Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་མཆོག་གིས་པེ་རི་སིའི་རྐྱེན་ངན་ཐད་གདུང་སེམས་མཉམ་བསྐྱེད་ཞུས་སྐོར།

Posted on 2015-11-182015-11-18 By ཁ་བརྡ 3 Comments on སྲིད་སྐྱོང་མཆོག་གིས་པེ་རི་སིའི་རྐྱེན་ངན་ཐད་གདུང་སེམས་མཉམ་བསྐྱེད་ཞུས་སྐོར།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ

སྲིད་སྐྱོང་མཆོག་གིས་འཇིགས་སྐུལ་དྲག་སྤྱོད་པས་རྒྱལ་ས་པེ་རི་སིར་མི་གསོད་ཁྲག་སྦྱོར་གྱི་ལས་འགུལ་ལ་སྐྱོན་བརྗོད་དང་སྦྲགས་ཤུལ་ལུས་ནང་མི་རྣམས་ལ་སེམས་གསོ་གནང་བ།

༄༅། །ཕྱི་ལོ་༢༠༡༥ ཟླ་༡༡ ཚེས་༡༣ ཉིན་གྱི་དགོང་མོར་ཕ་རན་སི་རྒྱལ་ས་པེ་རི་སིར་འཇིགས་སྐུལ་དྲག་སྤྱོད་པས་འབར་རྫས་དང་མེ་མདའ་བརྒྱབ་ནས་མི་གྲངས་ ༡༢༩ རྐྱེན་ལམ་དུ་བཏང་བ་མ་ཟད། མི་གྲངས་ ༣༥༢ ལ་རྨས་སྐྱོན་བཏང་བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཐུགས་གསོ་དང་སྦྲགས། གདུང་སེམས་མཉམ་སྐྱེ་ཞུས་ཐོག་ཀླ་ཀློའི་བྱ་སྤྱོད་དེར་མཐའ་གཅིག་ཏུ་སྐྱོན་བརྗོད་གནང་དོན། ངོས་ཀྱིས་ད་རེས་འཇིགས་སྐུལ་དྲག་སྤྱོད་པས་གནོད་འཚེ་འོག་འདས་གྲོངས་སུ་ཕྱིན་པའི་ཤུལ་ལུས་ནང་མི་དང་རྨས་སྐྱོན་ཕོག་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་མྱ་ངན་གུས་འདུད་ཞུ་རྒྱུ་མ་ཟད། ལོག་ལམ་དུ་འཆོལ་བཞིན་པའི་རྨོངས་ཞེན་ཅན་གྱི་མི་སྣ་ཐ་ཤལ་བ་ཁག་གཅིག་གིས་འཚེ་བའི་བྱ་སྤྱོད་སྤེལ་བ་དེར་མཐའ་གཅིག་ཏུ་སྐྱོན་བརྗོད་བྱ་རྒྱུ་ཡིན།

འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་དེ་ནི་འགྲོ་བ་མི་རིགས་སྤྱི་ལ་རྒོལ་བརྡུང་བཏང་བ་ཞིག་ཡིན་པ་དང་། བྱ་སྤྱོད་སྤེལ་མཁན་དེ་དག་གིས་སྤྱི་ཚོགས་དང་ཆོས་ལུགས་གང་ཡང་མཚོན་མི་ཐུབ་པ་མ་ཟད། ཐ་ཤལ་ཅན་གྱི་བྱ་སྤྱོད་དེ་དག་འགྲོ་བ་མིའི་རིགས་ལ་རྙོག་གྲ་བཟོ་རྒྱུ་ལས་བཟང་སྤྱོད་དང་ཆབ་སྲིད། ཆོས་ཕྱོགས་སོགས་གང་ཅིར་འབྲེལ་བ་རྩ་བ་ནས་མེད།

ཐེངས་འདིར་འཇིག་སྐུལ་དྲག་སྤྱོད་པས་ཕ་རན་སིར་རྒོལ་བརྡུང་བཏང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ཀྱིས་མཉམ་རུབ་ཐོག་འཇིགས་སྐུལ་རིང་ལུགས་པར་གདོང་ལེན་གནང་སྟེ་བརྟན་ལྷིང་དང་བདེ་འཇགས་བསྐྱར་གསོ་ཐུབ་དགོས་པ་དྲན་སྐུལ་བཏང་ཡོད། དཀའ་ཚེགས་ཆེ་བའི་དུས་སྐབས་འདིར་བོད་མི་རྣམས་ཀྱིས་ཕ་རན་སི་མི་མང་ཡོངས་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།།

སྣ་ཚོགས།

Post navigation

Previous Post: སྙིང་ཉེ་མ། (གཞས་ཚིག)
Next Post: གདམས་མགུར་རྡོ་རྗེའི་ཐོལ་གླུ།(ཞར་བཀོད་གཅིག)

Comments (3) on “སྲིད་སྐྱོང་མཆོག་གིས་པེ་རི་སིའི་རྐྱེན་ངན་ཐད་གདུང་སེམས་མཉམ་བསྐྱེད་ཞུས་སྐོར།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-11-18 at 12:53 am

    སྲིད་སྐྱོང་མཆོག་གིས།
    ་་་་་་་་་ དཀའ་ཚེགས་ཆེ་བའི་དུས་སྐབས་འདིར་བོད་མི་རྣམས་ཀྱིས་ཕ་རན་སི་མི་མང་ཡོངས་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ་་་་་་་་

  2. རྒྱང་མིག says:
    2015-11-18 at 12:25 pm

    དུས་ནམ་ཞིག་ཡིན་ཡང་བོད་ལ་བཙན་གནོན་དང་འཇིགས་སྐུལ་དྲག་སྤྱོད་བྱེད་མཁན་རྒྱ་གཞུང་ལ་ཅི་ཡང་བསྒྲགས་མི་ཐུབ་པར། གཞན་ལ་བོད་མི་མང་གི་མིང་ཐོག་ནས་གང་བྱུང་མིན་བྱུང་མ་བསྒྲགས་ན་ལེགས་པར་མཐོང་།

  3. གནམ་ལྕགས་རྡོ་རྗེ། says:
    2015-11-19 at 7:01 pm

    དྲང་པོ་བཤད་ན། ཏཱ་ལི་བླ་མའི་ཆོས་ལུགས་མཐུན་འབྲེལ་གྱི་བྱ་འགུལ་དེ་དུས་ཚོད་འདི་དང་སྟབ་བསྟུན་ནས་རྒྱལ་སྤྱིའི་ཐོག་ཏུ་ཕེབས་པ་ཡིན་པ་ཡིན་ན་གོ་སྐབས་ཤིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme