའི་བསྟན་པ་འོ་མའི་རྒྱ་མཚོའི་ནང་། །
    དཔག་བསམ་ལྗོན་ཤིང་དཔག་མེད་འཛུག་མཁན་གྱི། །
    ཀུན་ལས་ལྷག་པའི་བླ་མའི་ཆོས་ལུགས་ཤིག །
    ཆེན་པོ་བོད་ཀྱི་ཡུལ་དུ་དར་བར་རེད། །

    ཆོས་གོས་རྣམ་གསུམ་གྱོན་ནས་ཆོས་སྤེལ་ཤིང་། །
    དགེ་འདུན་འགའ་རེས་སྔགས་འཆང་གཟུགས་བཟུང་ནས། །
    སངས་རྒྱས་བྱང་སེམས་ཟེར་བའི་སྤྲུལ་སྐུ་འགའ། །
    ཆེན་པོ་བོད་ཀྱི་ཡུལ་དུ་བྱུང་བ་རེད། །

  20. ཀརྡོ་གཉེར་ཕྱག་པ་ says:
    2015-11-29 at 2:53 pm

    རྗེས་འབངས་ཉེར་ལྔ་ལ་སོགས་གྲུབ་ཐོབ་དང་། །
    མར་མི་དྭགས་པོ་ལ་སོགས་བཀའ་གྲུབ་སོགས། །
    འབྲོམ་སྟོན་ལ་སོགས་བཀའ་གདམས་མེས་པོ་དང་། །
    ས་པཎ་ལ་སོགས་བཀའ་བརྒྱུད་གོང་མ་སོགས། །
    བླ་མ་ཙོང་ཁ་ལ་སོགས་འཇམ་དབྱངས་དངོས། །
    སྐྱེས་ཆེན་དམ་པ་མང་པོ་བྱོན་པ་ལེགས། །

  21. ཀརྡོ་གཉེར་ཕྱག་པ་ says:
    2015-11-29 at 2:56 pm

    དིང་སང་སྤྲུལ་སྐུ་ཡིན་ཡང་བླ་མ་མིན། །
    བླ་མ་ཡིན་ཡང་སྤྲུལ་སྐུའི་མིང་མེད་པ། །
    སྐྱེས་ཆེན་དམ་པ་མང་པོ་འཁྲུངས་ཤིང་འདས། །
    ལྔ་བརྒྱའི་མཐའ་མའི་རང་རྟགས་བསྟན་ན་ཡང་། །
    ཐུབ་པའི་བསྟན་པ་ད་དུང་རྒྱས་ཤིང་དར། །

  22. ཀརྡོ་གཉེར་ཕྱག་པ་ says:
    2015-12-01 at 2:24 am

    ངས་མི་ཤེས་པའི་རྒྱ་སྐད།
    https://www.facebook.com/leqiaje/videos/1741562712731319/

  23. ཀརྡོ་གཉེར་ཕྱག་པ་ says:
    2015-12-01 at 6:44 am

    ༧གོང་ས་མཆོག་གི་ཡང་སྲིད་ལ་ཐེ་གཏོགས།
    བོད་ཀྱི་དུས་བབ། ༡༦:༤༡ རིག་པ། (༠)
    རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཀྲུའུ་ཝེ་ཆིན་ཟེར་བ་དེས་༧གོང་ས་མཆོག་གི་ཡང་སྲིད་གནད་དོན་ལ་རྒྱ་ནག་གཞུང་གིས་བློས་གཏོང་ནམ་ཡང་བྱ་རྒྱུ་མིན་སྐོར་བརྗོད་འདུག

    ༡༢༢༢༢༢ཁ་སང་རོའུ་ཊར་གསར་ལམ་སྟེང་རྒྱ་ནག་གཞུང་གི་མཐོ་རིམ་དཔོན་རིགས་ཤིག་གིས་ཏཱ་ལའི་བླ་མ་མཆོག་དང་། བོད་དོན་རྒྱབ་སྐྱོར་པས་ཏཱ་ལའི་བླ་མ་སྐུ་སྒེར་ལ་སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་འགན་དབང་ཡོད་པ་ལས། རྒྱ་ནག་གཞུང་ལ་ཐེ་ཇུས་བྱེད་དབང་མེད་པའི་སྐྱོན་བརྗོད་བྱས་དང་བྱེད་བཞིན་ཡོད་ཀྱང་། ང་ཚོས་མ་འོངས་པར་གོ་སྐབས་དམ་འཛིན་བྱས་ནས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་གནད་དོན་ཐད་བློས་གཏོང་ནམ་ཡང་བྱ་རྒྱུ་མིན་ཞེས་ཕྱིར་བསྒྲགས་བྱས་འདུག

    རྒྱ་གར་ཧིན་རྡུ་སི་ཐན་དུས་བབ་ཀྱིས། ཉེ་བའི་ལོ་ཤས་ནས་བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་དང་ཆོས་མེད་སྨྲ་བའི་རྒྱ་ནག་དམར་ཤོག་རིང་ལུགས་དབར་སུ་ལ་སྐུའི་ཡང་སྲིད་གནད་དོན་ཐག་གཅོད་བྱེད་དབང་ཡོད་མེད་ཐད་རྩོད་གླེང་ཤུགས་ཆེ་འབྱུང་བཞིན་ཡོད་སྟབས། ད་ལྟ་བོད་རིགས་ཚོས་རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་གནད་དོན་ཁ་ལ་འཁྱེར་ཏེ། ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་ཐུབ་ཐབས་བྱས་ནས་བོད་བརྒྱུད་ནང་བསྟན་ཁ་བྲལ་གཏོང་རྒྱུའི་ངན་བྱུས་གཤོམ་བཞིན་ཡོད་པར་ཞེད་སྣང་དང་། རྒྱ་ནག་གཞུང་གིས་འཆར་གཞི་འདྲ་མིན་འདིང་ནས་དམིགས་ཡུལ་དེ་བསྒྲུབ་རྒྱུར་རྩོད་ལེན་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད་ཅེས་དང་། ༧གོང་ས་མཆོག་གིས་ངོས་ཀྱི་སེམས་ཁྲལ་ཆེ་ཤོས་བྱ་ཡུལ་ནི་རྒྱ་ནག་གཞུང་གིས་ལམ་ལུགས་གསར་བཟོ་བྱས་ཏེ། ངོས་ཀྱི་ཡང་སྲིད་ངོས་འཛིན་བྱ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་པ་དེ་རེད། ཅེས་གསུངས་ཡོད་སྐོར་ཡང་བརྗོད་འདུག

    རོའུ་ཊར་གསར་ལམ་གྱིས་རྒྱ་ནག་གི་གྲངས་ཉུང་མི་རིགས་ཆོས་ལུགས་ལས་དོན་ལྷན་ཁང་གི་འགན་འཛིན་ཀྲུའུ་ཝེ་ཆིན་ཟེར་བ་དེས། རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་ཐོག་སྤེལ་བའི་ཆེད་བརྗོད་རྩོམ་ཡིག་ཞིག་གི་ནང་དོན་ཁག་ཅིག་ལུང་འདྲེན་བྱས་པའི་ནང་། རྒྱ་ནག་དབུས་གཞུང་གིས་ཏཱ་ལའི་བླ་མའི་སྐུའི་ཡང་སྲིད་གནད་དོན་ཐག་གཅོད་ཐུབ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཁ་བྲལ་བའི་འཐབ་རྩོད་ལས་རྒྱལ་ཁ་འཐོབ་པ་བྱ་རྒྱུ་ཡིན། ཡང་སྲིད་གནད་དོན་ནི་ཆོས་ལུགས་རྐྱང་པ་དང་ཏཱ་ལའི་བླ་མའི་སྐུ་སྒེར་གྱི་ཐོབ་ཐང་ཙམ་མིན་པར། བོད་ཀྱི་གལ་འགངས་ཆེ་ཤོས་ཀྱི་ཆབ་སྲིད་གནད་དོན་དང་། རྒྱ་ནག་དབུས་གཞུང་གིས་བོད་ཀྱི་བདག་དབང་ལ་ཁ་ལོ་བསྒྱུར་མིན་གྱི་གལ་ཆེན་གྲུབ་ཆ་ཞིག་ཆགས་ཡོད་པ་རེད། ཏཱ་ལའི་བླ་མ་མཆོག་ནི་བོད་ཀྱི་སྲིད་སྐྱོང་གཙོ་བོ་དེ་ཡིན་པར་བརྟེན། ཁོང་གི་མཚན་གནས་སུ་ལ་བྱུང་བ་ཡིན་ན་དེས་བོད་ཀྱི་ཆབ་སྲིད་སྐྱོང་རྒྱུ་ཡིན་སྟབས། འདས་པ་ནས་བཟུང་རྒྱ་ནག་དབུས་གཞུང་གིས་ཁོང་གི་ཡང་སྲིད་གནད་དོན་སྐོར་ལ་བློས་གཏོང་བྱས་མྱོང་མེད་ལ། མ་འོངས་པར་ཡང་བྱ་མི་སྲིད། འདི་ནི་ཡུལ་ཁྲིམས་དང་མཐུན་པ་ཞིག་ཡིན་སྟབས། གནད་དོན་འདི་ལ་ཐེ་གཏོགས་བྱེད་མཁན་གྱི་གཞུང་དེ་ཆོས་ལུགས་ལ་དད་ཞེན་ཡོད་མེད་དང་འབྲེལ་བ་གང་ཡང་མེད། ཅེས་བརྗོད་འདུག

    རྒྱལ་སྤྱིའི་གསར་ལམ་ཁག་ཅིག་གིས། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་ཤོག་ཚོགས་པས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས། ༧གོང་ས་མཆོག་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་ནས་བོད་ཀྱི་བདེན་པའི་འཐབ་རྩོད་གནང་བ་དེར་རྒྱ་གཞུང་གིས་རྒྱལ་ཁབ་ཁ་བྲལ་གཏོང་གི་ཡོད་པའི་འཁྱོག་བརྗོད་བྱས་ཏེ། སྐྱོན་འཛུགས་བྱས་དང་བྱེད་མུས་ཡིན་ཡང་། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཁོང་གིས་གཉིས་ཕན་དབུ་མའི་ལམ་གྱི་བཞེངས་ཕྱོགས་མུ་མཐུད་བཟུང་གནང་སྟེ། རྒྱ་ནག་གཞུང་དང་འདུམ་འགྲིག་གནང་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཡོང་ཐབས་ལ་ཐུགས་བརྩོན་གནང་བཞིན་ཡོད། ཡིན་ནའང་། ད་བར་རྒྱ་ནག་གཞུང་གིས་བཟང་ཕྱོགས་ཀྱི་བརྡ་ལན་གང་ཡང་སྤྲད་མེད་པ་མ་ཟད། ད་ལྟ་སྐུའི་ཡང་སྲིད་གནད་དོན་ལའང་ཐེ་གཏོགས་བྱེད་མགོ་བཙུགས་ཏེ། དེ་སྔོན་༧གོང་ས་མཆོག་གིས་ཏཱ་ལའི་བླ་མའི་མཚན་གནས་ཁོང་དང་མཉམ་དུ་མེད་པ་ཆགས་སྲིད་པ་ཞིག་ཡིན་གསུངས་པར། རྒྱ་ནག་གཞུང་གིས་ཁོང་སྐུ་སྒེར་ལ་ཐག་གཅོད་དེ་ལྟ་བུ་བྱེད་དབང་མེད་ཚུལ་བརྗོད་དེ། བོད་ཀྱི་ཆབ་དཔལ་རིག་གཞུང་དང་བཅས་པའི་གནའ་རབས་རིག་གཞུང་ལ་ནག་གསུབ་གཏོང་བཞིན་ཡོད་སྐོར་གྱི་སྐྱོན་བརྗོད་ཞུས་ཡོད་ལུགས་སོགས་བརྗོད་འདུག
    གསར་འགོད་པ། དོན་གྲུབ།

  24. ཀརྡོ་གཉེར་ཕྱག་པ་ says:
    2015-12-01 at 6:48 am

    ་་་་་་་་་་ རྒྱང་མིག
    དེང་སྐབས་དྲ་ལམ་དང་གསར་འགྱུར་བརྒྱུད་ལམ་ཁག་ནང་ཁྱབ་ཀྱིན་པའི་གནས་ཚུལ་ཆེན་པོ་ཞིག་ནི། དངུལ་སྒོར་དང་སྦྱིན་བདག་གི་ངོ་སོ་འབའ་ཞིག་སྲུང་མཁན་གྱི་བོད་བླ་ཁག་ཅིག་གིས་རྒྱ་རིགས་འབྱོར་ལྡན་ཅན་དང་གློག་བརྙན་འཁྲབ་མཁན་རིགས་ལ་ཅི་དགར་སྤྲུལ་སྐུའི་མིང་ཆེན་རེ་བཏགས་ཏེ་བོད་བརྒྱུད་ནང་བསྟན་ལ་མཚན་ཤས་ངན་པ་བཟོ་བཞིན་ཡོད་པ་དེ་རེད། ་་་་་་་་་་་

  25. ཀརྡོ་གཉེར་ཕྱག་པ་ says:
    2015-12-01 at 6:50 am

    ་་་་་་་་་་་ ཡང་སྲིད་གནད་དོན་ནི་ཆོས་ལུགས་རྐྱང་པ་དང་ཏཱ་ལའི་བླ་མའི་སྐུ་སྒེར་གྱི་ཐོབ་ཐང་ཙམ་མིན་པར། བོད་ཀྱི་གལ་འགངས་ཆེ་ཤོས་ཀྱི་ཆབ་སྲིད་གནད་དོན་དང་། རྒྱ་ནག་དབུས་གཞུང་གིས་བོད་ཀྱི་བདག་དབང་ལ་ཁ་ལོ་བསྒྱུར་མིན་གྱི་གལ་ཆེན་གྲུབ་ཆ་ཞིག་ཆགས་ཡོད་པ་རེད། ཏཱ་ལའི་བླ་མ་མཆོག་ནི་བོད་ཀྱི་སྲིད་སྐྱོང་གཙོ་བོ་དེ་ཡིན་པར་བརྟེན། ཁོང་གི་མཚན་གནས་སུ་ལ་བྱུང་བ་ཡིན་ན་དེས་བོད་ཀྱི་ཆབ་སྲིད་སྐྱོང་རྒྱུ་ཡིན་སྟབས། ་་་་་་་་་་་་་་

  26. ཀརྡོ་གཉེར་ཕྱག་པ་ says:
    2015-12-02 at 1:21 am

    བོད་བརྒྱུད་ནང་བསྟན་ལ་དད་མཁན་ཚོས། བོད་བརྒྱུད་ནང་ལ་མཚན་དམོད་བཟོ་མཁན་ཚོ། ཟུར་དུ་བཏོན་ནས། ཕོ་རོག་དཀར་པོ་བཟོ་གང་ཐུབ་བྱེད་དགོས། དེས་ཀྱང་བསྟན་པ་འཛིན་སྐྱོང་སྤེལ་བ་ཕན་ཐོག་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme