Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདེ་འཇགས་དང་ཡིད་རྟོན་གྱིས་ཁེངས་པའི་བོད་ཡིག་གི་མཁའ་དབུགས།

Posted on 2015-11-012015-11-01 By ཁ་བརྡ 2 Comments on བདེ་འཇགས་དང་ཡིད་རྟོན་གྱིས་ཁེངས་པའི་བོད་ཡིག་གི་མཁའ་དབུགས།

རྫ་ཚེ་རིང་བཀྲ་ཤིས།

 
ང་ཚོར་བདེ་འཇགས་དང་ཡིད་རྟོན་གྱིས་ཁེངས་པའི་ཤེས་རིག་གི་གླིང་ཀ་ཞིག་དགོས།
ང་ཚོར་རང་དབང་གིས་འགན་འཁྲི་མ་བརླགས་པའི་བོད་ཡིག་གི་ཁྲོམ་ར་ཞིག་དགོས།
ང་ཚོར་ཀུན་སྤྱོད་དང་གུས་ཞབས་ཀྱིས་མ་བསྐྱུར་བའི་སྨྲ་བརྗོད་ཀྱི་འབབ་སྟེགས་ཤིག་དགོས།
དེ་ནི་ངས་མཐོང་ན་འདོད་པའི་ང་ཚོའི་སྐད་ཡིག་དང་ཤེས་རིག་ཀུན་སྤྱོད་གསུམ་གྱི་མ་འོངས་པ་ཡིན།

མ་གཞི་དྲག་སྤྱོད་རང་བཞིན་གྱི་མཚོན་ཆ་ནི་གྲི་དང་མེ་མདའ་ཁོ་ན་མ་ཡིན་པར་གང་ན་སྤྱི་ཚོགས་ལ་བརྡབ་བསིག་དང་། མི་སྒེར་གྱི་ལུས་སེམས་ལ་དོ་ཕོག་གཏོང་བྱེད་ཀྱི་འཆལ་གཏམ་དག་ཀྱང་སྟེ། དེ་ལ་མི་སེམས་གསོད་པའི་མཚོན་ཆ་ཞེས་བརྗོད་ཡོད།
ང་ཚོའི་ཕ་མེས་གྲི་དང་མེ་མདའ་རྒྱན་དུ་བསྲེལ་མཁན་དག་གིས་ཅུང་གདོད་མ་ཅན་གྱི་འཚོ་བ་དེར་ལྟོས་ན་དུས་རབས་དང་ཁོར་ཡུག་གསར་པའི་འོག་གི་ཕྲུ་གུ་དག་དང་། ཁྱད་པར་དུ། སྤྱི་ཚོགས་ཀྱི་རྩོམ་པ་པོ་རྣམས་ནས་ངེས་པར་དུ་རང་ཉིད་སྤྱི་ཚོགས་ཀྱི་སྔོན་ཐོན་ཅན་གྱི་མི་སྣ་ཞིག་ཏུ་བསམ་སྲིད།

ཡང་ཕྱོགས་གཞན་ཞིག་ནས་ང་ཚོས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང༌། སྤྱི་ཚོགས་ཀྱིས་ང་ཚོར་རྩི་བཀུར་ཐོབ་པ་གཉིས་ནི་ལྟོས་གྲུབ་ཀྱིས་ཐག་བཅད་པའི་འགྲོ་སྟངས་ཞིག་རེད། དུས་རབས་དང་གདོང་ཐུག་རྒྱག་བཞིན་པའི་ང་ཚོའི་བོད་ཡིག་གི་ཁྲོམ་ར་ཆུང་ཆུང་འདིར་ཞེན་ཁོག་དང་ཤ་ཚས་མ་བཞག་པར་ཨུ་ཚུགས་ཀྱིས་རྩོམ་ཡིག་འབྲི་བ་དང༌། བསམ་འཆར་འདོན་པ་དག་ནི་ཕྱོགས་གཅིག་ནས་མི་རིགས་ཀྱི་དོན་དམ་པའི་བླ་སྲོག་འཚོལ་མཁན་དེ་རེད་མོད། སྐབས་རེར་ལོང་བས་འུར་རྡོ་འཕེན་པ་ལྟ་བུའི་ཉེན་ཁ་ཅན་དང་། རྩྭ་ཡན་རླུང་གིས་བསྐྱོད་པ་ལྟ་བུའི་རང་ཚུགས་མེད་པའི་བྱེད་སྟངས་ཀྱིས་སྤྱི་ཚོགས་ཀྱིས་ཡིད་ཆེས་བརླག་པའི་རྒྱུ་རྐྱེན་སྒྲུབ་བཞིན་ཡོད།

མ་གཞི་སྤྱི་ཚོགས་ཀྱི་སྐྱོན་མཚང་ཐེར་འདོན་བྱ་རྒྱུ་དང༌། དངོས་ཡོད་ཀྱི་ལངས་ཕྱོགས་རྒྱུན་སྐྱོང་བྱ་རྒྱུ། དྲང་བདེན་གྱི་རྩ་དོན་གཙུག་ཏུ་བཀུར་རྒྱུ་བཅས་ནི་རྩོམ་པ་པོའི་དགོས་ངེས་ཀྱི་ཆ་རྐྱེན་ཡིན་ན་ཡང༌། གནས་ལུགས་དང་མ་བྲལ་བའི་བསམ་བློའི་ལྟ་སྐུལ་ནི་དེ་ལས་ཀྱང་ངེས་པར་དུ་ཁ་འབྲལ་དུ་མི་རུང་བ་ཞིག་རེད།
དེས་ནི་དགོས་པ་དང་དགག་བྱ། གྲུབ་འབྲས་དང་ཉེན་ཁ། བདེན་པ་དང་རྫུན་པ། སྤྱིར་བཏང་དང་དམིགས་བསལ་སོགས་ཀྱི་ཕྱོགས་དང་འབྲེལ་བའི་བསམ་གཞིག་གི་མ་ལག་མང་པོ་ཞིག་མཁོ་སྤྲོད་བྱེད་སྲིད།

དཔེ་མཚོན་གཞན་ཞིག་གི་ཐོག་ནས་བཤད་ན། སྙུག་ཐོགས་པ་ཚོས་དུས་རྒྱུན་གཞུང་ལ་སྐྱོན་བརྗོད་བྱེད་པ་ལྟ་བུར་ང་ནི་མོས་མཐུན་དང་དགག་བྱ་གཉིས་ཀ་བྱེད་མཁན་གྱི་གྲས་ཡིན། མོས་མཐུན་བྱེད་པའི་རྒྱུ་མཚན་ནི་རྟོགས་སླ་བ་ཞིག་སྟེ། སྐྱོན་བརྗོད་དང་ཐེར་འདོན།དོགས་སློང་དང་ལྟ་བསྐུལ་བཅས་མེད་ན་སྤྱི་ཚོགས་ཀྱི་སྒྲིག་འཛུགས་དེ་འཕེལ་མེད་དུ་གནས་རྒྱུར་མ་ཟད་ཐ་ན་རུལ་སུངས་ཀྱི་ལམ་དུ་དམའ་ལེན་བྱེད་ངེས་ཡིན།
གནས་ལུགས་དེ་ལྟར་ཡིན་བཞིན་དུ་དགག་བྱ་བྱེད་པའི་རྒྱུ་མཚན་ནི་སྐྱོན་བརྗོད་ལ་དགའ་བའི་གསར་བུ་སྙུག་འཛིན་དག་ལ་འཛིན་སྐྱོང་གི་འགྲོ་སྟངས་དང་སྒྲིག་གཞི། གོང་འོག་ལྟོས་འབྲེལ་གྱི་དྲ་བ་རྙོག་འཛིངས་ཅན་གྱི་གྲུབ་སྟངས། ཡོངས་ཁྱབ་དང་སྣེ་མང་རང་བཞིན་གྱི་དཀའ་རྙོག་དང་ཉིན་རེའི་འཚོ་བའི་ངོ་བོར་ཆགས་པའི་ལས་དོན་ཞིག་ལ་ལྟོས་ནས་དེའི་ལས་བྱེད་པར་ཡང་རང་གི་ལས་ཀར་བྲོ་མེད་ཆོ་མེད་ཀྱི་མངོན་སྟངས་ཕྲན་བུ་ཡོང་སྲིད་པ་བཅས་གཞི་རྩའི་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་ཆོས་ཉིད་ལ་ཤེས་རྟོགས་དང་བསམ་ཤེས་གང་ཡང་མེད་པར། སྒེར་སོ་སོར་ཡུལ་དུས་ཉི་ཚེ་བར་ཧོབ་དེ་བྱུང་བའི་ཚོར་སྣང་ཕྲ་མོ་རེ་གཞིར་རྩར་བཟུང་བའམ། དེ་ལས་ཀྱང་ཐབས་སྐྱོ་བ་ཁྱི་རྒྱུག་ལུག་འདྲོག་གི་སྐད་ཆ་གོ་བ་ཙམ་རེ་རྒྱུ་མཚན་དུ་བྱས་ནས་རྒྱུག་པ་ལེབ་རྡུང་བྱེད་པ་དེ་རིགས་རེད།

ང་ཚོས་བསམ་བློ་ཏོག་ཙམ་བཏང་བ་ཡིན་ན་ཡང༌། མི་སྒེར་ཞིག་ལ་རྒྱལ་འཚོང་དང་ལྟ་ལོག རྐུན་མ་དང་ཁྲམ་པ་སོགས་ཀྱི་ཞྭ་མོ་གཡོག་རྒྱུ་ནི་ཤིན་ཏུ་འཇིགས་སྣང་ཅན་གྱི་བྱ་སྤྱོད་ཅིག་སྟེ། ཇི་ལྟར་རང་ཉིད་ཀྱི་ལུས་ཐོག་ལ་མིང་དེ་ཚོ་འཇིགས་སུ་རུང་བ་ཞིག་ཡིན་པ་ལྟར་གཞན་ལ་དེ་ལྟར་འདོགས་པ་ལའང་འགན་འཁུར་གྱི་བསམ་བློ་ཚད་མཐོན་པོ་ཞིག་ངེས་པར་དུ་དགོས་པ་ཡིན།

བོད་ཡིག་གི་ཁྲོམ་ར་འདིར་མཚོན་ན། དྲྭ་ཟིན་དང་སྤྱི་སྟེགས་འདི་དག་ཁྱིམ་གཞི་ལྟ་བུ་རེད་ལ། འདི་ང་ཚོར་ཇི་ལྟར་གཅེས་ཤིང་ཕངས་པ་དེ་ཙམ་དུ་མི་གཞན་གྱིས་ཀྱང་མཐོང་དང་ཆ་འཇོག་ཡོད་པའི་གླིང་ཀ་ ལེགས་པོ་ཞིག་ཏུ་བསྐྱེད་སྲིང་བྱ་རྒྱུ་དེ་ང་ཚོ་ཐུན་མོང་གི་འགན་འཁྲི་ཡིན། དེ་ཡང་མཐར་གཏུགས་ན། བོད་སྐད་བོད་ཡིག་བེད་སྤྱོད་བྱེད་མཁན་དག་གི་བསམ་བློ་དང་ཤེས་ཡོན། ཀུན་སྤྱོད་དང་ལྷག་བསམ་བཅས་ལ་རག་ལས་ཡོད།
ང་ཚོས་གཞན་ལ་སྐྱོན་བརྗོད་བྱེད་སྐབས་སུ་ཡང་། ཐོག་མར་རྫུན་དང་གཡོ་སྒྱུ། ཧོལ་རྒྱུག་དང་སྨྱོ་སྤྱོད་བཅས་པའི་ཡིག་འབྲུ་དེ་དག་ངེས་པར་ཁྱེད་ཀྱི་ངག་ཐོག་དང་ཡིག་ཐོག་ཏུ་མ་བསླེབས་པ་ཞིག་དགོས།

གལ་ཏེ་ང་ཚོས་སྤྱི་ཚོགས་འདིར་གཏོར་སྐྱོན་དང་དཀྲོགས་གཏམ་སྤེལ་ཏེ་རང་ཉིད་ཀྱི་གཏམ་སྤྱོད་ལ་འགན་མ་ཁུར་བ་ཡིན་ན། གཅིག་ཏུ་རང་ཉིད་ཀྱི་མི་ཚེའི་ཕུགས་བསམ་གྱི་བདེ་ཐང་དང་འབྲེལ་བ། གཉིས་ནས་ཕ་རོལ་པོའི་ལྟོ་གོས་གཏམ་གསུམ་དང་འབྲེལ་བ། གསུམ་ནས་བོད་ཡིག་གི་རྩོམ་པ་པོའམ་ཤེས་ཡོན་པ་ཚོར་མི་མང་གི་མཐོང་དང་ཆ་འཇོག་ཅི་ཙམ་བྱེད་དང་ཡང་འབྲེལ་བ་ཞིག་ཡིན་ལ། དེ་ནི་དོན་ངོ་མ་ང་ཚོས་འཕྱ་ལད་བྱེད་པའི་གྲི་དང་མེ་མདའི་སོ་ཁ་ནང་ལ་བསྐོར་ནས་དོན་མེད་དམེ་འཁྲུག་བྱེད་པའི་གསར་བུ་སྤྱི་ཚོགས་ཀྱི་སློབ་གསོ་མ་ཐོབ་པ་དག་གི་བྱེད་སྤྱོད་དང་ཡང་བྱེད་སྟངས་མི་འདྲ་བ་ཙམ་ཁྱད་པར་གཏན་ནས་མེད།
དེས་ན་ང་ཚོས་སུ་ལ་སྐྱོན་བརྗོད་བྱེད་པའི་སྔ་རོལ་དེར་རྒྱུ་འབྲས་ཀྱི་བསམ་བློ་ཐེངས་གཅིག་འཁོར་ཐུབ་་རྒྱུ་དེ་སེམས་གཏིང་གི་རེ་བ་ཡིན།

མཇུག་ཏུ། བརྩེ་བ་ཅན་གྱི་ང་ཚོའི་སྟོན་པ་དེས།
བསམ་པ་ནང་ན་ཡོད་པ་ཀུན།།
ཕྱི་རོལ་དུ་ནི་ཉེ་བར་དམིགས། །
ཞེས་གསུངས་པ་ལྟར། ང་ཚོས་ཀྱང་དངོས་ཡོད་དང་ཕུགས་བསམ་ལ་ཕྱོགས་པའི་དྭངས་གཙང་གི་སེམས་ཁམས་ཤིག་གིས་ཁ་བ་ཅན་གྱི་ཤེས་རིག་གི་སྐྱེད་ཚལ། སྐད་ཡིག་གི་ཁྲོམ་ར། ཀུན་སྤྱོད་ཀྱི་འབབ་སྟེགས་འདི་དག་བདེ་འཇགས་དང་ཡིད་རྟོན་གྱིས་ཁེངས་པའི་སྤྱི་གླིང་ཞིག་ཏུ་བསྒྱུར་རྒྱུར་བརྩོན་ལེན་བྱེད་དགོས།

དཔྱད་རྩོམ།

Post navigation

Previous Post: ནང་པ་ཐུན་མོང་གི་སྙན་ཞུ་གཅིག
Next Post: ཨ་ནི་ཀརྨའི་འཁྲུལ་སྣང་།

Comments (2) on “བདེ་འཇགས་དང་ཡིད་རྟོན་གྱིས་ཁེངས་པའི་བོད་ཡིག་གི་མཁའ་དབུགས།”

  1. རྒྱང་མིག says:
    2015-11-01 at 8:27 am

    རྫ་ཚེ་བཀྲ་ལགས་ཀྱིས་གནས་ལུགས་ལྡན་པའི་དགོངས་ཚུལ་ཡག་པོ་བཏོན་འདུག རང་རེའི་སྨྱུག་ཐོགས་པ་སུ་ཞིག་ཡིན་ཡང་ཤེས་ཡོན་པ་ཞིག་གི་རང་འཁྲིའི་འོས་འགན་དང་འབྲེལ་ནས་གནས་ལུགས་དང་། དྲང་བདེན། རྒྱུ་མཚན་སོགས་ཡོད་པའི་རྩོམ་མཆན་རིགས་སྤེལ་ན། རང་རེའི་བོད་ཡིག་གི་གལ་གནད་གྱིས་གཙོས་པའི་འཕེལ་རྒྱས་ཕྱོགས་ལ་ཕན་དགེ་ཆེན་པོ་ཐོན་ངེས་རེད་བསམ།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-11-01 at 11:57 am

    བོད་པའི་སྐད་ཡིག་ཉམས་ཆག་ཏུ་གཏོང་མཁན་གཙོ་བོ་གཅིག་སློབ་གྲྭ་རེད།
    http://tibettimes.net/%E0%BD%96%E0%BD%BC%E0%BD%91%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%90%E0%BD%91%E0%BC%8B%E0%BD%A1%E0%BD%B2%E0%BD%82%E0%BC%8B%E0%BD%89%E0%BD%98%E0%BD%A6%E0%BC%8B%E0%BD%86%E0%BD%82/

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme