Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་པའི་ཕོ་གསར་ཞིག་ལ་གྲིས་བརྒྱབ་སྟེ་གྲོངས་འདུག

Posted on 2015-10-312015-10-31 By ཁ་བརྡ 25 Comments on བོད་པའི་ཕོ་གསར་ཞིག་ལ་གྲིས་བརྒྱབ་སྟེ་གྲོངས་འདུག

ཡོང་ཁུངས། བོད་ཀྱི་དུས་བབ།

མདང་ནུབ་དྷ་རམ་ས་ལའི་བྷག་སུ་ལམ་ཁར་རྒྱ་གར་ཕོ་གསར་ཁག་ཅིག་གིས་བོད་པའི་ཕོ་གསར་ཞིག་ལ་གྲིས་བརྒྱབ་གྲོངས་ཡོད་འདུག

མདང་ནུབ་ཆུ་ཚོད་༡༡ ཡོལ་ཙམ་ལ། དྷ་ས་མེག་གྷན་ཁྲོམ་གཞུང་དུ་བོད་པའི་ཕོ་གསར་ཞིག་དང་བུ་མོ་ཞིག་གིས་དགོང་ཟས་ཟོས་རྗེས། ཕོ་གསར་དེས་བུ་མོ་དེ་ནང་དུ་སྐྱེལ་བའི་ལམ་ཁར། མགྲོན་ཁང་ལྗང་ཁུའི་(Green Hotel) ཉེ་འཁྲིས་སུ་བསླེབས་སྐབས། རྒྱ་གར་ཕོ་གསར་གསུམ་གྱིས་ཁོང་གཉིས་ལ་བསྙད་བཀོལ་ཏེ་འཁྲུག་འཛིང་ཤོར་ཡོད་འདུག བོད་པའི་ཕོ་གསར་དེར་རྒྱ་གར་བ་དེ་ཚོས་གྲིས་བརྒྱབ་ནས་རྒྱུ་མ་ཕྱི་ལ་ཐོན་ཏེ་ཁྲག་མང་པོ་ཐོན་ཡོད་པ་དང་། མཐར་དྷ་ཤོད་རྫུ་ནར་སྨན་ཁང་ལ་སྐྱེལ་བཞིན་པའི་ལམ་བར་ནས་གྲོངས་ཡོད་འདུགIMG_2918

གསར་འགོད་པས་དྷ་རམ་ས་ལའི་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས་སུ་བཅར་འདྲི་ཞུས་པརཁོང་གིས། མདང་དགོང་བོད་པའི་བུ་མོ་ཞིག་ལས་ཀ་ཚར་རྗེས། མོ་རང་གི་ངོ་ཤེས་གྲོགས་པོ་ཨ་མདོ་མཚོ་སྔོན་ནས་ཡིན་པ་ཞིག་གི་ནང་ལ་དགོང་དྲོའི་ཁ་ལག་ཟ་བར་ཕྱིན་ཏེ་ཕྱིར་ནང་ལ་སྐྱེལ་ནས་ཡོང་སྐབས། མེག་གྷན་བདེ་དོན་ལས་ཁུངས་ཀྱི་འཁྲིས་ལ་རྒྱ་གར་བ་མི་གསུམ་སྦག་སྦག་ཐོག་བསྡད་ཡོད་འདུག རྒྱ་གར་བ་དེ་ཚོས་ཁོ་གཉིས་ལ་བསྙད་བཀོལ་སྐབས། བུ་མོ་དེས་བུ་དེར་འགྲོ་འགྲོ་ལབ་ཡོད་འདུག དེ་ནས་ཁོ་གཉིས་མགྲོན་ཁང་ལྗང་ཁུའི་ (Green Hotel) འཁྲིས་ལ་འབྱོར་སྐབས། རྒྱ་གར་བ་དེ་དག་སྦག་སྦག་ཞོན་ནས་ཨ་མདོ་གྲོང་གསེབ་ལ་འགྲོ་བའི་ལམ་ཁར་བསླེབས་ཏེ། བོད་པའི་ཕ་གསར་དེའི་འཇིང་པ་ནས་འཇུས་ནས་ཉེས་རྡུང་བཏང་ཡོད་སྟབས། བོད་པའི་བུ་མོ་དེས་འགོག་ཐབས་བྱས་ཀྱང་རྒྱ་གར་བ་དེ་ཚོས་མོ་ལ་ཕུད་རྒྱག་བཏང་ནས་བུ་མོ་ས་ལ་འགྱེལ་ཡོད་ས་རེད།

དེ་ནས་རྒྱ་གར་བ་གཉིས་ཀྱིས་བུ་དེར་གྲིས་བརྒྱབ་སྟེ་རྒྱུའང་ཕྱི་ལ་ཐོན་ཡོད་ས་རེད། བུ་མོ་དེས་གཡས་གཡོན་ལ་སྐད་བརྒྱབ་ཀྱང་རོགས་པ་བྱེད་མཁན་སུ་ཡང་འབོར་མི་འདུག བོད་པ་གཅིག་གིས་ཡ་མེད་བཏང་སོང་ཟེར་གྱི་འདུག དེའི་རྗེས་མོས་ཉེན་རྟོག་པར་ཁ་པར་གཏོང་ཁུལ་བྱས་སྟབས། རྒྱ་གར་བ་གསུམ་དེ་ཞེད་ནས་སྦག་སྦག་ཞོན་ནས་བྷག་སུ་ཕྱོགས་སུ་བྲོས་ཡོད་འདུག དེའི་རྗེས་ལ་མཱ་རེ་ཁཱོ་དང་དབྱིན་ཇིའི་སྐྱེས་དམན་ཞིག་གིས་མཐོང་སྟེ། དྷ་ཤོད་ཛུ་ནར་སྨན་ཁང་ལ་སྐྱེལ་བར་འགྲོ་སྐབས་ལམ་བར་ནས་བུ་དེ་གྲོངས་འདུག ནམ་རྒྱུན་ནས་བུ་དེ་འཁྲུག་པ་རྒྱག་མཁན་དེ་འདྲ་མིན་པར་་ཆུང་དང་སྤྱོད་པ་ཡག་པོ་ཡོད་མཁན་ཞིག་ཡིན་པ་ཁ་གསལ་པོ་རེད། བུ་མོ་དེས་ཀྱང་འགྲེལ་བཤད་རྒྱག་གི་འདུག ཅེས་བརྗོད་བྱུང་།

གསར་འགོད་པས་ད་ལྟ་རྒྱ་གར་བ་མི་གསུམ་དེ་ངོ་རྟགས་ཆོད་ཡོད་མེད་དང་འཇུ་བཟུང་ཐུབ་ཡོད་མེད་དྲིས་པར་ཁོང་གིས། ད་ལྟ་ང་ཚོས་བརྟག་དཔྱག་བྱེད་བཞིན་ཡོད། ང་ཚོས་དེ་ཚོའི་རིགས་རྩ་བ་ཉིད་ནས་འཇོག་ཐབས་མེད་པ་མ་ཟད། ད་ལྟ་ཕྱོགས་གཅིག་ནས་ཉེན་རྟོག་པས་ཁ་གསལ་བརྩད་གཅོད་བྱེད་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ང་ཚོས་གཡས་གཡོན་གྱི་བོད་པ་ཚོར་འདྲི་བརྩད་བྱེད་ཀྱི་ཡོད། བོད་པ་གཅིག་གཉིས་ཤིག་གིས་མི་དངོས་སུ་མཐོང་མེད་ཀྱང་། མིའི་གཟུགས་དབྱིབས་མཐོང་ཡོད་པའི་སྐད་ཆ་ཤོད་ཀྱི་འདུག་ཀྱང་། ཁོ་ཚོས་ཉེན་རྟོག་པར་ལབ་རྒྱུར་ཞེད་ཀྱི་ཡོད་ས་རེད། ང་ཚོས་ཉེན་རྟོག་པས་མི་དེ་དག་འཇུ་བཟུང་བྱས་རྗེས། མི་སུ་ཡིན་མིན་ངོ་རྟགས་ཆོད་རྒྱུ་ནང་མོལ་བྱས་པ་ཡིན། ཞེས་བརྗོད་བྱུང་།

ཤོད་ཀ་ཅཱལ་རི་ཉེན་རྟོག་ལས་ཁུངས་ཀྱི་སྤྱི་ཁྱབ་ཉེན་ རྟོག་པ་གཞོན་པ་པཱན་ཁཱ་ཇེ་ཤཱར་མ་ (Pankaj Sharma) ལགས་སུ་སྐད་ཆ་དྲིས་པར་ཁོང་གིས། ད་ལྟ་ང་ཚོས་གནས་ཚུལ་ལྷག་ཡུལ་དངོས་ལ་བརྟག་དཔྱད་བྱེད་བཞིན་ཡོད་སྟབས། གནས་ཚུལ་ཚང་མ་ཤེས་རྟོགས་མ་བྱུང་བར་བརྒྱུད་ལམ་ཁག་ལ་སྐད་ཆ་བཤད་ཐུབ་ཀྱི་མི་འདུག གནས་ཚུལ་རྟོག་ཞིབ་བྱ་རྒྱུར་ཡང་དོ་ཕོག་འགྲོ་རྒྱུ་ཡིན་སྟབས། བརྟག་དཔྱད་བྱས་རྗེས་ཕྱིར་བསྒྲགས་བྱ་རྒྱུ་ཡིན། ད་ལྟ་བོད་པའི་བུ་མོ་དེ་ནི་གནས་ཚུལ་དངོས་མཐོང་མཁན་གྱི་དཔང་རྟགས་གཅིག་པུ་དེ་ ཡིན་སྟབས། ད་ལྟ་གནས་ཚུལ་གསལ་པོ་མ་ཆགས་པར་མོ་རང་ལ་སྐད་ཆ་དྲིས་ན་འགྲིག་གི་མ་རེད། ཅེས་བརྗོད་བྱུང་།

མཇུག་ཏུ་གསར་འགོད་པས་ཕོ་གསར་དེའི་ཕ་ཡུལ་གཅིག་པའི་གྲྭ་ཚུལ་ཁྲིམས་སེང་གེ་ལགས་སུ་ཕོ་གསར་དེའི་སྐོར་དྲིས་པར་ཁོང་གིས། ངེད་གཉིས་ཆུང་དུས་ནས་རྩེད་རོགས་དགོད་རོགས་ཡིན་ལ། ཕ་ཡུལ་དུ་ཡོད་སྐབས་ཁོ་རང་གྲྭ་བ་ཡིན་པ་དང་། ངེད་གཉིས་དགོན་པའང་གཅིག་པ་རེད། ང་སྔོན་ལ་རྒྱ་གར་དུ་བསླེབས་པ་དང་ཁོ་ ༢༠༠༣ ལོར་རྒྱ་གར་དུ་བསླེབས་ཏེའབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་པ་རེད། རྗེས་སུ་ཊི་བྷི་ན་སྟེ་དགོན་པ་ནས་སྡོད་མ་ཐུབ་པར་ ༢༠༠༩ ཙམ་ལ་དྷ་རམ་ས་ལར་བསླེབས་ཏེ། གྷོ་པལ་པུར་ཉེ་འཁྲིས་ཀྱི་སྒེར་བཙུགས་སློབ་གྲྭ་དང་། ནོར་གླིང་ཀུན་ཕན་རིག་གནས་སློབ་གྲྭ་སོགས་སུ་སློབ་སྦྱོང་བྱས་པ་རེད། ལྡི་ལིར་(British Council)ཞེས་པར་ཡང་ཟླ་ཤས་རིང་སློབ་སྦྱོང་བྱས་ཏེ། ཁོ་དྷ་སར་ཡོང་ནས་བདུན་ཕྲག་གཉིས་གསུམ་ཞིག་མ་གཏོགས་འགོར་མེད། དགུ་བཅུ་གསུམ་གྱི་འོག་ཏུ་བོད་པའི་ཁང་པ་ཞིག་གླ་ནས་བསྡད་ཡོད་པ་རེད། མ་གཞི་ནས་ཁོ་སློབ་སྦྱོང་དཔེ་ཡག་པོ་རེད། ལྷག་པར་དུ་ཀུན་སྤྱོད་དཔེ་ཡག་པོ་ཡོད་པ་རེད། ཨ་རག་བཏུང་ནས་རྒྱག་རེས་རྒྱག་པ་སོགས་རྩ་བ་ཉིད་ནས་བྱེད་ཀི་མ་རེད། དེ་སྔོན་དྲིན་ཆེན་ཆོས་སྡེ་ནས་ཁོ་རང་རྒན་བདག་བྱས་ཏེ་བསྡད་པ་དང་། ཕྱིས་སུ་ཀུན་ཕན་རིག་གནས་སློབ་གྲྭ་ནས་ཀྱང་སློབ་མ་ཚོས་འོས་འདེམས་བྱས་པ་ བརྒྱུད་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་ཏུ་བདམས་པ་རེད། ཅེས་དང་།

ཡང་ཁོང་གིས་མདང་དགོང་བྱུང་བའི་དོན་རྐྱེན་གྱི་བྱུང་རིམ་སྐོར་ལ་ བརྗོད་དོན། བུ་མོ་དེས་བཤད་པ་ལྟར་ན། མདང་ནུབ་ཁོང་གཉིས་ཕྱི་ལོགས་སུ་ཟ་མ་ཟ་རུ་ཕྱིན་པ་དང་། དེ་ནས་ལྷ་ས་ཟ་ཁང་དུ་ཇ་བཏུང་སྟེ་ཆུ་ཚོད་ ༡༡ ཙམ་ཟིན་རྗེས། ཁོང་གཉིས་མཉམ་དུ་དྷ་ས་བདེ་དོན་ལས་ཁུངས་ཀྱི་སྒོ་འགྲམ་དུ་བསླེབས་སྐབས། རྒྱ་གར་ཁ་ཤས་ཤིག་གིས་བཀྲ་ཤིས་བདེ་ལེགས་སོགས་ཟེར་ནས་སྔོན་བཀག་པ་དང་། ཁོང་གཉིས་ཀྱིས་ར་བཟི་དེ་འདྲ་ཡིན་རྒྱུ་རེད་བསམ་ནས་ཅི་ཡང་མ་ལབ་པར་ཚུར་ཡོང་སྟེ། ཨ་མདོའི་གྲོང་གསེབ་ཏུ་འགྲོ་ལམ་དེར་བསླེབས་སྐབས། རྒྱབ་ལོགས་ནས་མི་གསུམ་གྱིས་སྦག་སྦག་ཞོན་ནས་བསླེབས་ནས་ཁོང་གཉིས་མདུན་བཀག་ཏེ་རྒྱ་གར་གྱི་བུ་གཉིས་ཀྱིས་ཁོའི་སྐེ་ནས་འཇུས་པར་བརྟེན་ཁོང་ཚོ་རྒྱག་རེས་ཤོར་སོང་ཟེར། དེ་ནས་བུ་མོ་དེས་སྐད་བརྒྱབ་སྟེ་དེ་འདྲ་མ་བྱེད་ཟེར་ནས་བར་བྱས་ཀྱང་ཉན་རོགས་ མི་བྱེད་པ་དང་། བོད་པ་ཕོ་གསར་དེས་རྡོ་ཞིག་བླངས་ཏེ་བརྒྱབ་ཀྱང་གང་ཡང་བྱེད་མ་ཐུབ་པར་རྒྱ་གར་ ཕོ་གསར་ཞིག་གིས་ཁོ་བོར་གྲིས་བརྒྱབ་སོང་ཟེར་གྱི་འདུག ཅེས་བརྗོད་བྱུང་།

གྲོངས་ཟིན་པའི་བོད་པའི་ཕོ་གསར་དེའི་ཕ་ཡུལ་ཨ་མདོ་མཚོ་སྔོན་དར་མཚོ་རྫོང་ཆུ་ བཟང་སྡེ་བ་ནས་ཡིན་པ་དང་། མིང་ལ་ཚུལ་ཁྲིམས་མཆོག་ལྡན་དང་ད་ལྟ་རང་ལོ་ ༢༩ ཡས་མས་ཡིན་འདུག
གསར་འགོད་པ། དོན་གྲུབ།

གསར་འགྱུར།

Post navigation

Previous Post: དབྱིན་ཇིའི་རྒྱལ་སའི་ཚོར་སྣང་དྲི་ཟའི་གྲོང་ཁྱེར་ཞེས་བྱ་བ།
Next Post: སྲོག་སྐྱོབ་དྲིན་ཆེན།

Comments (25) on “བོད་པའི་ཕོ་གསར་ཞིག་ལ་གྲིས་བརྒྱབ་སྟེ་གྲོངས་འདུག”

  1. ལྷ།བྱ་འཕུར་མ། says:
    2015-10-31 at 10:10 am

    ད་ནི་རྒྱ་གར་ཚོས་བོད་པར་ཐུབ་ཚོད་བྱས་འདུག ཐེངས་གཅིག་མིན་པར་ཐེངས་མང་པོ་རེད། གང་ལྟར་རྒྱ་གར་ས་གནས་ཉེན་རྟོག་པས་བོད་རིགས་གཞོན་སྐྱེས་འདིའི་གསོད་རྐྱེན་ལ་རྟོག་ཞིབ་མཐར་ཕྱིན་བྱས་ཏེ་མི་གསོད་ཉེས་ཅན་ལག་དམར་ཚོར་ཁྲིམས་གཅོད་ནན་མོ་བྱེད་དགོས། དོན་རྐྱེན་འདིར་ས་གནས་བདེ་དོན་དང་བདེ་སྲུང་ལས་ཁུངས་གཉིས་ཀྱིས་མགོ་མཇུག་བར་གསུམ་དུ་རྒྱ་གར་ཉེན་རྟོག་པར་ནན་སྐུལ་ཚ་འདེད་གཏོང་དགོས།

    ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།

  2. རྒྱང་མིག says:
    2015-10-31 at 10:22 am

    ཡིད་སྐྱོའི་གནས་ཚུལ་འདི་ཡང་བོད་ལ་རྒྱལ་ཁབ་མེད་པའི་དཀའ་ངལ་ཞིག་དང་ཅིས་ཀྱང་འབྲེལ་ནས་ཡོད། གང་ལྟར་དོན་མེད་ཐུབ་ཚོད་འོག་རང་རིགས་སྤུན་ཟླ་ཞིག་གི་ཚེ་སྲོག་ཤོར་བར་གདུང་སེམས་མཉམ་བསྐྱེད་ཞུ།

  3. ཀརྡོ་གཉེར་ཕྱག་པ་ says:
    2015-10-31 at 10:31 am

    ་་་་་་་་་ དེ་ནས་རྒྱ་གར་བ་གཉིས་ཀྱིས་བུ་དེར་གྲིས་བརྒྱབ་སྟེ་རྒྱུའང་ཕྱི་ལ་ཐོན་ཡོད་ས་རེད། བུ་མོ་དེས་གཡས་གཡོན་ལ་སྐད་བརྒྱབ་ཀྱང་རོགས་པ་བྱེད་མཁན་སུ་ཡང་འབོར་མི་འདུག བོད་པ་གཅིག་གིས་ཡ་མེད་བཏང་སོང་ཟེར་གྱི་འདུག དེའི་རྗེས་མོས་ཉེན་རྟོག་པར་ཁ་པར་གཏོང་ཁུལ་བྱས་སྟབས། རྒྱ་གར་བ་གསུམ་དེ་ཞེད་ནས་སྦག་སྦག་ཞོན་ནས་བྷག་སུ་ཕྱོགས་སུ་བྲོས་ཡོད་འདུག དེའི་རྗེས་ལ་མཱ་རེ་ཁཱོ་དང་དབྱིན་ཇིའི་སྐྱེས་དམན་ཞིག་གིས་མཐོང་སྟེ། དྷ་ཤོད་ཛུ་ནར་སྨན་ཁང་ལ་སྐྱེལ་བར་འགྲོ་སྐབས་ལམ་བར་ནས་བུ་དེ་གྲོངས་འདུག ་་་་་་་་
    སྙིང་གཅེས་མྱུར་དུ་མི་ལུས་ཐོབ་པའི་སྨོན་ལམ་ཡོད།

  4. རྟ་མགྲིན། says:
    2015-10-31 at 10:32 am

    དབྱིན་སྐད་ཤེས་མཁན་ཡིན་ཟེར་མཁན་དང་ཧིན་དྷིའི་སྐད་ཤེས་མཁན་ཚོས། ཕྱི་རྒྱལ་གྱི་ཚགས་པར་ཐོག་འགོད་དགོས་པ་རེད། བོད་ཡིག་ཐོག་བྲིས་པས་མི་ཕན། ཨ་རིར་བཞུགས་པའི་བསྟན་འཛིན་རྡོ་རྗེ་ཡང་རྡ་རམ་ས་ལར་ཕེབས་འདུག་ ཁོང་གིས་ཅིག་གནང་བའི་རེ་བ་ཡོད། གཞོན་ནུ་དང་རང་བཙན་རྩོད་མཁན་ཚོས་བོད་དོན་ཁ་ཡོད་ལག་ཡོད་ཀྱིས་བསྒྲུབ་པར་ཐེ་ཚོམ་མེད། དེ་མིན། རྗེས་མ་འདི་ལྟ་བུ་མང་པོ་ཡོང་ངེས། སྐྱོ་བ་ལ།

  5. རྟ་མགྲིན། says:
    2015-10-31 at 10:47 am

    འདས་པོ་དེ་དང་མཉམ་དུ་ཡོད་པའི་བུ་མོ་དེ་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་མི་ཞིག་རེད་ཟེར། བདེན་ན་རྒྱ་གར་བ་དང་དེ་གཉིས་ཀྱི་བར་ལ་རྩད་གཅོད་བྱེད་དགོས་པའི་གནད་དོན་མང་པོ་ཡོད་ངེས། གལ་ཏེ་མིན་ན། གནད་དོན་གཞན་པ་དག་རྩད་གཅོད་བྱེད་དགོས་ལ། ལྷག་པར་དུ་རྒྱ་གར་བ་དེ་དག་དང་ལྡི་ལིའི་རྒྱ་ནག་གཞུང་ཚབ་བར་གྱི་གནད་དོན་ལ་ཡང་བསམ་གཞིག་བྱེད་དགོས། འདི་ལྟ་བུ་སྔར་ཡང་བྱུང་ཡོད།

  6. པདྨ says:
    2015-10-31 at 11:00 am

    གསར་འགྱུར་ལ་བལྟས་ན་བུ་མོ་དེ་དང་འབྲེལ་བ་ཆེ་ཙམ་འདུག རྒྱ་གར་བ་ཡིན་དང་བོད་པ་རང་ཡིན་མིན་གསལ་ཐག་ཆོད་པར་དགོས་ས་རེད་དྲན། ཤི་བོ་ལ་བསྔོ་སྨོན་འདེབས། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲྰིཿ

  7. ནད་མེད་ཚེ་རིང་། says:
    2015-10-31 at 11:20 am

    རྡ་སར་མི་སྲོག་གནས་ཚུལ་བྱུང་བ་ཐེངས་པོ་མིན། རྒྱ་གར་བསྐོར་སྲུང་བ་ནས་ཞིབ་འཇུག་བྱ་བཞིན་ཡོད་སྟབས་གྲི་རྒྱབ་མཁན་མི་རིགས་སུ་ཡིན་ཁ་གསལ་མེད་པར་རྒྱ་གར་བར་ཁ་བརྡུང་བཏང་བར་མ་འོས་པ་ཡིན། ཨོྃ་མཎི་པདེྨ་ཧུྃ།།

  8. འབོར་བློ་བཟང་རྒྱ་མཚོ། says:
    2015-10-31 at 11:57 am

    ང་ཚོའི་ལས་དབང་ད་རུང་སྡུག་ནས་སྡུག་འགྲོ་བར་སེམས་འཚབས་ཧ་ཅང་ཆེ་ཀི

  9. ཁྱུང་སེ། says:
    2015-10-31 at 2:26 pm

    Rfatibetan ནས་བཤད་གསལ་ལ་ས་གནས་ཉེན་རྟོག་པས་རྒྱ་གར་བ་མི་གསུམ་བཀག་ཉར་གྱིས་དྲི་རྩད་བྱེད་བཞིན་ཡོད་རབས་བཤད་སོང།

  10. ཀརྡོ་གཉེར་ཕྱག་པ་ says:
    2015-10-31 at 3:06 pm

    ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས།
    http://www.rfa.org/tibetan/exile/a-young-tibetan-stabbed-to-death-by-three-indians-in-dharamsala-10312015105507.html

  11. སྤོབས་པ་མཐའ་ཡས། says:
    2015-10-31 at 7:03 pm

    གནས་ཚུལ་འདི་རིགས་ང་ཚོར་རྒྱལ་ཁབ་ཡོད་མེད་ཀྱི་གནད་དོན་ཞིག་མ་རེད། གྲོང་གསེབ་རྒྱག་རེས་མི་ཤོར་སའི་སྤྱི་ཚོགས་ཤིག་འཛམ་བུ་གླིང་གང་ལ་ཡང་བསྟན་རྒྱུ་མེད། རྡ་རམ་ས་ལ་མི་ཚོགས་སྣ་མང་འདུ་ས་ཞིག་ཡིན་པས་གནས་ཚུལ་དེ་རིགས་མང་པོ་ཡོང་ས་རེད་བསམ་བསམ་ཞིག་འདུག་མོད་དངོས་ཡོད་གནས་ཚུལ་ལ་རྡ་རམ་ས་ལ་ནི་ལྟོས་ས་ལྟོས་འཇོག་གིས་བལྟས་ན་ཧ་ཅང་ཞི་བདེ་ལྷིངས་འཇགས་ཤིག་རེད་བསམ་གི།

  12. ཇུང་ཏོག་ says:
    2015-10-31 at 10:21 pm

    རྡ་རམ་ས་ལར་ཕྱོགས་གཏོགས་ལ་འགན་འཁུར་ཆེ་བའི་
    ཆོལ་ཁའི་ཚོགས་པ་དང་ལུང་ཚན་ཚོགས་དེ་ཚོ་གྈཔར་ཕྱིན་
    རེད་བུ་མོ་དེའི་སྐད་རྒྱབ་སྐབས་བོད་མི་གཅིག་ཀྱང་ཕྱི་ལ་འཐོན་
    མ་ཐུབ་པ་ནི་བོད་མིའི་ཞབས་འདྲེན་རེད་།
    བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་གོང་ས་མཆོག་གི་
    གདན་སའི་ཉེ་འགྲམ་དུ་བོད་མིར་ཐུབ་ཚོད་གཏོང་སྟངས་ལ་བལྟས་
    ན་རྒྱ་གར་ཡུལ་མི་དང་བོད་པའི་བར་འབྲེལ་བ་ཡག་པོ་མེད་པ་
    ཐག་ཆོད་གལ་ཆེ་ཤོས་ས་གནས་ཡུལ་མི་མཐུན་འབྲེལ་ཡག་
    པོ་དགོས་པ་རེད་དེའི་འགན་དེ་དབུ་ལ་ཞུགས་མཁན་ཚོར་ཡོད་རེ་།

  13. སྐལ་ཚེ། says:
    2015-10-31 at 10:33 pm

    བུ་མོ་དེས་སྦག་སྦག་གི་ཨང་གྲངས་བློ་ལ་བཞག་ཤེས་པ་དེ་ག་རང་ནས་མ་འཇོན་པ་རེད། ད་ནི་མྱ་ངན་ཞུ་རྒྱུ་ལས་གཞན་ཅི་བྱ།

  14. ཇུང་ཏོག་ says:
    2015-10-31 at 11:51 pm

    སྦག་སྦག་གི་ཨང་གྲངས་བློ་ལ་བཞག་ཡོད་ན་འགྲིག་པ་རེད་།
    ད་ལམ་གྱི་གནས་ཚུལ་འདི་ལ་ཟབ་ནན་བྱེད་མ་ཐུབ་ན་ཚར་
    བ་རེད་བོད་མི་ནང་ཁུལ་སྲིད་སྐྱོང་དང་སྤྱིྈའཐུས་ཀྱི་སྐུབ་ཀྱག་ལ་ཧབ་ཐོབ་རྒྱག་ཐུབ་ཙམ་རེ་ད་ཚོགས་སྐྱིད་དེ་ཚོ་ག་པར་གབ་
    བསྡད་ཡོད་ན་ཧཧཧ་ངོ་ཚ་དཱངས་དགྲ་བོའི་འཐོས་ན་ཡིད་ཚིམ་
    གཉེན་བྱམས་པའི་མཐོང་ན་ངུ་གྲོ་དངོས་གནས་དེ་འདྲྈམ་རེད་དམ།

  15. སྐལ་ཚེ། says:
    2015-11-01 at 1:20 am

    སྐད་ཆ་ཁྱད་མཚར་ཅན་ཞིག་གོ་བྱུང་། དེ་སྔོན་བོད་པའི་བུ་མོ་དེ་དང་རྒྱ་གར་གྱི་བུ་དེ་གཉིས་དགའ་རོགས་རེད་ཟེར། ད་དུང་ཡིད་ཆེས་བྱེད་མི་རུང་།

  16. ཇུང་ཏོག་ says:
    2015-11-01 at 3:02 am

    བུ་མོ་དེ་ལ་འདྲི་བ་ཚ་ནན་གཏོང་དགོས་པ་མཐོང་དེང་སང་རྡ་ས་དང་ལྡི་ལི་
    བོད་སྒར་བསམ་ཡས་གླིང་དེ་ཚོར་འཆལ་སྤྱོད་ལ་རོལ་མཁན་བོད་པའི་བུ་
    མོ་མང་པོ་ཡོད་སྐད་འདུག་ད་ཡག་རྟགས་མ་རེད་ཕོ་གསར་ལ་གྱོང་སྤྲད་ཚར་པ་རེད་ཧ་ལས་ན་ཐེངས་གཅིག་གཉིས་རག་ཡོད་འགྲོ་སྙིང་རྗེ་།

  17. གནམ says:
    2015-11-01 at 3:16 am

    རྒྱ་གར་ཡུལ་མིའི་ལག་ཁུག་ནས། ཨ་མདོ་བ་ཚོས་མང་པོ་མྱངས་བ་རེད། ཨ་མདོ་བ་ཚོ་ལ། བོད་མིའི་སྡེ་གྲལ་ན་ཁང་བ་གཡོར་ནི་དཀོན་པོ་ཡིན། རྒྱ་གར་གྲོང་གསེབ་རེ་ན། མགོན་སྐྱབས་གང་ཡང་ཡོད་ནི་མ་རེད། ཁོ་ཚོ་རྒྱག་རེས་རྒྱག་མི་ཐུབ་མཁན་དེ་འདྲ་མིན་ཡང་། རྒྱ་བོད་ཡུལ་མི་འཁྲུག་གཞི་དང་༧རྒྱལ་བའི་བཀའ་གསུངས་ལ་ཕོག་ཐུག་ཤོར་འགྲོ་བར་བསམ་ནས། མི་སྲོག་ཞིག་མ་ཤོར་བར་དུ་བསྡད་པ་རེད། ད་རྐྱན་འདི་ལ་ཁག་བཞག་ནས་ཁ་གསལ་བོ་དང་གོ་བདེ་བོས་མགོ་བོ་མཐོ་ཞིག་དང་ལག་པ་མྱུར་ཞིག་མ་བྱས་ན། གྱོང་འདི་འདྲ་ཟས་དུས་རང་བསྡུག་ཙམ་ལས་མེད་པ་ཞུ་ས་ཡོད་ན་ཞུས། གཏུགས་ས་ཡོད་ན་གཏུགས་ནས། ཡུལ་མི་རྡུང་བའི་ཀུན་སློང་མེད་ཀྱང་། རང་སྲོག་སྐྱོབས་པའི་དམ་བཅའ་ཡོད་པ་ཁ་གསལ་གོ་སླ་ཞིག་བྱེད་ཐུབ་ན་བཟང་།

    མགོ་མ་སྒུར་སྤུན་ཁོ་ཚོ།
    རང་སྲོག་ལ་རང་གིས་གཅེས།
    ལྡོམ་པོ་ཁྱི་ཞིག་ལ།
    མི་བདག་སྤུ་ཞིག་མེད་པ་ཤེས་དགོས།
    མཚོན་ཐོགས་དགོས།
    ལག་མྱུར་དགོས།
    ནག་ཉེས་གཅིག་ལ་མེད་པར།
    འཁོན་སེམས་ཡིད་ན་མེད་པར།
    ང་ཚོ་འདི་ལྟར་འགྲོ་མི་ཉན།
    ཕ་ས་དེའི་དོན་དུ།
    ནང་མི་དེའི་ཆེད་དུ།
    ང་ཚོ་ཁུ་བཙུར་གནམ་ལ་བཀྱགས་ནས་འཚོ་དགོས།
    སྤུན་ཁོ། ཁྱོད་འདི་ལྟར་ལག་སྟོང་དུ་ཕྱིན་པས།
    ང་ཚོ་ལ་ལམ་སྟོན་ཞིག་བྱེད་ཐུབ་ཡོད།
    དེ་ཡི་དགེ་བ་ཡོད་ཚད་ཁྱོད་ལ་བསྔོས་བ་ཡིན།
    ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།

  18. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-11-01 at 6:30 am

    ངོ་དེབ་མང་པོ་ཐོག་ཏུ་རྒྱ་གར་ཕོ་གསར་པར་ཅིག་འདོན་འདུག་གདའ།མི་བསད་མཁན་དེ་རེད་ཟེར་འདུག་ལ་དེའི་མཉམ་དུ་བོད་པའི་ཕོ་གསར་པར་ཞིག་འདུག་་་་་ལྷག་པར་དུ་རྒྱ་གར་ཕོ་གསར་དེ་རྡ་སར་བོད་ཁྱིམ་ནང་རྗེ་བཙུན་པདྨས་གསོས་ཕྲུག་འཚར་ལོངས་བྱུང་བ་ཞིག་རེད་ཟེར་བྲིས་འདུག་པས་གནས་ཚུལ་འདི་ཚོ་བདེན་པ་ཡིན་ནམ།
    མཆན་འདེབས་སུས་གསལ་པོ་ཤེས་ཚེ་རིམ་བཞིན་འགྲེལ་བཤད་ཡོང་བ་མཁྱེན།

  19. ཀརྡོ་གཉེར་ཕྱག་པ་ says:
    2015-11-01 at 12:25 pm

    སྔར་བོད་པས། རྒྱ་གར་བ། ད་རྒྱ་གར་བས་བོད་པ། དྷ་སའི་རྒྱ་བོད་གཉིས་ཀྱི། ཞབས་འདྲེན། མ་རེད་དམ།

  20. ཇ་མ་ says:
    2015-11-01 at 3:21 pm

    དཔའ་ཁེར་རྒྱུགས་གནང་མཁན།
    ༧གོང་ས་མཆོག་བོད་ལ་ཕེབས་དགོས། བོད་ལ་རང་དབང་དགོས། སོགས་སྐད་འབོད་བྱས་ནས་ཁྲིམས་འགྲོ་མཁན་བོད་མི་དཔའ་བོ་རྣམས།

    ༡༽ ཁམས་པ་ཕོ་གསར་ཅིག་མིང་དང་ཡུལ་མ་ངེས། བརྙན་ཐུང་ཞིག ༢༠༡༣ལོར།
    ༢༽ རྔ་བའི་གྲྭ་པ་བློ་བཟང་འཕྲིན་ལས་རྒྱ་མཚོ། ༢༠༡༤/༡༢/༢༦
    ༣༽ རྔ་བ། གྲྭ་པ་བསྟན་འཛིན།
    ༤༽ གྲྭ་དགེ་འདུན་ཕུན་ཚོགས། རྔ་བ། ༢༠༡༥/༣/༨
    ༥༽ གྲྭ་བློ་བཟང་བཟོད་པའམ་སྐལ་བཟང་། རྔ་བ། ༢༠༡༥/༣/༡༧
    ༦༽ རྔ་བ། དབང་མོ། ༢༠༡༥/༧/༡༥
    ༧༽ རྔ་བ། འོད་དཀར་སྐྱིད། ༡༥/༨/༡༧ ཉིན།
    ༨༽ ལི་ཐང་རྫོང་། བློ་བཟང་ཐུབ་བསྟན། ༢༠༡༥/༨/༡༨ ཉིན།
    ༩༽ རྔ་བ། རྡོ་རྗེ་སྒྲོལ་མ། ༢༠༡༥/༨/༢༠ཉིན།
    ༡༠༽ རྔ་བ། བློ་བཟང་སྐལ་བཟང་། ༩/༧ཉིན།
    ༡༡༽ རྔ་བ། བློ་བཟང་འཇམ་དཔལ། ༩/༩ཉིན།
    ༡༢༽ རྔ་བ། བློ་བཟང་གྲགས་པ། ༢༠༡༥/༩/༡༠ཉིན།
    ༡༣༽ རྔ་བ། འཕྲིན་ལས། ཕོ་གསར། ༩/༡༠ཉིན།
    ༡༤༽ རྔ་བ།བློ་བཟང་། ཕོ་གསར། ༩/༡༠ཉིན།
    ༡༥༽ རྔ་བ། བློ་བཟང་། ༩/༡༠ཉིན།
    ༡༦༽ རྔ་བ། བདེ་སྐྱིད་སྒྲོལ་མ། ༩/༡༣ཉིན།
    ༡༧༽ རྔ་བ། བློ་བཟང་འཇམ་དབྱངས། ༩/༢༣ཉིན།
    ༡༨༽ རྔ་བ། མི་སྐྱ་བཀྲ་ཤིས། ༡༠/༢༦ཉིན།

  21. ཇ་མ་ says:
    2015-11-01 at 3:26 pm

    གོང་གསལ་དཔའ་ཁེར་རྒྱུག་གནང་མཁན་རྒྱལ་གཅེས་དཔའ་བོ་ཚོ་རང་གི་ཟིན་བྲིས་སུ་བྲིས་ཡོད། ཆད་ལྷག་རེ་ཡོད་ཚེ་གསལ་ཁ་འདོན་ཏོགས་གནང་། ཐུགས་རྗེ་བླ་ན་མཐོ།

  22. རེབ་གླེན་པ། says:
    2015-11-01 at 9:08 pm

    སོ་སྐྱེས་ཀྱི་འགྲོ་འདུག་རང་དབང་ཁོ་ཚོར་མ་འདྲི་སྔོན་ལས་ལ་དྲིས་ཟེར་་་་་་

  23. ཇུང་ཏོག་ says:
    2015-11-01 at 9:23 pm

    ད་ཐེང་གི་མི་གསོད་ལག་དམར་རྒྱ་གར་དེ་ཁྲིམས་འོག་ཏུ་
    སྲོག་ཐོག་འགྲོ་ཐུབ་པའི་འགན་འཁུར་དབུས་བོད་མིའི་
    སྒྲིག་འཛུགས་དང་རྡ་སའི་རི་འདེབས་སུ་ཡོད་པའི་ཚོགས་སྐྱིད་
    ག་གེ་མོ་དེ་ཚོ་ལ་འགན་ཡོད་པ་མཁྱེན་པ་གནང་དགོས་།

  24. བློན་ཆེན། says:
    2015-11-01 at 11:10 pm

    སྤོབས་པ་མཐའ་ཡས་དང་ཏྲེ་ཧོར་བྱམས་པ་རིན་ཆེན་ནི་སོ་སོའི་ཆོལ་ཁ་དང་། ཆོས་ལུགས། ཁྱིམ་ཚང་བཅས་དང་འབྲེལ་བའི་གནད་དོན་ཞིག་མིན་ཚེ། དུས་རྒྱུན་གལ་ཆེན་དུ་མི་རྩི་མཁན་ཞིག་ཡུན་པ་ཀུན་གསལ་རེད། རང་གི་ཆོལ་ཁ་དང་ཆོས་ལུགས་ཁྱིམ་ཚང་ལ་འབྲེལ་བ་ཡོད་པ་ཞིག་ཡིན་ཚེ་གནས་ལུགས་བརྒྱ་ཡོད་ཀྱང་དང་ལེན་མི་བྱེད་མཁན་ཞིག་ཡིན་པ་ཀུན་གསལ་རེད། བོད་མི་ཞིག་བསད་པར་ཧ་མི་ལས་ཚུལ་དང་། རྒྱ་ཆེན་པོ་དང་རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཤིག་གི་ནང་གནས་ཚུལ་འདི་ལྟ་བུ་ནི་ཆུང་ཆུང་ཡིན་ཚུལ་བཤད་དེ་ཧ་ཅང་བློ་རྒྱ་ཆེན་པོ་ཡོད་མདོག་སྟོན་མཁན་གྱི་བྱབ་ཆུང་རེ་རེད། བསམ་བློ་ཞིག་ཐོངས་དང་། ཐེངས་འདིའི་གནས་ཚུལ་འདི་ཁྱེད་གཉིས་ཀྱི་སྤུན་མཆེད་རེ་ལ་ལྷག་པ་ཡིན་ཚེ། ཧང་སང་དགོས་པ་ཡོད་མ་རེད་ཟེར་ནས་སྣང་མེད་ངང་འདུག་གམ། ཐེངས་འདིའི་གནས་ཚུལ་འདི་བཀའ་བློན་ག་གེ་མོ་ཞིག་གི་བུ་བསད་པ་ཡིན་ན་ཐག་གཅོད་གང་འདྲ་བྱེད་ངེས་དང་། ཆོལ་ཁ་གཞན་ཞིག་གི་མི་ཞིག་ཡིན་ཚེ་ཐག་གཅོད་གང་འདྲ་བྱེད་ངེས། ཕ་མ་སྤུན་མཆེད་ཡུལ་འདིར་ཡོད་པའི་གཞིས་ཆགས་ཤིག་ཡིན་ཚེ་ཐག་གཅོད་གང་འདྲ་བྱེད་ངེས། ཡང་ན་མི་ཚང་ཕྱུག་པོ་ཞིག་གི་བུ་ཡིན་ཚེ་ཐག་གཅོད་གང་འདྲ་བྱེད་ངེས་སོགས་བསམ་བློ་གཏོང་ས་མང་པོ་ཡོད་པ་རེད། གནས་ཚུལ་འདི་དང་བསྟུན་ནས་མ་འོངས་སྔོན་འགོག་གི་སླད་འགོ་བཀའ་སྤྱི་ནས་མཇུག་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཀྱང་ཁྲིམས་མཐུན་ལུགས་མཐུན་གྱིས་ཐག་གཅོད་ནན་པོ་ཡོང་བར་གནང་རྒྱུ་གང་ཡོད་གནང་རྒྱུ་གལ་ཆེན་པོ་རེད། འདི་ལྟར་གནང་ཚེ་རྒྱ་གར་ཡུལ་མི་དང་བོད་ཀྱི་ཡུལ་མི་གཉིས་ཀ་ལ་ཕན་ཐོག་ཆེ་ངེས། དུས་རྒྱུན་སྐད་ཆ་བཤད་སྟངས་སྣ་ཚོགས་ཀྱི་སྒོ་ནས་བོད་དུམ་བུར་གཏོང་མཁན་ཚོའི་ཁ་ལ་མི་ཉན་རྒྱུ་གལ་ཆེ།

  25. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-11-02 at 12:57 am

    བློན་ཆེན་ལགས།
    ཐུགས་བདེ་མོ་ཨེ་ཡོད་དམ། ངས་གང་ན་ཕྱོགས་ཞེན་གྱི་སྐད་ཅ་བཤད་འདུག་གམ། རང་གི་ཕྱོགས་གཏོགས་མིན་ན་བསད་གཏུབ་བྱས་ཚེ་གལ་མེད་ལུགས་གང་ན་བཤད་འདུག་གམ། ཁུངས་སྐྱེལ་གྱིས་ཤོག་ཨ། ཅིག་བྱས་ན་ཁྱོད་ཀྱིས་ཆང་མང་པོ་འཐུང་ནས་མཆན་བཏབ་པ་མིན་ནམ་བསམ་བྱུང་གདའ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme