Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལས་མེད་ཚོའི་དགོས་མེད་ཀྱི་སེམས་འཚབ་ལྷག་མ།

Posted on 2010-04-102010-04-10 By ཁ་བརྡ་ 7 Comments on ལས་མེད་ཚོའི་དགོས་མེད་ཀྱི་སེམས་འཚབ་ལྷག་མ།

ཤ་ཀླན་འཇམ་དབྱངས་གྲགས་པས།

ཨ་རིའི་རྩོམ་པ་པོ་ཨེ་ལེན་སྒ་ལ་སི་སྒོ་ཡི་གསུང་”འགྱུར་བ་ཚང་མ་འཕེལ་རྒྱས་མིན།
འགུལ་སྐྱོད་ཐམས་ཅད་མདུན་སྐྱོད་མིན།”(བུ་ཆུང་ཚེ་རིང་ལགས་ཀྱི་ཊ་ཝེ་ཊར་ནས་བཤུས)

ང་ཚོ་ལ་གཞན་གྱི་དེ་མཆོག་དང་རང་གི་དེ་དམན་པ་འཛིན་པའི་ལྟ་བ་ཤུགས་དྲག་པོ་ཡོད།
དེ་ནི་བོད་མི་ལ་བརྕི་འོས་པའི་ནོར་འཁྲུལ་བརྒྱ་སྟོང་ཡོད་པའི་ནང་ནས་ཨང་དང་པོ་དེ་བཞག་ནའང་མི་འགྲིག་མེད་སྙམ།
དེ་བས་དམ་པ་རྣམས་ཀྱི་ཕྱག་སྲོལ་ཡོད་ཚད་ནི་རྗེས་ལུས་དང་། ནོར་འཁྲུལ་ཅན་འབའ་ཞིག་ཏུ་བརྩིས་རྐྱང་བྱས་ནས་དེ་ལ་ཡོ་བསྲང་རེ་བྱེད་པ་ནི་གསར་བརྗེ་དང་མདུན་སྐྱོད་ཡིན་སྙམ་བཞིན་ཡོད་པར་མ་ཟད། མི་ལོ་འདི་དག་གི་རིང་ཕྱག་སྲོལ་དེ་དག་ལ་བརྟེན་ནས་མི་ཚེ་རྫོགས་ལ་ཉེ་བའི་མཁས་དབང་དེ་ཚོས་ཀྱང་“དགྱེས་པའི་སྤྱན་གྱིས་གཟིགས་བཞིན་”ངོ་མ་དེ་ལ་གནས་ལུགས་ཡོད་ཚུལ་དང་འགྱུར་བ་དགོས་ཚུལ་འཆད་བཞིན་ཡོད། དོན་དངོས་སུ་ཁོ་ཚོ་རྙིང་ཞེན་པའི་ཆོ་ལོ་རག་ཡོང་དྲན་ནས་ཞེད་བཞིན་པ་ལས་ནོར་འཁྲུལ་ཡོད་པ་མཐོང་བཞིན་མེད་དེ། ཁོ་ཚོས་རང་གི་རྣམ་དཔྱོད་མེད་ན་མ་གཏོགས་ཡོད་ཚད་བཏོན་ཀྱང་མེས་པོའི་ཕྱག་སྲོལ་དེ་ཚོས་འདོད་པ་བཀང་ཐུབ་ཡོད་པས་སོ།།

དེང་སྐབས་ང་ཚོ་བཙན་བྱོལ་བ་ཆགས་ནས་ཡུན་རིང་སོང་ལ། སྔོན་གྱི་ལྟ་བའི་སྲོལ་རྒྱུན་དེའི་ཐོག་ནུབ་ཕྱོགས་ཀྱི་ལྟ་བ་ཁ་སྣོན་བྱུང་བས་དེ་ལས་ཀྱང་ཛ་དྲག་ཏུ་སོང་སྟེ།
སྔོན་རང་གི་དེ་དམན་པ་འཛིན་པའི་ལྟ་བ་ཡོད་པའི་ཐོག་སྙན་གྲགས་འཚོལ་འདོད་ཀྱི་འདུན་པ་ཞིག་ཀྱང་ལྐོག་ལྐོག་སུད་སུད་ལ་བྱུང་བས་ན་མེས་པོའི་ཕྱག་སྲོལ་ལ་བསྒྱུར་བཅོས་གཏང་རྒྱུ་ནི་བྱིས་པའི་རྩད་སྤྱད་ལས་ཀྱང་ལས་སླ་བ་ཞིག་རེད་དྲན་བཞིན་ཡོད། དེས་མ་ཚད་སྔོན་རྒྱ་གར་གྱི་ཡོད་ཚད་ལ་བསྟུན་མྱོང་བ་ལྟར་དེང་ཡང་ནུབ་གླིང་གི་ཡོད་ཚད་ནི་མཆོག་དང་དམ་པ་དང བླ་ན་མེད་པ་དང་། ཡར་ཐོན་དང་། མདུན་སྐྱོད་སོགས་མདོར་ན་སྐྱོན་དང་ནོར་འཁྲུལ་གྱི་དྲི་མས་མ་གོས་པར་མཐོང་བཞིན་ཡོད་ལ་དེ་དང་ཅུང་མི་འདྲ་བའི་རང་གི་ཡོད་ཚད་ནི་རྗེས་ལུས་དང་ཐ་ཤལ་དང་། བསྒྱུུར་བཅོས་གཏང་འོས་པར་བརྩིས་རྐྱང་བྱེད་བཞིན་ཡོད།
བསྟན་འཛིན་བདེ་སྐྱིད་ལགས་ཀྱི་བསམ་ཚུལ་འདི་ཡང་འདི་འདྲའི་རིགས་ཤིག་མིན་པའི་ངེས་པ་མེད་ལ། ཡང་ལྷག་བསམ་རྣམ་དག་གིས་ཡིན་པའང་སྲིད་པས་ཁ་ཚོན་གཅོད་ག་ལ་ཕོད། གང་ལྟར་ཀྱང་ངས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་འདོད་པའི་ཁ་ཕོ་འདོན་དོན་གཙོ་བོི་ནི་བསྒྱུར་བཅོས་འདི་དགོས་མེད་ཅིག་དང་།
འུ་ཚོའི་སྐད་ཡིག་ལ་འབྲེལ་མེད་དོན་གཞན་ཞིག་ཡིན་པས་ཡིན། དེ་ཡང་སྤྲོས་ཏེ་བཤད་ན། གལ་སྲིད་བོད་ཡིག་ལ་བྱང་ཆ་ཡོད་མཁན་ཞིག་ཡིན་ན་ནི་བར་སྟོང་བཞག་པའི་དགོས་པ་མེད་པར་ཐད་ཀར་ཀློག་ཐུབ་པ་ནི་འུ་ཚོར་རྒྱུས་ཡོད་ཡིན་ལ། གལ་སྲིད་བོད་ཡིག་ལ་བྱང་ཆ་མེད་ན་བར་སྟོང་བཞག་ཀྱང་གཅིག་མཚུངས་ཡིན་སྟེ་དབྱིན་ཡིག་ཀློག་མི་ཤེས་མཁན་ཚོས་ཀློག་སྟངས་ལ་ལན་གཅིག་གཟིགས་ན་མཁྱེན་ངེས།

དེ་མིན་དེང་སང་དབྱིན་ཡིག་གི་འགྲོས་དང་མཐུན་པར་བར་སྟོང(space)འདི་བོད་ཡིག་ལ་མེད་པར་སྙམ་པ་ཡིན་ན་ནི་ཤིན་ཏུ་ཐལ་བར་འགྱུར་ཏེ་ཚེག་འདི་དེའི་ཚབ་ཏུ་ཡིན། དབྱིན་ཡིག་གི་བར་སྟོང་གིས་གང་མཚོན་ཐུབ་པར་བོད་ཡིག་ནང་ཚེག་གིས་མཚོན་བཞིན་ཡོད། ཡང་བོད་ཡིག་སྐད་ཡིག་གཞན་ཚོ་ལས་ཀློག་ཁག་པ་བརྩི་བཞིན་པར་གཏན་ནས་མི་འཐད། མི་རིགས་གཞན་ཚོ་བོད་སྐད་ཡིག་ཀློག་པར་ཁག་པོ་ཡོད་ན་ཁོ་ཚོ་མ་གོམས་པས་ཡིན་སྲིད་པ་ལས་ང་ཚོ་ནི་ང་ཚོའི་སྐད་ཡིག་ལས་ཀློག་སླ་བ་ཞིག་མེད། ཁོ་བོ་ཆུང་དུས་བོད་ནས་སློབ་གྲྭར་བསྐྱོད་སྐབས་རྒྱ་ཡིག་དེ་འབྲི་ཀློག་ཁག་ཤོས་ཡིན། སྡོམ་ཐག་ལྟ་བུའི་ཡི་གེའི་ཡན་ལག་དེ་ཚོི་གཅིག་ལས་གཅིག་འདྲ་ཆེ་བས་ངོས་ཡག་པོ་ཞིག་འཛིན་མི་ཐུབ། དེང་སང་ཁོ་བོའི་སྲིང་མོས་འཛིན་རིམ་གསུམ་པར་འདོན་བཞིན་ཡོད་ལ། དབྱིན་ཡིག་ལས་བོད་ཡིག་གི་ཆུ་ཚད་མཐོ་བར་མ་ཟད། བོད་ཡིག་འབྲི་ཀློག་ལ་དཀའ་ངལ་ཅི་ཡང་མི་འདུག དེ་བས་ངས་ནི་རྒྱུ་མཚན་འདི་དག་ལ་བརྟེན་ནས་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་“གསར་བརྗེ”ལ་ཡི་རངས་བྱེད་མི་ཐུབ་ལ་བཙན་བྱོལ་གཞུང་དང་། ཚོགས་པ་ཁག་གང་གིས་རྒྱབ་སྐྱོར་བྱས་སྟེ་འདི་ལས་འགུལ་གྱི་ཚུལ་དུ་སྤེལ་རུང་མཐའ་གཅིག་ཏུ་རྒྱབ་གཏོད་རྒྱུ་མ་ཟད།
ལས་འགུལ་འདི་ལ་ངོ་རྒོལ་བྱེད་མཁན་སུ་ཡོད་ཟེར་ན་ཚམ་ཚོམ་མེད་པར་ངས་ལག་པ་དང་པོ་དཀྱག་རྒྱུ་ཡིན།

རྩོམ་རིག

Post navigation

Previous Post: བོད་ཀྱི་སྐད་ཡིག་གི་དཀའ་ངལ་གླེང་བ།
Next Post: བོད་མི་ཚོ་། ཧུའུ་ཁྲག་འཐུང་ལ་ངོ་རྒོལ་བྱེད་དུ་ཤོག

Comments (7) on “ལས་མེད་ཚོའི་དགོས་མེད་ཀྱི་སེམས་འཚབ་ལྷག་མ།”

  1. སྐྱབས་བཅོལ། says:
    2010-04-10 at 2:33 pm

    བུ་མོ་བསྟན་འཛིན་བདེ་སྐྱིད་ཉམས་ཞིབ་པ་ཞིག་མིན་པའི་དབང་དུ་བཏང་ན་ཡང་།
    བོད་ཀྱི་སྐད་ཡིག་ཐོག་འབྲི་ཀློག་འཕེར་ངེས་ཙམ་ཡོད་པ་ཞིག་ཡིན་ན།
    དགོངས་ཚུལ་འདི་གཏན་ནས་ཡོང་མི་སྲིད་ལ་ཡོང་མི་ཤེས་པ་ཞིག་རེད། ཅི་སྟེ། བོད་ཡིག་ཤེས་ཚད་ཡར་རྒྱས་གཏོང་རྒྱུ་དང་གོ་དོན་བདེ་བླག་ཏུ་རྟོགས་ཐབས་སོགས་ལ་དགོངས་པ་བཞེས་ཡོད་ན་ནི། ཚིག་གི་གཅོད་མཚམས་སུ་བར་སྟོང་བཞག་ཀྱང་ཕན་འབྲས་ཐོན་ཐབས་མེད་པ་ཞིག་ཟུར་བལྟས་ལེབ་མཐོང་རེད།
    ད་དུང་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པའི་བོད་ཀྱི་བཀའ་བསྟན་ཁག་དང་། རྒྱལ་རབས་ཆོས་འབྱུང་། ལོ་རྒྱུས་དེབ་ཐེར་སོགས་པར་དུ་འཁོད་ཟིན་པའི་རིགས་ཡོད་དོ་ཅོག་གསར་བརྗེ་བྱེད་དགོས། གང་ཡིན་ཟེར་ན། ཀློག་དགོས་པ་གང་ཞིག་ནང་དོན་ཁག་བདེ་བླག་ཏུ་རྟོགས་ཐབས་ལ་འབད་དགོས་པའི་ཕྱིར། མདོར་ན། དེ་ནི་ངལ་བའི་རྒྱུ་ལས་མ་འདས།
    དེ་མིན་བོད་ཀྱི་སྐད་ཡིག་ལ་ཡར་རྒྱས་གཏོང་རྒྱུ་གཞན་དང་གཞན་ཡོད་པ་ཡིན། བར་སྟོང་འཇོག་རྒྱུར་ཟེར་བ་དེ་བལྟས་ཚོད་ལ་བློ་ལ་འཐད་འཐད་དུ་མཐོང་ཡང་། དོན་དམ་དུ་སྙིང་པོ་རྩ་བ་ནས་མེད་པ་ཞིག་རེད་ཅེས་ཞུ་སྤོབས་བྲལ་ཡང་། གལ་ཆེ་དོན་ཆེར་དགོངས་ནས་བགྲོ་གླེང་ཤུགས་ཆེན་གནང་དགོས་པའི་གནད་དོན་གཅིག་མ་རེད། དེའི་ཐོག་དྲ་གྲོགས་མང་པོ་ཞིག་གིས་ཡར་བཤད་མར་བཤད་མང་པོ་གནང་སོང་ཡང་། ལག་ལེན་དུ་ཤོག་ངོས་གཅིག་ཙམ་ཡང་བསྟར་ཐུབ་མཁན་མེད་པར་འགྱུར་ངེས་རེད། །གཟིགས་དང་།
    ལོ་ངོ་བརྒྱ་ཕྲག་གཅིག་གི་རྗེས་སུ་ཡང་ད་མུས་བཞིན་འགྲོ་ངེས་རེད། གང་ཡིན་ཟེར་ན། དགེ་དང་སྐྱོན་གཉིས་ལས་སྐྱོན་གྱི་ཆ་མང་ཞིང་། བོད་ཀྱི་སྐད་ཡིག་གི་བླ་སྲོག་ལ་སྨན་པའི་དགེ་མཚན་ཆེས་ཉུང་བའི་ཕྱིར།
    དྲ་གྲོགས་ཚོའི་ནང་ལོ་བརྒྱ་ལྷག་བཞུགས་མཁན་བྱུང་ཚེ་སྐབས་དེ་དུས་གཟིགས་རོགས། །

    སྐྱབས་བཅོལ་བ་ང་ནི་རྒས་པོ་སང་འཆི་གནངས་འཆི་རང་ཡིན།།

  2. sonam says:
    2010-04-10 at 6:00 pm

    I don’t agree about the space in tibetan.Because Tibetan really doesn’t need it and It can’t help anything. If it helps to read tibetan Tsa will be useless in Tibetan language. Partiucally poeple can read Chinese and Thai even they don’t have Tsa as tibetan.

  3. ཤ་ཀླན་བུ says:
    2010-04-12 at 12:16 am

    རྣམ་པ་གཉིས་ཀྱིས་རྒྱབ་སྐྱོར་བྱེད་པར་ཐུགས་རྗེ་ཆེ་ཞུ་བ་ཡིན། གྲོགས་པོ་ཚོ། རིག་འབྱུང་དོན་བཀྲའི་རྩོམ་དེ་ལ་གཅིག་གཟིགས་དང། ངོ་མ་གོ་རྒྱུ་ཅན་ཞིག་འདུག

  4. མགོ་རུལ། says:
    2010-04-12 at 12:41 am

    བོད་ཡིག་ གི་ ཤེས་ཚད་ ཡོད་པ་ ཞིག་ ཡིན་ན་ བར་སྟོང་ དགོས་པའི་ བསམ་བློ་ སྐྱེ་ མི་སྲིད་ ཅེས་པ་ནི་ ངོ་མ་ འཇིག་རྟེན་ མགོ་མཇུག་ ལྡོག་པའི་ སྐད་ཆ་རེད། ངས་ བར་སྟོང་ དགོས་ཀྱི་འདུག་ ཟེར་བ་ དེ་ནི་ བོད་ཡིག་ འབྲི་ ཀློག་ སྦྱོང་ གསུམ་གྱི་ འགག་འཕྲང་ ནས་ ཐར་ ཟིན་པ་ ཚོའི་ ཆེད་དུ་ རྗོད་ཀྱིན་ མེད་པར། སློབ་ཆུང་ ནང་གི་ སློབ་མ་ མིང་ཚིག་ ཁྲི་སྟོང་ དུ་མར་ ཆ་རྒྱུས་ མེད་པས་ ཚིག་གྲུབ་ རིང་ཐུང་ གང་ཞིག་ ཡིན་ཡང་ མིང་ཚིག་ རེ་རེའི་ གོ་དོན་ མ་ཤེས་པས་ གཅོད་མཚམས་ མ་ཤེས་པར་ མགོ་ རྨོངས་བསྡད་ ཡོད་པ་ཚོའི་ ཆེད་དུ་ སྐད་ཆ་ བཤད་ཀིན་ཡོད། རིག་པའི་ གཞུང་ལུགས་ གང་ཞིག་ སྦྱོང་ན་ཡང་ སློབ་གསོའི་ བྱེད་ཐབས་ ཡར་རྒྱས་སུ་ ཕྱིན་པའི་ རྒྱལ་ཁབ་ ཅིག་ ཡིན་ཕྱིན་ ལས་དང་པོ་བར་ ལས་དང་པོ་བའི་ ཆེད་དུ་ སློབ་གསོའི་ མ་ལག་ བཀོད་སྒྲིག་ བྱས་དང་ བྱེད་བཞིན་ ཡོད་པས། ང་ཚོས་ཀྱང་ ལོ་ངོ་སྟོང་གི་ ཨུ་ཚུགས་ བཙན་པོ་ དེ་ ད་དུང་ མིག་བཙུམས་ནས་ རང་རང་གི་ བྱིས་པ་ཚོའི་ སྟེང་དུ་ བཙུམས་ནས་ འདུག་རན་ མ་ཡིན་པས། སེམས་ ཞིབ་མོས་ བར་སྟོང་ཅན་གྱི་ ཀློག་སྟངས་འདིས་ བྱིས་པ་ཚོར་ བོད་ཡིག་ ཀློག་བདེ་ གོ་བདེ་ ཞིག་ ཡོང་བར་ འབད་བརྩོན་བྱེད་ དགོས་ཀྱི་འདུག་ ཟེར་བ་ཡིན།

  5. མགོ་རུལ། says:
    2010-04-12 at 12:42 am

    ད་དུང་ རང་རང་གི་ བྱིས་པ་ཚོའི་་་

  6. ཤ་ཀླན་བུ says:
    2010-04-12 at 1:19 am

    མགོ་རུལ་ལགས་ཀྱིས་རང་གི་བསམ་ཚུལ་གསུངས་པ་ཐུགས་རྗེ་ཆེ། རེད་ཡ་ང་ཚོས་བོད་ཡིག་གསར་སློབ་པ་རྣམས་ལ་སེམས་ཁུར་བྱེད་ལོས་ཀྱང་དགོས། དེ་བས་ཁྱེད་ཀྱི་ཐབས་ལམ་དེའང་ལེགས་སྲིད་པས་ལག་ལེན་དང་ཚོད་ལྟ་ཞིག་ཆོག་ཆོག་རེད། ད་དུང་བཅད་མཚམས་ཀྱི་ཚེག་དེ་མེད་པར་བྱས་ན་ལྟ་བདེ་བོ་དང་ཀློག་བདེ་བོ་ཡོང་ས་རེད། དཔེར་ན།བོད་ཡིག གི ཤེས་ཚད ཡོད་པ་ལྟ་བུ། ཨཨཨཨཨཨ་ང་ལ་ནི་ཇི་འདྲ་བྱས་ཀྱང་བདེ་བོ་མི་འདུག ད་མི་བཤད། ངས་དེ་ལག་ལེན་ཡང་བྱ་རྒྱུ་མིན། ངས་དེ་ལག་ལེན་བྱས་ཚེ་རང་ཉིད་བོད་ཡིག་གསར་སློབ་པ་ཞིག་ཆགས་རེད། དེ་ལས་རིག་འབྱུང་དོན་བཀྲའི་རྩོམ་དེ་ལ་གཅིག་ལྟོས་དང། ཁྱེད་ལའང་བློ་བསྐྱེད་ཡོད་སྲིད་པ་རེད།

  7. ཤ་ཀླན་བུ says:
    2010-04-12 at 1:26 am

    སྙན་ངག་འདི་བྲིས་ནས་ལོ་གཅིག་འགྲོ་གྦས་འདུག་ཀྱང་ད་དུང་བྲོ་བ་འདུག།

    སྒྲོལ་མས་བོད་ཡིག་རྙོག་དྲ་ཚ་བོར་མཐོང་།
    ཁོ་མོས་ཟེར་ན།
    བོད་ཡིག་གི་གསལ་བྱེད་མང་དྲག་འདུག་ཟེར།
    ད་དུང་དབྱངས་ཡིག་རྣམས་ཟང་ཟིང་ཆེ་འདུག་ཟེར་ལ།
    མགོ་འདོགས་དེ་དག་གྲལ་བསྟར་གཅིག་ཏུའང་མི་འདུག་ཟེར།
    དེ་ཙམ་གྱིས་ཅི་ལ་ཚད།
    ཨ་དེ་qལས་རྡབ་འགྱུར་གྱིས་ག་གུག་མང་བ་དང་།
    ཉ་དང་ཏ་ཧ་གསུམ་གྱི་རྔ་མ་རིང་དྲག་འདུག་ཟེར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme