Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཚོ་སའི་རིན་ཐང་།

Posted on 2010-04-102010-04-10 By ཁ་བརྡ་ No Comments on འཚོ་སའི་རིན་ཐང་།

ནགས་ཤོད་རིག་རལ།

སྐྱིད་ཆུའི་འགྲམ་གྱི་ཁང་ཆེན་དེའི་གྱང་ཟུར་ཞིག་ཏུ་རྡོ་རྗེ་གཉིད་ལ་ཤོར་འདུག ལག་གཡས་པའི་ཟུར་གྱི་ས་ཐོག་ན་ཁོ་ཁི་ཁོ་ལེ་འགྱིག་དམ་རྙིང་པ་ཞིག་གི་མཐིལ་དུ་ཆང་སྙིགས་ཅུང་ཟད་ཞིག་ལྷག་ཡོད་པ་མ་ཟད། རྩབ་ཧྲལ་དུ་གྱུར་པའི་ནུབ་ལྭ་སྐྱ་བོ་དེའི་ཁུག་མའི་ཟུར་ནས་དངུལ་སིལ་མ་མང་པོ་ཞིག་ཕྱི་ལ་ཐོན་པར་བལྟས་ན་ཁ་ས་བར་སྐོར་ནང་ནས་སློང་ཡག་པོ་བྱུང་བ་འདྲ། གདོང་ནི་མ་བཀྲུས་པར་དྲེག་པ་ནག་ཆིལ་ལེར་ཡོད་མོད། དཔྲལ་བ་དང་སྣ་མགོ་དག་ནས་སྣུམ་ཚིལ་ཚིལ་བྱེད་པ་དེ་ཉི་གཞོན་ཤར་རིའི་རྩེ་ནས་འཕྲོས་མ་ཐག་པ་དེའི་དྲིན་ཡང་ཡིན་སྲིད། ཁོའི་ལུས་པོའི་འོག་ཏུ་སྟན་ཤོག་བུའི་སྲབ་མཐུག་ཙམ་ཞིག་ཀྱང་མི་འདུག གྲོག་མ་འགའ་ཞིག་བྲེལ་བྲེལ་འཚུབ་འཚུབ་ངང་ཁོའི་ལུས་པོའི་ཐོག་དང་གཡས་གཡོན་གང་སར་རྒྱུགས་བཞིན་འདུག གྲོག་མ་དེ་དག་ཡང་ཁག་མི་འདུག ཁོང་ཚོས་ཁྱིམ་གཞི་སྐྱིད་པོ་དེར་ཉི་གཞོན་གྱི་མཛེས་པ་ལོངས་སུ་སྤྱོད་པར་གོམས་ནས་བསྡད་ཡོད་མོད། དེ་རིང་མི་བོ་ཆེ་ཞིག་འདི་རུ་འགྱེལ་ནས་སྡོད་པ་ཡིད་ལ་ག་པར་འཁོར་སྲིད། ལུས་ཆུང་ན་ཡང་མཉམ་རུབ་ཀྱི་སྙིང་སྟོབས་དེ་ནི་གྲོག་མ་ལ་ཡོད་ངེས་རེད། འགའ་ཤས་ཀྱིས་འོག་ནས་འགྱོགས་པ་དང་། འགའ་ཤས་ཀྱིས་ཐོག་ནས་འཐེན་པ། བློ་ཁོག་ཆེ་བ་དེ་ཚོས་རྡོ་རྗེའི་སྣ་ཁུང་ནང་དུ་འཛུལ་ནས་ཀི་སྒྲ་གནམ་ས་འགུལ་བ་རེ་བཏབ་ཀྱང་མི་བོ་ཆེ་ནི་སྔར་བཞིན་ཨ་ལོག་འདྲ་རྒྱག་པ་ལས་གོ་ཚོར་འདི་ཚོར་མི་འདུག གློ་བུར་དུ་སྦྲང་ནོར་བུ་ཞིག་གི་སྐད་འུང་འུང་དུ་གྲགས་བྱུང་། རྡོ་རྗེ་ཡི་མགོ་སྐྲ་ཟང་ངེ་ཟིང་ངེ་དེ་གྱང་འདབས་ན་ཡོད་པའི་སྦྲང་ཚང་ཞིག་གི་མཁའ་རུ་ཤིང་གླང་མ་སྐྱེས་པ་ལྟར་གྲམ་འདུག ཡིན་ནའང་སྦྲང་ནོར་བུ་འདི་དག་གཤིས་ཀ་གཏུམ་པོ་ཡོད་པས་སྐྲ་ལོའི་གསེབ་ནས་ཐོན་པ་དང་བཙན་འཛུལ་བ་ལ་ཕར་རྒོལ་བྱེད་འགོ་ཚུགས་སོང་། དབྱར་རྔ་ལྡིར་བ་ལྟར་གྱི་རྡོ་རྗེའི་ངུར་སྒྲ་དང་ལྷན་དུ་ཆང་དྲི་འཐུལ་བའི་ཁ་རླངས་སྨུག་པ་ལྟར་འཚུབ་ཡོང་མོད། སྦྲང་ནོར་བུ་དེ་ནི་ཨ་རིའི་འཇབ་རྒོལ་གནམ་གྲུ་འཕུར་བ་ལྟར་ཐད་ཀར་རྡོ་རྗེའི་སྣ་ལ་གདོང་གཏད་ནས་ཤོར་སོང་། སྨུག་པ་བཤགས་ནས་སྣ་ཡི་འཁྲིས་སུ་མ་སླེབས་གོང་དུ་ལྷན་སྐྱེས་ཀྱི་མདུང་མོ་དེ་ཕྱི་ལ་བཏོན་པ་དང་། སྙིང་རྗེ་ཙམ་ཡང་མེད་པར་རྡོ་རྗེའི་སྣ་ལ་ལན་འགར་བཙུགས། རྡོ་རྗེ་ནི་བདེ་ལྡན་གྱི་ཞིང་དུ་ཞེན་དྲག་པས་ལག་པས་སྣ་མགོ་འཕུར་ཙམ་འཕུར་ཙམ་བྱེད་པ་ལས་ད་དུང་གོ་ཚོར་འདི་ཚོར་མི་འདུག ཅུང་ཟད་འགོར་རྗེས་གླིང་སྐོར་དུ་འགྲོ་མཁན་སྟོབས་རྒྱལ་རྒན་པོ་ལག་སྐོར་ཞིག་བསྐོར་བཞིན་ཤོར་འགྲོ་བ་དང་། ཁོང་རང་གི་ཁྱི་ཕྲུག་སྣ་རྒྱགས་པ་དེ་ཡང་རྒད་པོའི་རྒྱབ་ནས་ས་ལ་དྲི་མ་སྣུམ་བཞིན་རྒྱུགས་ཡོང་གི་འདུག ཨ་ཧོ། ཁྱི་ཕྲུག་སྣ་རྒྱགས་པའི་གཅིན་ཁང་དེ་ཏག་ཏག་རྡོ་རྗེའི་མགོ་འོག་དུ་ཚུད་འདུག ཁོས་ངུ་ཟུག་འགའ་བྱེད་བཞིན་རྡོ་རྗེ་ཕར་འབུད་པར་འདོད་མོད། རྡོ་རྗེ་ནི་ཕ་བོང་ཞིག་ལྟར་འགུལ་ཙམ་ཡང་མེད་པ་དང་། བདག་པོ་ཡང་རྒྱང་རིང་ནས་རིང་དུ་འགྲོ་བ་མཐོང་རྗེས་ཐབས་མེད་པར་ལམ་དུ་ཆས་སོང་། ཁྱི་ཕྲུག་རྒྱུགས་ཕྱིན་ནས་སྐར་མ་འགའ་ཤས་ལས་མ་འགོར་བར་ཁང་ཆེན་དེའི་རྒྱལ་སྒོ་ཤག་སྒྲ་དང་བཅས་ཕྱེ་སོང་། རྒྱ་མི་བཟའ་ཚོ་གཉིས་ཕྱི་ལ་ཐོན་ཡོང་བ་དང་ཁྱོ་ག་དེས་གྱང་ཟུར་ན་ཉལ་བསྡད་པའི་རྡོ་རྗེ་མཐོང་རྗེས། “ཁྱིས་བཞོན་དགོས་རྒྱུ། ཕར་རྒྱུགས་”ཟེར་བཞིན་དུ་རྡོ་རྗེ་ལ་རྡོག་རྒྱག་གཅིག་བཞུས་སོང་། རྡོ་རྗེ་ད་གཟོད་གཞི་ནས་གཉིད་ལས་སད་པ་དང་དངངས་མ་སྐྲག་གི་ངང་དུ་ཆང་དམ་དེ་ས་ནས་བསྒྲུགས་རྗེས་དཔྱི་རུས་འཕུར་བཞིན་དུ་སྐོར་ལམ་དེད་ནས་རྒྱུགས་འགོ་ཚུགས།
ཁོའི་མིག་ལམ་དུ་ཤོག་སྒམ་རྙིང་པའི་སྟན་འགའ་ད་དུང་འཆར་བཞིན་འདུག

བརྩམས་སྒྲུང་།

Post navigation

Previous Post: བློ་བྱམས་ཀྱི་མ་མ་རེད།
Next Post: བསྟན་འཛིན་བདེ་སྐྱིད་ལ་ལེགས་སྐྱེས་ཆུང་ཆུང་ཞིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme