Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱི་འཐུས་ཀྱིས་དངོས་གཞིའི་འོས་བསྡུའི་ལས་རིམ་ནང་ཆ་ཤས་ལེན་དགོས་པའི་ཀ་བཤད།

Posted on 2015-11-212015-11-21 By ཁ་བརྡ 15 Comments on སྤྱི་འཐུས་ཀྱིས་དངོས་གཞིའི་འོས་བསྡུའི་ལས་རིམ་ནང་ཆ་ཤས་ལེན་དགོས་པའི་ཀ་བཤད།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།

 
ཀ་ཡེ་གསོན་དང་འོས་འཕེན་རྒྱ་ཆེའི་མི་མང་ཚོ།།
ཁ་སྙན་མགོ་བསྐོར་ཕྱོགས་ཞེན་འོག་ཏུ་ཚུད་མི་ཉན།།
གང་དུ་ཡོད་ཀྱང་མང་གཙོའི་ཐོབ་ཐང་འོས་ཤོག་འཕེན།།
ང་ཡིན་ཁོ་ཡིན་ཕོ་རྒོད་མང་བས་བརྟག་ན་དགའ།།
བཅའ་ཁྲིམས་ནོར་བུ་མང་གཙོའི་སྲོག་རྩ་བསྲུང་ན་དགའ།།
ཆོལ་ཁ་ལུང་ཚན་ཚོགས་སྐྱིད་ཕྱོགས་ཞེན་མང་གཙོའི་གེགས།།
ཇ་ཆང་ངོ་གསོའི་མང་གཙོའི་ཐོབ་ཐང་ཤོར་མི་ཉན།།
ཉམ་ཆུང་མི་མང་ཆབ་སྲིད་གོ་རྟོགས་སད་ལ་རེམ།།
ལྟ་བ་ལང་ཕྱོགས་བརྟན་པོ་བཟུང་ནས་འོས་ཤོག་འཕེན།།
མཐའ་མའི་ཐག་གཅོད་མང་གཙོའི་འོས་ཤོག་མི་མང་ལག །
དོན་མེད་དཀྲོག་གཏམ་ཕྱོགས་གཏོགས་འགན་ཁུར་སྤྱི་ཚོགས་དཀྲུགས།།
ན་ཆུང་འཕྱོར་མེད་ཁྲོམ་ར་འགྲིམས་འདྲའི་འོས་མི་མང་།།
པ་ཕ་ཨ་མ་གོ་བསྡུར་གནང་ནས་འོས་ཤོག་འཕེན།།
ཕ་མ་བུ་ཕྲུག་བསམ་ཚུལ་མཐུན་ནས་འོས་ཤོག་འཕེན།།
བ་ཕྱུགས་བསམ་མེད་ར་བསྡུར་འདྲ་བའི་ཁ་རྩོད་མང་།།
མ་རབས་བྱ་བ་ཤེས་བྱར་ངོམ་ནས་རང་མིང་བསྒྲགས།།
རྩ་བ་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་བཅའ་སྒྲིག་འོག །
ཚ་གྲང་ཇི་བྱུང་མང་གཙོའི་ཐག་གཅོད་གཙུག་ཏུ་བཀུར།།
རྫོགས་རྒྱུ་མེད་པའི་གཏམ་འཆལ་སྤེལ་མཁན་དྲ་འབུ་མང་།།
ཝ་སྤྱང་དམར་པོ་རི་ཟུར་འགྲིམས་ནས་ར་ལུག་རྔམས།།
གཞིས་ཆགས་ལུང་ཁུག་ཆབ་སྲིད་རྨོངས་ནས་ཕྱོགས་ཞེན་བསླུས།།
ཟ་ང་ཟིང་ངེའི་དཀྲོགས་གཏམ་སྤེལ་ནས་འོས་འགྲན་མང་།།
འོས་ཤོག་ཐོབ་པའི་རེ་བ་ཆུང་ཡང་ཧམ་བཤད་མང་།།
ཡ་རབས་སྤྱོད་བཟང་བོད་མིའི་གོམས་གཤིས་བརླག་ལ་ཉེ།།
རང་བཙན་དབུ་མའི་དམ་བཅའི་འོག་ནས་མི་མང་བསླུས།།
ལོ་རྒྱུས་དཔང་རྟགས་བཅའ་ཁྲིམས་ནང་དུ་རང་དབུ་མེད།།
ཤེས་པར་འདོད་ན་བཅའ་ཁྲིམས་གཟིགས་དང་ངོ་སྤྲོད་ཐུབ།།
ས་གནས་གང་དུ་འོས་ཤོག་འཕེན་ཀྱང་བཅའ་སྒྲིག་སྲུངས།།
ཧམ་བཤད་སྟོང་བཤད་འབྲུག་ལྟར་བསྒྲགས་ནས་འོས་ཤོག་འགྲན།།
ཨ་གསར་མ་མང་རང་ཚུགས་ཟིན་ནས་འོས་ཤོག་འཕེན།།

སྣ་ཚོགས།

Post navigation

Previous Post: ཨ་རིའི་གྲོས་ཚོགས་འཐུས་མིས་བོད་ལ་གཟིགས་སྐོར།
Next Post: མི་རབས་གསར་རྙིང་གི་ཁྱད་པར་གླེང་བ།

Comments (15) on “སྤྱི་འཐུས་ཀྱིས་དངོས་གཞིའི་འོས་བསྡུའི་ལས་རིམ་ནང་ཆ་ཤས་ལེན་དགོས་པའི་ཀ་བཤད།”

  1. བསམ་འཕེལ་ says:
    2015-11-21 at 9:02 pm

    སྤྱི་སེམས་ཆེ་མདོག་བྱེད་མཁན་རྩོམ་བྲིས་པ་དེས་རྫོགས་རྒྱུ་མེད་པའི་ཀ་བཤད་ཀྱི་མཐའ་མའི་གོ་དོན་དེ་གཤམ་གསལ་ཡིག་ཕྲེང་མཐའ་མ་དེ་རེད་
    ” ཨ་གསར་མ་མང་རང་ཚུགས་ཟིན་ནས་འོས་ཤོག་འཕེན།།”
    རྒྱུན་རིང་དོ་སྣང་བྱས་པའི་འཚོར་སྣང་ལ་་ཁོ་པའི་ཆབ་སྲིད་དེ་སྤྱི་འཐུས་ཚོགས་གཙོར་མི་དགའ་བ་དང་་མང་ཚོགས་ངོས ནས་ ” ཨ་གསར་མ་མང་” བར་ ” རང་ཚུགས ཟིན་ནས་” བྱང་ཀོ་རི་ཡེའི་འགོ་ཁྲིད་ཀིམ་ཇོང་ཡུས་དང་འདྲ་བའི་འཐེན་འཁྱེར་ཆེ་བས་བློ་སེང་ལ་”འོས ཤོག་འཕེན་”དགོས་པའི་གཡོ་ཇུས་དེ་རེད་
    མང་ཚོགས་ནས་གཟབ་དགོས་ན་ཁ་བདེ་པོ་དང་སྤྱི་དོན་འགན་འཁུར་ཡོད་མདོག་ཤོད་མཁན་མི་དེ་ལྟ་བུའི་ཁ་ལ་ཉན་རྒྱུ་གཟབ་དགོས་པ་གལ་ཆེའོ།

  2. སྐལ་ཚེ། says:
    2015-11-22 at 12:21 am

    གཞིས་ཆགས་ཀྱི་ཡིག་ཆ་རྒྱ་གར་གཞུང་ལ་དེབ་སྐྱེལ་གྱིས་སྲ་བརྟན་དགོས་ན་བློ་སེང་ལ་འོས་བླུག རང་གི་གང་འདོད་བཞིན་R.C དང་རྒྱ་གར་མི་སེར་གྱི་ལག་ཁྱེར་གཉིས་གདམས་ང་དགོས་ན་བློ་སེང་ལ། གཞིས་ཆགས་དང་གསར་འབྱོར་གཉིས་སུ་ཡིན་ཀྱང་ཚོང་རྒྱག་རྒྱུ་རིགས་ལ་དཀའ་ངལ་མི་དགོས་ན་བློ་སེང་ལ། གསར་འབྱོར་རྣམས་ལ་སྔར་བཞིན་R.Cབཟོ་རྒྱུ་ལ་དཀའ་ངལ་ལ་མི་འདོོད་ན་བློ་སེང་ལ། བོད་མི་སྒྲིག་འཛུགས་སྲ་བརྟན་དགོས་ན་བློ་སེང་ལ། རྒྱ་གར་གཞུང་གིས་ཆེ་མཐོང་དགོས་ན་བློ་སེང་ལ། སློབ་གྲྭ་ཁག་སྲ་བརྟན་དགོས་ན་བློ་སེང་ལ། ཕྱི་རྒྱལ་ཁག་གི་རོགས་དངུལ་དགོས་ན་བློ་སེང་ལ། སྤྱི་ཚོགས་ལྷན་འཇགས་སུ་འདོད་ན་བློ་སེང་ལ། ཕྱི་རྒྱལ་ཁག་ཏུ་བོད་མི་ཁ་ཐོར་རྣམས་རང་གཞུང་ལ་བརྩི་སྲུང་དགོས་ན་བློ་སེང་ལ། མདོར་ན་དབུ་མ་ལམ་དང་རང་བཙན་གང་ཡང་མ་རག་བར་དུ་བོད་མི་སྒྲིག་འཛུགས་འདི་ཡུན་རིང་གནས་འདོད་ཡོད་ན་བློ་སེང་ལ་འོས་བླུག།།

  3. ནད་མེད་ཚེ་རིང་། says:
    2015-11-22 at 5:03 am

    བཙན་བྱོལ་བོད་མི་སྒྲིག་འཛུགས་དང་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ལ་མདུན་དུ་འདོན་ནས་དངོས་སུ་ཁ་གཏད་བཅོག་མཁན་འགོ་འཁྲིད་ཅིག་དགོས་ན། བོད་མི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ཡག་པོ་དགོས་ན། བོད་རྒྱ་ཞི་མོལ་ཡོང་དགོས་ན། བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་དང་གཅེས་འཛིན་གནང་དགོས་ན། བོད་དོན་རྒྱབ་སྐྱོར་ཚོགས་པའི་ནུས་པ་གོང་མཐོར་དགོས་ན། ཕྱི་རྒྱལ་ཡུལ་གྲུ་ནང་བོད་རིགས་སྤྱི་མཐུན་ཚོགས་པའི་ནུས་པ་གོང་མཐོར་དང་སྲ་བརྟན་དགོས་ན། ཕྱི་རྒྱལ་གཞུང་དང་གྲོས་ཚོགས་ནས་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་དགོས་ན། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་འོས་ཤོག་འཕེན། རྒྱ་གར་གཞུང་ནས་གཞིས་ཆགས་ས་བརྟན་གྱི་ཡིག་ཆ་དང་སྐྱབས་བཅོལ་ལག་དེབ་ཨར་རི། བོད་ནས་གསར་དུ་འབྱོར་བ་རྣམས་ལ་རྒྱ་གར་ནང་སྡོད་རྒྱུ་དང་ཚོང་གཉེར་རྒྱུ་སོགས་༧གོང་ས་མཆོག་གི་བཀྲིན་ལ་བརྟེན་ནས་སྲིད་སྐྱོང་སུ་ཕེབས་ཀྱང་དཀའ་ངལ་སེལ་ཐུབ་རྒྱུ་ཡིན།

  4. སྐལ་ཚེ། says:
    2015-11-22 at 5:33 am

    བཙོན་བྱོལ་དུ་འབྱོར་ཏེ་ལོ་ངོ་དྲུག་བཅུ་སོང་ཡང་ངས་བཤད་པའི་དཀའ་ངལ་རྣམས་སེལ་མྱོང་མེད། དེ་ལས་ལྡོག་སྟེ་དཀའ་ངལ་ཆེ་རུ་བཏང་ཡོད། དཔལ་ལྡན་ཚོགས་གཙོ་ལགས་ལོ་ངོ་ཉི་ཤུ་ལྷག་ཕྱག་ལས་གནང་ཡང་དཀའ་ངལ་དེ་རྣམས་སེལ་བ་ལས་ལྡོག་སྟེ་སྦེར་མཇམ་དུ་བོད་རིགས་སྐྱབས་བཅོལ་བ་རྣམས་ཀྱི་ཡིག་ཆ་ནག་པོར་བསྒྱུར་བ་ལ་བལྟས་ན་ཤེས་ངེས།

  5. ནད་མེད་ཚེ་རིང་། says:
    2015-11-22 at 7:12 am

    སྐལ་ཚེ་ལགས། ཁྱེད་རང་ནས་གྲོས་ཚོགས་དང་འཛིན་སྐྱོང་བཀའ་ཤག་གཉིས་ཀྱི་ལས་འགན་གང་ཡིན་གསལ་པོ་ཤེས་ཀྱི་མེད་པ་འདྲ། སྤྱི་འཐུས་ཀྱི་ལས་འགན་གཙོ་བོ་ནི་ཁྲིམས་བཟོ་དང་འཛིན་སྐྱོང་ལ་སྟངས་འཛིན་བྱ་མཁན་ཡིན། བོད་རིགས་སྐྱབས་བཅོལ་བའི་དཀའ་ངལ་སེལ་རྒྱུ་ཐད་འགན་གཙོ་བོ་དེ་འཛིན་སྐྱོང་བཀའ་ཤག་གི་ལས་འགན་ཡིན་པ་ལས་སྤྱི་འཐུས་ལྷན་ཁང་དང་ཁྱེད་ནས་གསུང་པ་ལྟར་སྤྱི་འཐུས་ཚོགས་གཙོ་ནས་གནང་ཐུབ་མེད་ཞེས་སྐྱོན་བརྗོད་གནང་བ་ནི་བཀའ་སྤྱི་གཉིས་ཀྱི་འགན་དབང་མ་ཤེས་པས་རྟགས་ཡིན། སྦེལ་ཇེམ་བོད་རིགས་སྐྱབས་བཅོལ་བའི་དཀའ་ངལ་སེལ་ཐུབ་མེད་ན་བཀའ་ཤག་ནས་མ་ཇོན་པ་རེད་མ་གཏོགས་སྤྱི་འཐུས་ཚོགས་གཙོ་ནས་མ་ཇོན་པ་ཞིག་མིན་པ་གསལ་པོ་རེད། ད་ལྟའི་ཆར་སྦེལ་ཇེམ་ནང་བོད་རིགས་ཕལ་མོ་ཆེར་ཡིག་ཆ་ཐོབ་ཡོད་པ་དགོས་ཐོས་འདུག་པས་ཁྱེད་ནས་འདྲི་རྩད་ཡག་མོ་གནང་ནས་མཆན་བཏབ་ན་ལེགས། བཀྲིས་བདེ་ལེགས།

  6. སྐལ་ཚེ། says:
    2015-11-22 at 7:33 am

    ད་ཡང་ནད་མེད་ཀྱིས་ངའི་སྐད་ཆ་གོ་དོན་རྟོགས་མི་འདུག ཚོགས་གཙོས་སྦེར་མཇམ་གྱི་གཞུང་འབྲེལ་ལྟ་སྐོར་ཚོགས་པར་་མ་བཤད་དགུ་བཤད་ཀྱིས་བོད་རིགས་སྐྱབས་བཅོལ་བ་མང་པོར་ཡིག་ཆ་ནག་པོར་བསྒྱུར་ཡོད། དེ་རྗེས་བཀའ་ཤག་གིས་དོན་གཅོད་ལ་རོགས་རམ་གང་དྲག་གནང་དགོས་པའི་བཀའ་གནང་ཙམ་ད་ལྟ་སྦེར་ཇམ་དུ་སྐྱབས་བཅོལ་རྣམས་ཨའུ་ཙམ་ཆགས་ཡོད། རེད་ཁྱེད་ཀྱིས་གསུང་པ་ལྟར་ཚོགས་གཙོ་ནི་ཁྲིམས་བཟོ་འཛིན་སྐྱོང་ལ་སྟངས་འཛིན་བྱེད་མཁན་ཡིན་ཙ་ན་ཀླུ་མཁར་བྱམས་ལ་ལྡིང་ཆ་སྟེང་དུ་སྐད་ཆ་བཤད་ས་མེད་པའི་ཁྲིམས་བཟོས་འདུག ཉིན་གཅིག་ད་དུང་དྷ་སར་་་་་

  7. བསམ་འཕེལ་ says:
    2015-11-22 at 8:18 am

    ང་ཚོར་ཧོང་ཀོང་གི་གནས་བབས་ཀྱང་མི་དགོས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་ལ་དཱང་ལེན་བྱེད་ཡིན་ཟེར་བའི་ལངས་ཕྱོགས་ལ་མོས་མཐུན་ཡོད་ན་བློ་སེང་ཁྱིར་རྒན་ལ་འོས་འཕེན།

  8. བསམ་འཕེལ་ says:
    2015-11-22 at 8:36 am

    ཁ་སྙན་མགོ་བསྐོར་གཏོང་མཁན་གཙོ་གཏེས་ཁྱོད་རེད་དོ།
    དོན་མེད་དཀྲོག་གཏམ་ཕྱོགས་གཏོགས་འགན་ཁུར་སྤྱི་ཚོགས་དཀྲུགས་མཁན་ཁྱོད་རེད་དོ།
    རྫོགས་རྒྱུ་མེད་པའི་གཏམ་འཆལ་སྤེལ་མཁན་ཁྱོད་རེད་དོ།
    རང་ཉིད་ཕྱོགས་ལྷུངས་རྒྱལ་པོ་ཡིན་བཞིན་དུ།
    གཞན་དམ་ཆོས་བསླབ་བྱ་སྤེལ་བ་ངོ་རེ་ཚ།
    རང་སྐྱོན་རང་གི་མི་འཚོར་སྙིང་རེ་རྗེ།
    བྱིས་པའི་སྒྲུང་ནང་སྤྲེའིུ་རང་གཟུགས་ཡོངས་རྫོགས་མི་གཙང་བ་བགོས་པ་ཞིག་ལྟར་ཡིན་བཞིན་དུ་གཞན་གྱི་རྔ་མར་བགོས་པའི་བཙོག་པར་རྫུམ་མོ་བཙུགས་གླུ་ལེན་ཧུར་བཙོན་ཅན་པའི་རྒྱལ་པོའོ།
    གཞན་ལ་རྒྱབ་པའི་བསླབ་བྱའི་ཆ་ཤས་ཙམ་དང་པོ་སོ་སོས་ལག་ལེན་བསྟར།

  9. ནང་མེད་ཚེ་རིང་ says:
    2015-11-22 at 10:33 am

    སྐལ་ཚེ་ལགས། གནས་ཚུལ་དྲང་མོ་བཤད་རོགས། སྦེལ་ཇེམ་ནང་བོད་མི་སྐྱབས་བཅོལ་ཚོར་ཐོག་མར་ཡིག་ཆ་ནག་པོ་སྤྲད་པ་དེ་སྦེལ་ཇེམ་གྱི་སྔ་ས་ནས་བོད་མི་སྐྱབས་བཅོལ་བ་རྣམས་རྒྱ་གར་དང་བལ་ཡུལ་ནས་ཡིན་པ་མཁྱེན་གྱི་ཡོད་ནའང་། སྐྱབས་བཅོལ་ཞུ་མཁན་ནས་བོད་ནས་སླེབས་པ་ཡིན་ཞེས་བཤད་ཡོད་སྟབས་སྦེལ་ཇམ་གཞུང་ནས་ཐག་གཅོད་གནང་མ་ཐུབ་པར་ལོ་མང་ལུད་ཡོད། གནས་ཚུལ་དེ་ནི་སྐོུ་བཀྲིས་དབང་འདུད་ལགས་སྐབས་ཡིན་ཅིང་། ཁོང་ནས་སྦེལ་ཇེམ་གཞུང་ལ་བོད་མི་རྣམས་ལ་སྐྱབས་བཅོལ་ཐོབ་ཐང་སྤྲོད་གནང་ཡོད་བར་འབོད་སྐུལ་ཞུས་ཡོད་པ་མ་ཟད། སྐབས་དེར་བོད་མི་ཡིག་ཆ་ནག་པོ་ཪག་མཁན་རྣམས་ལ་སོ་སོ་གང་ནས་ཡོང་བ་ཡིན་པ་དེ་སྦེལ་ཇེམ་སྐྱབས་བཅོལ་གཞུང་ལ་དྲང་མོ་ཤོད་དགོས་པའི་ནང་དོན་གོ་བསྐྱོན་སློབ་གསོ་གནང་སྟབས་བོད་མི་སྐྱབས་བཅོལ་བ་མང་པོས་དེ་དེ་བཞིན་གནང་བར་བརྟེན་ནས་སྐྱབས་བཅོལ་ཡིག་ཆ་ཐོབ་ཡོད། ཁྱེད་ཀྱི་གསུང་སྟངས་ལ་བལྟས་ན་ད་ལྟའི་བཀའ་ཤག་གི་ཐབས་ཤེས་གནང་ནས་ཡིག་ཆ་ཐོབ་པ་ཡོད་པ་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ལགས་ནས་དགོག་རྐྱེན་བཟོས་ལུགས་གསུང་པ་ནི་བདེན་པ་མ་རེད། དེང་སང་སྦེལ་ཇེམ་ཙམ་མ་རེད་ཡུ་རོབ་རྒྱལ་ཁབ་མང་པོའི་ནང་སྐྱབས་བཅོལ་ཞུ་མཁན་ཐོག་དམ་དྲག་ཇེ་ཆེ་འགྲོ་བཞིན་པ་ནི་ཀུན་གསལ་རེད། བོད་ནང་ཡོང་བའི་བོད་རིགས་ནས་སྐྱབས་བཅོལ་ཞུ་ཚེ་བརྒྱ་ཆ་ ༩༠ ཐམ་སྐྱབས་བཅོལ་ཡིག་ཆ་ཐོབ་ངེས་རེད། དེ་མིན་གྲུང་འདྲ་མིན་བཤད་ནས་སྐྱབས་བཅོལ་ཞུ་མཁན་ཚོའི་གནས་སྟངས་ནི་བརྗོད་དཀའ་བ་ཡིན། ཡང་ཁྱེད་ནས་སྤྱི་འཐུས་སྤེན་པ་ལགས་ནས་ཀླུ་ཁར་བྱམས་ལ་ལྡིང་ཆ་སྟེང་སྐད་ཆ་བཤད་ས་མེད་པ་ཁྲིམས་བཟོས་འདུག་བཤད་པ་ནི་མགོ་མ་ཚོད་པའི་སྐད་ཆ་རང་རེད། སྤྱི་འཐུས་ཚོགས་གཙོ་ནི་གྲོས་ཚོགས་ཀྱི་ཚོགས་གཙོ་ཡིན་ནའང་དེ་འདྲ་དབང་ཆ་ཡོད་པ་མ་རེད། ཁྱེད་ཀྱི་བཤད་སྟངས་ལ་བལྟས་ན་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་ཡོད་མདོག་གིས་དོན་སྙིང་སྲིད་སྐྱོངས་བློ་སེང་ལགས་ཀྱི་ཕྱོགས་རྟོགས་ཡིན་པ་གདོན་མི་ཟ། སྐལ་ཚེ་ལགས་ཁུངས་མེད་དང་ཕྱོགས་ལྷུང་གི་སྐད་ཆ་དེ་འདྲ་མ་བཤད་རོགས། རྒྱུ་མཚན་བཀོད་ནས་བཤད་རོགས་ཞུ།

  10. ཇུང་ཏོག་ says:
    2015-11-22 at 10:33 pm

    ཀ་བཤད་པ་ཡི་ཀ་བཤད་བྲིས་།
    ཁ་བཤད་པ་ཡིའི་ཁ་ཚིག་མཆན་།
    གང་ནས་བལྟས་ཀྱང་དོན་གོ་ཆུང་།
    ང་ནི་སྤྱི་ཚོགས་དཀྲུགས་ལི་མིན་།

    ‘

  11. ཇུང་ཏོག་ says:
    2015-11-23 at 5:27 am

    ཅ་ཅོ་འར་འུར་བསྒྲོགས་མཁན་མང་།
    ཆ་འཇོག་མེད་པའི་འགན་འཁུར་མང་།
    ཇ་ནག་ཚ་མེད་འཐུང་མཁན་མང་།
    ཉ་རོ་རུལ་པ་ཟ་མཁན་མང་།

  12. རང་བཙན་བུ། says:
    2015-11-23 at 5:42 am

    ཀོ་གྷལ་གཞིས་མི་ཚེ་དབང་བསོད་ནམས་ཟེར་མི་ཞིག།
    ཁ་པོ་ཆེ་ལ་ལས་ཀ་མེད་པའི་དྲ་བུ་ཞིག།
    ག་དུས་ཡིན་ནའི་ཁ་བརྡའི་ནང་གི་འཁྱམ་པོ་ཞིག།
    ང་ཡིས་བལྟས་ན་སྤྱི་ཚོགས་དཀྲུག་མཁན་ངོ་མ་ཞིག།

  13. བསམ་འཕེལ་ says:
    2015-11-23 at 7:02 am

    ཀ་བཤད་མ་འབྲི་ཚེ་བསོད་ལགས།
    རང་སྐྱོན་མ་གསལ་ཚེ་བསོད་ལགས།
    མཁས་མདོག་མ་བྱེད་ཚེ་བསོད་ལགས།
    གཡོ་ཇུས་ས་རི་ཐང་བསལ་རེད།
    མི་མང་ཤེས་རྨོངས་མ་རེད་ཚེ་བསོད་ལགས།
    སྤྱི་སེམས་འགན་འཁུར་ཁྱེད་ལས་ལྷག་པ་མེད་ཁུལ་མ་བྱས་ཚེ་བསོད་ལགས།
    རང་མགོ་རང་གི་མ་རྡུང་ཚེ་བསོད།
    ཡ་རབས་ཚུལ་མཐུན་བྱས་ན་ཉན་པ་ན།
    རང་རྩོམ་རྒྱལ བའི་བཀའ་རེད་ཉམས་པའི་འཁྲུལ་སྣང་མ་བྱེད་ཚེ་བསོད་ལགས།
    འཁོན་འཛིན་མེ་ལྕེ་བར་བའི་སེམས་དེ་ནན་ཚེ་བསོད་ལགས།
    ཨེ་མ་ཧོ།་་ཨོམ་མ་ཎི་པད་མས་ཧུ།ཿ

  14. དྲང་བདེན says:
    2015-11-24 at 6:59 am

    བསམ་འཕེལ་
    མི་ཤེས་ན་ཤེས་མདོག་དང་ཤེས་ན་མ་ཤེས་མདོག་རུ་སྟོན་གང་བྱེད་ཤ་ཚ་
    སྤྱི་ཚོགས་མ་དཀྲུག་ནས་སྐད་ཆ་ལ་དྲོང་བདེན་ཞིག་ཡོད་པ་གལ་ཆེ
    རྒྱ་ནག་ད་ཡོད་ཀྱི་རྩ་ཁྲིམས་བསྒྲིགས་གཞི་ནང་ལ་བསྡད་ཡིན་གསུངས་མཁན་གོང་ས་མཆོག་རེད
    མ་ཟད་ད་ཡོད་རྒྱ་ནག་རྩ་ཁྲིམས་ནང་ལ་བོད་དེ་ཧོང་ཀོང་དང་ཨོ་མན་གྱི་གནས་བབས་ཞིག་མེད་པ་ལྐུག་པ་ཁྱོད་འདྲ་ཡིན་མ་གཏོགས་རྒྱ་ནག་རྩ་ཁྲིམས་ལ་རྒྱུད་མངའ་སྟེག་ཙམ་ཡོད་ན་ཤེས་སླ་བོ་ཡིན་པ མ་ཚད་བཀའ་བློན་ཁྲི་ཟུར་བྱམས་གདོང་བླ་མ་ནས་ད་ཡོད་རྒྱ་ནག་གི་བོད་རིགས་རང་སྐྱོང་སྤ྄ད་པའི་རྩ་ཁྲིམས་ནི་ཧོང་ཀོང་དང་ཨོ་མན་ལྟ་བུ་མ་ཡིན་ལ ང་ཚོས་དེ་ལྟར་རྩོད་ཀྱི་མེད་ཟེར་གསལ་པོས་བཟོས་ཟིན་པ་ཞིག་ཡིན་པས ཡག་སྡུག་གང་ཡིན་ན་ལས་ཐོག་བཀའ་ཤག་ལ་ཁ་དཀྲི་ས་ཞིག་རྩ་བ་ནས་ལྷག་མེད

  15. ལུང་རྟོགས། says:
    2015-11-24 at 10:37 am

    རྒྱ་ནག་དམར་ཤོགས་ཚོགས་པའི་སྲིད་དབང་དངས་ལེན་བྱེད་ཀྱི་ཡིན་གསུངས་མཁན་ནི་རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་རྣམ་པ་རེད་དོ། དེ་འགྲིག་གི་མེད་ན་ཁོང་གཉིས་ལ་ཁ་གཏོང་ཤོགས། བློ་སེང་ལ་མ་དགའ་ཡང་རྫུན་གཏམ་བཤད་ནས་མ་ཉེས་ཁ་གཡོག་བྱེད་པ་ནི་ཕོ་མཐའ་མའི་ལས་ཀ་རེད་དོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme