Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲ་འབུའི་ཟློས་གར།

Posted on 2015-11-102015-11-11 By ཡེ་ཤེས་ 21 Comments on དྲ་འབུའི་ཟློས་གར།

ཀླུ་སྨྱོན།

 
ཚན་རིག་ལག་རྩལ་ཡར་རྒྱས་སུ་ཕྱིན་པ་དང་ཆབས་ཅིག་འགྲོ་བ་མིའི་རིགས་ཀྱི་སྨྱོ་ཧམ་དང་ཀླད་རྩ་འཁྲུག་ཚད་ཀྱང་ཇེ་མཐོར་སོང་། དཔེར་ན་དྲ་འབུའི་ཟློས་གར་བཞིན། དྲ་འབུ་ནི་དྲ་བའི་རིག་གནས་དར་བ་དང་མཉམ་དུ་སྐྱེས་པ་དང་། གལ་སྲིད་དྲ་བའི་རིག་གནས་རྩ་མེད་དུ་ཕྱིན་པ་ཡིན་ན་དྲ་འབུ་ཚོར་ཡང་འཆི་ལམ་མ་གཏོགས་མེད། དེང་སྐབས་ཀྱི་འཇིག་རྟེན་ནི་ཕལ་ཆེར་དྲ་འབུས་ཁེངས་པའི་འཇིག་རྟེན་ཞིག་ཡིན་པ་འདྲ། དྲ་འབུ་དེ་ཚོ་ཐབས་བརྒྱ་ཇུས་སྟོང་གིས་ཁྱེད་ཀྱི་ངོ་དེབ་དང་སྐད་འཕྲིན་ནང་འཛུལ་ཡོང་། དྲ་འབུ་དེ་ཚོ་གསར་འགྱུར་དྲ་བ་དང་ཚོང་དོན་དྲ་བ། རྩོམ་རིག་དྲ་བ་དང་ཆོས་ལུགས་དྲ་བ་སོགས་དྲ་ལམ་ཡོད་ཚད་དུ་བརྒྱུགས་ཡོང་། དཔེར་ན་ངའི་སྟུག་དྲི་ལ་སྣོམ་རྒྱུར་དགའ་བའི་དྲ་འབུ་སྐོར་ཞིག་ཡོད་པ་དེ་ཚོ་ཡང་བོད་ནང་གི་མཆོད་མེ་དྲ་བ་དང་སེང་རྡོར་དྲ་བ། བོད་ཕྱིའི་ཁ་བརྡ་དྲ་བ་དང་བོད་ཀྱི་དུས་བབ་དྲ་བ། རྒྱལ་སྤྱིའི་ངོ་དེབ་དྲ་བ་སོགས་སུ་འཛུལ་ནས་ང་ལ་ཁ་མཚང་ངོ་མཚང་དང་སྦྲགས་སྡིགས་མོ་སྣ་ཚོགས་བྱེད། དྲ་འབུ་ལ་ལ་ཞིག་གིས་གདོན་འདྲེ་ངན་པ་ཇི་བཞིན་ཁྱེད་རང་མ་ཤི་བར་དུ་རྗེས་འདེད་བྱེད་ཀིན་ཡོད།

 

དེ་ནི་ཡ་མཚན་སྐྱེ་དགོས་པ་ཞིག་གང་ཡང་མིན། ང་ཚོས་ལྷན་ཅིག་སྐྱེས་པའི་ལྷ་དང་མཉམ་པོར་འོངས་པའི་བདུད་ཅེས་པའི་ལྷ་འདྲེ་གཉིས་ང་ཚོ་སྐྱེས་མ་ཐག་ནས་འཆི་བའི་བར་དུ་ལུས་དང་གྲིབ་མ་བཞིན་མཉམ་དུ་ཡོད་པ་དང་། ཐ་ན་གཤིན་རྗེའི་ཆོས་རྒྱལ་གྱི་ཕོ་བྲང་དུ་དགེ་སྡིག་རྩིས་འབུལ་ཞུ་དུས་ཀྱང་ལྷ་འདྲེ་དེ་གཉིས་ང་ཚོའི་མཉམ་དུ་ཡོད་པའི་ཡིད་ཆེས་བྱེད་བཞིན་ཡོད་པ་ཅི་བཞིན། དྲ་འབུ་དེ་ཚོའི་མང་པོ་ཞིག་ཀྱང་ང་ཚོའི་རྗེས་དེད་ནས་མི་མཐོང་ཕྱི་མའི་བར་དུ་ཡོང་རྩིས་འདུག ཁྱེད་རང་ཆོས་པ་དང་སྲིད་དོན་པ། ཚོང་པ་དང་རྩོམ་པ་པོ། ཁྱེད་ཀྱི་ལས་རིགས་གང་ཞིག་ཡིན་མིན་ལ་འབྲེལ་བ་དེ་ཙམ་མེད་པར་དྲ་འབུ་ཚོས་ཁྱེད་ཀྱི་སྟུག་དྲི་ལ་སྣོམ་བཞིན་ཉིན་མཚན་བར་མེད་དང་རྒྱལ་ཁབ་ངེས་མེད་དུ་རྗེས་དེད་ཡོང་གི་རེད། དྲ་འབུ་དེ་ཚོའི་སྐྱབས་དང་སྐྱོབ་པ་གཅིག་རང་ཡོད་པ་ནི་ངོ་འབག་སྣ་ཚོགས་གྱོན་ནས་ཟློས་གར་འཁྲབ་རྒྱུ་དེ་རང་རེད། དཔེར་ན་ཕོ་ཡིན་ན་མོ་འབག་གྱོན་པ་དང་། ཆོས་པ་ཡིན་ན་སྲིད་དོན་པའི་ངོ་འབག་གྱོན་རྒྱུ། ཨ་མདོ་བ་ཡིན་ན་ཁམས་པའི་ངོ་འབག་གྱོན་རྒྱུ། ཆབ་ཆ་བ་ཡིན་ན་རེབ་ཀོང་བའི་ངོ་འབག་གྱོན་རྒྱུ། གྲོགས་པོ་ཡིན་ན་ངོ་མི་ཤེས་པའི་ངོ་འབག་གྱོན་རྒྱུ་སོགས་རེད།

 
དྲ་འབུ་ཚོས་ཁྱོད་ལ་ཆབ་སྲིད་ཐད་ནག་ཉེས་ཆེན་པོ་འགེལ་ཐུབ་ལ་ཆོས་ལུགས་ཐད་དམ་ཉམས་ཀྱི་དྭངས་མར་ཡང་སྒྲོག་སྲིད། དྲ་འབུ་ཚོས་མི་གཞན་པར་གཡོག་རྒྱུའི་ཞྭ་མོ་གྲངས་ལས་འདས་པ་ཞིག་བཟོས་ནས་རྒྱབ་ཏུ་ཁུར་ཡོད་པ་དང་། ཞྭ་མོ་རེ་རེར་མིང་མི་འདྲ་བ་རེ་རེ་ཡོད་པ་སྟེ། འཇིག་རྟེན་ཁམས་ཀྱི་མིང་ཚིག་སྐྱུག་བྲོ་བ་ཚང་མ་ཁོ་ཚོས་བཟོས་པའི་ཞྭ་མོ་འདྲ་མིན་གྱི་ལས་རྟགས་དང་ཚོང་རྟགས་སུ་སྦྱར་ཡོད། ཁྱོད་ལ་ཤི་གསོན་གྱི་རྟིང་ཐག་གཅོད་པའི་དམར་འཛིང་བྱེད་མཁན་གྱི་དྲ་འབུ་ལ་ལ་ནི་ཁྱོད་ཀྱི་ལོ་མང་རིང་གི་ཤག་རོགས་ཡིན་ལ། ཁྱོད་ལ་གཞི་མེད་སྐུར་འདེབས་བྱེད་མཁན་གྱི་དྲ་འབུ་འཇིགས་པོ་ལ་ལ་ནི་ཁྱོད་ཀྱི་འཛིན་གྲྭ་གཅིག་པའི་སློབ་གྲོགས་རེད། མདོར་ན་དྲ་འབུའི་སེམས་ཁམས་སུ་བདེ་སྐྱིད་ཟེར་བ་རྟ་རྔ་ཙམ་ཡང་མེད་ལ། དྲ་འབུའི་སྙིང་རྩ་ཡོད་ཚད་ཕྲག་དོག་དང་ཞེ་སྡང་གིས་བསྡམས་ཡོད། དེ་བས་དྲ་འབུ་ལ་བཟོད་བསྲན་སྒོམས། དེ་བས་དྲ་འབུ་ལ་སེམས་ཆུང་བྱོས།

ངོ་སྤྲོད།

Post navigation

Previous Post: རླབས་ཆེ་བའི་བོད་དོན་རྒྱབ་སྐྱོར་མཁན་དང་ལས་འགུལ་བ་གསུམ་ངོ་སྤྲོད།
Next Post: ཟླ་བ་སྒྲོལ་མ། ངའི་འཚོ་བའི་སྙིང་པོ།

Comments (21) on “དྲ་འབུའི་ཟློས་གར།”

  1. རིག་གྲོལ། says:
    2015-11-10 at 5:31 pm

    ཀླུ་སྨྱོན་གྱིས་འདྲ་ཙམ་བཤད་འདུག དྲ་འབུ་ཚོ་ནི་གང་སར་ནས་རྒོལ་དུ་ཡོང་ངེས་རེད། སྐྱ་བོས་སེར་གཟུགས་བྱས་ཏེ་མི་ཆོས་བླ་མའི་རྫུན་བཤད་མཁན་ལ་རྒོལ་དུ་ཡོང་ངེས་རེད། སྐྱ་མིན་སེར་མིན་ཚོས་བླ་རྫུན་སྤྲུལ་རྫུན་གྱི་མིང་འཁུར་ཏེ་མི་མང་ལ་མགོ་བསྐོར་གཏོང་མཁན་ལ་རྒོལ་དུ་ཡོང་ངེས་རེད།
    མ་རིག་རིག་མདོག་དང་། མ་ཤེས་ཤེས་མདོག མ་ཡིན་ཡིན་མདོག་བྱེད་པའི་ཁྱེད་ལྟ་བུས་མཚང་ལ་རྒོལ་དུ་ཡོང་ངེས་རེད། ཡོང་ཐག་ཆོད་རེད་འདུག རྫུན་མ་ཚོ་ཤི་ཚར་ནའང་དེ་དག་གཤིན་རྗེ་ཆོས་རྒྱལ་ལ་ཁྲིམས་གཏུགས་བྱེད་དུ་ཡོང་ངེས་རེད་འདུག
    ཧེ་ཧེ་་་ཨ་ཁུ་ཀླུ་སྨྱོན་གསོག་རླུང་གིས་ཤི་མི་ཉན་

  2. ཅོག་མྱི། says:
    2015-11-10 at 8:47 pm

    ཧ་ཧ་ཧ། ཨ་ལགས་ལ་དྲ་འབུ་འགའ་རེས་ཁྱི་སྐེས་སྟེར་གོ་ག བཏང་སྙོམས་འ་འཇོག་དགོས་ཡ། ལྷམ་མཐིལ་ཙམ་གྱི་ཀོ་བ་ཡིས།། ས་སྟེང་འདི་ཀོ་གཡོགས་དང་འདྲ།། ཞེས་ཟེེར་དོན་ཡང་དི་རེད།

  3. ཀརྡོ་གཉེར་ཕྱག་པ་ says:
    2015-11-11 at 12:33 am

    ་་་་་་་་ གཤིན་རྗེའི་ཆོས་རྒྱལ་གྱི་ཕོ་བྲང་དུ་དགེ་སྡིག་རྩིས་འབུལ་ཞུ་དུས་ཀྱང་ལྷ་འདྲེ་དེ་གཉིས་ང་ཚོའི་མཉམ་དུ་ཡོད་པའི་ཡིད་ཆེས་བྱེད་བཞིན་ཡོད་་་་་་་་་ ཟེར། ངས་ནི་འདི་ལྟ་བུའི་མི་ཚང་མར་ལྷ་འདྲེ་གཉིས་གཉིས་མཉམ་དུ་ཡོད་པ་ཡིད་ཆེས་མི་བྱེད། ད་ལྟ་བར་ང་ནོར་བ་ཡིན་ནམ། ཡང་ན་་་་

  4. ཀླུ་སྨྱོན། says:
    2015-11-11 at 12:53 am

    ཟླ་གྲགས་ལགས་ཉིག་ཡོར་ནས་སྒོར་མོ་བཟོ་མ་ཐུབ་པར་དྲ་འབུའི་སྐྱེ་བ་ལེན་ན་འདོད་ལས་འཆི་གོ་གི

  5. ལེགས་བཤད་ says:
    2015-11-11 at 12:54 am

    རེད་རེད། སྔོན་མ་ཨ་ཁུ་ཀླུ་སྨྱོན་ལ་སྐྱེས་པ་ཞིག་གིས་བུ་མོར་བརྫུས་ནས། མགོ་སྐོར་བཏང་བའི་ལོ་རྒྱུས་མང་པོ་གོ་སོང་། བླ་རྒན་གྱི་གསང་བ་ཡོངས་རྫོགས་རྐུབ་བརྡོལ་བ་འདྲ། ཧཧཧཧ

  6. ལྷ།བྱ་འཕུར་མ། says:
    2015-11-11 at 3:27 am

    ཀླུ་སྨྱོན་ལ་བསྟོད་ན་དྲ་འབུ་ཆགས་ཀྱི་མེད་པའི་བཟོ་འདྲ་འདུག

  7. དོན་གྲུབ says:
    2015-11-11 at 3:36 am

    དྲ་འབུ་དྲ་འབུ་ཟེར་དོན
    རང་ཉིད་ལ་བསྟོད་པ་མི་གཏོང་མཁན་ཟེར་བ་རེད།

    ངོ་མ་ཐབས་སྐྱོ་བ་རེད། སྔོན་མ་ཀླུ་སྨྱོན་ཆགས་རྒན་འདིས་བུ་བུ་མོར་བརྫུས་པ་ཞིག་དང་མཉམ་དུ་པར་འདྲ་མིན་སྐུར་ཏེ་རྗེས་ལ་ཞབས་འདྲེན་ཞུས་པ་རེད།
    མི་ཆོས་བླ་མའི་རྫུན་ཟེར་ན་དེ་འདྲ་རེད། རང་ཉིད་སྤྲུལ་སྐུ་ཡིན་མདོག་མདོག
    དགྲ་བཅོམ་པའི་གོ་འཕང་ཐོབ་ཡོད་མདོག་མདོག

    ངོ་མ་ཞབས་འདྲེན་རེད། བསྟན་བཤིག་ཟེར་ན་འདི་འདྲ་ལ་ཟེར་བ་རེད། ཉིན་མཚན་དུས་དྲུག་ཏུ་རང་ཉིད་ཀྱི་ཁེ་གྲག་འཚོལ་མཁན་འདི་འདྲ་ཆོས་པའི་གཟུགས་བརྙན་ཟེར། སྐད་ཆ་དྲང་པོར་བཤད་མཁན་ལ་དྲ་འབུ་འདྲ་ཟེར་ཞོར་ཚད་མེད་པའི་ཁ་རྡུང་བཏང་།
    ངོ་མ་བསྟན་བཤིག་རེད་ཡ།

  8. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-11-11 at 4:14 am

    མཆན་རྒྱག་ཚོས་རྣག་ཐོག་ཁབ་བཙག་གཏོང་གི་ཡོད་ཙང་སྐྱ་མིན་སེར་མིན་ཕུང་གསུམ་པ་ཚོ་སྐད་ངན་ཤོར་གྱི་ཡོད། གནད་ལ་འཁེལ་ཡོད་ན་འགྲིག་རེད་གདའ།

  9. ནམ་མཁའ says:
    2015-11-11 at 5:38 am

    ཨ་ལགས་ཀླུ་སྨྱོན་ཚང་ལགས། ཁྱོད་དྲ་འབུ་ཚོར་སྐྲག་ན་དྲ་ནང་དུ་མ་འཛུལ་ན་ཡག་གི་རེད། དེ་མིན་སྡོམ་ཐག་ནང་དུ་ལྷུང་བའི་སྲིན་འབུ་རིགས་ཐར་ས་མེད་ནོ་ལོས་ཤེས། ཧཧཧ

  10. སྐལ་ཚེ། says:
    2015-11-11 at 6:46 am

    ཀླུ་སྨྱོན་གྱིས་སྐྲག་སྐད་ཤོར་འདུག དྲྭ་འབུ་ཚོ་གཡོ་རྫུན་མཁན་རྣམས་ལ་རྒོལ་ཤིག

  11. ལྷ།བྱ་འཕུར་མ། says:
    2015-11-11 at 7:49 am

    མངོན་ལྐོག་གི་ཕྱག་རྒྱ་གཡུག་རྒྱུ་མང་ཚེ་སྤྱི་ཚོགས་ནང་གི་མི་ཡོད་ཚད་དྲ་འབུ་ལ་འགྱུར་སྲིད་སྟབས། ལ་ལུང་གང་དུ་ཕྱིན་ཡང་ཀུན་སྤྱོད་གཙང་མ་བྱེད་དགོས་པ་གལ་ཆེན་ནང་གི་འགངས་ཆེན་རེད།

  12. ཁྱུང་སེ། says:
    2015-11-11 at 9:56 am

    ཨ་ཁ་ད་ཁྱི་རྒན་ནང་འཛིངས་བྱེད་མ་ཡོང། ཁ་བརྡའི་ནང་དུ་འཛུལ་ནས་རྩོམ་བྲིས་ནའང་འདྲ་མཆན་བྲིས་ནའང་འདྲ་དྲ་འབུ་ཡིན་ན་ཡིན་མཉམ་དང་མིན་ན་མིན་མཉམ་ཅིས་མིན། མ་གཞི་ནས་དྲ་འབུ་འདི་ཚོས་དྲ་ཐག་གང་སར་ཨ་ཁུ་ཀླུ་སྨྱོན་དང་ཚེ་རིང་སྐྱིད་གཉིས་དབར་ལ་མི་བཤད་དགུ་བཤད་བྱས་ནས་ཚེ་རིང་སྐྱིད་ངོ་ཚ་ཁ་སྐྱེངས་ཀྱིས་ཨ་ཁུ་ཀླུ་སྨྱོན་ལ་ཡ་རྩ་བ་ཉིད་ནས་བྱེད་ཀྱི་མེད་པ་གོ་བྱུང་བས་ད་ངོ་མ་ཨ་ཁུ་ལ་ཁག་མེད། སེམས་དང་སེམས་ཀྱི་བར་ལ། རྟར་རྔ་ཤོང་ས་མེད་ཀྱང།། ལ་ཡོགས་བརྒྱབ་རྒྱུ་གཅིག་གིས། གདུང་མ་ཐར་ས་བཟོས་སོང།། ད་ངོ་མི་ཨ་ཁུ་ཁྱོད་ལ་ཁག་མེད།།

  13. བེ་རེ་གདོང་ནག says:
    2015-11-11 at 10:27 am

    དྲྭ་འབུ་ནི་ངོ་མ་ཉེན་རྟོགས་པ་རེད་ཡ། སྤྱོད་པ་་ཅུང་ཆ་མ་ཚང་བ་དེ་ཚོ་་ལམ་སང་བཟུང་ཡོང་གི་རེད།་ཉེན་རྟོག་པ་དགའ་ཟིག་རེད་ཡ། ཨ་ལགས་ལ་ཐུགས་ཁག་མེད། ཧ་ཧ་

  14. ཀླུ་སྨྱོན། says:
    2015-11-11 at 11:25 am

    དྲ་འབུའི་ཁ་དར་བ་འདི་ངའི་རྩོམ་ཡིག་གི་ནུས་པ་རེད། ཧཧཧཧཧ།

  15. BONPO says:
    2015-11-11 at 11:51 am

    སྔ་རབས་སྔ་རབས་ཙིག་ནས་་གཤིན་རྗེ་་ཞེས་པ་ཞིག་ཡོད་རབས་ཐོས། ད་དེང་སང་ཡང་ཁོང་ལ་་ཆོས་རྒྱལ་་ཞེས་པའི་ཚིག་འདི་སྦྱར་ཚར་འདུག་བ། །

  16. བཙན་པོ། says:
    2015-11-11 at 12:55 pm

    སྔོན་ཆད་བལ་ཡུལ་དུ་ཡོད་པའི་གསར་བུ་ཞིག་གིས་ཀླུ་སྨྱོན་ཏག་ཏག་བཟོས་ཡོད། QQ བརྒྱུད་གསར་བུ་དེས་བུད་མེད་ཅིག་ཡིན་མདོག་གིས་ཀླུ་སྨྱོན་གྱི་ནང་ཁོག་གི་རྒྱུ་མ་མ་གཏོགས་བྲུས་པ་རེད། དྲ་འབུ་ཚོར་སྙིང་ནད་དང་ཤ་འཁོན་ཞིག་རྩོད་དགོས་ཡོད་ན་ཀླུ་སྨྱོན་གྱིས་མི་རྩོད་སུས་རྩོད།

  17. ཀླུ་སྨྱོན། says:
    2015-11-11 at 3:04 pm

    བདག་གི་རྩོམ་ཉོག་གཅིག་གིས། །
    དྲ་འབུ་བརྒྱ་དང་བརྒྱད་ལ། །
    བགྲོ་གླེང་གོ་སྐབས་སྤྲད་ཡོད། །
    གཅིག་རྗེས་གཉིས་མཐུད་ཡིན་ད། །

    བླ་རྫུན་སྤྲུལ་རྫུན་ཟེར་བའི། །
    ཚིག་འདི་རྙིང་རུལ་ཆགས་ཚར། །
    དམོད་ཚིག་གསར་བཟོ་མེད་ན། །
    དྲ་འབུ་ལྐུགས་རྟགས་ཡིན་ད། །

    ཁ་བརྡ་དྲ་བའི་ནང་གི །
    དྲ་འབུ་གཅིག་སྟོང་ལྔ་བརྒྱ། །
    ཨ་ཕོ་ཀླུ་སྨྱོན་བདག་གི །
    མི་ཚེ་སྐྱེལ་རོགས་ཡིན་ད། །

    མིང་རྫུན་འོག་ལ་གབ་ནས། །
    བླ་རྫུན་ཟེར་བའི་དྲ་འབུ། །
    བསམ་ན་གད་མོ་འཆོར་གི །
    དྲ་འབུ་སྤྱང་ཙམ་ཡིན་ད། །

    དྲ་འབུའི་སྐྱེ་བ་བླངས་ནས། །
    བོད་ཡིག་ཡར་རྒྱས་གཏོང་ན། །
    ཀླུ་སྨྱོན་བདག་གི་རྗེས་ལ། །
    སྐྱག་སྦྲང་བཞིན་དུ་ཡིན་ད། །

  18. གནམ says:
    2015-11-12 at 5:41 am

    རྒྱུ་མེད་ནོར་མེད་ཡིན་ན།
    ཁྱོད་རང་སྐྲག་དགོས་མ་རེད།
    དྲ་འབུར་སྐྲག་དོན་ཡོད་ན།
    དྲ་སྐུད་དུམ་བུར་ཐོངས་ཤོག།

    མཁས་བ་ཡིན་མདོག་བྱས་ན།
    མིན་པ་དྲ་འབུས་བཤད་ཡོང་།།
    བླ་མ་ཡིན་མདོག་བྱས་ན།
    མིན་པ་སློབ་མས་ཤེས་ཡོང་།།

    བརྫུན་བཤད་གཡོ་ལ་མ་འཇིགས།།
    དྲ་འབུའི་མཆན་ལ་འཇིགས་ཀི།
    བླ་མ་གྲུབ་རྟགས་ཅན་པོར།།
    རྣམ་རྟགས་འདྲེ་དགུ་འཁོར་འདུག།

    ཧ་ཧ་ཧ།

  19. ཁ་རུ་ཁ་ཐུག says:
    2015-11-12 at 5:28 pm

    རྩོམ་ཡིག་ཟེར་ནོ་རེད།

  20. ཀརྡོ་གཉེར་ཕྱག་པ་ says:
    2015-11-13 at 2:12 am

    དྲ་འབུའི་ནང་ལ་མཁས་པ་འདུག །
    དྲ་འབུའི་ནང་ལག་བླ་སྤྲུལ་འདུག །
    དྲ་འབྲུའི་ནང་ལ་གྲུབ་ཐོབ་འདུག །
    འདྲ་འབུའི་ནང་ལ་ཡོད་ཚད་འདུག །
    ཧ་ཧ། ཧོ་ཧོ།།

  21. ཀརྡོ་གཉེར་ཕྱག་པ་ says:
    2015-11-13 at 2:15 am

    སྤྱི་ཚོགས་དྲ་རྒྱ་འདི་དག །
    གསར་བུའི་སློབ་སྦྱོང་བྱ་ས། །
    མཁས་པས་བགྲོ་གླེང་བྱ་ས། །
    གཞན་གྱིས་སྤྱན་ཟུར་གཡོ་ས། །
    དགེ་ལེགས་འཕེལ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme