Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

“སྤུན་མཆེད་དྲན་པའི་སེམས་ཁོང་གི་ན་ཟུག”

Posted on 2015-11-172015-11-17 By ཁ་བརྡ No Comments on “སྤུན་མཆེད་དྲན་པའི་སེམས་ཁོང་གི་ན་ཟུག”

ཆབ་མདོ་ངག་ཕུན།

 
ངའི་སྤུན་མཆེད་བཀྲ་ཤིས་ཚེ་རིང་ལགས། དེ་རིང་ཁྱོད་ལ་ངས་མྱ་ངན་གྱི་ཚིག་ཁ་ཤས་འབྲི་བར་འདོད།
ངའི་སྤུན་མཆེད་བཀྲ་ཚེ་ལགས། ལོ་ཤས་སྔོན་ལ་གཞན་ཁ་བརྒྱུད་དེ་གཏམ་ངན་ཞིག་ཐོས་པ་ནི། ཁྱོད་ཉིད་བཀྲོངས་པ་རེད་ཟེར་བའི་གཏམ་དེ་ངའི་སེམས་ཁམས་ལ་ཇི་འདྲའི་གཟན་པ་ལ་ཨང་།
ངའི་སྤུན་མཆེད་བཀྲ་ཚེ་ལགས། གཏམ་ངན་དེ་ངའི་རྣ་བའི་བུ་གའི་ནང་བཙན་གྱིས་འཛུལ་འོང་དུས། དགུན་དུས་ལུས་སྟེང་ལ་འཁྱག་པ་བླུགས་པ་དང་ཅིས་མི་མཚུངས།
ངའི་སྤུན་མཆེད་བཀྲ་ཚེ་ལགས། དངོས་གནས་དེ་འདྲའི་གཏམ་ངན་ཞིག་ཐོས་འོང་བསམ་པ་བློར་འཁོར་མ་མྱོང་། སྐབས་དེར་སེམས་གཏིང་ལ་ན་ཟུག་གིས་དབུགས་རིང་ཞིག་ཀྱང་དབང་མེད་ཤོར་ཐལ།
ངའི་སྤུན་མཆེད་བཀྲ་ཚེ་ལགས། མཚམས་རེ་ཁྱོད་ཉིད་དྲན་ཐེངས་རེར་མིག་ནང་མིག་ཆུ་འཁོར་ཡོང་གིན། འོན་ཀྱང་རང་ཉིད་ཀྱིས་རང་ཉིད་ལ་སེམས་གསོ་བྱེད་པ་ལས་གཞན་ཐབས་ཤེས་ཅི།
ངའི་སྤུན་མཆེད་བཀྲ་ཚེ་ལགས། ངེད་གཉིས་ཕ་ཡུལ་གྱི་རྐང་ལམ་ཀྱག་ཀྱོག་དང་། ཕ་ཡུལ་གྱི་ཡུལ་ཆུ་སྔོན་མོ། གངས་རི་དང་རྫ་སྤང་། མདོར་ན། ཕ་ཡུལ་གྱི་རི་བོ་དང་རི་གཤོངས་ལ་མཉམ་དུ་ཕྱིན་པ་ནི་གྲངས་ཀྱིས་མི་ལང་།
ངའི་སྤུན་མཆེད་བཀྲ་ཚེ་ལགས། ཁྱེད་ནི་ཕ་མར་གུས་བཀུར་ཆེ་ལ། དགེ་སྡིག་གི་བླང་དོར་གཅེས་སུ་འཛིན། གྲོགས་ཕན་ཚུན་ལ་ཧ་ཅང་མཐུན་ལམ་ཟབ་ཅིང་། ཕ་མས་གང་གསུངས་རྡོ་ལ་རི་མོ་བྲིས་པ་ལྟར་སེམས་སུ་འཛིན་མཁན་ཞིག་ཡིན་པར་གྲོང་མི་ཚོས་ངོས་འཛིན་བྱེད།
ངའི་སྤུན་མཆེད་བཀྲ་ཚེ་ལགས། ཁྱེད་ནི་ལས་ལ་ཧུར་བརྩོན་ཆེ་ལ། གྲོང་པ་ཁྱིམ་མཚེས་བར་མཐུན་ལམ་དེ་ལས་ཀྱང་ཟབ། ཁྱོད་དེ་འདྲ་བྱས་ཏེ་གྲོངས་ཀྱི་རེད་སྙམ་པ་སེམས་ནང་དྲན་མ་མྱོང་། དངོས་གནས་གཏན་ནས་དྲན་མ་མྱོང་། འོན་ཀྱང་ད་ནི་སེམས་སྡུག་བྱས་ཀྱང་ཅི་ཞིག་ཕན། ཕ་ཡུལ་གྱི་ཕ་མ་དང་སྤུན་མཆེད་ཚོ། གཏན་ནས་མི་ཕན། ལས་དབང་ལ་གཟུར་ཐབས་ཞིག་ག་ལ་ཡོད།
ངའི་སྤུན་མཆེད་བཀྲ་ཚེ་ལགས། ཁྱེད་ནི་ངག་སྟབས་སྙན་ལ། དེ་ལས་ཀྱང་ཞབས་བྲོ་དང་ཁ་མཚར་ལ་སྤྲོ་སྣང་ལྡན། ཁྱོད་ནི་རྟག་ཏུ་འཛུམ་མདངས་ཀྱིས་ཁེངས་ཞིང་མི་རྣམས་ལའང་སྤྲོ་སྣང་སྟེར།
ངའི་སྤུན་མཆེད་བཀྲ་ཚེ་ལགས། ཁྱོད་ཀྱི་གདོང་དབྱིབས་ཡིད་ལ་འཁོར་ཐེངས་རེར་གཉིད་ཀྱང་ཡག་པོ་ཞིག་མི་ཁུག་གི ། ལོ་ཆུང་དར་མའི་སྐབས་གཞན་གྱི་ལག་འོག་ལ་གྲོངས་པ་ནི་ཇི་འདྲའི་བློ་ཕམ་པ་ལ་ཨང་།
འོན་ཀྱང་གོང་ཞུས་ལྟར་ལས་དབང་ལ་ཟློག་ཐབས་ཅི་ཞིག་ཡོད།
ངའི་སྤུན་མཆེད་བཀྲ་ཚེ་ལགས། ཁྱེད་མཉམ་དགུན་ཁའི་ལུང་པའི་ཕུར་ཐང་ཤིང་བཅད་དུ་ཕྱིན་པ་དུས་ད་ལྟའང་མ་བརྗེད་པར་ངའི་སེམས་སུ་གསོན་པོར་གནས།
ངའི་སྤུན་མཆེད་བཀྲ་ཚེ་ལགས། ཕ་ཡིས་བུ་ལ་རེ་བ་དང་གདེང་འཇོག་མི་བཞག་མཁན་སུ་ཞིག་ཡོད། འོན་ཀྱང་ཁྱེད་ཀྱི་ཨ་ཕས་ཁྱེད་ལ་གདེང་འཇོག་བཞག་སྟངས་གཞན་དང་གཏན་ནས་མི་འདྲ། གཏན་ནས་མི་འདྲ། དངོས་གནས་གཏན་ནས་མི་འདྲ།

ད་ནི་ནང་མི་སྤུན་མཆེད་རྣམ་པ་ཚོ། ཁྱེད་རྣམས་ཀྱིས་སེམས་ཁྲལ་དང་། སེམས་སྡུག་མ་བྱེད། ཁོང་ནི་ཚེ་ཕྱི་མའི་ལམ་དུ་གཤེགས་ཟིན་ན་ཕན་ཚུན་ལ་འཁོན་འཛིན་དང་། འཁོན་སེམས་མ་བཅངས་རོགས། ཕན་ཐོགས་གང་ཡང་མེད། དེ་ནི་མི་ཡུལ་ནས་བུ་ངས་ཁྱེད་ཅག་ལ་རེ་སྐུལ་ཡིན།
ངའི་སྤུན་མཆེད་བཀྲ་ཚེ་ལགས། ཁྱོད་ཀྱི་སྡིག་སྒྲིབ་གང་བསགས་ཐམས་ཅད་ཞི་ཞིང་དག་སྟེ། དལ་འབྱོར་གྱི་མི་ལུས་བཟང་པོ་ཞིག་ལེན་པའི་སྨོན་ལམ་འདེབས། འདི་ནི་ངས་སྤུན་མཆེད་དྲན་པའི་གདུང་འབོད་ཅིག་ཀྱང་ཡིན།

དྲན་ཐོ།

Post navigation

Previous Post: རྡ་རམ་ས་ལར་བོད་པའི་ཉེན་རྟོག་སྐོར་སྲུང་བ་ཡོད་ཆོག་པ།
Next Post: ཨ་མའི་རྣམ་ཐར་བདེན་པ་རིན་པོ་ཆེ་ཞེས་བྱ་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme