Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབུམ་རམས་པ་ཟླ་བ་ནོར་བུ།

Posted on 2015-10-272015-10-27 By ཁ་བརྡ 29 Comments on འབུམ་རམས་པ་ཟླ་བ་ནོར་བུ།

འཇམ་དབྱངས་དཀར་པོ།

 
འབུམ་རམས་པ་ཟླ་བ་ནོར་བུ་མཆོག་ནི་སྤྱི་ལོ་ ༡༩༤༨ ལོར་བོད་དབུས་ས་སྐྱ་དང་ཁད་ཉེ་བའི་བཀྲ་ཤིས་སྒང་གྲོང་ཚོར་སྐུ་འཁྲུངས་ཤིང་། ཁོང་ནི་དབུས་ཨེ་ཤ་ཡའི་སྲིད་དོན་རིག་པ་ཆེད་མཁས་པ་དང་། བོད་ཀྱི་ཆབ་སྲིད་ལས་དོན་གྱི་སྐད་སྒྲའི་དབུ་ཁྲིད་ཅིག་ཀྱང་ཡིན། སྤྱི་ལོ་ ༡༩༥༩ ལོར་ནང་མི་དང་ལྷན་བཙན་བྱོལ་དུ་ཡོང་། བཀའ་བློན་སྦུག་ནས་འབུམ་རམས་པ་གྷི་རམ་(Graham) ནང་དང་། དེ་ནས་སི་ཊི་ སི་ཊེ་ཧྥིན་(St. Stephen) མཐོ་སློབ། དྷི་ལི་གཙུག་ལག་སློབ་གཉེར་ཁང་བཅས་ནས་སློབ་སྦྱོང་གནང་།

12107760_10205988791612305_8162281134728189643_nཁོང་གི་བརྩམས་ཆོས་ཐོག་མ་《བོད་ཐོག་གི་སྐར་མ་དམར་པོ་》ཞེས་པ་དེ་སྤྱི་ལོ་༡༩༧༥ ལོར་པར་བསྐྲུན་བྱས། སྤྱི་ལོ་ ༡༩༧༢ ནས་ ༡༩༧༦ བར་ཟླ་རེས་ཚགས་དེབ་《བོད་གནས་བསྐྱར་ཞིབ་》ཀྱི་རྩོམ་སྒྲིག་པའི་འགན་འཁུར། སྤྱི་ལོ་༡༩༧༦ ལོར་ཨ་རིའི་ཁཱེ་ལི་ཧྥོར་ནེ་ཡ་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་ལ་ཕེབས་ནས། སྤྱི་ལོ་༡༩༨༢ ལོར་འབུམ་རམས་པ་སློབ་མཐར་ཕྱིན། དེ་དང་དུས་མཚུངས་སུ་སན་ཧྥུ་རན་སི་ཁོ་གཙུག་ལག་སློབ་གཉེར་ཁང་དང་ཁཱེ་ལི་ཧྥོར་ནེ་ཡ་གཙུག་ལག་སློབ་གཉེར་ཁང་དུ་སློབ་དཔོན་གྱི་ཕྱག་ལས་གནང་། དེ་ནས་ཕྱིར་རྒྱ་གར་དུ་ཕེབས་ནས་བྱང་བྷན་གྷལ་(Bengal) གཙུག་ལག་སློབ་གཉེར་ཁང་དུ་སློབ་དཔོན་གྱི་ཕྱག་ལས་གནང་ཞིང་། དེའི་རྗེས་ཇཱ་ཝ་ཧར་ལཱལ་ནཱེ་རུ་(Jawaharlal Nehru) གཙུག་ལག་སློབ་གཉེར་ཁང་དུ་ཞུགས།

ཁོང་ནི་རྒྱ་གར་གྱི་རྒྱལ་ས་དྷི་ལིར་ཡོད་པའི་ཇཱ་ཝ་ཧར་ལཱལ་ ནཱེ་རུ་གཙུག་ལག་སློབ་གཉེར་ཁང་གི་དབུས་ཨེ་ཤ་ཡའི་ཆབ་སྲིད་ཆེད་མཁས་འབུམ་རམས་པ་ཡིན་པར་མ་ཟད། ཁོང་ནི་དྷི་ལི་གཙུག་ལག་སློབ་གཉེར་ཁང་དང་དབྱིན་ཇི་རྒྱལ་ཁབ་ཀྱི་ཊུར་ཧཱམ་(Durham) གཙུག་ལག་སློབ་གཉེར་ཁང་གི་དང་བླངས་སློབ་དཔོན་ཆེན་མོ་ཡང་ཡིན། ལོ་གཉིས་རིང་ནཱེ་ཧ་རུ་གཙུག་ལག་སློབ་གཉེར་ཁང་ནས་དགོངས་ཞུས་ཀྱིས་ཨ་རིར་ཕེབས་ཏེ་འཆད་ཁྲིད་གནང་། སྤྱི་ལོ་༡༩༩༨ ལོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྩོམ་རིག་གཟེངས་རྟགས་ཕུལ། རྗེས་སུ་ནད་ཀྱིས་ཡུན་རིང་མནར་ནས་མཐར་དགུང་ལོ་ ༥༨ སྟེ། སྤྱི་ལོ་ ༢༠༠༦ ཟླ་ ༥ ཚེས་ ༢༨ ཉིན་སྐུ་གཤེགས། འཚོ་བཞེས་རིང་བཟའ་ཟླ་དང་བྱིས་པ་གཉིས་ཀྱི་མཉམ་དུ་ལྷན་འཚོ་གནང་།

ཁོང་གི་བརྩམས་དེབ།

༡) འཛམ་གླིང་གསུམ་པའི་རྒྱལ་ཞེན་གྱི་རིག་གནས་དང་ཆབ་སྲིད། སྤྱི་ལོ་ ༡༩༩༢ ལོ་པར་དུ་བསྐྲུན།

༢) བོད་ཐོག་གི་སྐར་མ་དམར་པོ། སྤྱི་ལོ་ ༡༩༧༤ ལོ་པར་དུ་བསྐྲུན།

༣) དབུས་ཨེ་ཤ་ཡ་ནང་གི་མི་རིགས་འདྲ་མཉམ་དང་ཆབ་སྲིད་རིག་པ། སྤྱི་ལོ་ ༡༩༩༢ ལོ་པར་དུ་བསྐྲུན།

༤) བོད། ཡེ་ཤེས་ཆོས་སྒྲོན་དང་ལྷན་དུ་བརྩམས། སྤྱི་ལོ་ ༡༩༩༦ ལོ་པར་དུ་བསྐྲུན།

༥) བོད་ཀྱི་མདུན་ལམ། སྤྱི་ལོ་ ༡༩༩༨ ལོ་པར་དུ་བསྐྲུན།

༦) རྒྱ་ནག་གིས་བོད་ལ་བཟུང་བའི་སྲིད་ཇུས། སྤྱི་ལོ་ ༢༠༠༡ ལོ་པར་དུ་བསྐྲུན།

༧) ཁ་ཆེའི་ཕ་ལུའི་བསླབ་བྱའི་སྒྱུ་རྩལ་གསོན་པོ། སྤྱི་ལོ་ ༢༠༠༢ ལོ་པར་དུ་བསྐྲུན།

ཁོང་གིས་དབུས་ཨེ་ཤ་ཡའི་ཆབ་སྲིད་ཀྱི་འཕོ་འགྱུར་དང་། རྒྱ་ནག་གིས་བོད་ལ་བཟུང་བའི་ཆབ་སྲིད་ཀྱི་ལམ་ལུགས། རྒྱ་ནག་དང་༧བཙན་བྱོལ་སྲིད་གཞུང་བར་གྱི་འབྲེལ་བ། བཙན་བྱོལ་ནང་གི་ཆབ་སྲིད་ཀྱི་གནས་བབ་སོགས་བརྗོད་གཞིར་བྱས་པའི་དཔྱད་རྩོམ་གྲགས་ཅན་ ༢༣ ལྷག་དུས་དེབ་ཁག་ལ་བཀོད་ཡོད་པར་མ་ཟད། ལོ་རྒྱུས་སྨྲ་བ་ཚེ་རིང་ཤཱཀྱ་ལགས་ཀྱིས་བརྩམས་པའི་《ཁ་བའི་འོག་གི་འབྲུག་》ཅེས་པའི་དཔེ་དེབ་བསྐྱར་ཞིབ་ཀྱི་དཔྱད་རྩོམ་《དམར་པོའི་ལམ་ལུགས་འོག་གི་བོད་》ཅེས་པའི་དཔྱད་རྩོམ་གྲགས་ཅན་ཞིག་ཀྱང་བརྩམས་ཡོད།
__________________
དེབ་ཀྱི་ཁ་བྱང་རྣམས་ཅི་བཞིན་བྱུང་མེད་ཚེ་གུས་པ་རང་ཉིད་ཀྱི་ཉེས་པ་ཡིན་པས་བཟོད་པར་གསོལ་ལོ།།

ངོ་སྤྲོད།

Post navigation

Previous Post: གཉིད་དུ་ཡུར་བ།
Next Post: སེམས་ནང་གི་ཉི་མ། 

Comments (29) on “འབུམ་རམས་པ་ཟླ་བ་ནོར་བུ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-10-27 at 1:16 am

    འཇམ་ནོར་དང་། ཟླ་ནོར་དག མཁས་པ་ཡིན་པ་རྩོད་མེད་རེད་དེ། དེ་གཉིས་ཀས་༸གོང་ས་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོར་ཟུར་ཟ་བྱས་ཐུབ་པ་འདི་ནི། བོད་རིགས་སུ་སྐྱེས་ནས་བོད་རིགས་ཀྱི་ཀླད་རྩ་ཅིག་མ་ཚང་བ་ལྟ་བུའི་ཡ་མཚན་ཞིང་ཡོད་དོ།།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-10-27 at 2:27 am

    དྷི་ལི་ལས། དིལླི་འདི་དག་པ་འདུག

  3. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-27 at 2:44 am

    བོད་མི་ཞིག་ཡིན་ཕྱིན་ཆད་ལྷ་དང་བླ་མ་ལ་དད་དགོས་པའི་རྒྱུ་མཚན་གང་ཡོད་དམ། ཁ་ཡར་གྲགས་དུས་གཅིག་སྡུད་རིང་ལུགས་འོག་ཏུ་འགྲོ་དགོས་ལུགས་བཤད་ནས།

  4. ཀརྡོ་གཉེར་ཕྱག་པ་ says:
    2015-10-27 at 2:51 am

    བོད་པ་ཡིན་ཕྱིན་ཆད། ལྷ་དང་བླ་མར་དད་པ་བྱེད་དགོས་མ་རེད། འོནད་ཀྱང་། བོད་མི་བྱས་རྗེས་ཅན་༸གོང་ས་མཆོག་ལ། བོད་མི་ཞིག་གིས། གཞི་མེད་མཚན་སྨོད་ཟུར་ཟ་བྱས་ན་བོད་པའི་ཞབས་འདྲེན་མ་རེད་པའི་ལགས།

  5. ཀརྡོ་གཉེར་ཕྱག་པ་ says:
    2015-10-27 at 2:55 am

    འཇམ་ནོར་དང་། ཟླ་ནོར་གཉིས། སློབ་སྦྱོང་ཤེས་ཐུབ་པ་དེ། ༸རྒྱལ་བ་རིན་པོ་ཆའི་བཀའ་དྲིན་བསྐྱངས་ཡོད་དམ་མེད། འདི་ཅིག་ཤོད་དང་། ལགས། དེ་ནས་་་་་་

  6. ཀརྡོ་གཉེར་ཕྱག་པ་ says:
    2015-10-27 at 3:01 am

    མི་རིགས་ཅིག་ལ། མི་གཅིག་གིས། མི་ལོ་བརྒྱད་ཅུ་ཡིན་མིན། ཟེར་ས་མེད་པར། སྐུ་ངལ་སྐྱོན་མཁན་ཅིག་ལ། མི་རིགས་དེ་གའི་མི་གཅིག་གིས། སྐྱོན་བརྗོད་བྱས་ན། མི་དེ་མི་རིགས་དེའི་ཞབས་འདྲེན་རེད་དང་མ་རེད་། ཁྱོད་ཚོས་སོམས་ཤིག

  7. ཀརྡོ་གཉེར་ཕྱག་པ་ says:
    2015-10-27 at 3:03 am

    ཟླ་ནོར། འཇམ་ནོར། ལྷག་བསམ་དང་ཀླུ་བྱམས་བཞི་ལ། ང་ཚོ་བོད་མི་བསམ་ཡོད་སུས་ཀྱང་། ཆ་འཇོག་བྱེད་བགྱིད་མ་རེད་དོ།།

  8. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-27 at 3:06 am

    ཧཧཧཧཧ་་་་་གཞི་མེད་དང་མཚན་སྨད་་་་་ཞབས་འདྲེན་་་་་ཟུར་ཟ་་་་ཚིག་འདི་ཚོ་མི་མགོ་བརྡུང་གཏོང་ཡ་ལ་བེད་སྤྱོད་ཡག་པོ་འདུག་ཨང་།

  9. ཀརྡོ་གཉེར་ཕྱག་པ་ says:
    2015-10-27 at 4:04 am

    གཞི་ཡོད་ན་ཅིག་ ཁྱོད་ཀྱིས་ཅིག་གསུང་དང་། ང་ཡང་ཤེས་འདོད་ཡོད་པས་་་་་

  10. བསྟན་འཛིན། says:
    2015-10-27 at 4:42 am

    ཟླ་ནོར་ལགས་ནི་ཕྱིའི་ལུགས་ཀྱི་སློབ་པ་མཐའ་སོན་མཁན་བོད་བཙན་བྱོལ་བ་དང་པོ་དེ་ཡིན་ན་ཆོག།

  11. ཇུང་ཏོག་ says:
    2015-10-27 at 6:08 am

    དེང་རབས་མཁས་པ་མང་པོ་བོད་པའི་སྤྱི་
    ཚོགས་ནང་འཐོན་ཡོང་གི་འདུག་ཀྱང་དེ་དག་གི་
    ཀླད་རྩ་ལ་སྐྱོན་མེད་དམ་གང་ལྟར་གོང་ས་མཆོག་གི་ཐུགས་རྗེ་བཀྲིན་ལ་བརྟེན་ནས་ཁོང་ཚོར་ད་ལྟའི་སློབ་སྦྱོང་འངི་ཐོབ་པ་དེ་ཤེས་ཀྱི་མེད་ན་ཀླད་རྩ་
    ཐང་ཐང་མེད་པའི་རྟགས་རེད་།
    མ་གཞི་ནས་འཇམ་ནོར་དང་ཟླ་ནོར་ལྷ་སང་ཀླུ་གར་སོགས་མཁས་པ་
    ཡིན་མིན་མི་ཤེས་ཡིག་ཆ་མང་པོ་ནས་རྐུ་མ་བརྐུས་ནས་དོབ་རྩོམ་
    མཁན་གྱི་མི་དེ་འདྲ་ཡིན་ས་རེད་མི་དེ་ཚོ་ལ་ཧ་ལས་མཁན་སུ་གཅིག་
    ཡོད་མ་རེད་རི་བོང་བཅལ་འགྲོགས་ཤ་སྟག་རེད་།

  12. གཅན བཟོད་རྒྱམ། says:
    2015-10-27 at 6:50 am

    བོད་ཀྱི་མཁས་པ་ལ་ལ་ཞིག་མི་རིགས་གཞན་དང་གཞན་གྱིས་ཀྱང་མཁས་པ་ཡིན་པར་ཁས་ལེན་ཀྱང་བོད་མི་ཚོས་ཁས་མི་ལེན་པ་འདི་ཅིས་ཉེས། ཁས་མི་ལེན་མཁན་དེ་ཚོ་ཡང་མཁས་པ་ཞིག་ཡིན་ན་བརྗོད་དུ་མེད་མོད། ང་དང་ང་ལྟ་བུའི་བླུན་པོ་མིན་ཙམ་པ་ཚོས་ཀྱང་ཁས་མི་ལེན་པའི་སྲོལ་ངན་རུལ་དྲི་ཁ་བ་འདི་བོད་པའི་སྤྱོ་ཚོགས་ནས་བཀྲུ་རན་པས་མི་ཚད་ཕྱིས་དྲག་འདུག

    ཨོ་ཡང་ཀ་རྡོ་བས་ལྷག་བསམ་ཟེར་བའི་མི་ཞིག་འཇམ་ནོར་ཟླ་ནོར་སོགས་ཀྱི་ཟླ་བོར་དྲུད་ནས་སླེབས་སོང་། དོན་ངོ་མར་ཁོང་ཡང་མཁས་པ་རྣོ་ངར་ཅན་ཞིག་དང་རང་ཚུགས་ཐུབ་མཁན་ཞིག་ཡིན་ཚོད་ལ་ངས་ནི་ཁོང་སུ་ཡིན་གསལ་བོར་མ་ངེས་སོ།།

  13. ས་མཐའི་ལུག་རྫི། says:
    2015-10-27 at 8:39 am

    ཚང་མར་བཀྲ་ཤིས་བདེ་ལེགས་ཞུ།

  14. དོན་ལྡན་གླིང་པ says:
    2015-10-27 at 10:07 am

    འཇམ་ནོར་རྩོམ་པ་པོ་རེད་ལ་མཁས་པ་མ་རེད། ཀླུ་འབྱམས་ཉམས་ཞིབ་པ་རེད་ལ་མཁས་པ་མ་རེད། ཁོང་གཉིས་ལ་མཁས་པའི་ཆོ་ལོ་ཐོབ་ཐབས་མེད་པ་ཞིག་རེད། རྩོམ་པ་པོ་དང་ཉམས་ཞིབ་པ་ཐམས་ཅད་ལ་མཁས་པ་ཟེར་ན་། དོན་དམ་གྱི་མཁས་པ་རྣམས་ལ་གང་ཞིག་འབོད་རྒྱུ་ཡིན་ནམ།

    མཁས་དབང་ཟླ་བ་ནོར་བུ་ལགས་ནི་དོན་དམ་གྱི་མཁས་པ་ཞིག་རེད་ལ། ཁོང་གི་མཁས་པའི་མཚན་སྙན་ནི་འཛམ་གླིང་གི་ཕྱོགས་ཡོངས་སུ་གྲགས་ཡོད། ཁོང་གི་དཔེ་དེབ་ (རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་) ཅེས་པ་ནི་དེང་སྐབས་འཛམ་གླིང་ནང་དུ་རྒྱ་བོད་ཀྱི་འབྲེལ་བའི་ཐོག་ལ་ཉམས་ཞིབ་བྱེད་མཁན་དག་གིས་མི་ཀློག་ཐབས་མེད་ཀྱི་དཔེ་དེབ་རྩ་ཆེན་ཞིག་ཏུ་འགྱུར་ཟིན་ཡོད་ལ། ད་དབར་དུ་རྒྱ་བོད་འབྲེལ་བའི་ཐོག་ལ་ཁོང་གི་དཔེ་དེབ་དེ་ལས་ལྷག་པ་ཧ་ལམ་ཐོན་ཡོད་པ་མ་རེད། དཔེ་དེབ་འདི་ནི་ང་ཚོ་བོད་མི་རྣམས་ཀྱིས་ངེས་པར་དུ་ཀློག་ནས་སློབ་སྦྱོང་བྱེད་དགོས་པ་རེད།

  15. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-27 at 10:20 am

    པདྨ་ལགས།
    ཟླ་བ་ནོར་བུ་ནི་འཛམ་གླིང་ཕྱོགས་ཡོངས་སུ་གྲགས་ཨེ་ཡོད་དམ། ཁུངས་སྐྱེལ་ཅི་ཡོད་དམ། ཧཧཧཧཧ་་་་་་

  16. དོན་ལྡན་གླིང་པ says:
    2015-10-27 at 10:42 am

    ཏྲེ་ཧོར་ལགས། དབྱིན་ཇི་ཤེས་ཀྱི་ཡོད་ན་ཁྱེད་རང་གིས་ཉུལ་ཞིབ་བྱེད་ན་འགྲིག་གི་རེད། མ་ཤེས་ན་དང་པོ་དབྱིན་ཡིག་སྦྱོང་ནས་རྗེས་སུ་ཤེས་ཀྱི་རེད། ད་ལྟ་ཤེས་རྒྱུ་སྔ་དྲགས་པ་རེད། ཨ་ལས་དབྱིན་ཡིག་ཡག་པོ་ཞིག་སྦྱོངས་ཨ།

  17. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-27 at 2:27 pm

    པདྨ་ལགས།
    སྦྱོང་དགོས་པ་ཁྱོད་རང་རེད་གདའ། འུར་བཤད་ལ་དགའ་ནས་མ་གཏོགས་འཛམ་གླིང་ན་ཟེར་ནས་རྒྱལ་ཁམས་ག་ཚད་ཅིག་མྱུལ་མྱོང་ཡོད་དམ། ཁྱོད་ཀྱིས་བཤད་པའི་གཏམ་འགྲོས་ལ་ལྟོས་ན་མཁས་པ་དང་ཉམས་ཞིབ་པ་གཉིས་ཀ་ཡིན་བཟོ་འདྲ་་་་་་་ཧཧཧཧཧཧ་་་་་་་་་་

  18. ཞོལ་གཡག་འབྲོང་རྒྱུད། says:
    2015-10-27 at 2:51 pm

    མཁས་དབང་ཟླ་བ་ནོར་བུ་ཁོང་རྡ་རམ་ས་ལ་ནས་དབྱུག་པས་ཕུད་རབས་ཀྱི་གཏམ་བརྒྱུད་སྐྱུར་མོ་ཞིག་གོ་སོང་། འདིའི་བསྐོར་ཤེས་མཁན་ཡོད་ན་གསུང་རོགས།

  19. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-27 at 3:24 pm

    ཞོལ་གཡག་ལགས།
    རྡ་ས་ནས་རྡོ་དང་དབྱུག་པས་ཕུད་སོང་བ་མང་པོ་ཡོད་རེད། ད་དེ་ཚོ་ཡར་བསྔོགས་ནས་ཅི་བྱེད་ཀི་ཨ་་་་་་དཔེར་ན་ཨ་ལོ་ཆོས་མཛད་ཀྱང་རེད་གདའ།

  20. ཞོལ་གཡག་འབྲོང་རྒྱུད། says:
    2015-10-27 at 4:50 pm

    ཏྲེ་ཧོར་ལགས། དབྱུག་པས་ཕུད་སོང་བ་མང་ཡང་སྐབས་སུ་བབས་པའི་མ་རྩོམ་དང་འབྲེལ་ནས་ཁོང་བོད་པའི་སྤྱི་ཚོགས་ལས་རྒྱང་དུ་ཕུད་ཉེས་དེ་མ་གླེང་ཐབས་མེད་ཆགས་སོང་། དེ་དོན་དགོངས་འཇགས་དང་འབྲེལ་གནད་དོན་འདིའི་བསྐོར་མང་ཙམ་གླེང་ཐུབ་རེ་ཡིན་ལགས།

  21. ཀརྡོ་གཉེར་ཕྱག་པ་ says:
    2015-10-28 at 8:13 am

    ནར་ནར་ལྕེ་ལ་བདག་པོ་མེད་ན། རིལ་རིལ་མགོ་དབྱུགས་པ་བཟེད་འོངས་ཟེར་སྲོལ་ཡོད་རེད།

  22. དོན་ལྡན་གླིང་པ says:
    2015-10-28 at 10:39 am

    ཏྲེ་ཧོར་ལགས། ཆུ་རྐྱལ་ཤེས་པ་ལ་དང་པོ་ཆུའི་ནང་དུ་འཛུལ་དགོས། ཕྱི་ལ་སྡོད་ནས་ཆུ་རྐྱལ་སྦྱོང་ཐབས་ཡོད་པ་མ་རེད། ཁྱེད་རང་རྒྱལ་ཁབ་མང་པོར་མྱུལ་ཡོད་ཀྱང། རྒྱལ་ཁབ་དེ་དང་དེ་ལ་ཡོད་པའི་སྐད་དེ་མ་ཤེས་ན། རྒྱལ་ཁབ་དེའི་ནང་དུ་གང་དང་གང་ཞིག་ཡོད་པའང་ཤེས་ཀྱི་མ་རེད། ཁ་ནང་དུ་མཛུབ་མོ་བཅུག་ནས་ཕྱིན་ན་མ་གཏོགས་གཞན་གང་ཡང་ཡོད་པ་མ་རེད།

  23. ཅོ་རི་ཉི་མ། says:
    2015-10-28 at 10:51 am

    པདྨ་ལགས། ཏྲེ་ཧོར་ཁམས་པ་དེས་ཡུང་རོབ་མིའི་མཉམ་དུ་ལས་ཀ་བྱས་ནས་འཚོ་བ་བསྐྱེལ་བཞིན་འདུག ཕོ་རང་མགོ་འཐོན་བསྡད་ཡོད་མཁན་ཞིག་རེད་མ་གཏོགས་རྡ་སའི་ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བའི་སྐྱག་ཁུ་ལྡག་ནས་མི་ཚེ་བསྐྱེལ་མཁན་ཞིག་མ་རེད། དབྱིན་ཡིག་ཚིག་གཅིག་གཉིས་ཤིག་ན་ཧང་སང་དགོས་ཅི་ཡོད་དམ། ཨ་རི་དང་ཡུང་རོབ་ནང་དུ་ཟམ་པའི་འོག་ཏུ་ཉལ་ནས་བསྡད་ཡོད་མཁན་ཚོས་ཀྱང་ཨེན་སྐད་ཆུ་རྒྱུགས་རྒྱུགས་རེད་འདུག ཧཧ

  24. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-28 at 10:52 am

    པདྨ་ལགས།
    ད་བྱས་ན་རང་མཁས་དབང་དང་ཉམས་ཞིབ་པ་གཉིས་ཀ་ཡིན་ཙང་སྐད་ཡིག་ག་ཚོད་ཅིག་མཁྱེན་གྱི་ཡོད་དམ། རྒྱལ་ཁབ་ག་ཚོད་ཅིག་ནང་ཉམས་ཞིབ་བྱས་ཐུབ་ཡོད་དམ། དཔེར་ན་བྱང་ཨ་རི་ནང་རྒྱལ་ཁབ་ཉེར་དྲུག་དང་ཤར་ཨ་རི་ནང་རྒྱལ་ཁབ་བཅོ་ལྔ། ཡུབ་རོབ་ནང་རྒྱལ་ཁབ་བཞི་བཅུ་ཞེ་དགུ་དང་ཨ་ཧྥི་རི་ཀ་ནང་རྒྱལ་ཁབ་ལྔ་བཅུ་ལྔ་གསུམ། དེ་བཞིན་ཨེ་ཤེ་ཡ་ནང་རྒྱལ་ཁབ་ལྔ་བཅུ་དང་ཨའོ་གླིང་ནང་རྒྱལ་ཁབ་གསུམ་བཅས་གང་དང་གང་ལ་ཉམས་ཞིབ་བྱས་ཡོད་གྲངས་ཅིག་གསུང་དང་།

  25. དོན་ལྡན་གླིང་པ says:
    2015-10-28 at 3:01 pm

    ཧ་ཧ་ཧ་། ཏྲེ་ཧོར་ལགས། ཁྱེད་ཐམས་ཅད་མཁྱེན་པ་ཆགས་འགྲོ་བྱེད་ཀྱི་ཡོད་ཚོད་འདུག བློ་ལ་ཟིན་པའི་གྲངས་ཆ་ཚང་འདིར་སྐྱུགས་སོང། ་ཧ་ཧ་ཧ་ཧ། དེ་འདྲ་ངར་དགོས་མ་རེད།

  26. དོན་ལྡན་གླིང་པ says:
    2015-10-29 at 10:10 am

    ཅོ་རི་ཉི་མ་། ཁལ་བོང་བུས་འཁྱེར་ནས་རྒྱ་ལམ་སྐེད་པ་ན་དགོས་དོན་མེད། ཁྱེད་ལྟ་བུའི་བཟང་ངན་ངོ་མི་ཤེས་མཁན། བཀྲིན་བསམ་ཤེས་མེད་མཁན། བོད་མི་ནང་འཁྲུག་བཟོ་མཁན། རྒྱ་གཞུང་རྒྱུག་ཁྱི་བྱེད་མཁན་རིགས་ལ་ངས་ཆོས་དང་ཟང་ཟིང་གང་ནས་ཀྱང་འབྲེལ་བ་བྱེད་འདོད་མེད་ལ། ཁ་ཡང་གྲགས་འདོད་མེད།

    སྟར་ཁ་འདྲ་བོ་བཙུམ་ནས་སྡོད་ཨ། སྐྱག་གཟན།

  27. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-30 at 5:30 am

    དོན་ངོ་མའི་ཐོག་ནས་ཡག་སྡུག་བཟང་ངན་དགེ་སྐྱོན་སོགས་བགྲོ་གླེང་ལྷུག་པོ་གནང་འདོད་ཀྱིས་སྤོབས་པ་དང་གདེངས་ཚོད་ཡོད་ན་མིང་རྫུན་མའི་འོག་ནས་ལྐོག་མདའ་འཕེན་མི་དགོས་པར་རང་ཉིད་ཀྱི་མིང་དང་སྐྱེས་ཡུལ་སྡོད་གནས་བཅས་ཁ་གསལ་བཟོས་དང་དེ་ནས་བཤད་པའི་སྐད་ཅ་ལ་འགན་འཁྲི་གང་བྱས་མི་སུ་ཡིན་གསལ་པོ་བཟོ་བདེ་བས་ངེས་པར་དུ་མཆན་འདེབས་ཚོས་དྭངས་ལེན་གནང་ཐུབ་ས་རེད་དམ། ཐུབ་ན་དགེ་མཚན་ཆེ་བ་མངོན།

  28. པདྨ་ says:
    2015-10-30 at 9:09 am

    ཏྲེ་ཧོར་བྱམས་པ་ལགས། གཤམ་ཏུ་ཁ་གསལ་འགོད་ཡོད། ང་འཚོལ་དུ་ཡོང་མཁན་ཡིན་ནམ། ཁྱེད་ཁམས་པ་གྲི་ཅན་ལ་ང་སྐྲག་ལི་རེད།

    མིང། བསྟན་འཛིན་པདྨ།
    སྡོད་གནས། དྷ་ས་གངས་ཅན་སྐྱིད་ཤོངས།
    སྐྱེས་ཡུལ། བལ་ཡུལ་།

  29. ལོ་ཡག says:
    2015-10-31 at 8:14 am

    དྲ་གྲོགས་ཚོ། བདེ་སྡུག་གི་ཚོར་བ་ཡོད་མཁན། ལས་དང་སྐྱིད་སྡུག་གཅིག་པ། ཁྲག་རུས་གདུང་རྒྱུད་གཅིག་པ། རང་རེ་བོད་པ་ཞིག་རྒྱ་ནག་དམར་བོའི་བཙོན་འོག་ནས་མི་ལོ་བཅུ་ཕྲག་གཅིག་ཙམ་གྱི་རིང་མི་བཟེད་པའི་དཀའ་སྡུག་སྣ་ཚོགས་མྱངས་ནས་ཕྱིར་ཡང་ས་རང་ཡུལ་ལ་སླེབས་པའི་གནས་ཚུལ་མིག་ལམ་ལ་བཀྲམ་འདུག བོད་ནང་གི་བོད་མི་ཚོར་མཚོན་ན་ཉེན་ཁ་ཡང་ཡོད་བཞིན་དུ་འཚམས་འདྲིར་སྐྱོད་ཀྱི་ཡོད། རང་དབང་ལུང་པའི་ནང་གི་ང་ཚོར། བཀྲིས་བདེ་ལེགས་ཀྱི་ཚིག་སྐེམ་ཞིག་ལས་མེད་ཀྱང་ཞུ་འོས་པ་མ་རེད་དམ། རྙོག་དྲ་ཞིག་ལ་ཐུག་ན་སྦྲང་ནག་འཁོར་འཁོར་རེད་ཟེར་པ་དེར་དངོས་གནས་བདེན་ཞད་འདུག ཁྲེལ་མེད་རེད་དམ་མ་རེད་བསམ་བློ་ཐོངས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme