Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཚན་མོར་ཉན་པ། (ཁག་གསུམ།)

Posted on 2015-11-102015-11-10 By ཁ་བརྡ 1 Comment on མཚན་མོར་ཉན་པ། (ཁག་གསུམ།)

བྱ་མདོ་སྐལ་རྒྱམ།

          ༼མཚན་མོར་ཉན་པ༽
 
མཚན་མོའི་སྟོངས་འཇག་ལ་གཟབ་ནན་གྱིས་ཉན་ན
རང་ཉིད་ནི་དོང་ཞབས་མེད་ཅིག་ན་མེད་དམ་སྙམ
ཆེས་ཆེ་བའི་ལྷང་འཇག་དེ་ནི
སྐྱོ་སྨྲེང་སློང་བའི་མྱ་ངན་གྱི་རོལ་མོ་ཞིག་སྟེ
ཅི་ཙམ་གཟབ་ནན་གྱིས་ཉན་ན
དེ་ལྟར་ཤུགས་ཆེན་པོས་གྲགས་འོང
ལྷང་འཇག་གི་རོལ་མོ་འདིའི་ཁྲོད་ནས
མིག་ཟུང་བཙུམ་སྟེ་རང་ཉིད་ལ་བལྟ་དུས
ང་རང་ནི་ཐ་སྙད་མང་བོ་ཞིག་གི་བྲན་གཡོགས་ཏེ
བྲེལ་ཚུལ་གྱིས་འགྲོ་སྟངས་དེ་དང་ཨུ་ཚུགས་ཀྱིས་འདུག་སྟངས་དེ་ནི
གོམས་སྲོལ་གྱི་བྱ་བཞག་ཙམ་ལས་གཞན་ཅི་ཡང་མིན
ནམ་རྒྱུན རླུང་བུ་མི་ལྡིང་སའི་གད་སྐྱིབས་དེ་ནས
རང་ཉིད་བདེ་ཐང་ཡིན་པའི་འཕྲིན་ཡིག་མང་དུ་བྲིས་ཀྱང
དོན་དམ་པས་ཉེན་ཁ་ཅི་ཡང་འགྲིམ་མེད

༢༠༡༥-༡༡-༩ མཚན་མོ།

 
 
༼འཕྲིན་ལ་སྒུག་པ།༽

 
མུན་པ་རུབ་ལ་ཉེ
སྟོན་རླུང་གི་གཞུག་སྒྲའི་ཁྲོད་ནས
ངས་ཐག་རིང་གི་འཕྲིན་ཡིག་ཅིག་ལ་སྒུག་ཡོད
མདང་ནུབ་ཀྱི་རྨི་ལམ་ལ་བལྟས་ན
དེ་རིང་འཕྲིན་ཡིག་ཅིག་འབྱོར་རྒྱུ་ཡིན་པ་འདྲ
ཐག་རིང་ན་མི་ཞིག་ཡོད
སེམས་པའི་ཚིལ་ལུ་ལྟ་བུའི་མི་ཞིག་ཡོད
ཁོའི་སྐད་ཆ་ལྟ་བུའི་འཛུམ་མདངས་ཀྱིས
མེ་ཏོག་གི་ཞལ་ཁ་ཕྱེ་ནུས་ལ
ཁོའི་མིག་ཆུ་ལྟ་བུའི་འཕྲིན་ཡིག་གིས
ལམ་འགྲོ་བའི་གོམ་ཁ་གློད་མྱོང
ཉིན་འདི་གར
ངས་ཁོའི་འཕྲིན་ཞིག་ལ་རེ་སྒུག་བྱེད་ཀྱིན་ཡོད
རླུང་གིས་ཁུར་བའི་ལོ་མ་དམར་བོ་ཚོའི་ཁྲོད་ན
ཅིས་ཀྱང་ང་ལ་འཕྲིན་ཞིག་ཡོད་སྙམ

༢༠༡༥-༡༠-༢༧

 
 
༼འཕྲིན་ཡིག་འབྲི་བ།༽

 
སྲོད་ཁའི་ཞི་འཇམ་གྱི་ཉི་རྒས་དེས
ང་ལ་དྲན་ཤིང་ཞིག་བཞག་ནས་བུད་སོང
ཁང་ཀླད་འདིར་མཐོང་ཐུབ་པ་ནི
ནགས་ཚལ་བན་བུན་དང
ཁང་བརྩེཊ་འདྲེས་མའི་མུ་མེད་ཀྱི་ཡུལ་ལྗོངས་ཤིག་རེད
དག་སྣང་ལྟ་བུའི་བརྙན་རིས་འདིས
ཚོད་ཚོད་ལ་ལྡོག་འབྲས་ཀྱི་སེམས་འགྱུ་རེ་དྲང་འོང
མ་གཞི་ད་ལྟ་ནི་སྟོན་མཇུག་སྟེ
ཡལ་ལ་ཉེ་བའི་མཛེས་སྡུག་གི་དུས་ཚིགས་ཤིག་རེད
སྐྱོ་སྨྲེང་སློང་བའི་ས་སྲོད་ཀྱི་ནམ་ཟླ་འདིས
ངས་འཕྲིན་ཡིག་རིང་བོ་ཞིག་འབྲི་དགོས་བསམ་སྟེ
སྨྱུག་གུ་མཛུབ་མོས་བཙིར་ནས་ཡུན་རིང་འགོར་ཡང
ངས་འཕྲིན་པ་གཏོང་སའི་མིང་ཡིག་ཅིག་རྙེད་མ་བྱུང
དགུན་ཁ་དྲན་དུས
ང་ལ་རང་དབང་མེད་པར་ཁོག་འདར་རེ་བྱུང

2015-10-19

སྙན་ངག

Post navigation

Previous Post: ཉམས་དགའི་སྐྱིད་བརྡ་འཇོལ་མོའི་གླུ་དབྱངས།
Next Post: རླབས་ཆེ་བའི་བོད་དོན་རྒྱབ་སྐྱོར་མཁན་དང་ལས་འགུལ་བ་གསུམ་ངོ་སྤྲོད།

Comment (1) on “མཚན་མོར་ཉན་པ། (ཁག་གསུམ།)”

  1. ཁྲག་འཐུང་། says:
    2015-11-10 at 10:59 pm

    སྙན་ངག་ཡག་པོ་བྲིས་འདུག
    བརྩེ་དུང་གིས་ཕྱུག་པའི་སྙན་ངག་ནི་རོལ་མྱོང་གི་ནུས་པ་ཆེ་སྟབས། བརྩེ་དུང་ལ་མངོན་ལྐོག་གི་འདུ་ཤེས་དང་རྒྱང་རིང་ཐུང་མེད་པ་ཇི་བཞིན་ཁྱོད་ཀྱི་སྙན་ངག་འགུག་སྟངས་ཀྱང་དེ་ལྟར་རོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme