Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྕགས་ཀྱི་གཏེར་རྫས་བསྔོག་ཞིབ་པ་ཐོན་འདུག

Posted on 2015-10-252015-10-25 By ཁ་བརྡ 6 Comments on ལྕགས་ཀྱི་གཏེར་རྫས་བསྔོག་ཞིབ་པ་ཐོན་འདུག

བརྒྱུད་སྤྲོད་པ། རྒྱང་མིག

མཚོ་སྔོན་པོའི་འགྲམ་རྒྱུད་དུ་ཡོད་པའི་རི་བོ་མཐོ་ཤོས་ཥ་ཐཱོ་རྫ་རྒན་གྱི་རི་གསེང་ལ་ཝུའུ་ལྕགས་ཀྱི་གཏེར་རྫས་བསྔོག་ཞིབ་པ་ཐོན་འདུག

2015ལོའི་སྤྱི་ཟླ10བའི་ཚེས13ཉིན་ཕ་ཡུལ་ཅང་སིའི་ན་གཞོན་སྐོར་ཞིག་དང་ལྷན་དུ་ཥ་ཐཱོ་རྫ་རྒན་ལ་བསང་འཕུད་པར་སོང་བ་ཡིན། གཟའ་འཁོར་གཉིས་གསུམ་གྱི་སྔུན་ཞིག་ལ། ཕ་ཡུལ་གྱི་ན་གཞོན་འགས“རྫ་རྒན་བརྐོས་ནས་ཅིག་འདྲུད་ཀི་འདུག”ཟེར། ངས“ཁྱེད་ཚོས་ནམ་ཞིག་ལ་རིག་ནི་ཡིན”ཞེས་དྲིས་པར། ཁོ་ཚོས“ཁ་ཉིན་ཟོག་རྫི་ལ་འགྲོ་དུས་ཐག་རིང་ཞིག་ནས་རིག་བྱུང་ལ། མ་ཟད་དགོང་མོའི་ཆུ་ཚོད20:00ཟིན་རྒྱབ་ལ་གློག་འོད་དམར་ལམ་ལམ་བྱེད་པ་ཡང་མཐོང་ཐུབ་ཟེར། ད་ནི་ངེད་ཅག་བསང་འཕུད་ཀི་འགྲོ་རྒྱུ་ཡིན། ད་བར་དུ་བཀུར་ནས་མཆོད་ནས་འོངས་པའི་ཨ་མྱེས་རྫ་རྒན་གྱི་རི་བརྒྱུད་བརྐོས་ཟིན་ན། ཁོང་ཡང་བཞུགས་འདུག་མི་ཤེས་པས། ཐེངས་འདིའི་བསང་འཕུད་པ་ནི་ཆེས་མཐའ་མཇུག་གི་བསང་འཕུད་པའི་གོ་སྐབས་ཡིན་ནའང་ཐང”ཟེར།

11063482_898559306898978_2117952136435748469_nསྐད་ཆ་དེ་བཤད་སྐབས། ཁོ་ཚོའི་གདོང་ལ་རེ་ཐག་ཆད་པའི་རྣམ་འགྱུར་ཞིག་མངོན་འདུགཕྱིས་དགོང་མོར་ང་རང་གྲོགས་པོ་ཞིག་གི་ཁྱིམ་ལ་ནུབ་ཚལ་ཟ་རུ་སོང་སྐབས། ཏག་ཏག་རྫ་རྒན་རི་བརྒྱུད་དུ་གློག་འོད་དམར་ལམ་ལམ་བྱེད་པ་མཐོང་བྱུང་། དེ་བས་ངས་ཀྱང་ཁོ་ཚོ་དང་ཁ་དན་བཞག་སྟེ2015ལོའི་ཧོར་ཟླ9བའི་ཚེས1ཉིན་ལྷན་དུ་བསང་འཕུད་པར་འགྲོ་རྒྱུ་བྱས། དོན་ངོ་མར་ང་རང་ཐེངས་འདིའི་རྫ་རྒན་རི་བརྒྱུད་བརྐོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པར་སོང་བ་ཡིན། ང་ཚོས་ལྷ་བསང་གཏོང་སྐབས་རླུང་ཆེན་ཞིག་གཡུག་ནས་བསང་མེའང་གསོ་དཀའ་བར་གྱུར། ལབ་ཙེ་ལ་བསྐོར་བ་རྒྱག་སྐབས་ལབ་ཙེ་གཅིག་ལོག་འདུག་པ་མཐོང་། ཚང་མས“ཨ་མྱེས་རྫ་རྒན་ཕལ་ཆེར་བཞུགས་མེད་པ་འདྲ”ཟེར། ཐེངས་འདིར་ཡང་ངས་ཁོ་ཚོའི་སྐད་ཆ་ལས་རེ་ཐག་ཆད་པའི་སྒྲ་གཞན་ཞིག་ཚོར་བྱུང་།

12038224_898559383565637_2356770710148135833_nང་ཚོ་ཥ་ཐཱོ་རྫ་རྒན་གྱི་ཉག་ཁ་གོང་མ་བརྒལ་རྗེས་རི་སྐེད་དུ་གཏེར་རྫས་མྱུལ་དཔྱད་པའི་རུ་བ་མཐོང་བྱུང་ལ། ཆབས་ཅིག་ས་བརྟོལ་འཕྲུལ་ཆས钻机ཆེན་པོ་ཞིག་བཙུགས་ཡོད་པ་དང་རྩེ་མོར་ཁ་བཏགས་དཀར་བོ་ཞིག་མདུད་བཞག་ཡོད་པའང་རིག་བྱུང་། དེ་རུ་ད་དུང་མཐོ་རིམ་སྐམ་གློག་འཕྲུལ་ཆས高级发动机1དང་ཁ་འདྲུད་རླངས་འཁོར་མདོག་ལྗང་ནག་ཅན绿色卡车1རླངས་འཁོར་སྟེང་དུ(格尔木盐桥北路)ཞེས་བྲིས་འདུག རྣོ་ལྕགས་ཀྱི་སྦུ་གུ钢管100ལ་ཉེ་བ། ཨར་འདམ་ཁུག་མ水泥袋50བརྒལ་བ་ཙམ། ཆུ་འདྲེན་འཕྲུལ་ཆས抽水器2། རས་གུར་ལྗང་ནག绿色帐篷3བཅས་ཡོད། ང་ཚོ་ཐོན་མ་ཐག་ཁོ་ཚོ་སྒོར་མི་འབུད་པར། ནང་དུ་བསྡད་འདུག ཁོ་ཚོ་ལ་ལས་ཀ་བ7དང་ཇ་མ་བུད་མེད1བཅས་ཡོད་ལ། ས་ཆ་ནི་ཞིང་ཆེན་ཕྱི་ནང་གཉིས་ཀའི་ཡིན། མི་རིགས་བོད་རིགས་དང་རྒྱ་རིགས་གཉིས་ཡོད། འཕྲུལ་ཆས་ལག་ལྟར་བ་མྱི5དང་། ཐོབ་ཐང་མི་གསལ་བའི་ལས་སྣ་བ1(འདི་ནི་མིང་ལ་རྒྱ་མཚོ་ཟེར་ཞིང་ས་གནས་གུང་ཧོ་ནས་ཡིན་ཟེར་བའི་བོད་པ་དེ་རེད་ལ། ཁོས་བོད་སྐད་དང་རུ་སྡེ་བརྗེད་སོང་བས་མི་ཤེས་ཟེར།)ཡོད། ས་དཔྱད་ཆེད་མཁས་པ1ཡོད། འདི་ནི་ཕ་ཡུལ་ཧུའུ་པེ་ནས་ཡིན་ལ། ཧྲི་ཅཱ་ཀྲོང石家庄ནས་དངོས་གཞི本科སློབ་མཐར་ཕྱིན་པ་རེད། རུས་ཀྲང་ཡིན།

12107039_898559423565633_5576067244072550992_nཐོག་མར་ང་ཚོས་ལས་ཀ་བ་དེ་ཚོར་ཁ་བརྡ་བཤད་པ་ཡིན། ཁོང་ཚོས་ཟ་མ་ཟ་གི་ཡོད། རྒྱ་མི་ཞིག་གིས“ང་ཚོ་ནི་ཟླ་རེར་དམངས་སྒོར4000བྱིན་ནས་གླས་པའི་གླ་བ་ཡིན་ལ། ང་ཚོས་འདི་རུ་གཏེར་རྫས་མྱུལ་དཔྱོད་བྱེད་ཀི་ཡོད། ད་སྐབས་མར་ས་ཞབས་ལ་རྨིད116བརྐོས་ཡོད་པ་རེད། འདི་རུ་འཚོལ་བའི་གཏེར་རིགས་ནི་ལྕགས་རིགས་ཤིག་ཡིན་ལ། མིང་ལ་ཝུའུ་གཏེར钨矿ཟེར། འདི་རུ་ཕལ་ཆེར་ཟླ་ངོ་གཅིག་ལྷག་ལ་བསྡད་ཟིན། ས་ཆགས་འདིའི་ཕན་ཆོད་ནས་ཀྱང་བརྐོས་མོད། ལེགས་འགྲུབ་མ་བྱུང་བས། ལས་གནས་འདིར་སྤར་བ་ཡིན། ཝུའུ་ཟེར་བ་ནི་ལྕགས་རིགས་ཤིག་ཡིན་ལ། ང་ཚོས་རྒྱུན་པར་སྤྱོད་ཀྱིན་པའི་གློག་ཞུ་ལོག་ལོག་དེའི་ནང་གི་སྐུད་པ་ཕྲ་མོ་དེ་རེད། ”ཟེར། དེ་ནས་ང་ཚོ་རས་གུར་ཞོལ་མའི་ནང་གི་རུས་ཀྲང་ཅན་གྱི་ཆེད་མཁས་པ་དེའི་སར་སོང་ནས་ཁ་བརྡ་བྱས་པ་གཤམ་གསལ་ལྟར།

ཀ་ཕྱོགས། “ཁྱེད་རང་བདེ་མོ། ཁྱེད་ཀྱི་རུས་ཅི་ཡིན། གང་གི་ཡིན། འདི་རུ་ལས་ཀ་གཙོ་བོ་གང་བགྱིད་ཀི་ཡོད།”

ཁ་ཕྱོགས”ང་ནི་ཧུའུ་པེ་ནས་ཡིན། རུས་ནི་ཀྲང་ཡིན། འདི་རུ་གཏེར་རྫས་སྔོག་གཤེར་གྱི་ལས་ཀ་ལས་ཀི་ཡོད།”

ཀ་ཕྱོགས། “ཁྱེད་ཅག་གིས་གཏེར་རྫས་རྐོ་གི་ཡོད་ནི་ཨེ་རེད།”

ཁ་ཕྱོགས། “མ་རེད། ངེད་ཅག་ནི་གཏེར་བསྔོག་བཤེར་བ་རེད། གཏེར་བརྐོ་བ་དང་གཏེར་བསྔོག་བཤེར་བ་གཉིས་ཁ་ཁ་རེད། ངེད་ཅག་གིས་གཏེར་རྫས་བསྔོག་བཤེར་བྱས་རྗེས་ད་གཟོད་གཏེར་ཁ་འདྲུད་མཁན་འོང་བ་རེད། དེ་ལ་གཏེར་བརྐོ་བ挖矿着ཟེར་བ་རེད། ངེད་ཅག་ལ探矿者ཟེར་དགོས་ནི་རེད།”

ཁ་ཕྱོགས། “ཨོ་རེད། ཁྱེད་ཅག་གང་གི་ཡིན། འདི་ལ་ཅི་བྱེད་དུ་འོང་བ་ཡིན།”

ཀ་ཕྱོགས། “ངེད་ཅག་ས་ཆ་འདིའི་ཡིན། དེ་རིང་རི་འགོར་བསང་འཕུད་དུ་འོང་བ་ཡིན།”

ཁ་ཕྱོགས། “དེ་ཡག་པོ་རེད་ང་ཡང་བསང་འཕུད་དུ་སོང་མྱོང་།”

ཀ་ཕྱོགས། “ས་འདིའི་སྲོལ་རྒྱུན་ལྟར་ན་གནས་རི་དང་ལྷ་རི་ལ་ཕོག་ཐུག་བཏང་ན་སའི་བཅུད་ཉམས་ཤིང་། ལོ་ལེགས་མི་འོང་བ་རེད། མ་ཟད་མི་ཕྱུགས་ལ་གོད་ཁ་བརྒྱག་ཟེར། ཁྱེད་ཅག་གིས་དེ་ལ་བརྩི་བཀུར་མི་བྱེད་དམ།”

ཁ་ཕྱོགས། “ལོས་བྱེད། འོན་ཏེ་ང་ཚོའི་འགོ་ཁྲིད་ཀྱིས་གུང་ཧོ་རྫོང་ན་བྱ་བ་ལས་ཀི་ཡོད་པའི་ས་གནས་བླ་མ活佛ཞིག་ལ་ཆོས་འདོན་དུ་ཅིག་ཅིང་། དེ་ནས་ཁོང་གིས་ཁ་བཏགས་ཤིག་བསྐུར་ཏེ་ངེད་ཅག་གིས་རི་བརྐོ་སའི་འཕྲུལ་ཆས་ཀྱི་འགོར་བཏགས་ཡོད། ཁོང་གྲྭ་ཆས་གྱོན་པ་ཞིག་ཡིན་པ་འདྲ། མིང་མི་ཤེས། ཁོང་གིས་ཁ་བཏགས་འདི་བཏགས་རྗེས་སྐྱོན་མེད་ཟེར།”

ཀ་ཕྱོགས། “ཁྱེད་ཅག་ལ་ས་འདི་བརྐོས་ཆོག་པའི་དབང་ཆ་སུས་སྤྲད་པ་ཡིན།”

ཁ་ཕྱོགས། “འདི་ནི་ལས་གཞི项目ཞིག་ཡིན་ལ། དེང་ཐོག་ང་ཚོས་རྒྱལ་ས་ཅུའུ国土局ནས་ཡི་གེ་བླངས་ཤིང་དེ་ནས་ས་འདིའི་ས་བདག་ལ་འབྲེལ་བ་བྱས་ཏེ་ཁོང་འཐད་མིན་ལ་བལྟས་ནས་གྲོས་ཡིག་བཞག་ལ། དེ་ནས་ཁོ་ལ་སྒོར་མོ་བྱིན་རྗེས་ང་ཚོས་བརྐོས་པ་ཡིན།”

ཀ་ཕྱོགས། “ས་བདག་གི་མིང་ལ་ཅི་ཟེར། ཁོ་སྡེ་བ་གང་གི་ཡིན། ཁྱོད་ཚོས་ཁོ་ལ་སྒོར་མོ་ག་ཚོད་སྤྲད་པ་ཡིན།”

ཁ་ཕྱོགས། “ཧུ་ཧུ། ཁོ་བདུད་ཤུལ་སྡེ་བའི་ཡིན། མིང་ལ་འབྲུག་བྱམས་ཚེ་རིང་ཟེར། སྒོར་མོ་སྟེར་རྒྱུ་དེ་ནི་སྡེ་ཁག་གི་དོན་དག་ཡིན་པས། ངས་གསལ་བོ་ཞིག་མི་ཤེས་མོད། ཕལ་ཆེར་རྨི་གྲུ་བཞི་མ1ལ་དམངས་སྒོར5000ཕྱིན་ཡོད་པ་འདྲ། ང་ཚོས་རྨི་གྲུ་བཞི་མ་4ནས5སྤྱོད་ཀྱི་ཡོད།”

ཀ་ཕྱོགས། “གལ་ཏེ་ས་བདག་མ་འཐད་ན་ཁྱེད་ཅག་གིས་བརྐོ་སྲིད་དམ།”

ཁ་ཕྱོགས། “གལ་ཏེ་ས་བདག་མ་འཐད་ན་འབྲེལ་ཡོད་ལས་ཁུངས་དང་ས་གནས་འགོ་ཁྲིད་པས་འདུམ་འགྲིག་བྱས་རྗེས་བརྐོ་ཆོག”

ཀ་ཕྱོགས། “གལ་ཏེ་གཏེར་རྫས་འདི་ལོན་སོང་ན། སྤྱི་རྒྱ་གང་ལ་རིན་གོང་ག་ཚོད་བྲིའམ།”

ཁ་ཕྱོགས། “དེ་ནི་ཕལ་ཆེར་སྤྱི་རྒྱ་གང་ལ་དམངས་སྒོར20000དང30000བར་བྲི་རྒྱུ་རེད། ཧུ་ཧུ་འདིའི་ཕྱོགས་ནས་ངས་གསལ་བོ་ཞིག་མི་ཤེས།”

ཀ་ཕྱོགས། “ཁྱེད་ཅག་གིས་རྫ་རྒན་རི་བརྒྱུད་ན་གཏེར་ཁ་ཡོད་པ་ཇི་ལྟར་ཤེས་སོང་བ་ཡིན།”

ཁ་ཕྱོགས། “དུས་རབས་གོང་མའི་ལོ་རབས་དགུ་བཅུ་བའི་ནང་དེར། རྒྱ་མི་ཞིག་འདིར་ཡོང་ནས་རྡོ་ཞག་རྙེད་དེ་ཁྱེར་ནས་བརྟག་འབྲས་སུ་གཏེར་རྡོ་ཡིན་པ་གཏན་འཁེལ། ཕྱིས་ཀྱི་སྤྱི་ལོ2004ནས 2005བར་ལ་མི་སྐོར་ཞིག་འདིར་ཆེད་དུ་མྱུལ་ཞིབ་ལ་འོང་མྱོང་། དེའི་རྗེས་ཀྱི་སྤྱི་ལོ2009ལོ་ལ་ཡང་འདིར་ས་དཔྱད་པ་ཁག་ཅིག་སླེབས་མྱོང་། དེ་དག་གི་རྒྱུ་ཆ་ལ་རྐྱེན་བྱས་ནས་ད་ཐེངས་ཆེད་དུ་ས་ཆགས་བྱེ་བྲག་པ具体地点འདིར་ཁ་བཟུང་བ་ཡིན།”

ཀ་ཕྱོགས། “ཁྱེད་ཀྱིས་བལྟས་ན་གཏེར་རྫས་ལེན་པ་འདིས་རང་བྱུང་ཁོར་ཡུག་ལ་གནོད་དམ། ངས་བལྟས་ན་གནོད་པ་ཡོད་ཁ་རེད། འདི་ནི་ངའི་བསམ་ཚུལ་ཙམ་ཡིན། ཁྱེད་རང་ལན་འདེབས་རྒྱུར་སྟབས་མི་བདེ་ན་མ་བཏབས་ན་ཡང་ཆོག”

ཁ་ཕྱོགས། “ཕལ་ཆེར་ཡོད་རྒྱུ་མ་རེད་པཱ། གཏེར་རྫས་ལ་ཟད་མཐའ་ཡོད་པ་མ་རེད། ཧུ་ཧུ།”

ཀ་ཕྱོགས། “གལ་ཏེ་ཥ་ཐཱོ་རྫ་རྒན་ནས་གཏེར་རྫས་བླངས་ནས་ཚར་སོང་ན། ད་གང་བྱེད།”

ཁ་ཕྱོགས། “འདི་ནས་ཚར་སོང་རུང་ས་གཞན་ན་ལེན་རྒྱུ་ཡོད་པ་རེད།”

ཀ་ཕྱོགས། “དེ་ལྟར་བླངས་ན་སའི་གོ་ལ་ཚར་རྒྱུའི་ཉེན་ཁ་འདུག་པས། ཁྱེད་ཀྱིས་དེ་ལ་བསམ་བློ་གཏང་ཨེ་མྱོང་།”

ཁ་ཕྱོགས། “ཧུ་ཧུ། དེ་ནི་ལོ་ཁྲི་མང་བོའི་རྗེས་ཀྱི་དོན་དག་ཡིན་པས། ང་ཚོས་སེམས་འཁུར་བྱ་མི་དགོས།”

ཀ་ཕྱོགས། “ཧུ་ཧུ། འདི་ནི་ངའི་བསམ་ཚུལ་ཙམ་ཡིན། ཡ་ད་ང་ཚོ་འགྲོ་རྒྱུ་ཡིན། ཁྱེད་ཀྱི་ལས་ཀ་ལ་བར་ཆད་བཟོས་པར་དགོངས་པ་མ་ཚོམ། ཁྱེད་ཅག་གི་ལས་ཞུགས་ཡུལ་དངོས་ལ་བལྟས་ན་ཆོག་གམ། ང་ཚོ་ལ་བལྟ་འདོད་ཡོད་པས།”

ཁ་ཕྱོགས། “ཨུན་་་དེ་ཆོག་ནི་རེད། ཧུ་ཧུ་བདེ་མོ་བྱོས། ཁོམ་པ་ཡོད་ན་ཤོག” (གོང་གི་ཁ་བརྡ་འདི་ནི་ཡུལ་དངོས་ལ་སོང་བའི་ཉི་མ་དེའི་སྒྲ་ཟིན་ངོ་མ་ཡིན་པས། འཕྲི་བསྣོན་དང་བསྒྱུར་བཅོས། སྒྲོ་བཟོ་སོགས་ཅི་ཡང་མེད།)

11181857_898559446898964_513547947509510669_nཁ་བརྡ་བྱས་ཚར་རྗེས་ང་ཚོ་འཕྲུལ་ཆས་བཀོལ་ཡུལ་དེར་སོང་བ་ཡིན། དེ་ན་བོད་རིགས་ཤིག་ཡོད་པ་དེར་ཁ་བརྡ་བྱས་པ་ཡིན་མོད། ཁོས་ང་ཚོ་ལ་སྡང་སྡིག་ཙམ་སྟོན་གི་འདུག ཁོས་སྟོད་ལ་ནག་པོ་ཞིག་གྱོན་ཞིང་ཀོ་ལྷམ་ཞིག་ཀྱང་གྱོན་ཡོད། གྲོགས་པོ་ཨ་ཁྲིས“བོད་མ་གཏོགས་ཀོ་ལྷམ་གྱོན་ནས་ལས་ཀར་ཞུགས་པ་ཞིག་གང་ན་ཡོད།”ཟེར་ནས་ཀུ་རེ་བཤད་པ་ཡང་བདེན་ཤོས་ཆེ། ང་ཚོའི་ཁོའི་སར་བཅར་ན་ཁོ་རང་དོགས་བདེ་གི་མེད་པ་འདྲ། ཁོ་ཚོས་རྣོ་ལྕགས་ཀྱི་སྦུ་གུ་མཐུད་ནས་ས་འོག་གི་རྡོ་འཇུབ་ཀི་ཡོད་པ་དེ་རིག་བྱུང་། དེ་ཡི་སྟེང་དུ་ཨང་ཀི་མང་བོ་བྲིས་ཡོད། དེ་ནི་ཐེངས་འདིར་བླངས་པའི་རྡོ་རེད། རྡོ་གཞན་དང་མི་འདྲ་བར་ལྕི་མོ་ཞིག་རེད། ལྕི་ལེ་ཕྱེད་ཙམ་མཚམས་ཀྱི་རི་འདབས་ནས་ཆུ་དྲངས་ཤིང་། ཆུའི་ནང་དུ་སྣབས་འདྲ་བ་ཞིག་སྣོན་གི་ཡོད། དེ་ཡང་གཏེར་རྡོ་ལེན་བྱེད་ཀྱི་རྒྱུ་ཆ་ཞིག་ཡིན་ཟེར། ཕྱི་དྲོ་ཆུ་ཚོད15:00ཡས་མས་ཤིག་ལ་ང་ཚོ་ཕྱིར་བསྐྱོད་པ་ཡིན།

དར་གོས་ཚོང་ལམ་སྟེང་གི་ཕྱི་གླིང་བ་གདོན་འདྲེ”«丝绸之路上的外国魔鬼»ཟེར་བ་དེ་དབྱིན་ཇིའི་རྩོམ་པ་པོ་གྲགས་ཅན་ཞིག་གིས་བཤད་པ་རེད། ཀྲུང་གོ་བ་ཚོས་ཀྱང་སྐད་ཆ་འདི་རྒྱུན་པར་སྤྱོད་ཀི་ཡོད་པ་རེད། དེ་ནི་སཱི་ཐན་ཡཱིན斯坦因ལ་བཤད་པ་རེད། སཱི་ཐན་ཡཱིན་གྱིས་ཏུན་ཧོང་རྫོང་གི་ས་ཐོག་ཏུ་ཡོད་པའི་ཏུན་ཧོང་བྲག་ཕུག་ནས་ཝང་ཏོ་ཧྲི王道士ལ་བརྔན་པ་བརྫངས་ཏེ་རིག་དངོས་མང་བོ་ཁྱེར་སོང་བ་རེད། དེ་བས་ཁོ་ལ“དར་གོས་ཚོང་ལམ་སྟེང་གི་ཕྱི་གླིང་བ་གདོན་འདྲེ”ཞེས་པའི་ཆོ་ལོ་ཐོབ་སོང་བ་ཡིན་ལ། དེ་དང་ཆབས་ཅིག་ཝང་ཏོ་ཧྲི་ལའང་རྒྱལ་འཚོང་བ卖国贼ཞེས་པའི་མིང་ལྕི་མོ་དེ་ཁེལ་སོང་བ་རེད།

12038175_898559460232296_8767596149465033970_nདེས་ན་ང་ཚོས་ཥ་ཐཱོ་རྫ་རྒན་གྱི་འདབས་བརྐོ་མཁན་དེ་དག་ལའང“ཥ་ཐཱོ་རྫ་རྒན་ཐོག་གི་ནང་ལོག་གདོན་འདྲེ”(哈图神山上的魔鬼)ཟེར་ན་ཏན་ཏན་ཆོག་སྟེ། དེ་ནི་བལྟོས་བཅོས་རིང་ལུགས་པའི相对主义ཁྱབ་ཁོངས་ནས་བཤད་པ་ཡིན་ལ་ཧ་ཅང་འགྲིག་གོ། སྡེ་མི་འབྲུག་བྱམས་ཚེ་རིང་ཟེར་བ་དེ་ཡང་ཝང་ཏོ་ཧྲི་དང་མཉམ་པོ་ཡོད་པ་རེད། ཁོང་ཚོ་ནང་བཞིན་བྱས་ན། གཏེར་ཁ་འཚོལ་ཞིབ་པ་དང་སྦྱོར་བ་དངོས་ལ་བལྟས་ན་གཏེར་ཁ་བསྔོག་ཞིབ་པ་འདི་ཚོ་ནི། མདོར་དེད་ན་གཏེར་ཁ་བརྐོ་མཁན་དང་། རང་བྱུང་ཁམས་ཀྱི་ནང་སྙིང་འབྲུ་མཁན་ཏག་ཏག་རེད། བསམ་བློ་ཐོངས་དང་། ང་ཚོའི་ཕ་མེས་ཡང་མེས་དག་གིས་ལོ་ངོ་མང་བོའི་རིང་འདིར་རང་བྱུང་རི་ཆུ་ལ་མཆིལ་མ་ཙམ་ཡང་མ་བཏབས་པར་ད་རེག་བར་གཅེས་ཏེ་ཡོང་བ་རེད།

མཚོ་སྔོན་པོའི་འགྲམ་བརྒྱུད་དུ་གནས་བཅས་པའི་ས་གནས་འབྲོག་མི་འདི་དག་ནི་ད་གཟོད་གནས་འདིའི་རི་ཆུ་ནགས་གསུམ་ལ་དགའ་མཁན་དང་སྲུང་མཁན་ཁོ་ན་དེ་ཡིན་ལ། འདི་ལྟ་བུའི་འབྲོག་ལས་མི་རིགས་ཀྱི་དྲིན་ལ། ད་ལྟ་ད་དུང་ཡང་སའི་གོ་ལའི་རང་བྱུང་གི་གཏན་ཚིགས་ལ་གོལ་ཆགས་མ་ཐེབས་པའི་ས་ཆ་འགའ་གསོན་པོར་གནས་ཡོད་པ་རེད། ཁོང་ཚོ་མིན་ན། ད་ལྟ་སའི་གོ་ལའི་སྟེང་གི་རང་བྱུང་གི་རི་ཆུ་འདི་དག་གསོན་ཐུབ་ཡོད་དམ། འདི་འདང་ང་ཚོས་རྒྱག་དགོས་ས་ཞིག་རེད། འདིས་ནི་འབྲོག་མིའི་གོམས་སྲོལ་རིག་གནས་ཤིག་གི་སྙིང་སྟོབས་མཚོན་པ་ཡིན་པས། འདི་ང་ཚོས་ཤེས་དགོས་པ་ཞིག་རེད།
ཐེངས་འདིའི་རྫ་རྒན་རི་བརྒྱུད་བརྐོ་བའི་བྱ་བྱེད་འདི་ཐད་གར་སའི་གོ་ལའི་རང་བྱུང་གཏན་ཚིགས་ལ་གནོད་པ་ཐེབས་པའི་བྱ་བྱེད་ཅིག་ཡིན་པས། ངེས་པར་མཚམས་འཇོག་པའི་རེ་བ་བཏོན་པ་ཡིན། སྐད་ཆ་འདི་ལྕི་སོང་ན་ཐང་མོད། ང་ཚོ་ལ་སྐད་ཆ་འདི་བཤད་པའམ་རེ་བ་འདི་འདོན་པའི་ཐོབ་ཐང་ཏན་ཏན་ཡོད་པ་ཡིན། རྒྱུ་མཚན་ང་ཚོས་ད་རེག་བར་གཏེར་ཁ་བསྔོག་ཆེད་དུ་ས་ཁེམ་བུ་གང་ཡང་བརྐོས་མྱོང་མེད།

12036989_898559480232294_7276290125140861820_nདྲང་མོར་བཤད་ན། ཥ་ཐཱོའི་རྫ་རྒན་ནི་མཚོ་སྔོན་པོའི་ཉིན་ལུང་འཁྱོམས་བཟའ་གཉི་གས་མི་གྲངས་ཁྲི6ལྷག་གིས་“ཡོད་དུས་མཆོད་ཡུལ་དང་མེད་དུས་བཀུར་ས”ཞིག་ཡིན་པས། རང་གི་གཞི་བདག་གི་ནང་ཁྲོལ་འབྲུ་བ་འདི་ངེད་ཅག་ལ་མཚོན་ན་དལ་མོས་སྙིང་སྟོབས信仰精神བགོག་སོང་བ་ཡིན་ལ། དེ་ལྟ་བུའི་དལ་མོས་སྙིང་སྟོབས་ནི་ངེད་ཅག་གི་ཚེ་སྲོག་ཅིག་ཅི་ལ་མིན། ཉེ་དུས་ནང་ལོག་གི་ས་ཆ་ཁག་ནས་ཟམ་བརྡིབས་པ་དང་། ས་འགུལ་བ། ལམ་མནུར་བ་སོགས་ཀྱང་རང་བྱུང་ཁམས་ཀྱི་གཏན་ཚིགས་ལ་འབྲེལ་ཆེ་བ་རིག་པས་དཔོགས་ཐུབ་པ་ཞིག་ཡིན་སྐོར་ཐོས་ཐུབ། གང་ལྟར་ཀྱང་། ཁ་བཏགས་མདོག་མཁན་གྱི་བླ་མ་དེ་དང་། ས་འཚོང་མཁན་གྱི་འབྲོག་དམངས་དེ། ད་དུང་ངོ་བཏུམ་པའི་རྒྱ་མ་བོད་དེ་ཚོ་ནི་ཐེངས་འདིའི་ཥ་ཐཱོ་རྫ་རྒན་གྱི་ནང་ཁྲོལ་འབྲུ་བའི་བྱ་འགུལ་ཁྲོད་ཀྱི་ས་གནས་རང་གི་མི་སྣ主角གལ་ཆེན་ཁག་ཅིག་ཡིན་སོང་བ་འདི་ལ་ཞེ་གཏིང་ནས་མེར་ལ་ནང་སྒོས་མང་ཚོགས་གཅུ་བྱེད་ཀྱི་སྐམ་པར་གྱུར་བའི་བླ་མ་དེ་ལ་ལྷག་ཏུ་ཡི་མུག་གོ།

འདྲ་པར་ཁག་ཅིག་གི་འགྲེལ་བཤད།
༡) ངའི་ཕ་ཡུལ་དབྱར་ས་ནས་མཐོང་བའི་ཥ་ཐཱོ་རྫ་རྒན་གྱི་གཟུགས་རིས།

༢) མཚོ་སྔོན་པོའི་འགྲམ་རྒྱུད་དུ་ཡོད་པའི་རི་བོ་ཥ་ཐཱོ་རྫ་རྒན་གྱི་འགྲམ་ངོས།

༣) ཐེངས་འདིའི་རྫ་རྒན་རི་བརྒྱུད་བརྐོ་མཁན་གྱི་ཆེད་སྤྱོད་འདྲུད་སྐྱེལ་རླངས་འཁོར།

༤) 钻机ཟེར་བའི་ལག་ཆ་འདི་སྤྱད་དེ་ད་སྔ་རྨི116ས་འོག་ཏུ་བརྟོལ་ཡོད།

༥) ཐེངས་འདིའི་གཏེར་བརྐོ་ས་ཚིགས་ན་འཕྲུལ་ཆས་ཀྱི་མགོར་བཏགས་ཡོད་པའི་ཁ་བཏགས་དཀར་པོ།

༦) ཐེངས་འདིར་ས་འོག་ནས་འཇུབ་ཀྱིན་པའི་གཏེར་རྡོ། སྟེང་གི་གྲངས་ཀས་ནི་རྙེད་པའི་དུས་ཚོད་མཚོན་པ་ཡིན།

ཐེངས་འདིའི་རྒྱུ་ཆ་དང་སྒྲ་ཟིན། བརྙན་ཟིན་ལེགས་སྒྲིག་དང་རྩོམ་སྒྲིག་པ་ཨ་ཁྲི་ཡིན།
༢༠༡༥/༡༠/༢༣ ཉིན་དྲ་ལམ་དུ་བཀོད་པ་ནས་འདྲེན་འགོད་བྱས།

གསར་འགྱུར།

Post navigation

Previous Post: བོད་ཕྱི་ནང་གཉིས་སུ་ཀླུ་མཁར་བྱམས་ལ་ཕུལ་བའི་སྙན་ངག་ཚན་བཤུས།
Next Post: བོད་ཕྲུག་ཁྱིམ་སྡེའི་ངོ་གདོང་།

Comments (6) on “ལྕགས་ཀྱི་གཏེར་རྫས་བསྔོག་ཞིབ་པ་ཐོན་འདུག”

  1. སྤོབས་པ་མཐའ་ཡས། says:
    2015-10-25 at 1:18 am

    ངའི་ཕ ཡུལ་ན་གཞི་བདག་གི་རི་རྩེའི་ལ་བཙས་རྙིང་པ་རིག་གནས་གསར་བརྗེའི་སྐབས་ལ་ཡང་བཏང་སྙོམས་སུ་བཞག་པ་དེ་ཚོ་ད་ལྟ་མར་བཤིགས། དེའི་འོག་གི་ས་ཡར་བསྔོགས་བཞག་པ་མང་པ་མཐོང་རྒྱུ་འདུག རྣམ་རྟོག་ལངས་དགོས་པ་ཞིག་འདུག

  2. ཁྱུང་སེ། says:
    2015-10-25 at 3:03 am

    རང་བྱུང་གི་གཏེར་ཁ་དེ་ཚོ་བསྔོགས་ནས་མི་ལ་ཕན་ཐོགས་པའི་བེད་སྤྱོད་བྱས་ན་ཡག་གི་རེད། དེ་མིན་ལྷ་ཀླུ་གཞི་བདག་འཁྲུགས་ཀྱི་རེད་ཟེར་བ་དེ་ཚོ་ཅི་མི་ཤེས་་་རྣམ་རྟོག་ཅན་ལ་འདྲེ་མང་་་ཟེར་བ་ལྟར་རེད། རིག་གནས་གསར་བརྗེའི་སྐབས་སུ་ལྷ་ཀླུ་གཞི་བདག་དགོན་པའི་དཀོར་བདག་ལྷ་སྲུང་དེ་ཚོ་ལ་འོ་བརྒྱལ་ཆེ་ཙམ་བཟོ་ཡོད་བཟོ་འདུག དེང་སང་ཡང་ཡར་ཕེབས་ཡོད་པ་འདྲ། དེ་མིན་དེ་དུས་གོ་རྒྱུ་ཐོས་རྒྱུ་མི་འདུག

  3. ཀརྡོ་གཉེར་ཕྱག་པ་ says:
    2015-10-25 at 6:00 am

    ཁ་བཏགས་ཤིག་བཏག་པ་ཙམ་གྱིས། བཟང་རྟགས་ཆུང་ཆུང་ཅིག་རེད། གཞན་གང་ཡང་མི་ཤེས།

  4. ཇུང་ཏོག་ says:
    2015-10-25 at 7:35 am

    ལྷ་མེད་འདྲེ་མེད་སྨྲ་བའི་ཆོས་མེད་ཀླ་ཀློ་རྒྱ་འདྲེ་དེ་ཚོའི་དངུལ་གྱི་ཆེད་དུ་ཅི་ཡང་བྱེད་སྲིད་པས་ ད་མིག་ཡོད་མཁན་ཚོའི་མིག་བལྟ་ནས་སྡོད་རྣ་ཆོག་ཡོད་མཁན་ཚོའི་ཉན་ནས་སྡོད་དང་བལ་ཡུལ་ལ་བྱུང་བའི་ས་ཡོམ་དེ་ལས་ལྔ་འདབ་ཅན་ཞིག་རྒྱ་ནག་ལ་ཡོང་བའི་སྔ་བལྟས་མི་འདུག་གམ་།

  5. ཀརྨ་བློ་གསལ་ says:
    2015-10-25 at 8:22 am

    ད་རྒྱ་ནག་རྩ་ཁྲིམས་འོག་ཏུ་སྡོད་མཁན་ཚོའི་སེམས་ནང་དྲོད་ཅིག་ལངས་ནས་བསྡད་ཡོད་ཤག

  6. གཅན བཟོད་རྒྱམ། says:
    2015-10-25 at 5:42 pm

    ངས་ཀྱང་རྩོམ་ཡིག་འདི་གལ་ཆེན་དུ་མཐོང་ནས་ཁ་བརྡར་བསྐུར་ཟིན་མོད། འདིར་སྔ་ས་ནས་བཀོད་ཚར་འདུག

    ངས་ལྟ་སའི་རྩོམ་ཡིག་འདིའི་དྲ་ཐག་འདིར་འདུག http://mp.weixin.qq.com/s?__biz=MzA5MDI3NjQxOQ==&mid=402062764&idx=1&sn=9b4773d1a3e95aaf522ef273aa366a6a&scene=2&srcid=1024SG0z14YAN1tmEx8mAwbp&from=timeline&isappinstalled=0#rd

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme