Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚ་ཡུལ་ལ་ཁ་བ་འབབ་རྒྱུ་མེད་པ་མ་ཤེས་སམ།

Posted on 2015-11-232015-11-24 By ཁ་བརྡ 7 Comments on ཚ་ཡུལ་ལ་ཁ་བ་འབབ་རྒྱུ་མེད་པ་མ་ཤེས་སམ།

སྤྱན་ཆེན་པོ།

 
དབྱངས་ཅན་མའི་གསང་ལམ་འགྲིམ་པའི་སྤྱན་སྨྱོན་པ
ཟབ་བརྟན་གྱི་ཐ་སྙད་ལྕི་མོ་དེ་ཕྲག་ལ་འཁུར་བཞིན
སེམས་ཀྱི་ལོངས་སྤྱོད་དུ་གྱུར་བའི
གླེགས་བམ་མཐུག་པོ་དེ་མེ་ལ་བསྲེགས་ནས
ཁྱོད་ཀྱིས་མཚན་ངོགས་ནས་རྡོག་ལམ་ཞིག་བཙལ་མོད
རྣམ་ཤེས་ལ་ཁ་དོག་མེད་པའི་གཏན་ཚིགས་ལས
རང་ཉིད་ལ་འགྲེལ་བཤད་གསར་བ་ཞིག་རྙེད

འོན་ཀྱང སེམས་ཀྱི་གཏིང་དུ་བྲིས་པའི་རི་མོ་དེའི་འགུལ་སྟངས་ལས
རང་ཉིད་ལོ་མའི་འོག་གི་བཙོན་ཁང་དེའི་ནང་ན་ཡོད་པ་རྟོགས

ལུས་ཀྱི་ཚོར་རེག་གིས་མི་ཟིན་པའི་མདའ་རྩེ་གསུམ་པོ
ཁྱོད་ཀྱི་མཁའ་དབྱིངས་ནས་ཡང་ཡང་འཁོར་དུས
ཁ་མིག་གི་ར་བ་འདྲ་བའི་འཚོ་གནས་ཀྱི་བར་གླགས་ནས
སྤྱན་སྨྱོན་པ ཁྱོད་ནི་ཅི་འདྲའི་ནུས་མེད་ཅིག་རེད་འང

སེམས་ཀྱི་མཐིལ་དུ་མི་ཤོང་བའི་ནང་ཁྲོལ་གྱི་ཚོགས
ཆར་རླུང་ཁྲོད་ཀྱི་དར་ལྕོག་བཞིན་ཕ་གའི་ཉག་ག་ནས་འཕྱོ་དུས
དབྱངས་རྟ་རྙིང་པ་ཞིག་གི་ཁྲོད་ན་ཁ་བར་སྒུག་པའི་སྤྱན་སྨྱོན་པ
ཚ་ཡུལ་ལ་ཁ་བ་འབབ་རྒྱུ་མེད་པ་མ་ཤེས་སམ

༢༠༡༥-༡༡-༢༣

སྙན་ངག

Post navigation

Previous Post: དགའ་རོགས་ལ་བསྩལ་བའི་མདོ་སྡེ་གསེར་གྱི་ཕུག་མ།
Next Post: དབང་རྟུལ་དད་པའི་རྗེས་འབྲང་མིན་པར་དབང་རྣོན་ཆོས་ཀྱི་རྗེས་འབྲང་བྱེད་དགོས་པ་རེད།

Comments (7) on “ཚ་ཡུལ་ལ་ཁ་བ་འབབ་རྒྱུ་མེད་པ་མ་ཤེས་སམ།”

  1. གངས་ཕྲུག། says:
    2015-11-23 at 10:20 am

    ཚིག་མཚམས་དང་ཚིག་མཐར་ཚེག་གམ་ཤད་དགོས་པ་མ་ཤེས་སམ།

  2. སྤྱན་ཆེན་པོ། says:
    2015-11-23 at 10:49 am

    ཧ་ཧ་་་་་་རང་མོས་སྙན་ངག་ལ་གོམས་འདྲིས་སོང་མེད་མཁན་ཞིག་ཡིན་ན་ལན་མེད།

  3. ཁྱུང་སེ། says:
    2015-11-23 at 1:06 pm

    ༼ལུས་ཀྱི་ཚོར་རེག་གིས་མི་ཟིན་པའི་མདའ་རྩེ་གསུམ་པོ༽
    ལུས་ཀྱི་ཚོར་རེག་གིས་མ་ཟིན་པའི་མདའ་རྩེ་གསུམ་པོ
    འདི་ལྟར་བྲིས་ན་མི་སྙན་ནམ། རང་མོས་ཀྱིས་འབྲི་རྒྱུ་ཡིན་ན་བསམ་འཆར་མེད།

  4. སྐལ་ཚེ། says:
    2015-11-23 at 1:27 pm

    རང་མོས་སྙན་ངག་ལ་ཚིག་དང་ཤད་མེད་པ་ཞིག་ཧཧཧ།

  5. གངས་ཕྲུག། says:
    2015-11-23 at 5:18 pm

    བོད་ཀྱི་བརྡ་དག་གི་གཞུང་ལུགས་དང་མི་མཐུན་པའི་རང་མོས་སྙན་ངག་འདི་དག་མི་ལེགས། བོད་ཀྱི་རིག་གནས་ཚད་ལྡན་ཞིག་ཡིན་ན་བོད་ཀྱི་རིག་གནས་ཀྱི་རིག་པའི་གཞུང་ལུགས་དང་མི་འགལ་བ་དགོས་རྒྱུ་ནི་གནད་ཆེའོ།

  6. མྱི་དཀར says:
    2015-11-24 at 10:37 pm

    དབྱངསཅནམའིགསངལམམགྲིནཔའིསྤྱནསྤྱོནཔ
    རང་མོས་སྙན་ངག་ལ་ཚེག་ཀྱང་མེད།
    ཧཧཧ།

  7. སྤྱན་ཆེན་པོ། says:
    2015-11-25 at 10:54 am

    ཧ་ཧ་ཧ་་་་མྱི་དཀར་ལགས། རང་མོས་སྙན་ངག་ཕྱོགས་ཀྱི་བློ་སྦྱོང་མེད་ན་དེའི་རྒྱུ་མཚན་བཤད་རུང་ཁྱོས་གོ་ནི་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme