Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གདུང་སེམས་མཉམ་བསྐྱེད།

Posted on 2015-11-042015-11-04 By ཁ་བརྡ 6 Comments on གདུང་སེམས་མཉམ་བསྐྱེད།

unnamedགཅན་བཟོད་རྒྱམ།

 
ཉིན་འགའི་སྔོན་དུ་དྷ་རམ་ས་ལ་ནས་རྒྱ་གར་ཡུལ་མི་གསུམ་གྱིས་བོད་ཀྱི་ཕོ་གསར་ཞིག་ལ་གྲིས་བརྒྱབས་ཏེ་དམར་བསད་བཏང་འདུག གསར་གནས་དེ་གོ་འཕྲད། རང་ཉིད་དྷ་ས་དང་གྱེས་ནས་ལོ་འགའ་འགོར་བར་ཕྱིར་དྲན་བྱས།  ༢༠༠༤ ལོར། ས་རཱ་མཐོ་སློབ་ནས་སློབ་མཐར་ཕྱིན་མཚམས་མ་ན་ལིར་གནས་སྐབས་ངལ་གསོའི་ཚུལ་དུ་བསྡད་པ་ཡིན། ཀ་ལ་ཐི་ཞེས་པའི་ཆུ་ཚན་ཡོད་ས་དེར་པ་བསྟན་དར་དང་མཉམ་དུ་ཟླ་ངོ་གསུམ་ཙམ་རིང་བསྡད། སྐབས་དེར་རོགས་ན་ཕ་ཡུལ་གཅིག་པའི་ཕོ་གསར་འགའ་རེ་ཡང་ཡོད།
ཉིན་གཅིག པ་བསྟན་དར་ལགས་དང་རྒྱ་གར་ཡུལ་མི་ཞིག་བར་འཛིངས་རེས་ཤོར་འདུག པ་ལགས་ཕྱིར་ནང་དུ་ཡོང་ནས་སྡུག་དམེ་འདོན་བཞིན་ལག་ཆ་ཞིག་འཚོལ་བཞིན་འདུག དེ་ནི་པ་ལགས་ཀྱིས་ལག་ཆ་ཞིག་ཁྱེར་སོང་སྟེ་རྒྱ་གར་བ་དེར་ཅིག་བཞུས་ཀི་ཡིན་མདོག་རེད་མོད། པ་ལགས་ཁོང་དགུང་ལོ་བརྒྱད་ཅུར་ཟིན་ཡོད་པས་རྒྱ་གར་ཕོ་གསར་དེར་ཅི་ཞིག་བྱ་ནུས་སམ།

 
ངས་ཐབས་གང་ཡོང་གིས་པ་ལགས་ལ་ཞུ་བ་འཐེན་པ་དང་ཡུལ་མིར་འཁྲུག་འཛིངས་བྱེད་མི་ཉན་ཚུལ། ༧གོང་ས་མཆོག་གིས་དུས་རྒྱུན་ཡུལ་མིར་འཆམ་མཐུན་བྱ་དགོས་སྐོར་གསུང་ལུགས་སོགས་པ་ལགས་ལ་གསུང་ཆོས་འདྲ་ཞིག་བཤད་རྗེས་གཞི་ནས། ཐང་ཆད་པ་དང་མཉམ་དུ་གཉིད་དུ་ཡུར་སོང་། ཕྱི་དྲོ་ཙམ་ལ་ང་སྒོ་ཕྱིར་བུད་སྐབས། ཏག་ཏག་རྒྱ་གར་བ་དེ་དེར་འདུག་པ་དང་འཕྲད། ངས་ངག་འཇམ་ཚིག་ཡག་གིས་པ་ལགས་དང་རྒྱག་རེས་བྱས་སྐོར་གླེང་ནས་ཁོ་ལ་བསླབ་བྱ་འདྲ་བྱས་ཏེ་ངེད་གཉིས་འཆམ་མཐུན་གྱིས་ཁ་བརྡ་བྱེད་བཞིན་པའི་སྐབས་སུ། ཏག་ཏག་པ་ལགས་གཉིད་སད་ཡོང་ནས་ངེད་གཉིས་ཀྱི་ལྟག་རྒྱབ་ནས་རྡོ་ཞིག་བཟུང་སྟེ་རྒྱ་གར་བའི་སྟེང་རྒྱུགས། རྒྱ་གར་བ་ཡར་ལངས་ཏེ་པ་ལགས་ལ་འཇུས་པ་དང་ངས་ཁོ་གཉིས་ལ་བར་བྱས། རྒྱ་གར་བར་དེ་འདྲ་མ་བྱེད་ཟེར་བཞིན་ཚུར་འཐེན་སྐབས། རྒྱབ་ཕྱོགས་ནས་ངའི་མགོ་ལ་སྐག་རྒྱ་ཅན་ཞིག་བཞུས་པ་དང་ལྷན་དུ་ང་མགོ་སྔ་མེད་པར་རྒྱ་གར་བ་བདུན་བརྒྱད་ཙམ་གྱིས་ཤཱི་མིན་རོ་མིན་དུ་རྡུང་།   སྐབས་དེར་ངའི་ཕ་ཡུལ་གཅིག་པ་དེ་ཡང་སྒོར་རྒྱུགས་ཡོང་བ་དང་ཁོ་ལའང་རྡུང་། ངེད་གསུམ་གཞུང་ལམ་འགྲམ་དུ་རོ་བཞིན་རྡུང་ཡག་བྱས་རྗེས། རྒྱ་གར་བ་༢༠ ཙམ་འདུས་འདུག་པ་དང་། ཅུང་རྒན་པ་ཚོས་བར་བྱས་ཏེ་ཁོ་ཚོ་རང་སར་ཕྱིན་སོང་། ངེད་གཉིས་ཀྱི་པ་ལགས་སྐྱོར་བཞིན་ནང་དུ་ཡོང་། ཁོང་མལ་ཁྲིར་བསྙལ། སེམས་གསོ་བྱས།

 

ཉིན་དེའི་ཁོང་ཁྲོ་ནི་བརྗོད་དཀའ་ལ། སེམས་ཕམ་ཡིད་ཆད་ནི་དེ་བས་བརྗོད་ཐབས་བྲལ། རང་གིས་རང་ལ་སེམས་གསོས། ཕྱི་ཉིན་ངེད་གསུམ་སྨན་ཁང་དུ་སོང་སྟེ་རྩུབ་མ་དང་རྐང་ལག་གློག་པར་བརྒྱབས་ཏེ་བཅག་སྐྱོན་སོགས་ལ་སྨན་བཅོས་བྱས།  འོན་ཀྱང་། འཐབ་ནས་ནི་མི་བཏུབ་པས་རང་ས་ནས་གཉོམ་ཁུར་བ་ལས་ཅི་བྱེད། སེམས་པ་རིམ་དུ་བཅུག་ནས་ཕྱི་ཉིན་ནས་བཟུང་སྔར་བཞིན་རྒྱ་གར་བ་རྡུང་རྡེག་གཏོང་མཁན་ཚོར་ཕར་སྐད་ཆ་བཤད་ཐབས་དང་འགྲོགས་འདྲིས་བྱས་ཏེ་སྔར་བཞིན་འདྲིས་པོ་བྱས་རྗེས། ཁོ་ཚོས་བྱས་ཉེས་ཐར་འདོན་དང་རྒྱ་གར་བའི་མི་གཤིས་ཀ་ངན་ལུགས་སོགས་ཕྲ་ཞིབ་ངོ་འཚང་དྲིས་པ་ཡིན་མོད། དེ་དུས་ཁོ་ཚོས་ཡག་པོ་ཉན་ཞིང་བཟོད་གསོལ་ཞུས་སོང་།
འདི་ལྟར་བསམ་བཞིན། གལ་ཏེ་ཁ་སྔོན་གྱི་ཕོ་གསར་དེ་ཡང་ང་ཚོ་ལྟར་བསད་མེད་པར་རྡུང་རྡེག་བཏང་ནས་གསོན་ཡོད་ཚེ། འཆམ་མཐུན་གྱི་ལམ་ནས་རྒྱུ་མཚན་ཡང་དག་རེས་ཕན་ཚུན་ལ་གོ་བསྐོན་བྱས་ན་ལས་གཞན། འུ་ཅག་ས་མཐར་སྐྱབས་བཅོལ་བའི་ཐོབ་ཐང་ཙམ་ཡང་མེད་ས་ནས་ཡུལ་མི་དག་ལ་ཅི་ཞིག་བྱ་ནུས། ཁྲིམས་ཁ་ནས་ཀྱང་རང་གི་རྒྱལ་འབངས་ལ་གཞན་མི་ལས་ལྷག་པའི་ཉེས་ཁྲིམས་ཞིག་འཕོག་གི་མ་རེད་སྙམ།

 
གང་ལྟར། འདས་པོ་ནི་འདས་ཟིན་པ་རེད་མོད། མི་བསོད་མཁན་དག་ལ་ཡུལ་ཁྲིམས་ལྟར་ཉེས་པ་གང་ཡོད་འཁུར་ཐབས་ལ་འུ་ཚོས་དཔུང་གདངས་མཉམ་སྦྲེལ་གནང་རོགས།  འབྱུང་འགྱུར་བོད་མི་སུ་ཡིན་ཀྱང་རང་རང་སོ་སོའི་ཚེ་སྲོག་གི་ཆེད་དུ་ཐབས་ཤེས་གང་ཡོད་བྱ་རྒྱུ་ལས་གདོང་དང་གདོང་གཏད་ནས་ཚེ་སྲོག་གིས་རྒོལ་འཛིངས་བྱེད་ས་མིན་པ་ཡང་མཁྱེན་པ་གནང་རོགས།

འདས་པོའི་ཆེད་དུ་ཨོཾ་མ་ཎི་པདྨེ་ཧཱུཾ། ཡིག་ནོར་ཡོད་སྲིད་པར་དགོངས་དག་ཞུ།

༢༠༡༥།༡༠།༠༣ ཉིན་གུང་ཡོལ་ཙམ་ལ་གངྒའི་འགྲམ་ནས་ཡིད་སྐྱོ་བཞིན་བྲིས།

བསམ་ཚུལ།

Post navigation

Previous Post: དཔའ་ངར་ཆེན་པོས་བཙན་གཡེམ་འགོག་དགོས། 
Next Post: གངྒཱ་དང་སྙན་ངག་པ།

Comments (6) on “གདུང་སེམས་མཉམ་བསྐྱེད།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-11-04 at 6:35 am

    ལྟས་ངན། ཉེས་བརྡུང་རག་སོང་ན་སྡུག་གྱོང་རེད། ག་དུས་ཡིན་ནའང་བག་འཁུམ་དགོས་རབ་མ་གཏོགས་བཟང་ལན་ངན་ལན་འཇལ་མ་ཤེས་པ་རེད། ཕོ་ཁྱོ་ཀ་ཡིན་ནམ། ཡང་མིན་ན་དོར་མ་མ་གྱོན་ནས་བུད་སྨན་གྱི་འཇར་མ་གྱོན་ནས་རྒྱུགས་ཅིག་ཨ། མི་ཆེ་ཆུང་ཡོད་ཀྱང་སྲོག་ལ་སྦོམ་ཕྲ་མེད་པས་ཤི་ཚར་རྗེས་སྒྲུང་རྫོགས་ཚར་རེད།

  2. ངག་དབང says:
    2015-11-04 at 8:45 am

    ཏྲེ་བྱམས་སྐུ་མཁྱེན་ དེང་སང་མཆན་རྒྱག་ས་ཅིག་ལ་དང་པོ་ནས་ཁྱེད་རང་སླེབས་ཡོང་གི་ སྐད་ཆ་ལ་གོ་དོན་ཡོད་པ་དང་ གཏན་ཚིགས་ལངས་ཕྱོགས་ལྟ་བ་སོགས་ཀྱི་དྲོ་བ་གང་ཡང་མི་འདུག་ བླུན་པོ་སྨྲ་བ་ཉུང་ན་མཛེས་

  3. ཡེ་ཤེས་དཔལ། says:
    2015-11-04 at 8:51 am

    ཏྲེ་ཧོར་བྱམས་པ་རིན་ཆེན། ཁོ་རེ། ཁ་ཕོ་མ་སྒྲོགས་ཨ། རྒྱ་དམར་གུང་ཁྲན་གྱིས་ཁྱོད་ཀྱི་ཕ་མེས་ཡང་མེས་ཅི་ཙམ་དམར་གསོད་དང་རྒྱུ་ནོར་འཕྲོག་བཅོམ་བྱས། ཐ་ན་ཁྱེད་རང་ཡང་སྡོད་མ་ཚུགས་པར་ས་མཐར་འཁྱམས་དགོས་བྱུང་། དེ་དག་ལ་རང་གིས་ངན་ལན་ལ་ངན་བྱེད་ཐུབ་ཡོད་པས། གོང་ས་མཆོག་དང་བོད་གཞུང་གིས་ཁྱེད་ལ་ལྟོ་གོས་ག་ཚོད་གནང་སོང་། དེར་བཟང་ལན་མཇལ་ཡོད་པས། ཐོག་མར།འཛུབ་མོ་རང་ལ་ཚུགས་ཤིག

  4. ཇུང་ཏོག་ says:
    2015-11-04 at 12:00 pm

    དང་པོ་ནོར་བཅོས་དགོས་པ་2015/10/3 དེ་2015/11/3ལབཟོ་བཅོས་གནང
    གནང་རོགས་གནང་།

  5. ལྷ།བྱ་འཕུར་མ། says:
    2015-11-04 at 1:58 pm

    ཧ་ཧ་ཧ།སྒྲུང་འདི་མོ་ཟིག་དེ་རིང་མ་གཏོགས་བཤད་མ་སོང་ངཱ་། རྡུང་རྡེག་ཡག་ཐག་ཆོད་ཅིག་ཉོས་འདུག གོང་ཚད་ཡག་པོ་སྤྲད་དེས་མཐར་ཞི་འཇམ་ངང་བཏུལ་འདུགཧ་ཧ་ཧ། ཀུ་རེ་ཡིན། གང་ལྟར་ཉིད་ལ་ཐུགས་རྒྱ་ཆེན་པོ་ཡོད་པར་ངས་ཡིད་རངས་བྱེད་ཀྱི་ཡོད།

  6. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-11-05 at 6:02 am

    གོང་དུ་ངག་དབང་དང་ཡེ་ཤེས་དཔལ་ཟེར་བ་གཉིས་ཉོན་ཅིག་ལགས།
    རེད་གདའ། ངག་དབང་ཟེར་བ་ཁྱོད་དང་ང་གཉིས་མཁས་བླུན་སུ་ཡིན་འགྲན་བསྡུར་བྱས་ན་གྲ་སྒྲིག་ཨང་གསར་ཡོད། ལུང་རིགས་དང་གཏན་ཚིག་ཐད་ནས་བཤད་ན་ཆོག་ལ་ཕྱི་ནང་རིག་གནས་གང་ཐད་ནས་བགྲོ་གླེང་དགོས་ན་བཤད་མི་དགོས་ལ་ངས་གང་ལ་མཆན་འདེབས་དུས་ཁྱོད་ལ་ཆོག་མཆན་ཞུ་དགོས་པ་ཨེ་རེད་དམ། ཧཧཧཧཧ་་་་་
    དེ་ནས་ཡེ་ཤེས་དཔལ་ལགས་སུ་ཞུ་དོན།
    ངས་མི་ཚེ་བྱུང་རིམ་ནང་དཔལ་འབྱོར་ལྟོ་གོས་ཐད་ལ་སུ་གང་ཡང་བཀའ་དྲིན་ཆེ་བ་མེད་ལ་དྲིན་ལན་འཇལ་དགོས་ས་དེ་བས་ཀྱང་མེད་གདའ། རང་གིས་འབད་རྩོལ་ལ་བརྟེན་ནས་འཚོ་བཞིན་ཡོད་པས་ངོ་སྲུང་དང་སྤྲེལ་ལད་འཁྲབ་དགོས་ས་དེ་བས་ཀྱང་མེད། འཇོན་པོ་མེད་ཀྱང་རང་གི་རྐང་པའི་ཐོག་རང་རྐྱ་ཐུབ་པའི་ལངས་ནས་འགྲོ་ཀི་ཡོད་གདའ། དེ་གོ་བར་གྱིས་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme