Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་གར་ལོ་སར་ངྷི་ཝ་ལི།

Posted on 2015-11-122015-11-12 By ཁ་བརྡ 12 Comments on རྒྱ་གར་ལོ་སར་ངྷི་ཝ་ལི།

unnamed—–ཐེ་བོ་སངས་རྒྱས།

 
དེ་ནི་དགའ་བྱེད་རྒྱལ་པོ་རཱ་མ་ཎ་ཡིས་ས་མཐའ་བསྐོར་ནས་ལོ་ངོ་བཅུ་བཞི་འགོར་ཙ་ན། སྲིན་པོ་ལངྐ་མགྲིན་བཅུ་ལས་བཙུན་མོ་སི་ཏཱ་ཕྱིར་འཕྲོགས་ཤིང་རྒྱལ་ཁའི་ངང་རང་ཁྱིམ་དུ་ལོག་སྐབས་དགའ་བསུའི་དུས་དྲན་ཡིན་ལ། འདི་ངྷ་སེ་རཱ་སྟེ་ཚེས་བཅུའི་དུས་ཆེན་རྗེས་ཀྱི་ཉི་མ་ཉི་ཤུ་བ་དེ་རེད།

ཡ་མཚན་པ་ཞིག་ལ་རྒྱ་བལ་གྱི་ཚེས་གྲངས་དང་བོད་ཀྱི་བརྩི་སྟངས་གཉིས་ཐོ་ཐུག་པར་མ་ཟད་ཀོང་པོའི་ལོ་སར་དང་གཅིག་ཏུ་ཁེལ་ཡོད་སྐད། ལོ་སར་བྱེད་སྟངས་ནི་དུད་ཁྱིམ་རེ་རེའི་སྒོའི་ཕྱི་རོལ་ཏུ་དཀར་ཐིག་འཐེན་ཞིང་མར་མེ་ཚོམ་བུར་བགྲམ། མེ་ཏོག་གི་ཕྲེང་བ་དྲ་བ་དྲ་ཕྱེད་དུ་བཀོད། ཁྱིམ་ཕུག་ཏུ་ལཱ་ཌོས་གིས་མཚོན་པའི་མངར་ཟས་རིགས་དང་འཇའ་ཚོན་ལྟ་བུའི་བཟའ་བཏུང་གི་སྡེར་ཁ་སྒྲིག་ཅིང་། མཚན་གང་བོར་ཤོག་སྤག་སྒྲ་ཆེན་དང་ཚོན་མདངས་ཅན་ཅི་རིགས་སྤར་ཏེ་ཁྱིམ་མཚེས་དག་གི་གཉིད་གཅོག་པར་བྱེད། བ་ལང་མཆོད་པ་སོགས་ངོ་མཚར་བའི་བྱེད་སྒོ་སྣ་ཚོགས་ཉིན་ལྔའི་རིང་སྤེལ།

གལ་སྲིད་འདིའི་ཉིན་ཕྲུ་གུ་ཞིག་སྐྱེས་ན་དེ་ལྷ་རུ་བཀུར། དེང་སང་ཧིན་རྡུའི་ཆོས་ལུགས་པ་མ་ཟད་སིཀ་རིང་ལུགས་པ་དག་གིས་ཀྱང་འདི་ཆོས་ཀྱི་དུས་ཆེན་གལ་བོ་ཆེར་བརྩི། ད་དུང་རྒྱ་གར་ལས་གཞན་བལ་ཡུལ་དང་། པར་ཀི་སྠིན། ཤྲིལིངྒ། བྷང་ལ་ངྷེ་ཤི མ་ལེ་ཤིས་ཡ། སིངྒ་ཕོར་སོགས་སུ་དུས་ཆེན་འདི་ལ་རོལ་མཁན་ཧ་ཅང་མང་ངོ་།།

ངོ་སྤྲོད།

Post navigation

Previous Post: བོད་ཀྱི་རྨི་ལམ།
Next Post: ཡུལ་སྐོར། ཟིན་ཐོ། ཕྱིར་དྲན། བརྗེད་བྱང་།

Comments (12) on “རྒྱ་གར་ལོ་སར་ངྷི་ཝ་ལི།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-11-12 at 1:22 pm

    མཆོད་མེའི་དུས་ཆེན།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-11-12 at 1:59 pm

    དགའ་བྱེད་མི་ལོ་བཅུ་བཞིར། །
    རིལ་སུལ་ཉུལ་ནས་བསྐྱལ་སོང་། །
    སི་ཏ་སྲིན་རྒྱལ་ལག་ནས། །
    རང་ལག་བསུ་ནས་ལོག་བྱུང་། །

  3. ཀརྡོ་གཉེར་ཕྱག་པ་ says:
    2015-11-12 at 2:03 pm

    མགྲིན་བཅུ་བསྒྲལད་བའི་དགའ་སྟོན། །
    ཨ་ཡོ་དྷི་ཡར་བསུ་དུས། །
    མར་མེའི་ཕྲེང་བའི་མཆོད་པ། །
    མུ་སྟེགས་དགའ་སྟོན་རྙིང་པ། །

  4. ཐེ་བོ་སངས་རྒྱས says:
    2015-11-13 at 12:06 am

    ཀརྡོ་གཉེར་ཕྱག་པ་ལགས་ཀྱིས་དྲན་སྐུལ་གནང་བར་དགའ་ཡོད། ནམ་རྒྱུན་བྲེལ་སྟབས་ཀྱིས་ཅི་ཞིག་བྲིས་རུང་ཁ་མ་ཚང་བའམ་ལྷག་པ་སོགས་སྐྱོན་མང་པོ་ཡོང་གི་འདུག འདིར་ངས་གལ་གནད་རེ་ཆད་བཞག ངྷི་ཝ་ལིའི་ནང་དོན་བོད་སྐད་དུ་མར་མེའི་མཆོད་པ་ཡིན་པ་དང་། དུས་ཆེན་འདི་ལ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པ། བྲམ་ཟེ་ཆོས་ལུགས་པའི་དུས་ཆེན་ཡིན་པ་སོགས་རེད། ཁ་ཅིག་འདི་ནང་པའི་དུས་ཆེན་ཡིན་རབས་བཤད་འདུག་པས་དེའི་སྐོར་མཁྱེན་མཁན་རེ་ཨེ་ཡོད།

  5. ཏི་སི། says:
    2015-11-13 at 1:39 am

    སྙན་རྩོམ་ལགས་སོ། འདིའི་དུས་ཆེན་དེ་ཕྱིའི་རྒྱལ་མ་ལ་ཤ། སིངྒཱ་པུར། དེ་བཞིན་བལ་ཡུལ་སོགས་སུའང་ཆོས་རྒྱུད་ཧིནྡུ་པ་རང་ཡིན་མ་གཏོགས་ཆོས་རྒྱུད་གཞན་ནང་པ་ཡེ་ཤུ་ཁ་ཆེས་སོགའ་ཀྱིས་དུས་སྟོན་རོལ་བར་དཀའ་བས་ཡ་མཚན་རྒྱུ་དེ་བས་ཅང་མེད་དོ་སྙམས་སོ།

  6. དྲུག་སྡེ་ says:
    2015-11-13 at 1:42 am

    ཐེ་བོ་སངས་རྒྱས་ལགས་འདི་ནི་རྒྱ་གར་གྱི་ར་མ་རྡི་ལ་མཆོད་པ་བྱེད་པའི་དུས་ཞིག་ཡིན་པ་ལས་ལོ་གསར་ཞིག་མིན་།

  7. ༄།།སྟར་བུ་དམར་བོ། says:
    2015-11-14 at 10:45 pm

    བྲིས་འདུག་པ་དེ་ཡིད་ལ་འབབ་པོ་བྱུང་། ལོ་སར་འདི་ལ་མར་མེའི་མཆོད་བཤམས་ག་འདྲ་བྱས་ཏེ་བྱུང་བ་རེད་ལགས

  8. ༄།།སྟར་བུ་དམར་བོ། says:
    2015-11-14 at 10:48 pm

    བྲིས་འདུག་པ་དེ་ཡིད་ལ་འབབ་པོ་བྱུང་། ལོ་སར་འདི་ལ་མར་མེའི་མཆོད་བཤམས་ག་འདྲ་བྱས་ཏེ་བྱུང་བ་རེད་ལགས།

  9. ཀརྡོ་གཉེར་ཕྱག་པ་ says:
    2015-11-15 at 12:26 am

    དགའ་བྱེད་དེ། རྰམ་ནི། ལྷ་ཁྱབ་འཇུག་གི་སྤྲུལ་པར་གྲགས། ལཀྴ་མྰན་ནི། ཀླུ་ཁྱབ་འཇུག་གི་སྤྲུལ་པ་དང་། དེ་གཉིས་ཀྱི་དགྲ་ཟླ་ལངྐའི་རྒྱལ་པོ་མགྲིན་བཅུ་ནི། ལྷ་དང་ལྷ་མ་ཡིན་ལས། འཆི་མེད་དངོས་གྲུབ་ཀྱི་བདུད་རྩི་དེ་རང་གི་ལུས་ནང་གི་ལྟེ་བར་སྦས་བསྐུང་བྱས་ཡོད་ཙང་། མགྲིན་པ་རེ་རེ་ནས་བཅད་ཀྱང་། སླར་གསོས་ནས་མི་འཆི་བར། མཐར་ལྟེ་བར་མདའ་བརྒྱབས་ནས་བསྒྲལ་བར་ཤོད་སྟངས་འདི་ཕྱི་རོལ་གཏམ་བརྒྱུད་གལ་ཆེན་ཅིག་རེད། གཏམ་བརྒྱུད་འདི་མཚང་དོལ་ན་དུས་དེ་ཉིད་ནས་ཕྱི་ཆོས་འདི། ཉམས་འགྲོ་ཉན་ཡོད།

  10. ཀརྡོ་གཉེར་ཕྱག་པ་ says:
    2015-11-15 at 12:29 am

    མར་མེའི་མཆོད་སྟོན་འདི། ལྷ་ལྷ་མིན་ལས་སམ། ཆོས་ཆོས་མིན་ལས་རྒྱལ་བས། རྒྱལ་བའི་དགའ་སྟོན་ཅིག་ལས། ལོ་གསར་པ་ཤར་བའི་དགའ་སྟོན་ཅིག་མ་རེད།

  11. ཐེ་བོ་སངས་རྒྱས says:
    2015-11-15 at 9:51 am

    མར་མེ་སྤར་བ་ནི་རྒྱ་གར་བའི་མགྲོན་བསུ་བྱེད་པའི་ཡུལ་སྲོལ་རྣམ་གྲངས་ཤིག་ཆགས་ཡོད། མེ་ཏོག་གི་ཕྲེང་བ་འབུལ་བ་ནི་རང་རེས་ཁ་བཏགས་འཐེན་པ་མཚུངས་ཤིང་། བོད་ཀྱི་བླ་མ་ཕེབས་བསུ་སོགས་སུའང་རྒྱ་གར་བའི་ལུགས་བཞིན་དཀར་ཐིག་འཐེན་པ་འདི་དག་དགེ་ཆོས་ཀྱིས་བོད་ཀྱི་ཆོས་དང་འབྲེལ་བའི་བྱེད་སྒོ་ཕལ་ཆེ་བ་རྒྱ་གར་ན་འདུག་གསུངས་པ་ཧ་ཅང་བདེན།

  12. ཀརྡོ་གཉེར་ཕྱག་པ་ says:
    2015-11-15 at 10:04 am

    ནང་མི་འགྲུལ་པ་ཞིག་ནང་ནས་གྱེས་དུས། འགྲོ་མཁན་གྱི་མགོ་ལ་མར་གྱི་ཆེར་ག་བརྒྱབས་པ་དང་། དབུ་ཐུག་པ། ཁ་བཏགས་བཏགས་པ་སོགས་དང་། འོངས་དུས་དཀར་ཐིག་བཏང་བ། ཁ་བཏགས་ལག་ཏུ་བཟུང་བ། བསངས་བཏང་བ། མགྲོན་ཆང་བཟོས་ནས་འགུགས་པ་སོགས་ནི། ཛམ་གླིང་གཞན་ལ་མེད་པའི་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་ཅིག་རེད་འདུག་པས་ཀུན་གྱིསགཅེས་སྐྱོངས་མཛོད་ཅིག་གུ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme