Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུས་ཡོ་རོབ་གཙུག་ལག་སློབ་གྲྭ་ཆེན་མོ་རུ་སློབ་སྦྱོང་བྱེད་དགོས་པའི་རྒྱུ་མཚན་བཅུ།

Posted on 2015-11-112015-11-11 By ཁ་བརྡ 3 Comments on དབུས་ཡོ་རོབ་གཙུག་ལག་སློབ་གྲྭ་ཆེན་མོ་རུ་སློབ་སྦྱོང་བྱེད་དགོས་པའི་རྒྱུ་མཚན་བཅུ།

གཅན་སྣང་བ་ཚེ་རིང་བཀྲ་ཤིས། (དབུས་ཡོ་རོབ་གཙུག་ལག་སློབ་གྲྭ་ཆེན་མོ།)

 
༼སློབ་མ་མང་པོ་ཞིག་གིས་སློབ་གྲྭ་འདིའི་སྐོར་མང་པོ་འདྲི་གི་འདུག་པས། འདིར་རོབ་ཙམ་ཞིག་བྲིས་ཡོད།༽ ཡོ་རོབ་གཙུག་ལག་སློབ་གྲྭ་ཆེན་མོ་ནི་སུའུ་ལེན་མནའ་མཐུན་རྒྱལ་ཁབ་ཁ་འཐོར་བའི་རྗེས་སུ་ཤར་ཡོ་རོབ་གླིང་དུ་དམངས་གཙོ་ལམ་སྲོལ་གསར་འཛུགས་བྱེད་པའི་སྐབས་ཀྱི་དཀའ་ངལ་དག་ལ་གདོང་ལེན་བྱེད་པར་དམིགས་ནས་༡༩༩༡ ལོར་གསར་དུ་བཙུགས་པའི་སློབ་གྲྭ་ཆེན་མོ་ཞིག་ཡིན་ལ། སློབ་གྲྭ་འདིའི་དམིགས་ཡུལ་གཙོ་བོ་ནི་འཛམ་གླིང་ནང་དམངས་གཙོ་ལམ་སྲོལ་ཁྱབ་སྤེལ་དང་སྲ་བརྟན་ཡོང་བ་བྱེད་རྒྱུ་དེ་ཡིན་པས་སློབ་ཆེན་འདིར་འབྱུང་རིག་སྡེ་ཆེན་དང་འབྲེལ་བའི་སློབ་ཚན་མ་གཏོགས་རྩིས་དངོས་རྫས་ལ་སོགས་པའི་སློབ་ཚན་རིགས་མེད། ཡིན་ཡང་ཚོང་ལས་སྡེ་ཚན་གཅིག་ཡོད།

unnamed-5

༡༽ སློབ་ཆེན་འདི་ནི་འཛམ་གླིང་ཁྱོན་ཡོངས་སུ་མ་ཟད་ཡོ་རོབ་ཁུལ་གྱི་སློབ་ཆེན་ཆེས་གསར་ཤོས་ཤིག་ཡིན་པས། མི་མང་པོ་ཞིག་གིས་སློབ་ཆེན་འདིའི་སྐོར་ལ་གང་ཡང་ཤེས་ཀྱི་མེད། འདས་པའི་ལོ་ངོ་༢༥་ལྷག་གི་རིང་དུ་སློབ་ཆེན་འདིས་འཛམ་གླིང་ནང་དམངས་གཙོ་དར་སྤེལ་དང་ལྷག་པར་དམངས་གཙོའི་སྐོར་གྱི་གཞུང་ལུགས་དང་ལག་ལེན་སྐོར་འཛམ་གླིང་ནང་རྩོད་རྙོག་ཆེ་སའི་ས་ཁུལ་གྱི་གཞོན་སྐྱེས་ཁག་ལ་འཆད་ཁྲིད་བྱས་ནས་ཤེས་འཇོན་ཅན་གྱི་ན་གཞོན་ཤེས་ཡོན་པ་མང་པོ་བསྐྱེད་བསྲིང་བྱས་ཡོད་ལ། ད་ཆ་སློབ་ཆེན་འདིའི་སྡེ་ཚན་ཁག་སྤྱི་དང་ལྷག་པར་་ཆབ་སྲིད་ཚན་རིག་སྡེ་ཚན་དེ་འཛམ་གླིང་ཁྱོན་ཡོངས་ཀྱི་ཡང་རྩེ་་ཨང་༢༩ པར་སོན་ཡོད། རྒྱས་པ་འདི་ལ་གཟིགས། http://www.topuniversities.com/university-rankings/university-subject-rankings/2015/politics#sorting=rank+region=+country=+faculty=+stars=false+search=

 

༢༽ དབུས་ཡོ་རོབ་གཙུག་ལག་སློབ་ཆེན་ནི་ཡོ་རོབ་ཀྱི་རྒྱལ་ཁབ་ཧང་གེ་རེ་རྒྱལ་ས་་་བྷོ་ངྷ་ཕེ་སིའི་གྲོང་ཁྱེར་གྱི་ལྟེ་བར་ཆགས་ཡོད་ལ། གྲོང་ཁྱེར་འདི་ནི་ཡོ་རོབ་ནང་གི་གྲོང་ཁྱེར་ཆེས་མཛེས་ཤོས་དེ་ཡིན་ཞེས་བཤད་ནའང་མ་འགྲིག་པ་མེད། བྷོ་ངྷ་ཕེ་སི་གྲོང་ཁྱེར་ནང་ཕབ་པའི་འཛམ་གླིང་ནང་སྐད་གྲགས་ཆེ་བའི་གླུ་གཞས་བརྙན་ཐུང་ཞིག་འདིར་སྦྱར་ཡོད་ལ། བརྙན་ཐུང་འདི་ལས་གྲོང་ཁྱེར་གྱི་སྣང་བརྙན་རོབ་ཙམ་མཐོང་ཐུབ། https://www.youtube.com/watch?v=UfcvO2t8Ntg

 

༣༽ རྒྱལ་ས་བྷོ་ངྷ་ཕེ་སིའི་གྲོང་ཁྱེར་འདི་ཡོ་རོབ་ཁྱོན་ཡོངས་ནས་དཔལ་འབྱོར་འགྲོ་གྲོན་ཆུང་ཤོས་ཀྱི་གྲོང་ཁྱེར་ཞིག་ཀྱང་ཡིན་པས། སློབ་མ་ཞིག་ལ་ཆ་མཚོན་ན། འདི་ལས་ལྷག་པའི་གདམ་ག་ཡག་པོ་ཞིག་གང་ན་ཡོད།

 

༤༽ སློབ་ཆེན་འདི་ཆགས་ས་ཡོ་རོབ་ཡིན་ཀྱང་། སློབ་གྲྭ་འདི་ཨ་རིའི་ནེག་ཡོག་མངའ་སྡེའི་ཤེས་ཡོན་འཛིན་སྐྱོང་ཁབ་ཁོངས་ལ་གཏོགས་པའི་མཐོ་སློབ་ཞིག་ཡིན། མཐོ་སློབ་གཞན་དང་མ་འདྲ་བ་ཞིག་ནི་སློབ་གྲྭ་འདི་ཡོ་རོབ་ཧང་གི་རེ་རྒྱལ་ཁབ་ཀྱི་ཤེས་ཡོན་སྡེ་ཚན་ཁྱབ་ཁོངས་ལ་ཡང་དེབ་སྐྱེལ་བྱས་ཡོད་པས། སློབ་མཐཪ་ཕྱིན་དུས་ཁྱེད་རང་ལ་ཨ་རི་དང་ཡོ་རོབ་གཉིས་ཀྱི་ལག་འཁྱེར་རེག་གི་ཡོད།

unnamed-6

༥༽ སློབ་ཆེན་འདིས་སློབ་གྲྭ་འདིར་ཚུད་པའི་སློབ་མ་༩༠% ལ་སློབ་གྲྭ་རང་ངོས་ནས་སློབ་ཡོན་སྤྲོད་ཀྱི་ཡོད་པས། སློབ་གྲྭ་ཆེན་མོ་གཞན་དག་དང་མི་འདྲ་བར་སློབ་གྲྭ་ག་གེ་མོ་ཞིག་ལ་ཚུད་ཀྱང་སློབ་ཡོན་རེག་མི་རེག་གི་སེམས་ཁྲལ་དེ་འདྲ་ཁྱོན་ནས་མེད། རྒྱས་པ་འདི་ལ་གཟིགས་ http://www.ceu.edu/sites/default/files/attachment/basic_page/13693/scholarshipbrochureweb2015.pdf

 

༦༽ སློབ་ཆེན་འདིའི་ནང་སློབ་མ་གྲངས་མང་པོ་མེད་པས། སློབ་ཚན་སྐབས་སློབ་མ་ཚང་མར་རང་ཉིད་ཀྱི་བསམ་ཚུལ་འདོན་པའི་གོ་སྐབས་ཆེན་པོ་ཡོད་ལ། སློབ་ཕྲུག་ཚང་མར་དགེ་རྒན་ངོས་ནས་གཅིག་མཚུངས་ཀྱི་ལྟ་རྟོག་དང་དོ་སྣང་ཡོང་ཐུབ།

 

༧༽ སློབ་གྲྭ་འདིའི་སློབ་སྦྱོང་གི་འགྲན་རྩོད་ཧ་ཅང་ཤུགས་ཆེ་ལ། རྒྱ་གར་ནས་ལོ་གཅིག་གཉིས་ལ་སྦྱོང་བ་དེ་སློབ་གྲྭ་འདིར་ཟླ་གཅིག་གཉིས་ཀྱི་ནང་ནས་སྦྱོང་དགོས་པས། ཤེས་ཡོན་ཡར་རྒྱས་ཀྱི་འཕེལ་ཁ་ཧ་ཅང་མགྱོགས། ངས་འདིར་འུར་སྒྲོག་བྱེད་ཀྱི་མེད་པས། སློབ་གྲྭ་འདིར་སློབ་སྦྱོང་བྱེད་དུ་ཡོང་འདོད་ཡོད་ཚེ། དང་པོ་ནས་བསམ་བློའི་ནང་གྲ་སྒྲིག་ཨང་གསར་བྱས་ནས་ཕེབས་རོགས།

 

༨༽ སློབ་གྲྭ་འདི་འཛམ་གླིང་ནང་གི་སློབ་གྲྭ་ཕྱུག་ཤོས་ཤིག་ཀྱང་ཡིན་པས། སློབ་གྲྭའི་མཐུན་རྐྱེན་ཡང་ཧ་ཅང་སྣ་འཛོམས་ཡིན། སློབ་གྲྭ་ནང་ཚུད་ཚར་ན་ཁྱེད་ལ་སློབ་གྲྭས་ངོས་ནས་སྡོད་ཁང་གྲ་སྒྲིག་བྱེད། སྡོད་ཁང་ནང་ཐབ་ཚང་དང་། གློག་ཀླད་ཁང་། རྩེད་ཐང་། ཆུ་རྐྱལ། གཟུགས་པོ་སྦྱོང་ས། ཚ་རླངས་ནང་འདུག་ས་སོགས་ཡོད། འདི་ཡང་སློབ་གྲྭ་གཞན་དག་དང་མ་འདྲ་བའི་ཁྱད་ཆོས་འཕར་མ་ཞིག་ཡིན། གང་ཡིན་ཞེ་ན་སློབ་གྲྭ་མང་པོ་ཞིག་གིས་སྡོད་ས་གོ་སྒྲིག་བྱེད་ཀྱི་མེད་པས། ཡོ་རོབ་དང་ཨ་རིའི་ནང་སློབ་མས་ཕྱི་ལོགས་ནས་ཁང་པ་གླས་ནས་སྡོད་རྒྱུ་དེ་བོད་པ་ཉམ་ཆུང་དཀྱུས་མ་ཞིག་གིས་གླགས་འཁེལ་བ་ཞིག་གཏན་ནས་མིན། རྒྱས་པ་འདིར་གཟིགས་རོགས། http://residence.ceucenter.hu/?q=en/content/facilities

 

༩༽ ཨ་རི་དང་ཡོ་རོབ་ཀྱི་རྒྱལ་ཁབ་འདྲ་མིན་ནས་ཡོང་བའི་སློབ་མ་ཚོས་ཁ་གཅིག་གྲགས་ཀྱིས་བཤད་པ་ནི་རི་ལྟར་སྤུངས་པའི་་སློབ་གྲྭ་འདིའི་བསླབ་གཞི་དང་ནང་ལས་ཞེ་སྣང་ཚ་བོ་དེ་དག་ཡིན་ལ། དེ་དག་གི་སྤུས་ཀ་དང་གྲངས་ཀའི་ཆ་ནས་སྤྱིར་བཏང་གི་སློབ་གྲྭ་ཁག་དང་བསྡུར་ན་ཅུང་ཚད་ལས་བརྒལ་བ་ཡིན། ཡིན་ཡང་ཁྱེད་ཀྱིས་སྙིང་ལ་རུས་པ་བཅུག་ནས་འབད་བརྩོན་བྱས་ན་ཁྱེད་རང་མཐར་ཕྱིན་དུས་མ་འདྲ་བ་ཞིག་ཏན་ཏན་ཆགས་ཐུབ།

 

༡༠༽ དབུས་ཡོ་རོབ་གཙུག་ལག་སློབ་གཉེར་ཁང་གི་ཆབ་སྲིད་སྡེ་ཚན་འདིར་༼དམངས་གཙོ་ཚོད་ལྟ་ཁང་༽ཞེས་པའི་མཚན་སྙན་ཞིག་ཀྱང་ཐོགས་ཡོད་ལ།་་་་གནས་ཚུལ་་རྒྱས་པ་འདི་ནས་་ཀློགས།།་http://www.bbc.com/news/business-30271801
གལ་ཏེ་ཁྱེད་ཀྱི་དམངས་གཙོའི་གཞུང་ལུགས་སྤྱི་དང་བྱེ་བྲག་འཛམ་གླིང་གི་དམངས་གཙོའི་ལམ་སྲོལ་མ་འདྲ་བ་ཁག་གི་སྐོར་ལ་ཞིབ་ཏུ་སློབ་གཉེར་དང་ཞིབ་འཇུག་བྱེད་འདོད་ན། དབུས་ཡོ་རོབ་གཙུག་ལག་སློབ་གྲྭ་ཆེན་མོ་ལ་ཕེབས་ཤོག

 

ངོ་སྤྲོད།

Post navigation

Previous Post: ཟླ་བ་སྒྲོལ་མ། ངའི་འཚོ་བའི་སྙིང་པོ།
Next Post: དབྱིངས་ཀྱི་མཁའ་འགྲོ་དགྱེས་པའི་གླུ་དབྱངས་ཞེས་བྱ་བ།

Comments (3) on “དབུས་ཡོ་རོབ་གཙུག་ལག་སློབ་གྲྭ་ཆེན་མོ་རུ་སློབ་སྦྱོང་བྱེད་དགོས་པའི་རྒྱུ་མཚན་བཅུ།”

  1. རིག་གྲོལ། says:
    2015-11-11 at 6:33 pm

    སློབ་གྲྭ་འདིའི་འགྲེལ་བཤད་ལ་བལྟས་ཚེ་ཡིད་སྨོན་ཤོར་བ་ཞིག་རེད། ཡིན་ཡང་། བོད་ཀྱི་དགོན་སྡེ་ཁག་མང་པོ་ཞིག་གིས་མཐོ་རིམ་སློབ་གཉེར་ཁང་ཆེན་མོ་དང་། (University or College) ཞེས་སྐད་གྲགས་གནམ་ལ་མི་ཤོང་བའི་མཚན་བཏགས། སློབ་མཐར་ཕྱིན་རྗེས་དགེ་བཤེས་དང་མཁན་པོ་མང་པོ་ཞིག་ལས་མེད་ཆགས་འགྲོ་བ་དང་། ཐ་ན་འཚོ་བ་རང་མགོ་ཙམ་ཡང་ཐོན་དཀའ་བ། དགོན་པའི་ནང་དུ་ཐོས་བསམ་བསྒོམ་བསམ་གྱི་མཛད་འཕྲིན་མེད་པ། བྱ་བ་ལས་ཀྱི་འཁོར་ལོ་མེད་པ། དགེ་བཤེས་སོགས་ཀྱི་མཚན་གནས་ལ་ཁ་གཡར་ནས་མང་ལ་ཞབས་ཞུ་ཞུ་རྒྱུའི་འདོད་པ་མེད་པ། དགོན་པའི་ཕྱི་ལ་ཐོན་ན་གསང་སྤྱོད་གང་དུ་འཚོལ་དགོས་མིན་ལ་སེམས་ཁྲལ་ཡོད་མཁན་མང་པོ་ཞིག་མཐོང་ཆོས་སུ་གྱུར་དང་འགྱུར་བཞིན་འདུག་པས། ཕྱིའི་སྐད་གྲགས་ཡོད་པ་ཙམ་ལ་ཡིད་ཆེས་བྱེད་རྒྱུ་དཀའ་ཏེ་ཡ།

  2. དབྱངས་ཅན་དགྱེས་པའི་བློ་གྲོས། says:
    2015-11-12 at 8:26 am

    རྗེས་སུ་ཡི་རངས་ཞུ། བོད་ཀྱི་སློབ་མ་གང་མང་མང་གིས་སློབ་གྲྭ་འདིར་འཛུལ་ཞུགས་བྱེད་རོགས།

  3. གཅན་འོད་འབར། says:
    2015-11-13 at 12:24 am

    བཀླགས་ཡོད། སྔོན་ཆད་ངས་ཆབ་སྲིད་རིག་གནས་སློབ་དུས། སློབ་ཆེན་འདི་འདྲ་ཞིག་ལ་ཚུད་ན་རང་ཉིད་ཀྱི་ཆབ་སྲིད་བསམ་བློ་དང་ཤེས་ཚད་ཀྱང་འདྲ་འདྲ་ནང་ནས་མ་འདྲ་བ་ཞིག་བསྐྱེད་འོང་གི་རེད་སྙམ་པའི་ཚོར་བ་དང་རེ་བ་ཞིག་ཡོད་མོད། རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས་ཅི་བསམས་མངོན་སུམ་དུ་མ་གྱུར། ད་ནི་ཅུང་ཙམ་འཕྱི་དྲག་པའི་ཚོར་བ་ཞིག་སྐྱེས་ནས་འདི་ལྟར་ལྷག་ཡོད། གང་ལྟར་བོད་ཀྱི་གཞོན་སྐྱེས་རྣམས་ལ་དགོས་མཁོ་ཆེ་བའི་གནས་ཚུལ་ཞིག་རྒྱས་པར་ངོ་སྤྲོད་གནང་བར་དགའ་བྱུང་།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme