Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་ས་གནས་འོས་བསྡུ་ལས་ཁང་གིས་དགོངས་སེལ་ཞུ་དགོས།

Posted on 2015-11-012015-11-01 By ཁ་བརྡ 43 Comments on ཨ་རིའི་ས་གནས་འོས་བསྡུ་ལས་ཁང་གིས་དགོངས་སེལ་ཞུ་དགོས།

ཤར་ཕྱོགས་ཁུག་རྟ།

 
ཨ་རིའི་ས་གནས་འོས་བསྡུ་ལས་ཁང་གིས་སྲིད་སྐྱོང་དང་སྤྱི་འཐུས་སྔོན་འགྲོའི་འོས་གྲངས་ཁྱབ་བསྒྲགས་གནང་བའི་ཡི་གེ་དེ་ཅིའི་ཕྱིར་ཨིན་ཡིག་བྲིས་པ་རེད། ལས་ཤོག་སྟེང་༼བོད་ཀྱི་སྐུ་ཚབ་དོན་གཅོད་ཁང༽་ཞེས་བྲིས་འདུག བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ཡིན་ན། བོད་ལ་འཛམ་གླིང་ནང་སྐད་ཡིག་གཞན་གྱི་གྲས་སུ་དཔུང་བ་མཉམ་བཤིབ་ཆོག་པའི་ཡི་གེ་ཞིག་བརྒྱ་ཕྲག་བདུན་པ་ནས་དར་ཏེ། ད་བར་ལེགས་སྦྱར་གྱི་ཡི་གེ་དང་གནས་ཚད་མཉམ་པའི་ཡི་གེ་ཕུལ་དུ་བྱུང་བ་ཞིག་ཡིན་ཞེས་ཡང་ཡང་༧གོང་ས་ཆེན་པོས་བཀའ་གནང་བར་མ་གསན་པ་ཡིན་ནམ། བཙན་བྱོལ་བོད་མི་འདུས་སྡོད་ས་གནས་ཁག་ཚང་མས་སྔོན་འགྲོའི་འོས་བསྡུ་ཁྱབ་བསྒྲགས་བྱས་པའི་ནང་ཨ་རིའི་ས་གནས་འོས་བསྡུ་ལས་ཁང་མ་གཏོགས་བོད་རང་གི་ཡི་གེ་མི་སྤྱོད་མཁན་སུ་ཞིག་འདུག་གམ།

unnamed-3

ད་བར་བོད་ཀྱི་སྐད་ཡིག་རིག་གཞུང་གི་ཆེད་དུ་༧གོང་ས་མཆོག་གཙོས་བོད་མི་ས་ཡ་དྲུག་དང་། ལྷག་པར་ཞིང་གཤེགས་དཔའ་བོ་དཔའ་མོ་དེ་དག་གིས་མེ་ལྕེ་དམར་པོས་རང་ལུས་འཚིགས་བཞིན་པའི་སྐབས་སུའང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས་པའི་ཞལ་ཆེམས་འཇོག་གནང་མཛད་པ་མ་གསན་པ་ཡིན་ནམ། དེ་བཞིན་༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་གཙོས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་རིམ་པ། ལྷག་པར་ཏུ་བཀའ་ཤག་སྐབས་སྔོན་མས་ས་གནས་ཁག་ཏུ་ཆེད་མངགས་བཀོད་ཁྱབ་བཏང་སྟེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཆེ་ཕྲ་གཙོས་བོད་མི་ནང་ཁུལ་དུ་བོད་རང་གི་ཡི་གེ་སྤྱོད་དགོས་པའི་བཀའ་ནན་ཡང་ཡང་གནང་ཡོད་པ་དག་ཨ་རིའི་ས་གནས་འོས་བསྡུ་ལས་ཁང་གིས་མི་མཁྱེན་པ་ཅི་ལ་སྲིད།

སྐུ་ཚབ་དོན་གཅོད་ཁང་ཁག་དང་ས་གནས་གཞིས་མགོ་ཡོད་དོ་ཅོག་འོས་བསྡུ་ཆེན་མོ་དང་འཕར་མའི་འོས་བསྡུའི་སྐབས་འོས་བསྡུ་འགན་འཛིན་ཆགས་འགྲོ་བ་སྒྲིག་གཞིའི་དགོངས་དོན་ཡིན་པས། སྐུ་ཚབ་དོན་གཅོད་མཆོག་གིས་བཀའ་ཤག་སྐབས་སྔོན་མའི་བོད་ཀྱི་སྐད་ཡིག་གཅེས་འཛིན་དར་སྤེལ་དགོས་པའི་བཀོད་ཁྱབ་དེ་དག་ལ་གསན་འདོད་མེད་པའི་རྣམ་འགྱུར་བསྟན་པ་ཡིན་ན་ཐབས་སྐྱོ་བོ་རེད།
དེ་མིན་བོད་མི་ནང་ཁུལ་དང་ལྷག་པར་ཏུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཤིག་ཏུ་འབུལ་དགོས་པའི་ཡི་གེར་བོད་རང་གི་ཡི་གེ་འབྲི་དགོས་པ། བོད་མི་ཡིན་ནོ་ཅོག་ལ་རྒྱལ་ཁབ་དང་མི་རིགས་ཀྱི་ལར་ཞེན་གྱིས་སྤྲད་པའི་ལྡོག་ཏུ་མེད་པའི་འོས་འགན་ཞིག་ཡིན་སྟབས། ཨ་རིའི་ས་གནས་འོས་བསྡུ་ལས་ཁང་གི་འོས་བསྡུ་འགན་འཛིན་མཆོག་དང་ཚོགས་མི་གཟུ་དཔང་བཅས་པས། ངེས་པར་དུ་བོད་མི་མང་ལ་དགོངས་སེལ་ཞུས་ཏེ། གང་མགྱོགས་བོད་རང་གི་ཡི་གེའི་སྟེང་འོས་ཐོབ་མཇུག་འབྲས་གསལ་བསྒྲགས་ཅི་ནས་ཀྱང་སྤེལ་གནང་ཡོང་བ་ཞུ་ཞུ།

ཤར་ཕྱོགས་ཁུག་རྟས་གུས་བ་དང་བཅས། ༢༠༡༥། ༡༡། ༢། ཉིན།

གསལ་བཤད།

Post navigation

Previous Post: ཨ་ནི་ཀརྨའི་འཁྲུལ་སྣང་།
Next Post: ཡ་ང་བའི་དོན་རྐྱེན་དེའི་རྒྱབ་མདུན།

Comments (43) on “ཨ་རིའི་ས་གནས་འོས་བསྡུ་ལས་ཁང་གིས་དགོངས་སེལ་ཞུ་དགོས།”

  1. རྒྱང་མིག says:
    2015-11-02 at 12:23 am

    ཨ་རིའི་སྐུ་ཚབ་དོན་ཁང་འདི་ཡང་རང་རེའི་བོད་ཡིག་དམར་གསོད་གཏོང་མཁན་གྱི་གྲས་གཙོ་བོ་ཞིག་ཡིན་པ་ནི་ཀུན་གསལ་ཡིན།
    ཉེ་སྔོན་དབུས་འོས་བསྡུའི་འགན་འཛིན་གྱིས་བརྗོད་གསལ་ལ། འོས་འཕངས་གྲུབ་ཏེ་ཆུ་ཚོད་ཉི་ཤུ་རྩ་བཞིའི་རྗེས་ནས་ས་གནས་སོ་སོ་ནས་འོས་གྲངས་བསྒྲགས་ན་ཡོངས་སུ་འགྲིག་ཚུལ་ཞིག་འདུག་ན་ཡང་།
    བྱང་ཨ་རིར་འདིར་འོས་གྲངས་རྣམས་ས་གནས་སོ་སོ་ནས་ཞིབ་གཤེར་གྱིས་བསྒྲགས་མ་བདེ་བ་ལྟ་བུའི་ངང་། དུས་གཅིག་གནས་གཅིག་ལ་ས་གནས་ཚང་མའི་འཐུས་མི་ཡོད་མེད་ཅི་རིགས་འོག་སྐུ་ཚབ་དོན་གཅོད་ཁང་ནས་འོས་གཤེར་བྱས་ཏེ་འོས་གྲངས་ཨིན་ཡིག་ཅན་འདི་བསྒྲགས་དགོས་བྱུང་བ་ནི་ཅིའི་ཕྱིར་ཡིན་ནམ།

  2. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-11-02 at 12:35 am

    ཧཧཧཧཧཧ་་་་་་་ད་བྱས་ཡ་ཡོད་མ་རེད། བློ་སེང་ལ་བོད་མི་མང་པོའི་རེ་བ་ཆེན་པོ་བྱས་ནས་ཡང་བསྐྱར་ལོ་ལྔ་འཇོག་རྒྱུ་ཆོད་སེམས་འདུག་ལགས། དེར་བརྟེན་དོན་ཁང་དབུ་འཛིན་དབུ་དཀར་ཚང་སྐལ་རྡོ་ལགས་ཡིན་པས་བློ་སེང་གིས་བཀོད་ཁྱབ་ལོས་ཉན། བློ་སེང་ཁོ་རང་བོད་ཀྱི་སྐད་ཡིག་ལ་ཡར་རྒྱས་གཏོང་རྒྱུ་ཕར་ཞོག་སྲིད་སྐྱོང་བྱ་དགའ་ཐད་ལ་བོད་ཡིག་བརྒྱ་ཆ་ཚད་དམའ་གང་འདྲ་འཇོག་སོང་ངམ། ད་ག་འདྲ་འདུག་གམ། ལག་ལེན་ལ་བརྟར་འོང་གི་འདུག་གདའ། རྒྱ་བོད་འབྲེལ་ལམ་དང་ཕར་རིལ་སྤང་རྒྱན་རེད།ལྟོས་དང་རང་དབང་ལུང་པའི་ནང་ལ་སྐད་ཡིག་སྲུང་སྐྱོབ་ཅིག་བྱས་ཐུབ་ཀྱི་ཡོད་མ་རེད། སྐལ་རྡོ་ཁག་ཡོད་རྒྱུ་མ་རེད། བློ་སེང་གིས་བཀའ་འབེབས་དུས་རྐུབ་སྟེགས་ལ་བསམ་བློ་ལོས་འཁོར།

  3. གངས་ཕྲུག། says:
    2015-11-02 at 1:38 am

    ཨ་རིའི་དོན་ཁང་གི་ལས་བྱེད་དེ་ཚོར་ངེས་པར་དུ་དོ་སྣང་བྱེད་དགོས་ཀྱི་འདུག། ཁོ་ཚོས་ལས་ཀ་བྱེད་ཕྱོགས་འགའ་ཞིག་ལ་ས་གནས་མི་དམངས་མང་པོས་བསམ་ཚུལ་དང་འདོད་བབ་མེད་པའི་གནས་ཚུལ་གོ་རྒྱུ་འདུག།

  4. ནད་མེད་ཚེ་རིང་། says:
    2015-11-02 at 2:50 am

    སྲིད་སྤྱི་འོས་ཐོབ་གྲངས་ཐོ་ཚོུད་ ༢༤ ནང་གསལ་བསྒྲགས་གནང་ཆོག་པ་ལས་དུས་བཀག་མིན། ས་ངནས་ཀྱི་གནས་བབས་ཆ་ནས་སྐབས་རེ་གནང་ཐུབ་ཐབས་མེད་པ་དངོས་འབྲེལ་ཡིན། འོན་ཀྱང་རང་གི་སྐད་ཡིག་ཐོག་མིན་པར་དབྱིན་ཡིག་ཐོག་གསལ་བསྒྲགས་གནང་སྟངས་ལ་གཟིགས་ན་རང་གི་སྐད་ཡིག་ལ་མཐོང་ཆུང་ཡིན་པས་ཞབས་འདྲེན་ཡིན། དེ་དག་བྱུང་སྟངས་ལ་ཞིབ་ན་སྲིད་སྐྱོང་བློ་སེང་ལགས་ཀྱི་གཞུང་འཛིན་འགོ་ལས་ཚོར་ཕྱི་རྒྱལ་གྱི་ལྟ་བ་ཤུགས་ཆེར་འཛིན་པས་རྐྱེན་ཡིན། གང་ལྟར་བཙན་བྱོལ་བོད་མི་ནས་སླར་ཡང་ཁོང་ལ་སྲིད་སྐྱོང་ཞབས་སྟེགས་འབུལ་རྒྱུ་ཡིན་འདུག་པས་ཚང་མས་བསམ་མསྣོ་སྟིངས་ཟབ་གཏོང་དགོས་དུས་ལ་འབབ་འདུག་གོ

  5. རེབ་གླེན་པ། says:
    2015-11-02 at 2:53 am

    བཙན་བྱོལ་བོད་མའི་ཚོགས་སྡེ་ཆེ་མ་ཆུང་གསུམ་གྱི་ཁྲོད་འདིར་བོད་སྐད་ཡིན་ལ་བོད་ཡིག་མིན་པ་དང་།བོད་ཡིག་ཡིན་ལ་བོད་སྐད་མིན་པའི་ཞུ་འཕྲིན་དང་བརྡ་ཁྱབ་སྐྱུག་རྫོབ་དེའི་རིགས་གཟབ་དོགས་སྤུ་ཙམ་མེད་པར་སྤེལ་སྐུར་ལ་གོམས་འདུག་པའི་གློ་མཆིན་ཁྲག་པོ་ཅན་ཉུང་ཉུང་མིན་མོད། འོན་ཏེ་ཁོ་ཚོས་རང་མི་རིགས་ཀྱི་སྐད་ཡིག་ངོ་ཤེས་པ་དང་། དེ་རང་གིས་བཀོད་སྤྱོད་བྱེད་དགོས་པ་དེའང་ཚོར་གྱིན་ཡོད། ཡིད་སྐྱོ་བ་ཞིག་ལ་ཆེན་པོར་རློམ་པ་མི་ཉུང་བ་ཞིག་གིས་རང་གི་ཁ་དང་ལག་པ་གཞན་གྱི་ཁ་ལག་ལ་འགྱུར་བཞིན་པ་དེ་མི་ཚོར་བ་དང་།ཚོར་ཡང་མི་ཚོར་ཁུལ་བྱེད་པ་འདི་དག་ནི། ༧སྣང་མཐའི་་གཟིགས་པ་ཆེན་མོ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་བཞུགས་ཡོད་ན་འགྲམ་ལྕག་གཞུ་ས་རྐྱང་རྐྱང་རེད།

  6. སྐལ་ཚེ། says:
    2015-11-02 at 3:01 am

    ད་རིང་ཤར་ཁུག་བདེན་པ་རེད་འདུག་རྒྱབ་སྐྱོར་ཡོད། སྲིད་སྐྱོང་གི་ལྐུབ་སྟེགས་སུ་ལ་སྤྲད་མེད་དེ་དབུས་འོས་བསྡུ་ཁང་དང་། ས་གནས་འོས་བསྡུ་ཁང་གཉིས་ལ་ཡོད་པ་ལས་གཞན་སུ་ལའང་ཡོད་པར་མི་སྙམ། ཁོ་རང་ཚོས་གང་བཟོས་ཡིན་ས་རེད།

  7. ལྷ།བྱ་འཕུར་མ། says:
    2015-11-02 at 4:07 am

    སེང་གའིེ་ཨབ་ཕྲུག་སྐལ་རྡོར་གྱིས་བོད་ཀྱི་སྐད་དམར་གསོད་བྱས་འདུག ཤར་ཁུག་གིས་སྐད་ངན་ཤོར་བ་ཁག་མི་འདུག

  8. ལྷ།བྱ་འཕུར་མ། says:
    2015-11-02 at 4:13 am

    སེང་གའིེ་ཨབ་ཕྲུག་སྐལ་རྡོར་གྱིས་བོད་ཀྱི་སྐད་ཡིགདམར་གསོད་བྱས་འདུག ཤར་ཁུག་གིས་སྐད་ངན་ཤོར་བ་ཁག་མི་འདུག རྒྱབ་སྐྱོར་ཡོད། བོད་སྐད་བོད་མི་རིགས་ཀྱིས་བདེ་སྤྱོད་མ་བཏང་ན་མི་རིགས་ཀྱིས་བདེ་སྤྱོད་གཏོང་གི་མ་རེད། ཨ་རིར་གནས་བཞུགས་བོད་རིགས་ལས་བྱེད་སྐྱག་ཕྲུག་ཚོ།དེ་ཙམ་ཡིན།

  9. རང་བཙན་བུ། says:
    2015-11-02 at 4:25 am

    ཤར་ཕྱོགས་ཁུག་རྟ་ལགས་ནས་གནད་དུ་སྨིན་པའི་དགོངས་འཆར་གསུངས་འདུག ཨ་རིའི་སྐུ་ཚབ་དོན་ཁང་དེ་དོན་གཅོད་ཁང་གཞན་དང་མི་འདྲ་བར་ཉམས་ཞེ་དྲག་འདུག

  10. ཇུང་ཏོག་ says:
    2015-11-02 at 4:31 am

    བློ་སེང་ལ་འོས་མང་ཐོབ་ཙང་ཤར་ཁུག་ངུ་སྐད་ཤོར་འདུག་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞིའི་ནང་འོས་ཤོག་གྲངས་བཤེར་གྱིས་གསལ་བསྒྲགས་དེ་བོད་ཡིག་ལས་སྐད་ཡིག་གཞན་གྱི་ནང་བཀོད་མི་ཆོག་པ་དེ་བཅའ་སྒྲིག་གང་གི་དོན་ཚན་གང་གི་ནང་གསལ་འདུག་གསལ་པོ་གསུང་དང་ཕོ་ཁྱོ་ག་རེ་དེ་མིན་མང་པོ་དཀྲུགས་མ་སྡོད་།

  11. བེ་རེ་གདོང་ནག says:
    2015-11-02 at 4:35 am

    ད་ལན་ཤར་ཁུག་གི་ཀུན་སློང་་ཡག་བཙོག་ཇི་ལྟར་ཡིན་ཀྱང་བདེན་པ་རེད། དབྱིན་ཡིག་ཡག་པོ་མི་ཤེས་མཁན་ཚོ་ལ་དེ་ལས་ཀྱང་ཁག་མི་འདུག འོན་ཀྱང་བོད་དབྱིན་གཉིས་ཀྱི་ཐོག་ལ་ཡོད་དགོས་ངེས་རེད།

  12. མར་མེ་ says:
    2015-11-02 at 6:13 am

    འགྱུར་བཅོས་མང་པོ་བཏང་སོང་
    གཞུང་ཡིག་དབྱིན་ཡིག་འགྱུར་སོང་

  13. ལྷ་སྲས་དར་མ། says:
    2015-11-02 at 6:17 am

    ད་རེས་ཨ་དོན་ནས་ཡིག་ཆ་དེ་བོད་དབྱིན་གཉིས་ཀའི་ཐོག་ལ་མེད་ན། ང་ཚོ་བོད་ཀྱི་འབངས་དང་བོད་ཀྱི་སྐབས་བབ་ཀྱི་སྲིད་གཞུང་ལྷག་དོན་བོད་ཀྱི་རིག་གཞུང་ལ་མཐོང་ཆུང་བྱས་པ་དེར་དགོང་སེལ་ཞུ་དགོས་པ་དོན་དངོས་རེད་གལ་སྲིད་གཞུང་དང་སྲིད་ཞུ་བར་བོད་ཅེས་པའི་ཁོངས་སུ་ཡོད་ན། གནས་དོན་དེ་ཤར་ཁུག་ལ་རྒྱབ་བསྐྱོར་ཡོད།

  14. རེབ་གླེན་པ། says:
    2015-11-02 at 6:32 am

    བཙན་བྱོལ་བོད་མའི་ཚོགས་སྡེ་ཆེ་མ་ཆུང་གསུམ་གྱི་ཁྲོད་འདིར་བོད་སྐད་ཡིན་ལ་བོད་ཡིག་མིན་པ་དང་།བོད་ཡིག་ཡིན་ལ་བོད་སྐད་མིན་པའི་ཞུ་འཕྲིན་དང་བརྡ་ཁྱབ་སྐྱུག་རྫོབ་དེའི་རིགས་གཟབ་དོགས་སྤུ་ཙམ་མེད་པར་སྤེལ་སྐུར་ལ་གོམས་འདུག་པའི་གློ་མཆིན་ཁྲག་པོ་ཅན་ཉུང་ཉུང་མིན་མོད། འོན་ཏེ་ཁོ་ཚོས་རང་མི་རིགས་ཀྱི་སྐད་ཡིག་ངོ་ཤེས་པ་དང་། དེ་རང་གིས་བཀོད་སྤྱོད་བྱེད་དགོས་པ་དེའང་ཚོར་གྱིན་ཡོད། ཡིད་སྐྱོ་བ་ཞིག་ལ་ཆེན་པོར་རློམ་པ་མི་ཉུང་བ་ཞིག་གིས་རང་གི་ཁ་དང་ལག་པ་གཞན་གྱི་ཁ་ལག་ལ་འགྱུར་བཞིན་པ་དེ་མི་ཚོར་བ་དང་།ཚོར་ཡང་མི་ཚོར་ཁུལ་བྱེད་པ་འདི་དག་ནི། ༧སྣང་མཐའི་་གཟིགས་པ་ཆེན་མོ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་བཞུགས་ཡོད་ན་འགྲམ་ལྕག་གཞུ་ས་རྐྱང་རྐྱང་རེད།

  15. ནད་མེད་ཚེ་རིང་། says:
    2015-11-02 at 6:53 am

    བོད་ཡིག་ཐོག་འབྲི་དགོས་མིན་བཅའ་ཁྲིམས་ནང་གསལ་དགོས་དོན་མེད་པ་རེད། བོད་ཀྱི་སྐད་ཡིག་འདི་ང་ཚོའི་མ་རྩ་མེད་ན་གང་ཡིན། དེ་དག་སྒྲིག་འཛུགས་ངོས་ནས་མཐོང་ཆུང་བཏང་ན་རྒྱ་ནག་གཞུང་ནས་བོད་ཀྱི་རིགས་གཞུང་རྩ་མེད་བཟོ་ཡི་འདུག་ཞེས་ང་ཚོ་སྐད་ངན་ཤོར་དགོས་དོན་མིན་འདུག་པ། བཙན་བྱོལ་བོད་མི་ནས་དབྱིན་ཡིག་ཤེས་མ་ཤེས་ཀྱི་གནད་དོན་རྩ་བ་ཉིད་ནས་རེད་ད།

  16. ལྷ།བྱ་འཕུར་མ། says:
    2015-11-02 at 9:04 am

    ཡང་འདི་ན་ཁ་ཤས་ཀྱིས་བཟི་གཏམ་བཤད་འདུག གཞུང་གི་ཡིག་འབྲེལ་ཆ་ཚང་བོད་ཡིག་ནང་བྱེད་དགོས་ཟེར་བ་གསལ་ཡོད་པ་དང་ཟུར་དུ་འོས་བསྡུའི་གསལ་བསྒྲགས་དེ་བོད་ཡིག་ནང་གསལ་བསྒྲགས་དགོས་བའི་སྒྲིག་གཞི་ཞིག་བཟོ་དགོས་ན་སེང་གེ་ཡིས་གཏོར་བཤིག་བཏང་བ་དག་འབྱུང་འགྱུར་སྲིད་སྐྱོང་གསར་བའི་ཕྱག་ལས་རེད།འབུམ་རམས་པ་ཡ་འབུམ་རམས་པ།ཉིད་ཀྱི་ཀླད་པའི་ནང་ད་ར་བླུགས་འདུག

    དེ་མིན།ཨ་རིའི་དོན་གཅོད་སྐལ་རྡོར་གྱིས་དོན་གཅོད་ནང་བཞག་པའི་༧གོང་ས་མཆོག་གི་སྐུ་པར་མར་བླངས་ནས་སེང་གེའི་པར་བཞག་པ་སོགས་ཀྱི་སྐྱོན་མང་པོ་བཟོས་པ་ཡོད་རེད།

  17. ལུང་རྟོགས། says:
    2015-11-02 at 10:18 am

    ཨ་རིའི་སོན་ཁང་གིས་བོད་ཡིག་མ་སྤྱོད་པར་ངོ་རྒོལ་ཡོད། འོན་ཀྱང་མི་ལ་ལས་འདི་བེད་སྤྱོད་ལོག་པ་བཏང་ནས་སྲིད་སྐྱོང་ལ་གཤེ་གཤེ་གཏོང་སྐྱེད་དང་། དངོས་གཞིའི་འོས་བསྡུ་ལ་དམིགས་ནས་ཆབ་སྲིད་འཁྲབ་བཞིན་པ་འདི་དག་ནི་ཧ་ཅང་སྐྱུག་བྲོ་བའི་བྱ་སྤྱོད་ཅིག་ཡིན་པས་འདི་ལ་ཡང་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

  18. ནད་མེད་ཚེ་རིང་། says:
    2015-11-02 at 10:53 am

    ལུངས་རྟོགས་ལགས། སྲིད་སྐྱོང་བློ་སེང་ལགས
    ནས་སྐྱུག་བྲོ་བའི་ལས་ཀ་མང་པོ་གནང་ཡོདཔ་ཁྱེད་ཞྭ་ར་ཡིན་ནའང་མཐོང་ཚོད་དང་འོན་པ་ཡིན་ནའང་གོ་ཚོད་ཡིན། གནས་ཚུལ་བྱུང་ས་དེའང་ཨ་རི་དོན་གཅོད་རང་ནང་དཔེ་བཞག་པ་ཡིན་ན། ༧གོང་ས་མཆོག་གི་སྐུ་པར་ཚབ་ལ་སྲིད་སྐྱོང་བློ་སེང་ལགས་རང་ཉིད་ཀྱི་པར་ཆེན་པོ་ཞིག་བཞག། ད་ལྟ་བོད་ཀྱི་སྐད་ཡིག་ལ་མཐོང་ཆུང་བྱས། གནད་དོན་འདི་དག་སྲིད་སྐྱོང་བློ་སེང་ལགས་སུ་རང་གི་གྲོགསཔོ་ཉེ་ཤོས་དོན་གཅོད་ཨོ་ཀར་ཚང་ནས་ཡར་མ་ཞུས་པ་གནང་མི་སྲིད་པ་ཡིན། གང་ལྟར་གནས་ཚུལ་ཡག་སྡུག་གང་བྱུང་ཡང་སྲིད་སྐྱོང་རང་ཉིད་ནས་འགན་འཁུར་དགོས་པ་ཡིན། འདི་ཆབ་སྲིད་འཁྲབ་ཀྱི་ཡོད་ན་རེད། མེད་ན་རེད་གང་ལྟར་དངོས་ཡོད་གནས་ཚུལ་བྱུང་བ་ཞིག་ཡིན་དུས་སྲིད་སྐྱོང་བློ་སེང་ལགས་ལ་ངེད་ནས་བློ་འགེལ་ཐུབ་པ་མིན་འདུག། མང་ཚོགས་ནས་ཐུགས་བསམ་ཡག་པོ་བཞེས་དགོས་ངེས་ཡིན།

  19. གངས་ཕྲུག། says:
    2015-11-02 at 11:41 am

    ཨ་རིའི་དོན་ཁང་གི་ལས་བྱེད་རྣམ་པས་བོད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་ཤེས་ཀྱི་མ་རེད་ལ་སྣང་ཆུང་ཡང་བཏང་གི་ཡོད། ཁོང་ཚོའི་ངོ་དེབ་ཐོག་གཟིགས་དང་ཤེས་ནི་རེད། ཁོ་ཚོའི་ངོ་དེབ་ཀྱི་དྲ་གྲོགས་རྒྱ་ཆ་དགུ་བཅུ་གོ་ལྔ་ལྷག་ཙམ་བོད་རིགས་ཡིན་ཀྱང་བོད་ཀྱི་སྐད་ཡིག་གི་གནས་ཚུལ་ཕལ་ཆེ་མེད། ས་གནས་བོད་སྤྱི་མཐུན་ཚོགས་པ་ཁག་ལ་གཞུང་འབྲེལ་གྱི་གསར་སྒྲགས་དང་ཡིག་འབྲེལ་ཡོངས་རྫོགས་ནང་དུ་དབྱིན་ཡིག་ལས་བོད་ཡིག་མེད།

  20. ལུང་རྟོགས། says:
    2015-11-02 at 12:03 pm

    ལི་ཐང་བཀྲ་ཤིས་ལགས། སྲིད་སྐྱོང་ལ་སྐྱོན་བརྗོད་གང་བྱས་དང་བྱེད་བཞིན་པ་ཕལ་མོ་ཆེ་གཞི་མེད་སྐྱོན་འཛུག་ཁོ་ན་ཡིན་པ་སྔོན་འགྲོའི་འོས་སྡུས་གསལ་པོ་ཆགས་ཟིན་པ་རེད། ད་དངོས་གཞི་ལ་སླེབས་ཉེ་བའི་སྐབས་འདིར་ཆབ་སྲིད་པ་ཚོས་སྐྱུག་བྲོ་བའི་ཟློག་གར་ཇི་ཙམ་འཁྲབ་ཀྱང་གྲུབ་འབྲས་མེད་པ་ཧ་ཅང་གསལ་པོ་རེད། ཨ་རིའི་དོན་ཁང་གིས་བོད་ཡིག་མ་བྲིས་པ་འདི་ནི་དོན་ཁང་ལས་བྱེད་ཚོའི་བྱེད་ཉེས་ཡིན་པ་ལས་སྲིད་སྐྱོང་དང་འབྲེལ་བ་མེད། ས་གནས་གང་ས་ནས་དབྱིན་ཡིག་གཅིག་པུ་བྲིས་ཡོད་ན་དབུས་སྒྲིག་འཛུག་ལ་དོག་པ་ཟ་ཆོག་ཀྱང་། ཨ་རིའི་དོན་ཁང་གཅིག་པུ་ལས་ས་གནས་གཞན་ནས་བོད་ཡིག་བེད་སྤྱོད་བཏང་ཡོད་པ་འདིས་འདི་ནི་ས་གནས་རང་གི་བྱེད་ཉེས་ཡིན་པ་གསལ་པོ་སྟན་ཡོད། ལར་ནས་ཉེ་ཆར་ཁ་བརྡའི་ནང་ལ་ལི་ཐང་གཅིག་གཅིག་ལི་ཐང་གཉིས་གཉིས་ཟེར་བའི་མིང་འོག་ནས་སྲིད་སྐྱོང་ལ་དགྲ་མཐོང་མཐོང་བྱེད་མཁན་རེ་ཟུང་ཞིག་ཐོན་ཡོང་བ་འདི་ཡང་ཆབ་སྲིད་འཁྲབ་སྟངས་སྐྱུག་བྲོ་པོ་ཞིག་ཡིན་པ་རྣམ་དཔྱོད་ཅན་སུས་མི་ཤེས།

  21. ནད་མེད་ཚེ་རིང་། says:
    2015-11-02 at 12:58 pm

    ལུང་རྟོགས་ལགས། ལས་བྱེད་ནས་ནོར་འཕྲུལ་སོང་ཡོད་ན་དོན་གཅོད་རང་ཉིད་ནས་འགན་འཁུར་དགོས་པ་མ་ཟད། འགན་འཁུར་ཆེ་བ་དེ་སྲིད་སྐྱོང་རང་ཉིད་ནས་འཁུར་དགོས། ཁྱེད་ཀྱི་གསུང་སྟངས་ལ་གཞིགས་ན་ནོར་འཕྲུལ་སོང་ན་ལས་བྱེད་ལ་ཁ་ཉེས་དང་། ཡག་པོ་བྱུང་སོང་ན་སྲིད་སྐྱོང་རང་ཉིད་ནས་ཇོན་རབས་བསྒྲགས་དགོས་རེད་བཤད་བཞིན་འདུག་ག དེ་ནི་འཛིན་སྐྱོང་གི་འགྲོ་སྟངས་དང་མི་མཐུན་པའི་སྐད་ཆ་རང་རེད། གནད་དོན་འདིའི་སྲིད་སྐྱོང་ནས་གང་གནང་རྩི་འདུག་བལྟ་ཆོག ནོར་འཕྲུལ་དེ་རིགས་ཡོང་གཞི་གཙོ་བོ་ནི་ཉམས་མྱོང་མེད་པའི་འགོ་འཁྲིད་བཀོད་པས་གྲུབ་འབྲས་རེད་དོ། རང་ཉིད་ནི་སྲིད་སྐྱོང་བློ་སེང་ལགས་ལ་དེ་སྔོན་རྒྱབ་སྐྱོར་བྱས་མཁན་ཞིག་ཡིན། དེའང་ཕ་ཡུལ་གཅིག་པ་ཡིན་པས་ཆ་ནས་བྱས་པ་མིན། འོས་ཤོག་དྲིལ་བསྒྲགས་སྐབས་ཁོང་ནས་སྐད་ཆ་བཤད་པ་རྣམས་བློ་ལ་འཇུག་པོ་དང་མི་འདིའི་གཅིག་བྱེད་ར་རེད་བསམ་ནས་རེ་བ་ཆེན་པོ་རྒྱབ་ནས་འོས་ཁོང་ལ་བླུགས་པ་ཡིན། ད་ལྟ་ལོ་ ༤ ལྷག་ནང་ངས་ཞིབ་རྟགས་བྱས་སྐབས་ཁོང་ནས་དཔལ་འབྱོར་བསྡུ་འགོད་གང་ལེགས་བྱུང་ཡོད་པ་བརྗོད་མི་དགོས་ཤིང་། དེ་ནི་༧རྒྱལ་བ་དོན་གྱི་བདག་པོའི་བཀྲིན་དང་ལྷག་པར་དུ་བོད་ནང་གི་བོད་མི་ཚོ་ལ་བརྟེན་ནས་གནང་བ་ཡིན་པས་མ་འོངས་སྲིད་སྐྱོང་སུ་ཕེབས་ཀྱང་ཐོབ་ངེས་ཡིན་པས་དེ་ལ་སེམས་ཁྲལ་མེད། ཁོང་ནི་མི་ཕྱོགས་རིས་དང་རང་བསྟོད་ཅན་ཞིག་མཐོང་སོང་བས་དེ་ངས་མཐོང་ཚུལ་ཡིན།

  22. དྲང་བདེན says:
    2015-11-02 at 4:09 pm

    ད་ལན་ཤར་ཁུག་གི་ཀུན་སློང་་ཡག་བཙོག་ཇི་ལྟར་ཡིན་ཀྱང་བདེན་པ་རེད། དབྱིན་ཡིག་ཡག་པོ་མི་ཤེས་མཁན་ཚོ་ལ་དེ་ལས་ཀྱང་ཁག་མི་འདུག འོན་ཀྱང་བོད་དབྱིན་གཉིས་ཀྱི་ཐོག་ལ་ཡོད་དགོས་ངེས་རེད།

  23. ཀརྨ་བློ་གསལ་ says:
    2015-11-02 at 6:58 pm

    ཕྱི་སྡོད་ལས་ཁུངས་ཁག་ཏུ་བོད་ཡིག་བཀོལ་དགོས་ཞེས་ཁྲིམས་བཟོས་ཡོག་མ་རེད། དེ་ནི་གྲོས་ཚོགས་ཀྱི་ནོར་འཁྲུལ་ཆེན་པོ་རེད་ལ། ཚོགས་གཙོས་མགོ་མ་ཚོས་པའི་གནད་དོན་རེད།

  24. གཡུང་དྲུང་། says:
    2015-11-02 at 7:36 pm

    སྲིད་སྐྱོང་ལ་ཊི་སི་རུ་འོས་ཤོག་མང་མོས་མ་ཐོབ་པའི་རྒྱུ་མཚན་ནི་དེ་སྔོན་ཨེ་ཞེ་ཡ་རླུང་འཕྲིན་ཁང་གི་འགན་འཛིན་ང་ཕོད་ཕྱིར་འབུད་ཐོག་ཐེ་བྱུས་ཡོད་པའི་དབང་གིས་བོད་མི་རྣམས་ཀྱིས་དགའ་མོས་མེད།

  25. གཞོན་ནུ་ཟླ་མེད། says:
    2015-11-02 at 7:40 pm

    ཤར་ཁུག་ལ་ད་རིང་གི་རྩོམ་ཡིག་འདིའི་སྟེང་ནས་རྗེས་སུ་ཡི་རངས་ཞུ། རྩོམ་ཡིག་འདི་འདྲ་དུས་ནམ་ཡང་སྤེལ་དགོས། ཤར་ཁུག་ལྟ་བུའི་རྩོམ་པ་པོ་ང་ཚོའི་སྤྱི་ཚོགས་ནང་ཉུང་དྲག་འདུག

  26. འཕྲུལ་གྱི་བཙན་པོ། says:
    2015-11-02 at 9:56 pm

    ད་ཐེངས་ཤར་ཁུག་གིས་མྱི་སྐད་གསོན་པོ་ཞིག་བཤད་ཡོད་ཀི དབུ་དཀར་ཚང་སྐལ་རྡོར་འདིའི་ཤ་གསེང་རུས་གསེང་ན་བཞུར་གྱིན་པ་བོད་ཀྱི་ཁྲག་རྒྱུན་ཡིན་ཡང་། འདིའི་ཀླད་པ་སྔ་མོ་ནས་ནུབ་ལུགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱིས་གཙང་མ་གཙང་རྐྱང་བཀྲུས་ཚར་འདུག རང་གི་ཁེ་ཕན་ཆེད་རྒྱལ་བའི་སྐུ་པར་མར་ལེན་ཕོད་ལ་བོད་ཡིག་དམར་གསོད་བྱེད་ཕོད་པའི་ལག་དམར་གཏེ་བོ་ཞིག་རེད། མདོར་ན་དངུལ་དང་རང་གི་གོ་ས་ཆེད་རང་གི་བླ་སྲོག་ཀྱང་བཙོང་ཕོད་པའི་སྐྱག་གཟན་ཞིག་རེད། འདི་དང་འདི་ལྟ་བུ་མང་དྲགས་པས་བོད་ཀྱི་གནས་སྟངས་འདི་ལ་ལྷུང་བ་རེད།

  27. རྡོ་སེངྒེ། says:
    2015-11-02 at 10:12 pm

    བོད་ཀྱི་དོན་གཅོད་ཁང་ཟེར་བ་ལས། ཨིན་ཇིའི་དོན་གཅོད་ཁང་ཟེར་ན་ཏག་ཏག་རེད་ཤག ཧཧཧཧཧ

  28. བཟང་པོ། says:
    2015-11-03 at 1:36 am

    དེང་སང་བོད་ཡུལ་གང་སར་རྒྱ་ཡིག་གི་ཁེངས་པ་དྲྭ་ལམ་ཁག་ནས་མཐོང་སྐབས་སེམས་ཏུ་སྨྲ་མི་ཐུབ་པའི་ན་ཟུག་ཞིག་དང་མཉམ་དུ་འཇིག་སྣང་ཞིག་སླེབས་ཡོང་གི་འདུག །རེད་དེ་ཅི་ཁག་སྟོབས་ཆེ་བ་ཤིག་གིས་ཉམས་ཆུང་བའི་མི་རིགས་ཤིག་རྩ་མེད་བཏང་བའི་ལེའུ་ཞིག་རེད། རེད་དེ་མི་འོས་པ་ཞིག་ལ་རང་རང་ཤི་ལམ་བཏང་བའི་མི་བུ་དེ་དག་ལ་ངེད་བུ་རབས་ཚ་བརྒྱུད་དག་གི་ནམ་ཡང་བཟོད་ཐབས་མེད།

  29. ནད་མེད་ཚེ་རིང་། says:
    2015-11-03 at 5:24 am

    བོད་ནང་གི་བོད་རིགས་རྣམས་ནས་རྒྱ་འོག་ཏུ་ཡོད་ནའང་བོད་ཀྱི་སྐད་ཡིག་དང་རིགས་གཞུང་སྲུང་སྐྱོབས་ཐད་འབད་བཙོན་ཇི་འདྲ་གནང་གི་འདུག ང་ཚོ་བཙན་བྱོལ་རང་དབང་ལུང་པ་ནང་ཡོད་ནའང་རང་སྐད་ཡིག་བཀོལ་སྤྱོད་ལ་དོ་འཁུར་དེ་ཙམ་མེད་པའི་ཁར་བཙན་བྱོལ་སྒྲིག་འཛུགས་འཛིན་སྐྱོང་གི་འགོ་འཁྲིད་སྲིད་སྐྱོང་བློ་སེང་ལགས་ནས་ཀྱང་དེར་མཐོང་ཆུང་གིས་དབྱིན་སྐད་ཐོག་དྭང་འདོད་བྱ་བཞིན་པ་ཉེན་ཚབ་ཆེན་པོ་མཐོང་བཞིན་ཡོད། བོད་རིགས་ཚང་མས་རང་སྐད་བཀོལ་སྤྱོད་ལ་འབད་རོགས་ཞུ།

  30. ལུང་རྟོགས། says:
    2015-11-03 at 5:45 am

    ལི་ཐང་བཀྲ་ཤིས་ལགས། ཁྱོད་ལྟར་ན་སྲིད་སྐྱོང་གིས་འཇོན་པ་དེ་དག་རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་དང་། ལས་བྱེད་ཚོས་མ་འཇོན་པ་དེ་སྲིད་སྐྱོང་གི་ཉེས་པ་ཡིན་པ་བཤད་ཀྱི་འདུག འདི་ནི་ཕྱོགས་ལྷུང་གི་སྐད་ཆ་ལས་དྲང་བདེན་གྱི་སྐད་ཆ་མ་རེད། དྲང་བདེན་ཡིན་ན་བྱེད་རྗེས་དང་བྱེད་ཉེས་གཉིས་ཀ་བཤད་དགོས་པ་རེད། ལར་ནས་ཁྱེད་རང་ལི་ཐང་བ་ཞིག་ཡིན་པའི་ཡིད་ཆེས་མེད། ལི་ཐངཞེས་མིང་གི་མགོ་ལ་སྦྱར་ནས་སྲིད་སྐྱོང་ལ་སྐྱོན་བརྗོད་བྱེད་པ་འདི་ཡང་ཆབ་སྲིད་པ་ཐེབ་ཆག་ཚོའི་ཆབ་སྲིད་འཁྲབ་སྟངས་རེད། དཔེར་ན་ཉེ་སྔོན་གངས་སྐྱིད་ལ་གཞུང་ཞབས་པ་ཇི་ཙམ་ཡོད་མི་ཤེས་མཁན་ཞིག་གིས་གངས་ཀྱིས་ཀྱི་གཞུང་ཞབས་པ་བརྒྱད་བརྒྱ་ལྷག་གིས་ཚོགས་གཙོ་སྤེན་ཚེ་ལ་འོས་བླུག་ཡོད་པ་དང་། སྲིད་སྐྱོང་བློ་སེང་ལ་འོས་བླུག་མཁན་ལྔ་བཅུ་སྐོར་ལས་བྱུང་མེད་པའི་ཡིག་རྫུན་ཞིག་དྲ་ཐོག་ལ་འགྲེམ་སྤེལ་བྱེད་ནས། སྲིད་སྐྱོང་གི་ཉེ་སྐོར་གྱི་མི་རྣམས་སྲིད་སྐྱོང་ལ་རྒྱུས་མངའ་ཆེ་བས་ཁོང་ཚོས་འོས་མ་བླུག་པ་དེ་ལ་ལྟ་རྒྱུ་ཆེན་པོ་ཡོད་མདོག་གིས་མི་མང་མགོ་སྐོར་གཏོང་ཐབས་བྱས་སོང་། ཁྱེད་རང་གིས་མིང་གི་མགོ་ལ་ལི་ཐང་ཞེས་སྦྱར་ནས་སྲིད་སྐྱོང་ལ་སྐྱོན་བརྗོད་བྱེད་པ་འདི་ཡང་གོང་གསལ་འདི་དང་བྱེད་སྟངས་གཅིག་པ་རེད།

  31. ནད་མེད་ཚེ་རིང་། says:
    2015-11-03 at 8:09 am

    ལུང་རྟོགས་ལགས། ངེད་ཁྱེད་ནས་གོང་དུ་ལས་བྱེད་ཀྱི་ནོར་འཁྲུལ་སོང་བ་ལས་སྲིད་སྐྱོང་ལ་འབྲེལ་བ་མེད་ཞེས་བཀོད་པ་དེ་དག་ཕྱོགས་ལྷུལ་གྱི་སྐད་ཆ་ཁྱེད་ནས་བཤད་པ་དེར་གསལ་བཤད་བྱས་པ་ཡིན། གངས་སྐྱིད་ནང་ལས་བྱེད་ག་ཚོད་ཡོད་མེད་གྲངས་འབོར་མ་ཚད་ལས་བྱེད་ཕལ་མོ་ཆེའི་མིང་ཤེད་ཀྱི་ཡོད་གདའ། ལི་ཐང་ཚང་མ་གཅིག་པ་མིན་པ་ཁྱེད་ནས་ཤེས་དགོས་པ་ཡིན། ཁྱེད་ནས་ཀྱང་སྲིད་སྐྱོང་གི་ཇོན་རབས་ལས་ནོར་འཁྲུལ་གཅིག་ཀྱང་བཀོད་པ་མཐོང་མ་སོང་བས་ཁྱེད་ཀྱི་བྱེད་སྟངས་དེ་དྲང་བདེན་རེད་ཤེས་ཀྱི་ཡོད་དམ། ཧཧཧཧཧཧཧ་

  32. ལུང་རྟོགས། says:
    2015-11-03 at 10:40 am

    ཧཧཧ གཏམ་དྲིས་ན་མི་བཤད་སྒུག་ན་བཤད་ཅེས་པ་དེ་བདེན་པ་རེད། ཡིག་རྫུན་དེ་བཟོ་མཁན་ཁྱེད་རང་ཡིན་པ་འདྲ། དེ་འདྲའི་བྱེད་སྟངས་ཐབས་སྐྱོ་བ་ལ། ཁྱེད་རང་གིས་ཁ་གཅིག་གི་ནང་ནས་གཏམ་གཉིས་བཤད་ན་མགོ་འཚོས་ཀྱི་མི་འདུག གོང་དུ་ལན་ཁག་ཚང་མ་སྲིད་སྐྱོང་ལ་ཡོད་པ་ལྟ་བུ་བཤད་སོང་ལ་འདིར་ལས་བྱེད་ཀྱི་ནོར་འཁྲུལ་ཡིན་པ་ལས་སྲིད་སྐྱོང་ལ་འབྲེལ་བ་མེད་ཅེས་བཀོད་ཡོད་རབས་བཤད་ཀྱི་འདུག ཁྱེད་རང་ལི་ཐང་བ་ཞིག་ཡིིན་པའི་ཡིད་ཆེས་མེད་ལ་གལ་སྲིད་ཡིན་ན་སྲིད་སྐྱོང་གི་ཁྱིམ་ཚང་དང་མཁོན་འཛིན་ཡོད་མཁན་ཞིག་ལ་ངོས་འཛིན་བྱེད་རྒྱུ་ཡིན།

  33. ནད་མེད་ཚེ་རིང་། says:
    2015-11-03 at 11:16 am

    ལུང་རྟོགས་འདི་ནི་ཀླུག་རྟག་ཚ་ལ། སོ་སོའི་གོང་དུ་མཆན་བྲིས་པ་རྣམས་བརྗེད་ཚར་འདུག ཁྱེད་རང་གི་གང་བཤད་པ་དེ་ངས་ལུང་འདྲེན་བྱས་ཡོད་གདའ་ཨ་རོགས། ངེད་མཆན་དེ་ཡག་པོ་ཀློག་ནས་ལན་རྒྱབ་ཤོག་ཨ་རོགས། སྟབས་ལེགས་པ་ལ་ཁ་བརྡ་དྲ་བདག་ནས་མཆན་བསུབ་ཀྱི་མེད་སྟབས་སོ་སོའི་གང་བྲིས་པ་རྣམས་བསྐྱར་ཀློག་ཡང་ཀློག་བྱ་རྒྱུ་ཡོད་པས་བློ་ལྷོད་ལྷོད་ངང་ཀློག་ནས་ལན་རྒྱབ་ཤོག་གྲོགས་པོ།

  34. བཙན་རུས་མདངས་ཅན་ says:
    2015-11-03 at 1:21 pm

    བོད་ཀྱི་ཡི་གེ་དམར་གསོད་གཏོང་མཁན་དབུ་དཀར་ཚང་གི་སྐལ་བཟང་རྡོ་རྗེ།
    ཤ་གསང་བོད་ཀྱི་རུས་པ་མེད་པའི་དབུ་དཀར་ཚང་གི་སྐལ་བཟང་རྡོ་རྗེ།
    བོད་མི་ཕྱེད་ཀ་ངོ་ཚ་མེད་མཁན་དབུ་དཀར་ཚང་གི་སྐལ་བཟང་རྡོ་རྗེ།
    བཙན་བྱོལ་ནང་གི་དཔོན་པོ་ལྟས་ངན་དབུ་དཀར་ཚང་གི་སྐལ་བཟང་རྡོ་རྗེ།
    ཕ་རིང་བུ་རྒྱུད་ཁྱི་སྤྱང་ལྟ་བུ་དབུ་དཀར་ཚང་གི་སྐལ་བཟང་རྡོ་རྗེ།
    སྒོར་མོ་མ་གཏོགས་ལར་རྒྱ་མེད་མཁན་དབུ་དཀར་ཚང་གི་སྐལ་བཟང་རྡོ་རྗེ།
    བློ་བཟང་སེང་གེའི་ཨ་རིའི་ལྐོག་དངུལ་དབུ་དཀར་ཚང་གི་སྐལ་བཟང་རྡོ་རྗེ།
    ཆུང་བའི་དུས་ནས་བོད་ཞེན་མེད་མཁན་རྒྱ་མ་བོད་ཀྱི་སྐལ་བཟང་རྡོ་རྗེ།
    འོས་བསྡུའི་སྒྲིག་གཞིར་མགོ་བོར་རྨོངས་པའི་དབུ་དཀར་ཚང་གི་སྐལ་བཟང་རྡོ་རྗེ།
    ཁྲིམས་འགལ་ལམ་ནས་ཁྱབ་བསྒྲགས་བྱེད་མཁན་དབུ་དཀར་ཚང་གི་སྐལ་བཟང་རྡོ་རྗེ།
    ཐོག་མ་ཉིད་ནས་གླེང་གཞི་ཅན་གྱི་དབུ་དཀར་ཚང་གི་སྐལ་བཟང་རྡོ་རྗེ།
    དམ་སྲི་དོལ་ཚོགས་ལྐོག་འབྲེལ་བྱེད་མཁན་དབུ་དཀར་ཚང་གི་སྐལ་བཟང་རྡོ་རྗེ།
    ༧རྒྱལ་བའི་ཆིབས་བསྒྱུར་གསང་བ་བཤད་པའི་རྒྱ་མིའི་ཁྱི་ཕྲུག་སྐལ་བཟང་རྡོ་རྗེ།
    བོད་མི་རིགས་ཀྱི་དགྲ་བོ། བོད་ཀྱི་སྲོག་ཤིང་སྐད་ཡིག་གི་དགྲ་བོ།

  35. ཆུ་ཐིགས་སྔོན་མོ says:
    2015-11-03 at 2:39 pm

    མ་འོངས་པའི་ལོ་ལྔའི་རིང་སྲིད་སྐྱོང་བློ་སེང་བཅའ་ཁྲིམས་དབྱིན་ཡིག་ཐོག་བསྒྱུར་ཐུབ་ན་ཡག་པོ་རེད་་་ད་ལྟ་ནས་ཨབ་ཕྲུག་ཚོས་ཕྱག་ལས་འགོ་བཙུགས་འདུག

  36. ཨ་ཁུ་ནོར་བུ་ says:
    2015-11-03 at 9:14 pm

    བཙན་རུས་མདངས་ཅན་ལགས་ དེ་འདྲ་རང་ད་ཨ་ཡིན། ཡིན་པ་དེ་མ་ཏོག་ མིན་པ་དེ་རེད་ཟེར་ན་དྲང་པོ་མ་རེད་ ཁྱེད་རང་ཁོང་ལ་མ་དགའ་བ་དེ་དངོས་གནས་རེད་ ཡིན་ནའི་ཁྱེད་རང་གིས་གསུང་པ་དེ་དྲང་པོ་མ་རེད། སུ་ཡང་ཁྱེད་རང་གི་གསུང་པ་དེ་ལ་ཡིད་མཆེད་གི་མ་རེད་།།

  37. བཙན་རུས་མདངས་ཅན་ says:
    2015-11-03 at 9:55 pm

    ཨ་ཁུ་ནོར་བུ། ངས་བཤད་པ་དེ་གང་བདེན་པ་མ་རེད། གསུང་དང་ངས་ལན་རྒྱབ་ཆོག

  38. བཙན་རུས་མདངས་ཅན་ says:
    2015-11-04 at 4:07 am

    ཨ་རིའི་དོན་གཅོད་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ཟེར་བའི་ནག་ཉེས་ཆེན་པོ་བཅུ་གཅིག

    ཨ་རིའི་དོན་གཅོད་ཡིན་ཟེར་མཁན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ཐོག་མར་དོན་གཅོད་དུ་བསྐོ་བཞག་ཞུ་དུས།

    ༡ བཀའ་ཤག་ལྷན་རྒྱས་ཚང་འཛོམས་བྱུང་མེད་པའི་དུས་ཚོད་དང་བསྟུན་དེ་སྲིད་སྐྱོང་བློ་བཟང་སེང་གེས་སྒེར་གཅོད་བྱས་ཏེ་བསྐོས་པ་རེད།

    ༢ གཞུང་ཞབས་ཆེ་ཕྲ་བར་གསུམ་མང་པོ་ཞིག་གིས་ལོ་མང་རིང་སྐུ་ངལ་བརྒྱ་ཕྲག་ཁྱད་བསད་ཀྱིས་གནས་རིམ་རིམ་འཕར་ཞུ་བཞིན་ཡོད་ཀྱང་། སྐལ་རྡོར་ལ་དེ་འདྲའི་ལོ་རྒྱུས་གང་ཡང་མེད་ཀྱང་སྲིད་སྐྱོང་གིས་སྒེར་གཅོད་ཀྱིས་ཁ་འགྲོ་སའི་མི་དེ་དོན་གཅོད་དུ་བཙན་བསྐོ་བྱས་པ་རེད།

    ༣ དེ་ལ་བརྟེན་ནས་གཞུང་ཞབས་དང་མི་མང་ནང་། ལྷག་པར་ཨ་རིར་གནས་སྡོད་མི་མང་ནང་བསམ་འཆར་རིམ་བསྟུད་དུ་བྱུང་བ་རེད།

    ༤ དེ་དག་གི་འབྱུང་རྩ་ཡང་སྐལ་རྡོར་དོན་གཅོད་དུ་བསྐོ་བཞག་སྐབས་༧གོང་ས་མཆོག་ཐུགས་མོས་བྱུང་མེད་པས་རེད།

    ༥ ཕྱིས་སུ་ཁོས་༧གོང་ས་ཆེན་པོའི་ཆིབས་བསྒྱུར་མཛད་འཆར་གྱི་གསང་བ་རིམ་པར་ཤོར་བས། མ་འོངས་པར་ཨ་རིའི་ནང་ཆིབས་བསྒྱུར་སྐབས་དོན་གཅོད་ལ་འབྲེལ་བ་གནང་མི་ཉན་པའི་བསམ་ཚུལ་ཤུགས་ཆེར་ཐོན་བཞིན་པ་རེད།

    ༦ ཁོ་ལས་དོན་དངོས་ཀྱི་ནང་ཞུགས་སྐབས། ཁོང་གི་གླགས་མི་འཁེལ་བའི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་ཨ་རིའི་དོན་ཁང་ནང་བཞག་ན། བློ་བཟང་སེང་གེ་དང་ཁོང་གཉིས་ཀྱི་ཁྱི་སྤྱང་ངན་འབྲེལ་གྱི་རྐུབ་བརྡོལ་བར་དོགས་ཏེ། བློ་བཟང་སེང་གེ་དང་ངན་འབྲེལ་གྱིས་ཀུན་དགའ་བཀྲ་ཤིས་ལགས་གནས་སྤར་བྱས། དབུ་མའི་ལམ་གྱི་རྒྱ་རིགས་འབྲེལ་མཐུད་ཆད་ནས་ལོ་གཉིས་འགྲོ་ལ་ཉེ་ཡང་ཡ་བྱེད་ཀྱི་མེད།

    ༧ མི་མང་གིས་རྒྱ་རིགས་འབྲེལ་མཐུད་ཀྱི་གལ་གནད་ཆེ་ཚུལ་སོགས་སྐྱོན་བརྗོད་ལ་དོགས་ནས་འབྲེལ་མཐུད་པ་གསར་པ་ཞིག་ཡིག་རྩལ་གྱི་ལམ་ནས་བསྡུ་གྲབས་བྱས་ཀྱང་། ཡིག་རྩལ་འཕྲོད་མཁན་དེ་ཨ་མདོ་བ་ཞིག་བྱུང་སྟབས། སྲིད་སྐྱོང་བློ་བཟང་སེང་གེ་དང་ལྐོག་མཐུན་གྱིས་རྦད་དེ་ཡིག་རྩལ་གཏོང་མཁན་རྣམས་རྩིས་མེད་བཏང་། དེའི་སྐོར་མི་མང་ལ་ད་དུང་ཡང་གསལ་བཤད་ཞུས་མེད།

    ༨ སྐལ་རྡོར་ལས་དོན་ནང་ཞུགས་རྗེས་ཅུང་ཙམ་མིན་ན་༧གོང་ས་མཆོག་གི་སྐུ་སྲོག་ལ་ཉེན་ཁ་བྱུང་ཡོད་ཅིང་། དོལ་རྒྱལ་ཚོགས་པས་ངོ་རྒོལ་ལ་ཁ་གཏད་གང་ཡང་བཅག་མེད་པ་མ་ཟད། འཐུས་ཤོར་སྔར་མ་བྱུང་བ་ཤོར་ཡོད་ཀྱང་། སྲིད་སྐྱོང་བློ་བཟང་སེང་གེས་ཁོང་ལ་ཉེས་པ་གང་ཡང་བཏང་མེད།

    ༩ ཁོ་དོན་གཅོད་དུ་འཁོད་རྗེས་ཨ་རིའི་གྲོས་ཚོགས་འཐུས་མི་སོགས་གཞུང་འཛིན་མི་སྣར་འབྲེལ་བྱེད་དུས་ལྐོག་དངུལ་བརྫངས་ཏེ་རོགས་དངུལ་ཐབས་འཚོལ་བྱེད་བཞིན་པའི་བྱེད་སྟངས་ཐབས་རྡུག་ཅིག་ཐོན་བཞིན་པ་མི་མང་པོས་ཧ་གོ་བཞིན་པ་རེད།

    ༡༠ སྲིད་སྐྱོང་གི་ཁང་རིན་ཨ་སྒོར་སུམ་འབུམ་ལྷག་གི་ཡོང་ཁུངས་རྒྱ་ནག་གི་སོ་པ་ཚོང་པ་ཆེན་པོ་ཞིག་གི་ས་ནས་ཡོང་བའི་དོགས་གཞི་སློང་མཁན་ཨ་རིའི་བུད་མེད་རྩོམ་པ་པོ་མོ་ནེ་ཧན་གྱིས་ཝ་ཞིན་ཏྲན་དུས་བབ་ཚགས་ཤོག་ཏུ་སྲིད་སྐྱོང་ནི་མི་མ་བིན་ཞིག་ཡིན་པ་འཇིག་རྟེན་ཡོངས་ལ་ཁྱབ་བསྒྲགས་བྱས་པས། སྐལ་རྡོར་གྱིས་སྲིད་སྐྱོང་གི་གཙང་མ་མེད་པའི་གནས་ཚུལ་དེ་འགེབས་སྲུང་བྱས་པ་མ་གཏོགས། ལན་གསལ་ཐེབས་མེད་པས་འཛམ་གླིང་སྟེང་བོད་ལ་སྲིད་སྐྱོང་མ་བིན་ཅིག་དང་དོན་གཅོད་ཁྲམ་པ་ཞིག་ཡོད་པ་ཧ་གོ་བཞིན་པ་རེད།

    ༡༡ སྒྲིག་གཞི་ལྟར་ན་སྔོན་འགྲོའི་འོས་བསྡུའི་གྲངས་བཤེར་ཆུ་ཚོད་ཉེར་བཞིའི་ནང་ས་གནས་ཁག་ནས་ཚར་ཏེ་ཁྱབ་བསྒྲགས་བྱེད་དགོས་ཀྱང་། ཁོས་དེ་ལྟར་བྱེད་མ་ཐུབ་པ་མ་ཟད། མཐར་དོན་གཅོད་ལས་ཤོག་སྟེང་དབྱིན་ཡིག་གི་ལམ་ནས་ཁོ་རང་གཅིག་པུས་ཐམ་ཀ་དང་མཚན་རྟགས་བསྐྱོན་ཏེ་ཁྱབ་བསྒྲགས་བྱས་པ་འོས་བསྡུའི་སྒྲིག་གཞི་དང་ཡོངས་སུ་འགལ་ཡོད་པ་ཤེས་ཡོན་ཅན་མང་པོས་ཐེར་འདོན་གནང་བཞིན་པ་རེད།

    གོང་གི་གནད་དོན་འདི་དག་ལས་ཁོ་ད་བར་ལས་དོན་སྟེང་ཞུགས་ནས་བཀྲ་ཤིས་པ་གཅིག་ཀྱང་བྱུང་མེད་པ་ཤེས་ཐུབ་ཅིང་། དེ་ནི་ཁོ་པ་དོན་གཅོད་དུ་བསྐོ་བཞག་བྱེད་སྐབས་ཀྱི་རྒྱུ་མི་གཙང་མ་བིན་ཡིན་པས། འབྲས་བུ་ཡང་ཡག་པོ་གཅིག་ཀྱང་ཐོན་གྱི་མེད་པ་དེ་རེད། དེའི་ཆ་ནས་ཁོ་གང་མགྱོགས་དོན་གཅོད་ནས་ཕབ་སྟེ་དོན་གཅོད་ཚད་ལྡན་ཞིག་བསྐོ་བཞག་བྱ་རིན་ལ་སླེབས་འདུག

    ༢༠༡༥། ༡༡། ༤། ཉིན། སྲིད་སྐྱོང་བློ་སེང་གི་ལས་ཀར་ཞིབ་འཇུག་ཚོགས་ཆུང་ནས་སྤེལ།

  39. འབོར་བློ་བཟང་རྒྱ་མཚོ། says:
    2015-11-04 at 1:31 pm

    འདི་ནི་ཨ་རིའི་དོན་གཅོད་ཁང་གི་བོད་པའི་རིག་གཞུང་ལ་འགན་མ་འཁུར་བའི་མཚོན་ཞིག་རེད། འདི་ནི་བློ་སེང་གི་བོད་ཡིག་གིས་རིན་ཐང་ཆུང་རུ་བཏངས་བའི་དཔེ་མཚོན་ཡང་རེད། དོན་གཅོད་ཁང་མ་རེད་བོད་ཡིག་གི་སྲོག་གཅོད་ཁང་རེད།

  40. ནད་མེད་ཚེ་རིང་། says:
    2015-11-04 at 1:42 pm

    ད་དུང་ཁུངས་ལྡན་གནས་ཚུལ་གོ་ཐོས་ལ་ཉེ་ཆར་སྲིད་སྐྱོང་བློ་སེང་ལགས་ནས་ཕྱི་རྒྱལ་དོན་ཁང་གི་ལས་བྱེད་རྣམས་ལས་རྒྱུན་རིན་རྩ་དགོངས་ཞུ་མི་ཆོག་པ་། ས་གནས་གང་དུ་གནས་སྤོ་གཏོང་སྐབས་ཕེབས་དགོས་པ་སོགས་དོ་བདག་ལས་བྱེད་ནས་ཡིག་ཐོག་ཁས་ལེན་ཞུ་དགོས་བཀའ་རྒྱ་བཏང་ཡོད་སྐད། བཀའ་རྒྱ་འདི་ནི་ལས་བྱེད་བླང་དོར་སྒྲིག་གཞི་འགལ་ཡོད། ལྷག་པར་དུ་བཀའ་རྒྱ་དེའི་ནང་ཅི་སྟེ་ལས་བྱེད་དོ་བདག་གནས་སྤོ་སྐབས་གནས་སྤོ་བྱ་ཡུལ་ས་གནས་དེར་ལས་བཅར་མ་ཞུ་ནས་ཕྱི་རྒྱལ་ཡུལ་པར་སྡོད་ཚེ་དོ་བདག་ལས་བྱེད་དང་ནང་མི་བཅས་པར་དོན་གཅོད་ལས་ཁུངས་ནས་རྒྱབ་གཉེར་ཡིག་ཆ་དགོས་གལ་བྱུང་སྐབས་གནང་རྒྱུ་མིན་པ་བཀོད་འདུག དེ་ནི་ལས་བྱེད་པའི་གཞི་རྩའི་ཐོབ་ཐང་དང་མང་གཙོ་རིང་ལུགས་དང་རྒྱབ་འགལ་ཆགས་ཡོད། དེ་འདྲ་ཡིན་ན་སྲིད་སྐྱོང་བློ་སེང་ལགས་ནས་༧གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ལ་ཁ་གཏད་གཅོག་བཞིན་པ་དོལ་རྒྱལ་རྗེས་འབྲང་བ་བོད་རིགས་ཚོར་བོད་མི་སྒྲིག་འཛུགས་ནང་རྒྱབ་གཉེར་ཡིག་ཆ་སྤྲོད་ཀྱི་ཡོད་སྐོར་གསར་འགོད་པར་ཡང་ཡང་གསུང་ཡོད། དེས་ན་ཕྱི་རྒྱལ་དོན་ཁང་ནང་ཞབས་ཞུ་ལས་བྱེད་རྣམས་གོང་ཞུས་བཀའ་རྒྱ་དང་འགལ་ཚེ་དོལ་རྒྱལ་རྗེས་འབྲང་པ་ལས་སྡུག་པ་བརྩི་རྒྱུ་ཡིན་འདུག་ན། བོད་པའི་གསར་འགོད་པ་ཚོས་གོང་ཞུས་གནས་ཚུལ་བདེན་པ་ཡིན་མིན་ཕྱི་དྲིལ་ལས་ཁུངས་དང་དོན་གཅོད་ཁག་གི་ལས་བྱེད་ཚོར་སྐད་ཆ་དྲི་ན་མཁན་ངེས་ཡིན་པས་དྲི་ཞིབ་གནང་རོགས།

  41. ལྷ་སའི་བུ་ says:
    2015-11-05 at 11:28 am

    བོད་ཀྱི་སྐད་ཡིག་གི་འབག་གྱོན་ཏེ་བོད་པའི་སྤྱི་ཚོགས་མདའ་དཀྲུགས་ཕུ་དཀྲུགས་བཟོ་ཐབས་མ་བྱེད། ང་ཚོ་སྔ་མོའི་བོད་པ་ནང་བཞིན༼ མགོ་འཕུར་ཙམ་འཕུར་ཙམ་། ལྕེ་ནར་ཙམ་ནར་ཙམ། འོ་ལེགས་སོ། འོ་ལེགས་སོ། ༽ ཟེར་མཁན་དེ་འདྲ་མ་རེད། དངོས་ཡོད་གནས་ཚུལ་ལ་བསམ་བློ་གཏོང་མཁན་མང་བ་རེད།ད་ཆ་ཤར་ཁུག་གིས་ཤེས་དགོས་ཚོད་ཀྱང་ད་དུང་གླང་གོག་ནང་བཞིན་ཨུ་ཚུགས་རྒྱབ་ཀྱི་འདུག། ད་གང་དྲགས།།

  42. འཆི་མེད། says:
    2015-11-05 at 11:49 am

    བཙན་བྱོལ་གྱི་སྲང་ལམ་ནང་གི་གཞས།
    ཁང་གསར་རྡོ་རྗེ།

    སྔར་སོང་སྔ་མོའི་བཀའ་ཁྲི།།
    སྟག་འདྲ་གཟིག་འདྲ་ཡོད་རེད།།
    དེང་སང་སྲིད་སྐྱོང་སེང་གེས།།
    ཆབ་སྲིད་རླུང་ལ་བསྐུར་གིས།།
    རྒྱལ་སྤྱིའི་ཁྲིམས་ལུགས་མཁས་ཟེར།།
    བོད་དོན་ཁྲིམས་ཀྱིས་སེལ་ཟེར།།
    ལོ་བཞི་ལོ་ལྔར་ཉེ་ཡང་།།
    ཁྲིམས་ཀྱི་དྲི་ཙམ་མི་འདུག །

    སྲིད་སྐྱོང་“དབུ་རང་”ཡིན་ཟེར།།
    ངོ་གཉིས་ཕྱག་ལས་གནང་སོང་།
    ཉིན་མོ་དབུ་མ་གསུང་བཞིན།།
    མཚན་མོ་“གཞོན་ནུར་”མཇལ་སོང་།།
    ཆབ་སྲིད་ཡ་རེ་ཡོ་རེར།།
    ༸རྒྱལ་བས་གསུང་ནན་སྩལ་སོང་།།
    གཞོན་ནུ་དུམ་བུར་འགྲོ་བའི།།
    རྐྱེན་རྩ་སྲིད་སྐྱོང་ཆགས་སོང་།།

    བོད་ནས་རང་སྲེག་གནང་སོང་།།
    བློ་སེང་ཁ་རོག་བཞུགས་སོང་།།
    རང་སྲེག་ཚོང་རྩ་དེ་ལ།།
    ཚོས་ཉེས་བསྐྱོན་ནས་བཞུགས་སོང་།།

    ལོ་བཞི་ཕྱིན་ནས་བསྐྱལ་སོང་།།
    ནུབ་ཕྱོགས་ཕྱིན་ནས་བསྐྱལ་སོང་།།
    གཞིས་ལུས་བོད་མི་ཚོ་ལ།།
    དམངས་གཙོ་མི་དགོས་བརྗོད་སོང་།།

    བོད་ཀྱི་རང་སྐྱོང་དེ་ལ།།
    ཚད་བཀག་ཡོད་ན་འགྲིག་ཟེར།།
    རྒྱ་ཡི་ཧོང་ཀོང་ནང་བཞིན།།
    དུས་བཀག་ཡོད་ནའང་འགྲིག་ཟེར།།

    འཐབ་རྩོད་ཆེན་པོ་གནང་སོང་།།
    དབང་ཆའི་འཐབ་རྩོད་གནང་སོང་།།
    བྱས་ཅན་རྒྱ་རི་སྐུ་ཞབས།།
    ལངས་རྒྱུ་མེད་པ་བཟོས་སོང་།།

    རྒྱུ་ནོར་བང་མཛོད་ཟིན་སོང་།།
    ཨ་རིའི་ཐེབས་རྩ་ཟིན་སོང་།།
    འཆལ་པོ་བློ་བཟང་སྙན་གྲགས།།
    ཐེབས་རྩའི་དཔོན་ལ་བསྐོས་སོང་།།

    དགའ་ས་ཡར་ལ་འཐེན་སོང་།།
    མ་དགའ་མར་ལ་བསྐྱུར་སོང་།།
    ཨོ་དགའ་དོན་གཅོད་བསྐོས་ཏེ།།
    མི་འགྱུར་རྒྱང་ཕུད་བཏང་སོང་།།

    ཤེས་ཡོན་སྲིད་བྱུས་བསད་སོང་།།
    ཤེས་རིག་དྲུང་ཆེ་སྤོས་སོང་།།
    དཔལ་ལྡན་སྤྱི་འཐུས་ལྷན་ཚོགས།།
    ཚོགས་ཆུང་འཛུགས་དགོས་བྱུང་སོང་།།

    བསྐོ་བཞག་དང་པོ་གནང་བྱུང་།།
    ཚེ་རིང་དབང་ཕྱུག་བསྐོས་བྱུང་།།
    འཕྲོད་བསྟེན་སྐྱོ་མ་གཡོས་ཏེ།།
    ཁམས་གསུམ་རྙོག་གྲས་བརྒྱངས་བྱུང་།།

    བསྐོ་བཞག་གཉིས་པ་གནང་བྱུང་།།
    བདེ་སྐྱིད་ཆོས་དབྱངས་བསྐོས་བྱུང་།།
    དེ་རིང་གཏན་ལ་ཕབ་པ།།
    སང་ཉིན་བསྐྱར་བཅོས་ཡང་བཅོས།།

    གསོལ་རས་དང་པོ་གནང་སོང་།།
    ལས་བྱེད་ཕྱུ་པ་གནང་སོང་།།
    ཕྱུ་པ་གནང་ས་མང་ཆེ།།
    རྩ་དགོངས་ཞུས་ཏེ་ཕྱིན་སོང་།།

    བསྒྱུར་བཅོས་དང་པོ་གནང་སོང་།།
    གཞུང་ཡིག་དབྱིན་ཇིར་བསྒྱུར་སོང་།།
    སྲིད་སྐྱོང་གསུང་བཤད་དེ་ཡང་།།
    དབྱིན་ཇིའི་སྐད་ནས་བསྒྱུར་གིས།།

    སྲིད་སྐྱོང་སློབ་ཡོན་གནང་སོང་།།
    བོད་ཡིག་བརྡབ་ནས་བསད་སོང་།།
    སྲིད་སྐྱོང་སློབ་ཡོན་མིང་ལ།།
    བསད་ཀྱོག་སློབ་ཡོན་ཐོགས་སོང་།།

    བོད་རྒྱ་འབྲེལ་མོལ་ཆད་སོང་།།
    རིགས་གཅིག་རྐང་འཛིན་ཡལ་སོང་།།
    གཞིས་ཆགས་སྤུན་སྲིང་ཟེར་བའི།།།
    མིང་ཡོད་དོན་མེད་བསྡད་འདུག །

  43. མིག་དམར་ཚེ་རིང་ says:
    2016-01-25 at 4:17 pm

    ཁྱེད་རྣམས་པས་ཕྱག་ལས་ཧ་ཅང་གི་ཡག་པོ་གནང་འདུག་ ཁྱེད་རྣམས་པས་གུས་པའི་མིག་གི་སྒོ་ཆུང་དེ་ཕྱེས་པར་ཐུགས་བརྗེ་ཆེ་ཞུ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme