Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་རྨི་ལམ།

Posted on 2015-11-122015-11-12 By ཁ་བརྡ 23 Comments on བོད་ཀྱི་རྨི་ལམ།

འགར་སྲས།

 
ད་ལོ་ནི་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོ་ཞིག་ཡིན་པས་འཛམ་གླིང་ཁྱོན་ཡོངས་ནས་གྱ་སྟོན་དང་འཁྲུངས་སྐར། ད་དུང་བརྟན་བཞུགས་སོགས་གྲ་རྒྱས་པོ་དང་ཕུན་སུམ་ཚོགས་པོ། རང་གཞན་ཀུན་གྱི་བློ་སེམས་ཚིམ་པ་ཞིག་བྱུང་ཡོད། འདི་ཡང་གཙོ་བོ་དམ་ཚིག་དང་ལ་རྒྱ་གཅིག་པའི་བོད་རིགས་གཙོས་རྗེས་འཇུག་པ་ས་ཡ་མང་པོས་ཁོང་ལ་བཅིངས་པའི་དད་གུས་མཚོན་གྱི་ཡོད།(༧གོང་ས་མཆོག་ཐུགས་ཕམ་དགོས་པའི་ཚད་ལ་སླེབས་མེད) བོད་མི་རྣམས་ལ་མཚོན་ན་འདི་ནི་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ལ་མི་ལོ་བརྒྱ་ཕྲག་མང་པོའི་རིང་གི་ལོ་རྒྱུས་རང་བཞིན་ཅན། ཆབ་སྲིད་རང་བཞིན་ཅན་གྱི་འབྲེལ་བ་ཞིག་ཡོད་པས་༧གོང་ས་མཆོག་ནས་བོད་མིའི་སེམས་ནང་གོ་གནས་གལ་ཆེན་པོ་ཞིག་བཟུང་ཡོད་པ་སྨྲོས་མི་དགོས། བོད་མིའི་སེམས་ཤུགས་མ་ཆགས་པའི་ཆེད་དུ་གོ་སྟོན་དང་བརྒྱ་སྟོན་སོགས་ལ་གྲ་སྒྲིག་བྱེད་དགོས་པའི་བཀའ་སློབ་གནང་པ་སོགས་མ་འོངས་པའི་མི་ལོ་བཅུ་དང་ཉི་ཤུ་ལྷག་གི་རེ་བ་ཞིག་ང་ཚོར་སྐྲུན་ཡོད།

བོད་མི་ལྷག་བསམ་ཅན་ཚོས་ཀྱང་དེ་ལྟར་ཡིན་པར་ཡིད་ཆེས་དང་དད་མོས། རྨི་ལམ་བཅས་བཏང་ནས་མ་འོངས་པའི་ལོ་བཅུ་དང་ཉི་ཤུ་བསུ་གི་ཡིན་པ་འདྲ། དེང་སྐབས་ང་ཚོའི་བོད་ཀྱི་སྤྱི་ཚོགས་ནང་༧གོང་ས་མཆོག་དང་དབུ་མའི་ལམ་གཉིས་ནི་ཚོར་བ་ཧ་ཅང་ཟབ་པའི་བརྗོད་གཞི་ཞིག་ཏུ་གྱུར་ཡོད་པས་དེའི་སྐོར་གླེང་མོལ་བྱེད་ཕོད་མཁན་ཧ་ཅང་དཀོན། འོན་ཀྱང་། རྒྱ་ནག་གཞུང་གིས་མ་འོངས་ལོ་བཅུའི་འཆར་གཞི་སྒྲིག་ཚར་བ་མ་ཟད། ད་ནི་སྐུ་འཚོ་ཞིང་བཞུགས་བཞིན་པའི་༧ གོང་ས་མཆོག་ལ་གྲོལ་མོལ་བྱེད་རྒྱུ་ལས་ལྡོག་སྟེ་སྐུ་ཕྲེང་༡༥ པའི་སྐོར་ལ་ཁྲིམས་གཞི་གསར་བཟོ་དང་དེའི་སྐོར་མཐོ་རིམ་མི་སྣའི་ཁྲོད་ཤུགས་ཆེན་གླེང་གི་ཡོད།

ཕྱི་ལོ་༢༠༡༡ ལོ་ནས་བཟུང་༧གོང་ས་མཆོག་གིས་སྲིད་དོན་ལས་བགྲེས་ཡོལ་ཆ་ཚང་ཞིག་གནང་དུས་རྒྱ་གཞུང་གི་དཔོན་རིགས་རྣམས་ལ་རེ་བ་ཆུང་རུ་ཕྱིན་ཡོད་ཀྱང་རྒྱ་ནག་མི་མང་ལ་རེ་བ་ཡོད་གསུངས་པའི་བཀའ་སློབ་འདིའི་གཟི་ཤུགས་འོག་བོད་རྒྱ་མཛའ་འབྲེལ་ཚོགས་པ་མང་པོ་གསར་འཛུགས་དང་། སྲིད་སྐྱོང་འོས་འདེམས་སོགས་བོད་ཀྱི་སྲིད་དོན་ལ་ཚ་ཚ་འུར་འུར་གྱི་ཡོ་ལང་ཞིག་བྱུང་བ་དང་དུས་མཚུངས་བོད་རྒྱ་ཞི་མོལ་བྱེད་མཚམས་ཆད་ཀྱང་། རྒྱ་ནག་སྲིད་འཛིན་ཞིས་སྲིད་ཁྲི་ཕེབས་རྗེས་རྡ་རམ་ས་ལར་གསང་བའི་ཕོ་ཉ་ཞིག་མངགས་ནས་རྒྱ་ནག་ཆེན་པོའི་རྨི་ལམ་དང་ལྷན་དུ་བོད་མིར་འཁྲུལ་སྣང་གི་རྨི་ལམ་གསར་བ་ཞིག་རྨིས་བཅུག་ཡོད།

 

ཐབས་ལམ་མེད་པའི་ང་ཚོ།

དམིགས་ཡུལ་མིང་དོན་མཚུངས་པའི་རང་སྐྱོང་ཡིན་ན་དབུ་མའི་ལམ་ཐབས་ཇུས་ཞིག་ཡིན་པ་དང་། དམིགས་ཡུལ་དང་ཐབས་ཇུས་དོན་འཁྱོལ་ཡོང་བར་ཐབས་ལམ་ཤིག་དགོས་ངེས་ཡིན་ཀྱང་། ད་ལྟའི་ཆར་ང་ཚོའི་ཕྱོགས་ནས་སྲིད་འཛིན་ཞིས་ལ་རེ་བ་དང་བསྟོད་བསྔགས་ཙམ་དང་། ཡང་ན་བཙན་བྱོལ་བོད་གཞུང་དེ་སྒྲིག་འཛུགས་ཤིག་གི་ངོ་བོར་བསྒྱུར་བཅོས། རང་བཙན་རྩོད་ལེན་པ་ཚོར་དཀའ་ངལ་མི་ཉུང་བ་ཞིག་སྤྲད་དང་སྤྲོད་བཞིན་པ་སོགས་ནི་ཐབས་ལམ་ལ་ངོས་འཛིན་བྱེད་དགོས་པ་ཡིན་ནམ།

དེ་དག་ཐབས་ལམ་ཡིན་ན་ཐབས་ལམ་འདི་ལ་ལྡོག་ཕྱོགས་ནས་ནུས་པ་ཐོན་སྲིད་པ་ནི། བོད་མི་ཚོར་བཙན་པོའི་རྒྱལ་རབས་ནས་ད་ལྟའི་བར་རང་ཉིད་བོད་མི་ཞིག་ཡིན་པའི་མི་རིགས་ཀྱི་འདུ་ཤེས་ཉམས་ནས་རྒྱ་ནག་གཞུང་དེ་ཁྲིམས་མཐུན་གྱི་གཞུང་ལ་ངོས་འཛིན་བྱེད་པ་དང་། རང་བཙན་རྩོད་ལེན་པ་ཚོ་ནི་བོད་མིའི་འཐབ་རྩོད་ཀྱི་དགྲ་ཟླར་ངོས་འཛིན་བྱེད་པ། བོད་མིའི་མངོན་འདོད་དང་དད་འདུན་གཉིས་གདོང་ཐུག་གིས་རང་ཉིད་ཀྱི་ལམ་ཕྱོགས་བརླག་བཞིན་པ་སོགས་ལ་བསམ་ན། ང་ཚོ་ནི་ཐབས་ལམ་མེད་པའི་དམག་དཔུང་རྨས་མ་ཞིག་ནས་དམག་དཔུང་ནད་པ་ཞིག་ཏུ་འགྱུར་བཞིན་པ་དེ་ཡིན།
ལྷག་པར་དུ་ཉེ་བའི་སྲིད་སྐྱོང་གི་འོས་འགྲན་ཁྲོད་དབུ་རང་གི་འཐབ་རྩོད་འདིས་བོད་མི་རྣམས་ཕྱོགས་གཉིས་སུ་ཁྲིད་ཀྱི་ཡོད་པ་དང་། དད་འདུན་ཧ་ཅང་ཆེ་བའི་བོད་མི་སྐོར་ཞིག་གིས་༧གོང་ས་མཆོག་གི་བཀའ་སློབ་ཡོད་ཚད་བོད་མི་ནང་ཁུལ་དུ་བསམ་བློའི་རང་དབང་ལ་གནོན་ཤུགས་སྤྲོད་ཆེད་སྤྱི་ཚོགས་དྲ་རྒྱའི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད་པ་སོགས་ཡིན།

 

མི་མངོན་པའི་དངངས་སྐྲག

༧གོང་ས་མཆོག་གི་མཚན་དང་སྙན་གྲགས་འཛམ་གླིང་ཁོར་མོ་ཡུག་ཏུ་ཁྱབ་པ་དེས་ང་ཚོ་བོད་མི་ཚོར་རང་ཡུལ་དགྲ་ལག་ཏུ་ཤོར་བའི་སེམས་ཀྱི་སྟོང་ཆ་དེ་བཀང་ཐུབ་ཡོད་མོད། ད་ནི་ང་ཚོས་བསམ་བློ་ཞིབ་ཏུ་བཏང་ན་ཁོང་ནི་དགུང་ལོ་བརྒྱད་ཅུར་ཕེབས་པའི་བགྲེས་སོང་ཞིག་ཡིན། ཉེ་བའི་ཆར་སྐུའི་འཕྲོད་བསྟེན་སྐོར་ལ་ཁོང་ནས་(དགུང་ལོ་བཅོ་བརྒྱད་མ་རེད་བརྒྱད་ཅུ་རེད) གསུངས་པ་འདིས་ང་ཚོར་དྲན་སྐུལ་གསལ་བོ་ཞིག་བཏང་ཡོད། ང་ཚོ་ཚང་མའི་སེམས་ནང་ཁོང་གི་གཟི་བྱིན་དེ་ནམ་ཡང་འགྱུར་མེད་རྟག་བརྟན་ཞིག་ཡིན་མོད། སྐལ་བ་བཟང་བོའི་རེ་བ་དེས་ང་ཚོའི་མ་འོངས་པར་རང་ཉིད་ལ་དཀའ་ངལ་འཕར་མ་ཞིག་བསུ་བཞིན་ཡོད། བསམ་བློ་རྣལ་ལ་ཕབ་ནས་ད་ནི་ང་ཚོས་ཀྱང་གནད་དོན་ཁག་ཅིག་གསལ་བོ་བཟོ་བ་དང་ལུགས་སྲོལ་ཁག་ཅིག་ལ་འགྱུར་བ་གཏོང་བའི་དུས་ལ་བབས་ཡོད་པར་སེམས།

༡། བཙན་བྱོལ་སྒྲིག་འཛུགས་རྒྱུན་གནས་སྲ་བརྟན་གྱི་ཁོར་ཡུག་དེ་རྒྱལ་སྤྱི་ཅན་དུ་བསྒྱུར་རྒྱུ། དེ་ཡང་གཞིས་ཆགས་སྲ་བརྟན་གྱི་ལས་གཞི་རྒྱ་ཆེ་རུ་བཏང་ནས་འཛམ་གླིང་གང་སར་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་སྲ་བརྟན་ཡོང་བའི་འབད་བརྩོན་གནང་རྒྱུ། ལས་གཞི་འདི་ལ་གཞུང་དམངས་ཚང་མས་སྣང་ཆུང་དུ་མི་གཏོང་བར་འབད་པ་ལྷོད་མེད་གནང་གལ་ཆེ། སྤྱི་མཐུན་ཚོགས་པ་ཁག་རྒྱུན་གནས་སྲ་བརྟན་བྱུང་ན་ང་ཚོས་འཐབ་རྩོད་ལ་ནུས་སྟོབས་དང་རྒྱུན་གནས་ཡོང་ཐུབ།

༢། མང་གཙོའི་གོ་རྟོགས་སྤེལ་བ་དང་མང་གཙོ་དངོས་སུ་ལག་བསྟར་ཆེད་འདྲ་མཉམ་མིན་པ། དོན་དངོས་དང་མི་མཐུན་པ། ཁྲིམས་དང་མི་མཐུན་པའི་སྲིད་བྱུས་རྣམས་ལ་འགྱུར་བ་གཏོང་དགོས། དཔེར་ན། ཆོས་བརྒྱུད་སྤྱི་འཐུས་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་རྙོག་དྲའི་འབྱུང་ཁུངས་གཙོ་བོར་གྱུར་ཡོད་པ་ནི་གྲྭ་བཙུན་རྣམས་ལ་༼ཇོ་ནང་པ་དང་ཆོས་ལུགས་གཞན་ཉམས་ལེན་བྱེད་མཁན་འདིར་ཚུད་མེད༽ འོས་ཤོག་གཉིས་ཀྱི་ཐོབ་ཐང་ཡོད་པ་སོགས་ལ་ངེས་པར་དུ་འགྱུར་བ་གཏོང་དགོས།

༣། གོང་ས་མཆོག་དང་དབུ་མའི་ལམ་གྱི་འབྲེལ་བ་གསལ་བོར་བཟོ་རྒྱུ་དེ་ཡང་གནད་འགག་ཆེན་པོ་ཡིན། འབྲེལ་བ་འདི་ང་ཚོའི་ཆབ་སྲིད་འཕོ་འགྱུར་ཁྲོད་ཀྱི་དཀའ་ངལ་ཆེན་པོ་ཞིག་ཡིན་པ་དང་། དབུ་མའི་ལམ་ནི་མང་གཙོའི་ལམ་ནས་གཏན་འབེབས་བྱས་པའི་སྲིད་བྱུས་ཞིག་ཡིན་པ་ལས་དབུ་ལམ་དང་༧གོང་ས་མཆོག་ངོ་བོ་དབྱེར་མེད་དུ་བལྟ་མི་རུང་། གལ་སྲིད་མང་གཙོའི་ལམ་ནས་གཏན་འབེབས་བྱས་པར་ངོས་འཛིན་བྱུང་ཚེ་སྲིད་བྱུས་འདིའི་ཐོག་གུ་ཡངས་པོ་དང་དངངས་སྐྲག་མེད་པའི་ཐོག་བགྲོ་གླེང་བྱེད་ཐུབ་ལ། མང་གཙོའི་ལམ་ནས་འགྱུར་བ་གཏོང་དགོས་བྱུང་ན་ཡང་དཀའ་ངལ་ཆེན་པོར་འཕྲད་མི་སྲིད།

མཇུག་མཐར་ཕྱི་ལོ་༢༠༡༦ ལོ་དེ་ང་ཚོས་ཅི་ལྟར་བསུ་གི་ཡིན་ནམ། དྲི་བ་འདི་དྲ་གྲོགས་རྣམས་ལ་ཕུལ་བ་ལགས་ན་དགོངས་པ་ཆེ་བཞེས་གྱིས་ལན་འདེབས་ཡོད་པ་ཞུ།

འཛམ་གླིང་ལྷོ་ཕྱོགས་ཨོ་གླིང་ནས། ཕྱི་ལོ་༢༠༡༥ ཟླ་༡༡ པའི་ཚེས ༡༡ ཉིན།

བསམ་ཚུལ།

Post navigation

Previous Post: དྲིན་ཆེན་མ་ལོ་དྲན་བྱུང་།
Next Post: རྒྱ་གར་ལོ་སར་ངྷི་ཝ་ལི།

Comments (23) on “བོད་ཀྱི་རྨི་ལམ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-11-12 at 1:30 pm

    དབུ་མའི་ལམ་གྱི་མཇུག་སྐྱོང་དེ་བོད་ནང་གི་བོད་མི་ཚོས་ཀྱང་བྱེད་མི་ཐུབ་པའི་གནད་དོན་ཅིག་མ་རེད། རང་བཙན་ཡིན་ན། བོད་ཕྱི་ནང་གཉི་ག་གང་དུ་ཡང་། དཀའ་ངལ་འཕྲད་རྒྱུ་ཡིན་ན་ཡང་། དབུས་ལམ་ནི། བོད་ནང་གི་ཆོལ་གསུམ་གཅིག་སྒྲིལ་གྱིས་དབུས་ལམ་ཤུགས་རྒྱག་དགོས་པའི་དུས་ཚོད་རན་ཟིན་འདུག་སྙམ་མོ།།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-11-12 at 1:41 pm

    ༸གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ལ། རྒྱབ་སྐྱོར་བྱས་ནས་བཙོན་དུ་ཚུད་པ་ཡོད་སྲིད་ཀྱང་། བོད་ནང་ཆོལ་ཁ་གསུམ་དུ། དབུས་ལམ་ལ་རྒྱབ་སྐྱོར་བྱས་ནས། བཙོན་དུ་སོང་དགོས་པ། ངས་ད་ལྟ་བར་དུ་གོ་མ་བྱུང་བས། གལ་སྲིད་དེ་ལྟར་མུ་མཐུད་ནས་ལས་འགུལ་སྤེལ་བ་ཡིན་ན། བོད་ཀྱི་རྨི་ལམ་དེ། རྨི་ལམ་དུ་མ་ལས་པར། དངོས་བདེན་བདེ་སྐྱིད་ཀྱི། ཉི་མ་ཅིག་ཤར་མི་སྲིད་པ་མ་རེད་སྙམ་པས་་་་་་་་
    དེ་ལྟར་གཞིས་བྱེས་ཀུན་གྱི་ཐུགས་ལ་བཞས་ནས། ཉི་སྟོང་བཅུ་དྲུག་གི་ལོ་གསར་བསུ་རོགས་གནོངས་དང་།།

  3. ཀརྡོ་གཉེར་ཕྱག་པ་ says:
    2015-11-12 at 1:51 pm

    རང་བཙན་རྨི་ལམ་ཡིན་པ།
    འཇམ་ནོར་ཀླུ་བྱམས་ལྟོས་དང་།
    དབུས་ལམ་ལམ་འགྲོ་འོངས་རྒྱུར།
    ༸རྒྱལ་དབང་སྒྲིག་འཛུགས་གཟིགས་དང་།།

  4. རིན་ཆེན says:
    2015-11-12 at 2:35 pm

    མི་འདིས་ཅི་ཞིག་བཤད་ཀྱི་གོ་ཡ་ཚོར་ཡ་མེད་པ་ཞིག་བྲིས་འདུག ངོ་མ་རྨི་ལམ་གསལ་བོ་མེད་པ་ཞིག་བཏང་འདུག

  5. ལྷ།བྱ་འཕུར་མ། says:
    2015-11-12 at 3:42 pm

    དང་པོ།ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་ནམ་སེ་པེ་ལོབ་སེ་ལགས་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཁག་ཅིག་ཁ་སང་དེ་རིང་ལྷ་སར་གཟིགས་སྐོར་གི་ཡོད་འདུག
    http://mobile.nytimes.com/2015/11/13/world/asia/nancy-pelosi-made-rare-visit-to-tibet-china-says.html

    གཉིས་པ།༧གོང་ས་མཆོག་ལ་དད་ཞེན་ཡོད་མཁན་དམར་ཤོག་ཚོགས་པའི་འཐུས་ཚོ་དམར་ཤོག་ཚོགས་པས་གཙང་བཤེར་བྱེད་ཀྱི་ཡིན་ཟེར
    http://mobile.nytimes.com/2015/11/12/world/asia/communist-party-in-tibet-aims-to-punish-dalai-lama-followers.html

  6. འགར་སྲས། says:
    2015-11-12 at 7:43 pm

    ཀརྡོ་གཉེར་ཕྱག་པས་བོད་ནང་གི་གནས་སྟངས་ལ་རྒྱས་ལོན་གཅིག་ཀྱང་མི་འདུག ད་ལྟ་རྒྱ་ནག་གི་བཙན་འོག་ན་བོད་ཀྱི་ཆབ་སྲིད་བཙོན་པ་ཉིས་སྟོང་ལྷག་གིས་དཀའ་སྡུག་མྱོང་བཞིན་ཡོད། མང་ཆེ་བས་དབུ་མའི་ལམ་གྱི་དགོས་འདོད་ལྟར་གྱི་ཆོས་དང་རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཆེད་དུ་བཙོན་འཇུག་བྱས་པ་རེད།

    བཙན་བྱོལ་འབུམ་ཕྲག་གཅིག་གིས།། རང་གི་བདེ་སྡུག་ཆེད་དུ།། ས་ཡ་དྲུག་གི་རྔུལ་ཁྲག། ཐོབ་དང་གོ་སར་བརྗེ་སོང་།།

  7. ཀརྡོ་གཉེར་ཕྱག་པ་ says:
    2015-11-13 at 2:05 am

    རྒྱ་གཞུང་གིས། ཏྰ་ལའི་ཁ་བྲལ་པ་ལ། རྡུང་འདེགས་ཚ་ནན་བྱ་དགོས། ཞེས་པ་ལས། ཏྰ་ལའི་དབུས་ལམ་པའམ།
    བོད་མིའི་སྒྲིག་འཛུགས་གཉིས་སྨན་དབུས་ལམ་ལ། སྡང་དགྲ་བཟུང་ཐུབ་མི་འདུག་སྙམ།
    ང་ཚོའི་རང་བཙན་པ་ཚོ་ཁ་བྲལ་པ་མ་རེད། ཅེས་ལབ་མི་ཐུབ་ཀྱང་། དབུས་ལམ་ཁོ་ནས། རྒྱ་བོད་མཉམ་གནས་ཀྱིས་བོད་ཀྱི་ཆོས་སྲིད་དང། སྐད་ཡིག དཔལ་འབྱོར་ཡར་རྒྱས་རེ་ན་མི་འོས་པ་མི་འདུག་སྙམ་ཡང་་་་་་་་

  8. ཀརྨ་བློ་གསལ་ says:
    2015-11-13 at 2:53 am

    ད་དབུ་ལམ་ཚར་འདུག བོད་རང་སྐྱོང་ལྗོངས་སུ་རུལ་སུངས་མི་སྣར་རྡུང་རྡེག་གི་ཚབ་ཏུ་ཆོས་དད་ཡོད་མཁན་དང་གོང་ས་མཆོག་ལ་མཇལ་མྱོང་པའི་དཔོན་རིགས་ཚོར་རྡུང་རྡེག་བྱེད་འགོ་ཚུགས་ཤག

  9. དྲི་མེད་ལྷག་བསམ། says:
    2015-11-13 at 5:10 am

    རྒྱ་བླ་རྣམས་ཏཱ་ལའི་རུ་ཁག་དང་འབྲེལ་བ་ཡོད་པས་རྒྱ་ཡུལ་དུ་ཆོས་སྤེལ་མི་ཆོག་ཅེས་བཤད་འདུག。
    藏传佛教在内地的传教活动加强管理
    单位。重庆佛教协会
    发布时间:2014年09月05日  
    发布人:超级用户  
    历史上藏传佛教主要传播于藏区和蒙古地区,现在西藏和四川、青海、甘肃、云南藏区仍有广泛的群众信仰。由于元、明、清各朝中央政府在当时历史条件下对藏传佛教采取的特殊政策,内地个别地方也建有规模不等的藏传佛教活动场所,但影响有限,形成了藏传佛教信仰群体在藏区、汉传佛教信仰群体在内地的基本格局。
    改革开放后特别是近年来,藏区与内地的联系日趋紧密,经济文化交流不断增强,人员流动日益频繁,在民族团结和经济协调发展不断推进的同时,也出现了藏传佛教在内地传播的问题。一些藏传佛教教职人员未经内地宗教活动场所及佛教协会邀请,未经所在地宗教事务管理部门同意,擅自前往内地从事讲经说法、开光灌顶、化缘收徒,甚至设立宗教活动场所等活动;一些不法分子冒充僧尼甚至活佛,打着藏传佛教旗号,招摇撞骗,敛财骗色,进行各种非法活动。
    藏传佛教的一些教职人员在内地非法活动,带来了多方面的消极影响。(1)一是达赖集团借机扩大在内地群众中的影响,危害党的群众基础;(2)二是活动隐秘,躲避政府依法管理,给社会稳定带来潜在威胁;(3)三是打破了历史形成的藏传佛教和汉传佛教的分布格局,影响宗教内部和谐;(4)四是损害藏传佛教自身形象,不利于藏传佛教建立正常秩序;(5)五是致使一些人上当受骗,损害群众利益。藏传佛教在内地传播不是简单地宗教信仰问题,而是与维护祖国统一、反对民族分裂的政治斗争紧密联系的,要从对达赖集团斗争的政治高度和维护社会稳定的大局出发,提高认识,加强管理,作为普通信教群众,不能去参加未经批准的藏传佛教教职人员在内地的传教活动。

  10. དྲི་མེད་ལྷག་བསམ། says:
    2015-11-13 at 5:14 am

    (一是达赖集团借机扩大在内地群众中的影响,危害党的群众基础;藏传佛教在内地传播不是简单地宗教信仰问题,而是与维护祖国统一、反对民族分裂的政治斗争紧密联系的,要从对达赖集团斗争的政治高度和维护社会稳定的大局出发,提高认识,加强管理)

  11. འགར་སྲས། says:
    2015-11-13 at 5:46 am

    ད་རིམ་པ་གང་དུ་སླེབས་འདུག དང་པོ་རང་བཙན་བཤད་མི་ཆོག་ཟེར། དེ་ནས་རང་བཙན་ཕྱེད་དང་རྣམ་པ་འགྱུར་བའི་རང་བཙན་བཤད་མི་ཆོག་ཟེར། དེ་ནས་རང་སྐྱོང་ཆེན་པོ་བཤད་མི་ཆོག་པ་དང། དབུ་མའི་ལམ་ཁས་ལེན་མེད་ཟེར། ད་ཕལ་ཆེར་༧ གོང་ས་མཆོག་ནས་མི་མང་ལ་བཀའ་མོལ་གསུང་མི་ཆོག་ཟེར་གྱི་ཡོད་པ་འདྲ། འདི་དག་ཡོད་ཚད་གཞན་དབང་སྟབས་བསྟུན་འོག་ནས་ཡོང་གི་ཡོད།

  12. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-11-13 at 6:06 am

    རེད་ཡ། ང་ཚོའི་བོད་པའི་ངོས་ནས་གྱོང་ཁུར་ཡ་མེད་ན་མ་གཏོགས་ཁུར་ཡོད་རེད། དེ་ཡང་གཉིས་ཕན་དབུ་མའི་ལམ་ནས་བྱུང་བ་ཡིན་ཡང་དེར་བཤད་ན་གོང་ས༧མཆོག་ལ་སྐྱོན་བརྗོད་རེད་ཟེར་བ་དང་དོལ་རྒྱལ་ཚོགས་མི་དང་དབུས་སྒྲིགས་འཛུགས་རྩ་གཏོར་གཏོང་མཁན་རེད་ཟེར་ནས་མགོ་འབུས་ས་མེད་པར་བཟོ་བཞིན་ཡོད། ད་རེས་མུ་མཐུད་ནས་ནས་འདི་མུར་བཞིན་སོང་ན་གྱོང་རེག་མཁན་དེ་གཞིས་ལུས་མི་དམངས་དང་བཙན་བྱོལ་ནང་ཉམས་ཆུང་དེ་ཚོ་རེད་མ་གཏོགས་སྐབས་འཚོལ་བ་མགོ་བདེ་ཚོ་རྐང་པ་གསུམ་བཙུགས་བཞི་ཚུགས་བསྡད་ཡོད་པ་མཐོང་གསལ་རེད། དགོས་གལ་བྱུང་ཚེ་གསལ་སྟོན་བྱ་རྒྱུ་འདུན་པ་ཡོད་གདའ།

  13. ཀརྡོ་གཉེར་ཕྱག་པ་ says:
    2015-11-14 at 1:31 am

    བོད་ཀྱི་བོད་མིའི་ལས་བྱེད་རུལ་པ་འགས། ༸གོང་ས་མཆོག་ལ་མཚན་དམོད་ཞུ་ཐུབ་ལ། དབུས་ལམ་རྒྱ་གཞུང་རྩོད་མི་ཐུབ་པ་འདི། བོད་རིགས་ཀྱི་ཞབས་འདྲེན་མ་ཡིན་ནམ། ལགས།

  14. དྲི་མེད་ལྷག་བསམ། says:
    2015-11-14 at 8:11 am

    བོད་ལ་རིགས་དྲུག་འདུག ༡༽དབུ་ལམ་ནི་ཐབས་ལམ་དང་། རང་བཙན་ནི་ཕུག་འདུན་ཡིན་ཟེར། ༢༽རང་བཙན་ནི་ཁྱབ་སྒྲགས་དང་། དབུ་ལམ་ནི་དམིགས་བྱ་ཡིན་ཟེར་བ་མཁན་དང་། ༣༽ཁ་ཁོག་མཚུངས་པའི་རང་བཙན་རྩོད་མཁན། ༤༽ཁ་ཁོག་མཚུངས་པའི་དབུ་ལམ་པ། ༥༽གང་བྱུང་ཡང་ཁྱད་པར་མེད་ཚང་མ་འགྲོ་ས་དེར་འགྲོ་ཟེར་མཁན། ༦༽རང་དང་རང་གི་ཉེ་འཁོར། ཆོས་རྒྱུན་ལ་ཁེ་ཕན་ཡོད་ན་ཐབས་ལམ་ཅི་བྱེད་དགོས་ཀྱང་བྱེད། བོད་མི་རིགས་ཤི་གསོན་གང་དུ་སོང་ཡང་ཁྱད་པར་མེད་ཟེར་མཁན་ཞིག་དང་། ཞིབ་ཏུ་དཔྱད་ན་ས་གནས་དང་། ཆོས་རྒྱུན། མི་ཚང་གི་ལོ་རྒྱུས། རང་ཉིད་ཀྱི་མྱོང་ཚོང་བཅས་ལ་འབྲེལ་བ་ངེས་ཅན་འདུག་སྙམ། ལོ་རྒྱུས་ནང་གི་རྒྱ་དགའ་བའི་རིགས་ལ་ནམ་ཡིན་ཡང་དེའི་བག་ཆགས་ཡོད། ལོ་རྒྱུས་རྒང་གི་བོད་གཅེས་པའི་རིགས་ལ་ནམ་ཡིན་ཡང་དེའི་རང་གཤིས་ཡོད། ལོ་རྒྱུས་ནང་གི་རྒྱལ་བཙོང་པ་ཕལ་ཆེ་བའི་རྒྱུད་པར་དེའི་དྲི་མ་ཡོད། ཐབས་ལམ་གང་སྤྱད་ཀྱང་རང་ཚུགས་རིམ་བཞིན་སྟོན་པར་འདུག །

  15. ཀརྡོ་གཉེར་ཕྱག་པ་ says:
    2015-11-14 at 10:21 am

    རང་བཙན་ནི། དགྲ་བོ་མི་ཉུང་བ་ཅིག་མ་དསོད་པར་ཐོབ་ཐབ་མེད། དེ་བས་དབུས་ལམ་འདི་རང་དངོས་གནས་གཉིས་སྨན་རེད་འདུག་སྙམ་ལགས།

  16. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-11-14 at 12:19 pm

    ས་ཡ་དྲུག་གི་ཆེད་དུ་དགྲ་བོ་མི་ཉུང་བ་ཅིག་སྲོག་བཀུམ་དགོས་ན་ཧང་སང་ཡ་མེད་རེད། དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་མདུང་ཐུང་བསད་པའི་ལོ་རྒྱུས་གོ་མྱོང་ངམ། ཧཧཧཧ་་་་་དྲན་པ་བརྗེད་མིན་ནམ།

  17. ཀརྡོ་གཉེར་ཕྱག་པ་ says:
    2015-11-14 at 12:55 pm

    ང་ཆུང་དུས། བོད་རང་བཙན་གྱི་ཆེད་དུ་མའོ་ཙེ་ཏུང་གསོད་ཐུབ་ན་ཅི་མ་རུང་སྙམ་ཡང་་་་་་་་ དེ་ནི། ཧཧཧཧ།།

  18. ཀརྡོ་གཉེར་ཕྱག་པ་ says:
    2015-11-14 at 1:39 pm

    ད་ནི། ང་ནི། གུང་བྲན་ཞི་ཅིན་ཕིང་ཁོ་ལྟ་བུ་བོད་རང་བཙན་གྱི་ཆེད་དུ་གསོད་དུ་འགྲོ་ཐུབ་པ་མི་འདུག་གོ།

  19. དྲི་མེད་ལྷག་བསམ། says:
    2015-11-14 at 9:33 pm

    སྲོག་མི་གཅེས་མཁན་གཅིག་ཀྱང་མེད། གསོད་འོས་པ་སུ་ཡང་མེད། འོན་ཀྱང་བདག་ལས་གཞན་གཅེས་ཀྱི་བློ་བཅོས་མིན་མ་སྐྱེས་བར། དགྲ་གཉེན་བརྗེ་ཐུབ་པར་མི་འགྱུར་རོ། ། གྲུབ་འབྲས་ཀྱི་ཆ་ནས་བསམ་ན། དབུ་རང་གཉིས་སུ་ཡིན་ཡང་དུས་ཚོད་མེད་པར་འགྲུབ་ཐུབ་པར་དཀའ་སྙམ། ལྡོག་ཕྱོགས་ནས་བཤད་ན། ༡༽དབུ་མ་པས་རང་བཙན་མི་རྩོད་པའི་གྲུབ་འབྲས་འཕྲལ་དུ་མ་ཐོན་ན། བོད་མི་རིགས་ཀྱི་འདུ་ཤེས་རིམ་བཞིན་ཡལ་ནས་མི་རིགས་ཤིག་འཆི་ལམ་དུ་དེད་པ་དང་གཅིག་མཚུངས་རེད། ༢༽རང་བཙན་པར་ཨུ་ཚུགས་ཆེ་དྲག་ན་ཕག་སྣ་བྲག་ལ་བསྣུན་ནས་འཇིགས་བསྐུལ་བར་གྱུར་ཏེ་འཕྲལ་དུ་རང་ཤི་རྒྱག་པའི་ཉེན་ཁ་ཡོད། རང་བཙན་རྩོད་པ་ལ་རྒྱ་གར་ནང་བཞིན་ལོ་ཉིས་བརྒྱའི་རིང་དུ་མི་རིགས་ཀྱི་རིག་གཞུང་ཆོས་ལུགས་འཐབ་རྩོད་ཀྱི་ངོ་བོ་གནས་ཐུབ་པ་ཞིག་དགོས། ལེགས་ཕྱོགས་ནས་བཤད་ན། ༣༽དབུ་མ་པ་ནི་ནང་པའི་ལྟ་གྲུབ་དང་མཐུན་ཞིང་། རྒྱལ་བའི་བཞེད་པ་ཡིན་པ། གནས་སྐབས་སུ་དགྲ་ཕྱོགས་ཀྱིས་ཀྱང་གླག་མི་རྙེད་པའི་ཐབས་ལམ་ཆེས་ལེགས་ཤོས་རེད། ༤༽རང་བཙན་ནི་བོད་མི་མང་ཆེ་བའི་ཕུག་འདུན་དང་རྨི་ལམ། བོད་མི་རིགས་ཀྱི་ངོ་བོ་སྲ་བརྟན་ཏུ་གནས་པའི་ཐབས་ལམ་ལེགས་ཤོས་རེད་སྙམ། གཉིས་ཕན་གྱི་སྒོ་ནས་བསམ་ན། དབུ་རང་གཉིས་ཀ་ཕན་ཚུན་དུ་ཕན་པ་ཡོད། ༥༽དབུ་མ་པ་ལ་རང་བཙན་ཕན་སྟེ། གྲོས་མོལ་ཀྱི་ཆ་རྐྱེན་ལ་རང་བཙན་པའི་གླེང་སློང་མེད་ན་རྒྱ་ནག་ལ་མགོ་སྒུར་རྒྱུ་ལས་ལྷག་མེད། ༦༽རང་བཙན་པ་ལ་དབུ་མ་ཕན་སྟེ། རང་བཙན་པའི་ཞི་བའི་ལས་འགུལ་མེད་ན་རང་བཙན་པ་དྲག་སྤྱོད་པར་འགྱུར་བའི་ཉེན་ཁ་ཤིན་ཏུ་ཆེ་བས་རྒྱ་ནག་གི་འདོད་ཐོག་ཏུ་འགྲོ་རྒྱུ་ལས་མེད། ཕྲན་རང་གི་འདོད་པ་ནི། འཛམ་གླིང་རྒྱལ་ཁབ་གཅིག་ཏུ་འགྱུར་ཞིང་། འཚེ་མེད་ཞི་བའི་འཚོ་བ་ཉམས་སུ་མྱོང་བའི་སྨོན་པ་ལས། དབུ་རང་སུའི་ཕྱོགས་སུ་མི་གཏོགས་སོ། །

  20. བཀྲ་ཤིས། says:
    2015-11-14 at 10:58 pm

    རང་བཙན་དགོས་ན་མི་གསོད་དགོས་པའི་ཁྱབ་པ་ཨ་ཡོད།
    ལམ་དབུ་མ་ཡིན་ན་མི་གསོད་མི་དགོས་པའི་ཁྱབ་པ་ཨ་ཡོད།

  21. ཀརྡོ་གཉེར་ཕྱག་པ་ says:
    2015-11-15 at 12:17 am

    ་་་་་་་་ ཕྲན་རང་གི་འདོད་པ་ནི། འཛམ་གླིང་རྒྱལ་ཁབ་གཅིག་ཏུ་འགྱུར་ཞིང་། འཚེ་མེད་ཞི་བའི་འཚོ་བ་ཉམས་སུ་མྱོང་བའི་སྨོན་པ་ལས། དབུ་རང་སུའི་ཕྱོགས་སུ་མི་གཏོགས་སོ། ། ་་་་་་་་

  22. ཀརྡོ་གཉེར་ཕྱག་པ་ says:
    2015-11-15 at 5:13 am

    དབུས་ལམ་པ་དང་། རང་བཙན་པའི་བར་གྱི་བགྲོ་གླེང་།
    http://www.rfa.org/tibetan/society/middle-way-and-rangzen-11122015142816.html#.VkTsHWrU5AI.facebook

  23. འགར་སྲས། says:
    2015-11-15 at 5:59 am

    ༢༠༡༦ ལོར་ང་ཚོས་འགྱུར་བ་གཏོང་དགོས་པ་དང་ཤུགས་རྒྱག་དགོས་པའི་གནད་དོན་གསུམ་གྱི་སྐོར་འཁོད་ཡོད་པར་དྲ་གྲོགས་ཚོས་དགོངས་ཚུལ་གསུང་མི་ཐུབ་པ་འདི་ཕངས་བ་ལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme