Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼ དབུ་ཁྱུད་དང་ཤད། ༽  

Posted on 2015-11-062015-11-06 By ཁ་བརྡ No Comments on ༼ དབུ་ཁྱུད་དང་ཤད། ༽  

unnamed—–བྱ་མདོ་སྐལ་རྒྱམ།

      རབས་འདི་ནི་མི་སྒེར་དང་ཚོགས་ཁག་སོ་སོས་རང་དོན་གཙོ་གཉེར་བྱེད་པའི་དུས་ཤིག་ཡིན་པས་ཁེ་ཕན་གྱི་དུས་རབས་ཞེས་འབོད་ཀྱིན་ཡོད། ཅུང་གནའ་བོའི་དུས་སུ་ཁེ་ཕན་གྱི་དབང་དུ་མ་སོང་བའི་རང་ཚུགས་ཅན་གྱི་སྡེ་ནི་རིག་གནས་པ་དང་ཡོན་ཏན་པའི་སྡེ་ཡིན་ཡང་། མི་ཚོར་རང་ཉིད་གཙོར་འཛིན་གྱི་འདུ་ཤེས་ཤུགས་ཆེར་ཕྱིན་པའི་དེང་གི་དུས་འདིར། ཐམས་ཅད་ཀྱིས་གཉེར་བྱ་ནི་རང་ཉིད་ཀྱི་ཁེ་ཕན་ཁོ་ན་རེད། ཡོན་ཏན་པའི་སྡེ་ནས་ཀྱང་དམིགས་འདུན་གྱི་སྤྱི་ཚོགས་འགན་འཁྲི་བོར་ཏེ་དགག་བཞག་དང་ཟུར་ཟའི་རྩོམ་ཡིག་གང་མང་སྤེལ་ཏེ་སྔོན་ཆད་མ་བྱུང་བ་ཞིག་བཤད་འདོད་ཀྱིས་མཁས་པ་སྔ་མ་རྣམས་ཀྱི་གསུང་ལ་དཔྱད་པ་ཞིབ་མོར་མ་བཏང་བའམ། ཡང་ན། དཔྱད་པ་མ་ཕོག་པའི་དབང་གིས་ཡིན་ནམ། རང་ཉིད་ཀྱི་རྣམ་རྟོག་ལ་འཚར་ཚོད་ཙམ་གཙོ་བོར་བཟུང་སྟེ་ཐག་གཅོད་བྱེད་རྒྱུར་དགའ་བའི་དུས་འདིར། བན་ཤུལ་དཔལ་མཁར་རྒྱལ་གྱིས་དབུ་ཁྱུད་དང་ཤད་ཀྱི་སྐོར་ལ་དྲྭ་རྩོམ་ཞིག་མཐོང་བས། རང་ཉིད་ཀྱིས་བསམ་ཚུལ་ཞིག་བརྗོད་དགོས་བསམས་ཀྱང་བྲེལ་ཟིང་གི་ཁྲོད་ནས་དེ་མུར་ལུས་སོང་། དེ་རིང་སླར་ཡང་ཧིན་ངྷིའི་ཡི་གེའི་ཨོཾ་རིས་ཤིག་གིས་དྲན་སོས་སུ་བཅུག་སོང་། 

            བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱིས་ཁ་སྐད་དུ་དབུ་ཁྱུང་ཞེས་པ་མ་དག་པས་དབུ་ཁྱུད་ཅེས་འབྲི་དགོས་ལ།  དེ་ཡང་གོར་གོར་རམ་གུག་གྱོག་གི་མིང་ཡིན་པར་གསུངས་པ་ལས་བཟློག་སྟེ། ཁོང་གིས་དབུ་ཁྱུང་ཞེས་འབྲི་དགོས་པའི་རྒྱུ་མཚན་དུ༼བྱ་ནམ་འཕང་བཅད་ནས་འཕུར་བའི་ཚེ་ཁྱུང་གིས་མགོ་འདྲེན་པ་ལྟར་ཡི་གེ་དང་བརྗོད་བྱ་གང་ཞིག་མགོ་རྩོམ་པའི་ཚེ་ནའང་དབུ་ཁྱུང་གིས་འདྲེན་དགོས་པ་ཡིན་ནོ༽  ཞེས་སྒྲུབ་བྱེད་བཀོད་པ་ནི་རང་གི་རྣམ་རྟོག་ལ་ཤར་བའི་ལྷ་སྒྲུང་ཞིག་དང་འདྲ་སྟེ།  བྱ་ཚོགས་ནམ་མཁའ་ལ་འཕུར་བའི་ཚེ་ཁྱུང་གིས་མགོ་དྲངས་ནས་འཕུར་དགོས་པ་ཡིན་ནམ།  དེ་བཞིན་དུ་གྷརུཊ—བེརྒརུ་ཟུར་ཆགས་ཚུལ་ཡང་རང་གི་ཞེ་འདོད་ཙམ་ལས་སྒྲ་དེ་གཉིས་འདྲ་འབྲེལ་གང་ཡང་མ་གྲུབ་ཕྱིར་རོ།  

       དོན་དངོས་ནི།  དགེ་འདུན་ཆོས་འཕེལ་གྱིས༼ཡིག་མགོའི་ཏིང་ཀྱོག་འདི་ཡང་ཨོཾ་ཡིག་ཏུ་ཤེས་ལ།  རྒྱ་དཔེ་རྣམས་ལ་དབུ་ཤོག་གི་དང་བོར་ཨོཾ་ཡིག་བྲིས་འདུག་ཅིང་༽ཞེས་བཤད་པ་ལྟར་གོང་དུ་བཀོད་པའི་དཔར་རིས་དེ་ནི་དེང་སྐབས་ཀྱི་རྒྱ་གར་ཡི་གེའི་ཨོཾ་ཡིག་རིང་ཆ་ཅན་ཡིན་ལ།ཧིན་ངྷི་བ་ཚོས་དེ་ནི་ཧ་ཅང་གི་བཀྲ་ཤིས་པའི་ཚིག་ཅིག་ཏུ་བཤད་པ་ལྟར་དཔར་དེ་ཉིད་གང་ས་གང་དུ་སྦྱོར་སྲོལ་ད་དུང་ཡང་མ་ཉམས་པར་ཡོད། རིག་བྱེད་པའི་གཞུང་ལས།  ཚངས་པ་དང་ནི་ནོར་ལྷ་ཡིས།།གླུར་བླངས་གསང་བ་ཨོཾ་ཞེས་བྱ།། ཚངས་པའི་ཡི་གེ་དེ་ཉིད་ནི།།ཡེ་ཤེས་ཀུན་ལ་ཁྱབ་པ་ཡིན།། ཞེས་ལྷ་ཆེན་ཚངས་པ་དང་ནོར་ལྷས་གླུ་རུ་བླངས་པའི་ཡི་གེ་དེ་ལ་ཚངས་པའི་ཡི་གེ་ཞེས་བྱ་ཞིང་།   དེ་ཉིད་ཀྱིས་ཤེས་བྱ་ཐམས་ཅད་ལ་ཁྱབ་ཅིང་།  དངོས་པོ་ཀུན་སྐྱེ་བའི་གཞིར་ཡང་བཞེད་དེ།  ཚད་མའི་དེ་ཁོ་ན་ཉིད་བསྡུས་པར་ཕྱོགས་སྔའི་འདོད་པ་བརྗོད་སྐབས།   སྒྲ་ཡི་རང་བཞིན་ཚངས་པ་མཆོག། གང་དེ་ཡོངས་སུ་གྱུར་བ་ནི།།དངོས་པོའི་འགྲོ་འདི་ཤེས་པར་བྱ།།  ཞེས་སོགས་ཕྱི་རོལ་བ་རྣམས་ཀྱིས་རང་གི་གྲུབ་མཐའ་དང་སྦྱར་ནས་ཨོཾ་ཡིག་ལ་འགྲེལ་བཤད་རྒྱ་ཆེར་བྱེད་པ་ཙམ་དུ་མ་ཟད།  ནང་བསྟན་ཆོས་ལུགས་རང་ལ་མཚོན་ན་ཡང་།  རྡོ་རྗེ་རྩེ་མོ་ལས།   ཨོཾ་ནི་ཅི་ཞིག་ཡིན་པར་བརྗོད།།མཆོག་དང་ནོར་གཏེར་དཔལ་དང་གཡང་།།དམ་བཅའ་བ་དང་བཀྲ་ཤིས་དོན།།སྐལ་བཟང་རྣམ་པ་དང་ལྡན་ཞིང་།།ནོར་བུ་འཛིན་པའི་སྔགས་སུ་བརྗོད།།ཅེས་བཀྲ་ཤིས་པའི་དོན་དུ་མ་འཇུག་པར་གསུངས་པ་ལྟར། བོད་དུའང་མཎྜལ་བཤད་པ་དང་ཁྲི་འདོན་མཛད་སྒོ་སོགས་ཀྱི་བཤད་པའི་མགོར༼ཨོཾ་བདེ་ལེགས་སུ་གྱུར་ཅིག་ལྟ་བུ་དང་བཀྲ་ཤིས་པར་གྱུར་ཅིག༽ ཞེས་པའི་ཚིག་བེད་སྤྱོད་བྱེད་པའང་འདི་ལས་རིགས་འདྲ་བླངས་པ་བསྙོན་དུ་མེད་ལ། སློབ་དཔོན་ཐོན་མིས་ཀྱང་རྒྱ་གར་གྱི༼གོང་དུ་བཀོད་པའི་ཨོཾ་ཡིག་གི་དཔར༽  ཨོཾ་ཡིག་ལ་དཔེ་བླངས་ནས་བོད་ཀྱི་དབུ་ཁྱུད༄༅།།  འདི་བཟོས་པ་ཡིན་པར་རི་མོ་རང་ངོས་ནས་ཁ་གྲག་འདུག་པས་མང་བོ་བཤད་དགོས་སུ་མི་སྣང་ངོ།།

    ཤད་ཀྱི་འགྲེལ་བཤད་ལ་ཁོང་གིས།  ཤད་ནི་གཡག་དང་གཡག་གི་རྔ་མར་གཉི་གར་གོ་ཞིང་།  ཕྱི་མའི་རྒྱུ་མཚན་དུ། གཡག་གི་རྔ་མ་ནི་གཡག་གཅིག་རྫོགས་པའི་དོན་ཡིན་པར་བཤད་པ་ནི་བོད་ཀྱི་སྐད་ཡིག་ལ་རྨོངས་པའི་རྒྱ་མི་ཞིག་གིས་བོད་སྐད་བཤད་པ་དང་འདྲ་བས་གོ་རྒྱུ་ཅི་ཡང་མེད་ལ།  དག་ཡིག་རྣམས་སུ།  ཤད་པོ་ནི་ལོ་གསུམ་ལོན་པའི་ནོར་ལ་གོ་ཞིང་། དེ་ཡང་ཕོ་ལ་ཤད་པོ་དང་མོ་ལ་ཤད་མོ་ཟེར་བར་བཤད་པས་གཡག་སྤྱི་ཡི་མིང་བརྡ་ཞིག་མིན་ལ།  རྔ་མར་འཇུག་པ་ཞིག་དེ་བས་མིན་ནོ།།

               ༢༠༡༥–༡༠–༥  མཚན་མོར་སྔར་གྱི་མ་ཟིན་ཞིག་ལ་བཟོ་བཅོས་ཕྲན་བུ་དང་བཅས་བཀོད་པའོ།།

དཔྱད་རྩོམ།

Post navigation

Previous Post: བཀའ་ཤག་གིས་གལ་ཆེའི་འབོད་སྐུལ་གསལ་བསྒྲགས།
Next Post: དྲིན་ལན་ལོག་འཇལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme