Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་མི་གཞོན་སྐྱེས་འདི་རྒྱུས་ཡོད་དམ།

Posted on 2010-04-132010-04-13 By ཁ་བརྡ་ 5 Comments on རྒྱ་མི་གཞོན་སྐྱེས་འདི་རྒྱུས་ཡོད་དམ།

ནགས་ཤོད་རིག་རལ།

ཧན་ཧན་ནི་ད་ལྟ་རྒྱ་ནག་ཏུ་གྲགས་པ་ཆེ་བའི་གཞོན་སྐྱེས་རྩོམ་པ་པོ་ཞིག་རེད། ཁོང་གི་ཕྱིང་བལ་ནང་རྡོ་བཏུམ་པ་འདྲ་བའི་རྩོམ་ཡིག་དེ་ཚོས་སྒེར་གཅོད་སྲིད་གཞུང་གི་དཔོན་རིགས་ཚོ་མགོ་ན་བར་བྱེད་མོད། ཤ་དར་ཁྲག་དར་གྱི་གཞོན་སྐྱེས་ཚོའི་ངོས་ནས་བཤད་ན་གང་ཞིག་སེམས་སྦུག་ནས་བརྗོད་འདོད་པ་དེ་དཔའ་བོ་ཞིག་གིས་རང་ལ་བརྗོད་རོགས་བྱས་པ་ལྟར་གྱི་ནུས་པ་ཐོན་གྱི་ཡོད། རྒྱུ་མཚན་དེས་ཧན་ཧན་གྱི་དྲ་རྩོམ་རྗེས་སྙེག་པ་གྲངས་ལས་འདས་པ་ཞིག་ཉིན་བཞིན་འཕེལ་བཞིན་ཡོད་པ་རེད་ལ།
ཁོང་གི་རྩོམ་ཡིག་དེ་དག་མི་གྲངས་ས་ཡ་མང་པོའི་གླེང་བྱར་འགྱུར་བཞིན་འདུག རང་ལོ་༢༧ལས་སླེབས་མེད་ཀྱང་ཁོང་རང་གི་ཟིན་བྲིས་ལྟ་ཀློག་བྱེད་གྲངས་དུང་ཕྱུར་༣ལས་བརྒལ་ལ། ད་ཐེངས་ཁོང་རང་ཨ་རིའི་གཟའ་འཁོར་དུས་དེབ་དུས་རབས་ཟེར་བའི་༢༠༡༠ལོའི་འཛམ་གླིང་དུ་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་སྣ་བདམས་པའི་འོས་མིར་ཚུད་པ་དང་། གཤམ་གྱི་རྩོམ་འདི་ནི་ཁོང་རང་འོས་མིར་ཚུད་པའི་རྗེས་སུ་བྲིས་པ་ཞིག་རེད། རྩོམ་ཡིག་འདི་གཅིག་པུ་ཡང་ད་ལྟ་ཀློག་གྲངས་༧འབུམ་དང་། མཆན་འདེབས་གྲངས་༢ཁྲི། བརྒྱུད་འགོད་བྱེད་ཐེངས་༢སྟོང་ལས་བརྒལ་ཡོད།

《ལྷུག་རྩོམ་ཞིག》
ཧན་ཧན།
ཁ་སང་གསར་འགྱུར་འདི་འདྲ་ཞིག་མཐོང་བྱུང་། གཟའ་འཁོར་དུས་དེབ་དུས་རབས་ནང་ང་རང་འཛམ་གླིང་ན་ཤུགས་རྐྱེན་ཆེ་བའི་མི་སྣ་༢༠༠ཡི་འོས་མིའི་གྲས་སུ་ཚུད་ཡོད་པ་དང་། ཀྲུང་གོ་ནས་ད་དུང་མི་སེམས་སུ་ཕོག་ཐུག་སླ་བའི་ཚིག་འགའ་འམ་མི་འགའ་ཡི་མིང་ཚུད་ཡོད་པ་རེད། སྐབས་དེ་དུས་ང་རང་ཏག་ཏག་ང་ཚོའི་གྲོང་ཚོའི་ནང་དུ་སྨྱུག་རྩ་འགོག་བཞིན་ཡོད་པས་དོན་དེར་སྣང་བ་དེ་ཙམ་བཏང་མེད། ནང་དུ་སླེབས་རྗེས་ལག་ཐོགས་ཁ་པར་ཐོག་ཏུ་འཕྲིན་ཐུང་མང་པོ་ཞིག་འབྱོར་འདུག་ལ།
ཚང་མས་འདྲི་འདོད་པ་ནི་དོན་འདིར་ང་རང་གིས་འཛིན་པའི་ལྟ་སྟངས་རེད། ངས་ནན་ཏོས་དང་པེ་ཅིང་ཚགས་ཤོག་གསར་པའི་གྲོགས་པོ་གཉིས་ལ་མ་གཏོགས་ལན་བྱས་མེད། གསར་ལམ་ཕལ་ཆེ་བས་ངའི་མི་གཤིས་ལ་ཚོད་དཔག་གིས་རྟོག་བཟོ་ཡ་རབ་ཅིག་བྱས་ནས་བྲིས་པ་ལྟ་བུར་སྣང་། ཀུན་གྱིས་འདི་ལྟ་བུའི་སེམས་ཁུར་ཡོད་པ་ནི་ང་ཡི་བློ་ལས་འདས་པས་ངས་འདི་རུ་སྤྱི་ཡོངས་ལ་སྡེབ་གཅིག་ཏུ་ལན་ཞིག་འབུལ་འདོད་བྱུང་། ཐོག་མར་ང་རང་ཕམ་སེམས་སམ་དབུགས་རིང་འབྱིན་དགོས་པའི་ཚོར་སྣང་འདི་འདྲ་ཞིག་ཡོང་བ་སྟེ། མི་ཚོ་ལ་གསར་འགྱུར་བརྒྱུད་ལམ་འདི་འདྲ་ཞིག་ཡོད་དགོས་དོན་གང་ཡིན། ཨ་རིའི་དུས་རབས་ཀྱིས་མི་སྣ་གལ་ཆེན་འདེམས་ཐེངས་རེར་འཛམ་གླིང་ཡུལ་གྲུ་ཁག་གི་ས་ཕྱོགས་གང་སར་རླབས་ཀྱི་ཟེགས་མ་འཕྱུར་དོན་གང་ཡིན་ནམ།
ཀྲུང་གོ་ལ་ཡང་འདི་ལྟ་བུའི་གསར་འགྱུར་བརྒྱུད་ལམ་འཛམ་བུ་གླིང་གི་བློ་ཡི་དང་བ་འཕྲོག་ཐུབ་མཁན་ཞིག་ཡོད་ན་བསམ་པ་ནི་ངའི་ངོས་ནས་བཤད་ན་སྐོམ་པས་ཆུ་དང་ལྟོགས་པས་ཟས་འདོད་པ་ནང་བཞིན་རེད་འདུག གསར་འགྱུར་བརྒྱུད་ལམ་འདི་ལྟ་བུ་ཡོངས་སུ་དྲང་བདེན་རེད་ཅེས་ང་ཚོས་བརྗོད་མི་ཐུབ་ཀྱང་། དེ་ལ་སྐྱེ་བོ་ཀུནན་གྱིས་ཡིད་སྟོན་ཐུབ་པའི་ནུས་པ་དེ་ཡོད་པ་རེད། ང་ཚོའི་རྒྱལ་ཁབ་ལ་ཡང་འདི་ལྟ་བུའི་གསར་འགྱུར་བརྒྱུད་ལམ་ཡོད་ན་ཅི་མ་རུང་ཨ། འཕངས་དགོས་པ་ཞིག་ལ་ང་ཚོ་ལ་ཡོད་པ་མ་རེད། ང་ཚོའི་གསར་འགྱུར་ལས་རིགས་གཉེར་མཁན་རྣམས་ཀྱི་ཆུ་ཚད་གཞན་ལས་སྐྱོ་བ་མ་ཡིན་མོད། རྒྱུ་མཚན་འགའ་ཞིག་ལ་བརྟེན་ནས།…….རྒྱུ་མཚན་འདི་དག་ཚང་མས་ཤེས་གསལ་རེད། འདི་ཙམ་ལས་གླེང་མི་ཕོད། གླེང་མང་ན་ཤི་ངེས་རེད་ལ། ཤི་ཚར་ནས་རོ་ལ་ཡང་ལྕག་ཚན་བྲབ་ངེས་རེད།
ངས་རྟག་ཏུ་ཕོག་ཐུག་གི་ཚིག་མང་བའི་སྤྱི་ཚོགས་འདི་ལ་རང་ཉིད་ཀྱིས་ལེགས་སྐྱེས་གང་ཞིག་ཕུལ་འདུག་ཅེས་འདྲི་ཡི་ཡོད། མཐའ་མཇུག་ཏུ་རྙེད་ཐུབ་པའི་ལེགས་སྐྱེས་ནི་ང་རང་གི་མིང་འདི་སྤྱི་ཚོགས་འདིའི་ནང་ཕོག་ཐུག་ཆེ་བའི་ཚིག་ཅིག་ལ་ཁ་སྣོན་བྱས་པ་ཙམ་རེད་འདུག ང་རང་ཉིན་ལྟར་ཉིན་དགུང་མ་ཟིན་ཙམ་བར་ཉལ་ནས་སྡོད།
རྟག་ཏུ་གློག་ཆས་གསར་པ་ཉོས་ནས་དངུལ་འཕྲོ་བརླག་བཏང་། ཁ་ཟས་ལ་ཡང་གདམས་ཀ་ཆེ། ཡིན་ན་ཡང་སྟབས་ལེགས་པ་ཞིག་ལ་ད་བར་དུ་སྤྱི་ཚོགས་འདི་ལ་སྡིག་ཉེས་དང་ཁུར་པོ་ཁ་སྣོན་བྱེད་མྱོང་མེད། ང་ལ་མཁའ་ལྟར་ཡངས་པའི་མིག་རྒྱང་རིང་པོ་ནི་དེ་བས་མེད། སེམས་ཆུང་ནང་གི་རེ་བ་ཆུང་ཆུང་ནི་འབྲེལ་ཡོད་ལས་ཁུངས་ཁག་གིས་རྩོམ་རིག་དང་གསར་འགྱུར་ལས་རིགས་ལ་ཡག་ཙམ་བྱས་ན་བསམ་གྱི་ཡོད། ཁོང་ཚོ་ལ་ཚད་ལས་འདས་པའི་ཞིབ་བཤེར་དང་ཚོད་འཛིན་མ་བྱས་ན་བསམ་གྱི་ཡོད། སྲིད་གཞུང་གི་ཁེ་དབང་དང་རྒྱལ་ཁབ་གྱི་མིང་འཁྱེར་ནས་རྩོམ་རིག་དང་གསར་འགྱུར་ལས་རིགས་གཉེར་མཁན་དག་གི་ཁ་རྗེ་དབང་ཐང་མ་འཕྲོག་ན་བསམ་གྱི་ཡོད། དེ་ལྟར་བྱས་ན་ཁྱོད་ཚོས་དངུལ་འབོར་ཆེན་གཏོང་མི་དགོས་པར་ནུབ་གླིང་རྒྱལ་ཁབ་ཁག་ཏུ་ཁྱབ་ཐུབ་པའི་རྩོམ་རིག་བརྩམས་བྱ་དང་གསར་འགྱུར་བརྒྱུད་ལམ་ཡོང་སྲིད་པ་མ་ཚད། ང་ཚོ་ཀློག་པ་པོ་དང་ཉན་མཁན། གཟིགས་མོ་བ། དྲ་དམངས། གྲོང་མི། རྒྱལ་དམངས་ཆུང་ཆུང་ཚང་མས་ཀྱང་གཟི་བརྗིད་དེ་དག་མཉམ་དུ་ལོངས་སུ་སྤྱོད་ཐུབ། ང་ལ་བརྩམས་བྱ་ལེགས་པོ་ཞིག་འབྲི་བའི་སྐྱེས་ཐོབ་ཀྱི་ཤེས་རབ་དང་འཇོན་ཐང་ཡོད་པའི་ངེས་པ་གང་ཡང་མེད་མོད་སྐྱེ་བོ་གཞན་ལ་ཡོད་པ་ནི་གཏན་འཁེལ་རེད། ཡིན་ནའང་ཁྱེད་རང་གིས་ཡོད་པ་རྣམས་ཀྱི་འབྲས་བུ་འདོན་པ་དང་མེད་པ་རྣམས་ལ་ཆེ་བསྟོད་བེད་སྤྱོད་མ་བྱེད་རོགས། ཁ་པར་ནང་གསར་འགོད་པས་ང་ལ་འདི་ལྟར་དྲིས་བྱུང་། ཕྱོགས་འགའ་ཤས་ཐད་ཁྱེད་རང་དང་ནུབ་ཕྱོགས་རྒྱ་རྒོལ་སྟོབས་ཤུགས་བར་ལ་ངན་འབྲེལ་འདུག་ཟེར་སྲོལ་འདུག་ཟེར།
ངས་དེ་ནི་རྒྱུན་ལྡན་ཞིག་རེད་བཤད་པ་ཡིན། མི་ཚོས་ཐབས་ཤེས་འདི་ལོ་དྲུག་ཅུ་ཙམ་བེད་སྤྱོད་བཏང་ཡོད། ཐོག་མའི་ལོ་བཅུ་ཕྲག་འགའ་ཁ་ཞེ་གཉིས་མེད་ཀྱི་ཆ་ཡོད་ཀྱང་། རྗེས་ཀྱི་ལོ་བཅུ་ཕྲག་འགའ་ནི་ཁ་ཏས་མི་གཙང་བ་གཞན་ལ་བཀུ་ཐབས་ཙམ་རེད། ཕྱི་རྒྱལ་དུ་རླངས་འཁོར་འགྲན་རྩེད་ལ་འགྲོ་བར་རྟག་པར་ཡིག་ཆ་འདི་དང་ཕ་གི་མ་ཚང་བའི་དབང་གིས་ཐོངས་མཆན་ཡང་ཐོབ་དཀའ་བའི་ང་ནི་ནུབ་ཕྱོགས་དང་ངན་འབྲེལ་གང་ཞིག་ཡོད་སྲིད་དམ། ལྷག་པར་དུ་ད་ལྟ་དུས་རབས་གང་དུ་སླེབས་འདུག ད་དུང་ངན་འབྲེལ་ཟེར་ཚུལ་འདིར་ལྟོས་དང་། ཚིག་འདི་ཞལ་ནས་ཐོན་སྐབས་ཅི་འདྲའི་རྣ་ལ་གཟན་པ་ཞིག་རེད་ཨང་།
རྟག་པར་ངའི་ཁ་པར་ལྐོག་ཉན་རྒྱག་ནས་སྡོད་མཁན་གྱི་གྲོགས་པོ་ཞིག་ཡོད་ན། ང་མི་གང་འདྲ་ཞིག་ཡིན་པ་ཁྱེད་རང་ལ་རྒྱུས་གསལ་པོ་ཡོད་ངེས་རེད། ཁྱེད་ཀྱིས་གསུངས་ན། གློག་ཀླད་མདུན་གྱི་གྲོགས་པོ་ཞིག་གི་ཞལ་ལས་འགོག་མི་ཐུབ་པའི་འཛུམ་ཆུང་ཞིག་མངོན་ཀྱང་སྲིད། འོན་ཀྱང་ང་རང་ཡ་མཚར་ཤོས་ནི་གཞུང་ཞབས་སྨྱུག་འཛིན་པ་འདི་དག་གིས་ལོ་བཅུ་ཕྲག་འགའ་ཤས་གཤེ་སྟངས་གཅིག་རང་བྱས་ཀྱང་ད་དུང་སུན་རྒྱུ་མེད་པ་དེ་རེད། གཤེ་མཁན་མ་སུན་ཀྱང་གཤེ་ས་དེ་དག་ཚོ་ཡང་སུན་གྱིན་འདུག
ཡིན་ནའང་ཁོང་ཚོ་ལྟ་བུ་ཡོད་པར་ང་རང་མོས་མཐུན་མཐའ་གཅིག་ཏུ་ཡོད། གང་ཞིག་སྔ་རྒོལ་ཡོད་སར་ཕྱི་རྒོལ་པ་ཡོད་སྲིད་པ་རེད། གལ་སྲིད་ང་ཚོའི་རྒྱལ་ཁབ་འདིས་གཏམ་ཁ་གཅིག་ཏུ་མ་འགྲིལ་ན་རང་ལུགས་བཟུང་ནས་གནས་ཐུབ་པ་དང་། ལྟ་བ་མ་མཐུན་ཙམ་གྱིས་ཕ་རོལ་པོའི་སྲོག་རྩ་མི་འཇོམས་པ་ཞིག་བྱེད་ཐུབ་ན།
དེ་ནི་ང་ཚོའི་རྒྱལ་ཁབ་ཀྱི་ཡར་རྒྱས་ཆེན་པོ་ཞིག་རེད་ལ་ང་ཚོས་ཀྱང་དེའི་ཆེད་དུ་འབད་བརྩོན་བྱེད་ངེས་རེད། ཕྱིས་སུ་གསར་འགོད་པ་དེས་ང་ལ་ཡང་འཕྲིན་ཐུང་འདི་ལྟར་བཏང་བྱུང་། དེ་ལྟར་བྱས་ན་ཁྱེད་རང་གི་ལྟ་བ་དང་སྨྲ་བརྗོད་དེ་དག་ནུབ་ཕྱོགས་པའི་རིན་ཐང་ལྟ་བ་དང་ཆེས་མཐུན་པ་ཞིག་རེད། དེ་ལྟར་རེད་དམ་ཟེར།
ངས་ཀྲུང་གོ་བ་རྣམས་ཀྱི་རིན་ཐང་ལྟ་བ་དང་མཐུན་གྱི་མི་འདུག་གམ་ཅེས་ཕར་ལྡོག་འདྲི་བྱས་པ་ཡིན། ང་རང་གི་བསམ་ཚུལ་ལྟར་ན་གོ་ལའི་མི་དང་འཁོར་སྐར་གཞན་གྱི་མིའི་བར་ལ་རིན་ཐང་གི་ལྟ་བ་མི་མཐུན་པ་ཡོང་སྲིད་མོད། ཤར་ཕྱོགས་པ་དང་ནུབ་ཕྱོགས་པའི་བར་དུ་འཚོ་བའི་གོམས་གཤིས་མི་འདྲ་བ་ཡོད་པ་ཙམ་ལས་རིན་ཐང་གི་ལྟ་བ་ནི་རྩ་བའི་ཆ་ནས་གཅིག་པ་ཡིན་པ་དང་། དེ་ལ་རྩོད་དགོས་དོན་གང་ཡང་མཐོང་གི་མི་འདུག མཐའ་མ་འདིར་གླེང་རྒྱུ་ནི་ཤུགས་རྐྱེན་ཟེར་བ་དེ་ཡིན། ང་རང་རྟག་ཏུ་ངོ་གནོང་གི་འདུག ང་ནི་ཆེས་སྤྱིར་བཏང་གི་དཔེ་ཆ་བ་ཞིག་ཡིན་པ་ལས་གང་ཡང་མ་ཡིན། གཅིག་བྱས་ན་ངའི་རྩོམ་ཡིག་གིས་མི་རྣམས་སྙིང་ཚིམ་ཚིམ་ཡོང་སྲིད།
དེ་ཙམ་མ་གཏོགས་ཤུགས་རྐྱེན་གང་ཞིག་ཡོད་དམ། དེ་ནི་བྱིས་པས་འཇའ་ཚོན་སྙེག་པ་ཙམ་གྱི་ཤུགས་རྐྱེན་རེད།
ཀྲུང་གོ་འདི་རུ་ཤུགས་རྐྱེན་ཟེར་བ་ནི་རྟག་ཏུ་དབང་ཆ་རེད། རི་བོ་ཐང་དུ་བསྒྱུར་ནུས་པ་དང་རྒྱ་མཚོ་མཁའ་རུ་འཕྱོ་ནུས་པའི་ལག་པ་དེ་དག ཁྱེད་རང་ཤི་རུ་འཇུག་པའམ་གསོན་དུ་འཇུག་པ། ཤི་མིན་རོ་མིན་བཟོ་ཐུབ་མཁན་དེ་དག་ནི་དངོས་སུ་ཤུགས་རྐྱེན་ཡོད་པའི་མི་རེད། ཡིན་ནའང་མི་དེ་དག་གཞན་གྱིས་འཚོལ་བར་སྐྲག་པའམ་བཙལ་ན་བཞུར་འགྲོ་བའི་གནས་ལུགས་གང་ཡིན་མི་ཤེས་མོད། རྟག་ཏུ་འཚོལ་སྙེག་དྲ་ལམ་ནས་དེ་དག་རྙེད་ཁག་པ་རེད། ང་ཚོ་ནི་ཕྱོགས་བཞི་ནས་གློག་སྒྲོན་འཚེར་རེར་འཕྲོས་པའི་སྡིངས་ཆའི་ཐོག་ཡར་བསླངས་ནས་བཞག་པའི་མི་ཉམ་ཆུང་ཚོ་རེད། ཡིན་ན་ཡང་འཁྲབ་སྟོན་ཁང་འདི་ནི་ཁོང་ཚོར་བདག་པ་དངཁོང་ཚོས་སྡིངས་ཆ་འདི་མཇུག་སྒྲིལ་རས་ཡོལ་ཅི་དགར་འཐེན་ཆོག་པ་དང་། གློག་སྒྲོན་ཅི་དགར་བསྣུབས་ཆོག་ལ་སྒོ་བརྒྱབ་ནས་ཁྱི་ཡང་བཀྱེ་ཆོག མཐའ་མ་ཁྱི་རྒྱུགས་ཚར་རྗེས་ནམ་ཡང་གསལ་ངེས་པ་དང་། ནམ་གསལ་བའི་རྗེས་སུ་རྗེས་ཤུལ་ཙམ་ཡང་མེད་པ་བཟོ་ཐུབ། ངའི་རེ་བ་ནི་མི་དེ་དག་གིས་ཁོང་ཚོའི་ཤུགས་རྐྱེན་དེ་ལེགས་ཕྱོགས་སུ་བཀོལ་ན་བསམ་པ་དེ་ཡིན། སྡིངས་ཆའི་ཐོག་ཏུ་ཡོད་པའི་ང་ཚོ་མི་རེ་ངོ་རེ་དང་། ཐ་ན་སྔོན་ཆད་སྡིངས་ཆ་འདི་བསྐྲུན་མཁན་གྱི་མི་དག་གིས་ཀྱང་ངེས་པར་དུ་ཕྱོགས་བཞི་རུ་འགྱིང་བསྡད་པའི་གྱང་མཐོ་པོ་འདི་དག་དང་གློག་སྒྲོན་འདི་ཚོ་མར་བཤིག་དགོས་འདུག ཁྲི་གདུགས་ཉི་མའི་འོད་ཟེར་ནང་དུ་འཕྲོས་ཡོང་བའི་དུས་ཀྱི་འོད་སྣང་དེ་ནི་སུ་ཞིག་གིས་ཀྱང་འཇོམས་ཐབས་མེད་པ་ཞིག་རེད། དྲྭ་གྲོགས་ཚོ། ཨ་རིའི་དུས་རབས་ཀྱི་༢༠༡༠ལོའི་མི་སྣ་༡༠༠ཡི་འོས་མིར་ཧན་ཧན་
http://bit.ly/aULNyF ཕུད། ད་དུང་བཙོན་དུ་ཡོད་པའི་དམངས་གཙོ་དོན་གཉེར་བ་ལི་ཞོ་པོ་
http://zi.mu/1jb འདུག ཁོང་གཉིས་ལ་འོས་ཤིག་བླུགས་དང་།
མི་འདི་ཚོ་ནི་ནང་ལོགས་ནས་རྒྱ་ནག་འགྱུར་ལྡོག་གཏོང་ནུས་མཁན་རེད་ལ།
རྒྱ་ནག་ལ་འགྱུར་ལྡོག་ཅིག་བྱུང་ན། ང་ཚོ་བོད་དོན་ལ་ཡང་གོ་སྐབས་ཡོང་ངེས།

རྩོམ་རིག

Post navigation

Previous Post: སྐྱིད་རྩོམ།
Next Post: མེ་ཡིས་མི་འཚིག་པའི་སྙན་ངག

Comments (5) on “རྒྱ་མི་གཞོན་སྐྱེས་འདི་རྒྱུས་ཡོད་དམ།”

  1. རྒྱ་ནག་ཉམས་ཞིབ་པ། says:
    2010-04-13 at 5:56 am

    རེད་ལགས།
    ངས་ཀྱང་ཁོ་རང་གི་ཟིན་ཐོ་ལ་དུས་རྒྱུན་བལྟ་གིན་ཡོད་།ལྷག་པར་ཏུ་པེ་ཅིང་གི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཐོག་ཁང་ཞིག་མེ་འཚིག་ནས་བྲིས་བའི་ཟིན་ཐོ་ཞིག་ཡོད་པ་དེ་ཤིན་ཏུ་ནས་སྙིང་རྗེ་བོ་དང་།ཀློག་བྲོ་བ་ཤིག་འདུག།རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་འདི་ཚོ་དངོས་གནས་ཡག་པོ་རེད།ཁོ་ཚོ་མང་ཆེ་ཤོས་རྒྱ་གཞུང་གི་ལས་ཁུངས་ལས་ཚུར་བཏོན་ནས་སྒེར་གཉེར་བྱ་བཞིན་པ་དག་རེད།ང་ཚོ་བོད་ཀྱི་འོད་ཟེར་ལགས་ཡང་དེ་འདྲ་རེད།

  2. བོན་ནག་ཚང་། says:
    2010-04-13 at 6:14 am

    ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ། རྒྱུན་དུ་འདི་འདྲ་བ་ངོ་སྤྲོད་གནང་རྒྱུ་མ་བརྗེད་རོགས།

  3. ནགས་མེ། says:
    2010-04-13 at 7:34 am

    རིག་རལ་ལགས་ཁྱོད་ཀྱིས་ཡག་མོ་བསྒྱུར་འདུག ངས་བསྟོད་པའི་མཐེ་བོང་སྒྲེང་གིན་ཡོད། འོན་ཏེ་ཁྱོད་ཀྱིས་འདིར་འབྲེལ་བ་ཞིག་གནོངས་དང་། ངས་སྒུག་འདུག་གི་ཡིན་དཱ། bachongyeshi83@yahoo.com

  4. མགོ་རུལ། says:
    2010-04-13 at 1:35 pm

    སེང་རྡོར་དྲ་བའི་ཁ་འབྱེད་ཨེ་ཐུབ་ཀི

  5. བོན་ནག་ཚང་། says:
    2010-04-13 at 2:08 pm

    སེང་རྡོར་དྲ་བ་ཁ་འབྱེད་མི་ཐུབ་ཀི

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme