Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐད་འཕྲིན་ནང་གི་བཀའ་སྤྱི་གཉིས་ཀྱི་འོས་མི་རྣམ་པར་ཐུགས་སྣང་གཞེན་སྐུལ།

Posted on 2015-10-162015-10-16 By ཁ་བརྡ 1 Comment on སྐད་འཕྲིན་ནང་གི་བཀའ་སྤྱི་གཉིས་ཀྱི་འོས་མི་རྣམ་པར་ཐུགས་སྣང་གཞེན་སྐུལ།

unnamed—-ཏྲེ་ཧོར་ཐུབ་བསྟན།

 
ཉིན་བཞིན་སྒེར་གྱི་གནས་ཚུལ་ཁྱབ་སྤེལ་དང་ལྟ་ཀློག་གི་ནུས་པ་ཇེ་ཆེར་འགྲོ་བཞིན་པའི་དེང་རབས་བརྡ་འཕྲིན་ཅན་གྱི་འགྲན་རྩོད་ཁྲོད། རླུང་འཕྲིན་དང་བརྙན་འཕྲིན། ཚགས་ཤོག་སོགས་སྲོལ་རྒྱུན་བརྒྱུད་ལམ་གྱི་ནུས་པའང་རིམ་བཞིན་ཇེ་ཆུང་དུ་གྱུར་ཏེ། མི་རེའི་ལག་ཏུ་ཐོགས་པའི་ཁ་པར་ཆུང་ཆུང་ཞིག་གི་ནང་འཛམ་གླིང་ལག་མཐིལ་དུ་བཞག་པ་ལྟར། བཟང་ངན་གྱི་གནས་ཚུལ་ཐམས་ཅད་སྟབས་བདེའི་ངང་ཤེས་རྟོགས་བྱ་ཐུབ་པའི་ད་ལྟའི་ཆར། བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་མིག་དང་ཨ་མཆོག་ལག་པས་བཀག་ཀྱང་མི་ཁོག་པ་ནི། སྐད་འཕྲིན་ནང་གི་ཕྱི་ལོ་༢༠༡༦ ལོའི་བཀའ་སྤྱི་གཉིས་ཀྱི་འོས་མིའི་གསལ་བསྒྲགས་དང་གཏམ་བཤད་དག་རེད། འདི་ནི་དགའ་འོས་པ་ཞིག་ཀྱང་ཡིན་ཏེ། དུས་རབས་འཕོ་འགྱུར་གྱི་འགྱུར་ལྡོག་དང་འགྲོགས་ཏེ་བཙན་བྱོལ་བོད་མིའི་མང་གཙོའི་ཁྱད་ཆོས་སྒོ་ཀུན་ནས་ལྷང་ལ་བུད་བཞིན་ཡོད་ལ། འོས་མི་རུ་བཞེངས་མཁན་དག་གི་ངོས་ནས་བཤད་པ་ཡིན་ནའང་། དུས་ཡུན་ཐུང་ངུའི་ནང་དཀའ་ཚེགས་ཅི་ཡང་མེད་པར་ཡུལ་དུས་མི་གཅིག་པའི་ས་གནས་འདྲ་མིན་གྱི་མི་ཚོགས་ནང་གཏམ་བཤད་དང་། ཁྱབ་བསྒྲགས་གང་འདོད་བྱ་ཐུབ་ཀྱི་ཡོད།
ཡིན་ནའང་དེ་དང་དུས་མཚུངས་དོགས་ཟོན་བྱ་དགོས་པའི་གནས་ཚུལ་གཞན་ཞིག་ཡོད་པ་ནི། སྐད་འཕྲིན་བརྒྱུད་ལམ་དུ་བཙན་བྱོལ་བོད་མི་ནང་ཁུལ་གྱི་བཀའ་སྤྱི་གཉིས་དང་འབྲེལ་བའི་ཆབ་སྲིད་ཀྱི་སྐད་ཆ་གང་དྲན་བཤད་བཞག་པ་ཡིན་ན། ཕར་ཕྱོགས་རྒྱ་ནག་པོའི་གཞུང་གིས་ཨ་མཆོག་ཚུར་གཏད་མི་དགོས་པར། ང་ཚོའི་སྨྲ་ལྕེ་ཁོང་ཚོའི་ཁ་ནང་དུ་བཞག་པ་དང་གཅིག་མཚུངས་ཆགས་ཡོད་པའང་ངེས་པར་དུ་ཤེས་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད།

<<སྐད་འཕྲིན>>་ཞེས་པ་ནི་རྒྱ་ནག་སྐམ་སའི་“ཐང་ཞུན”་བརྡ་འཕྲིན་བཟོ་གྲྭས་གསར་བཟོ་བྱས་ཏེ་ཕྱི་ལོ་༢༠༡༡ ལོའི་ཕྱི་ཟླ་༡ པོའི་ནང་དངོས་སུ་ཚོང་འགྲེམ་བྱས་པའི་སྤྱི་ཚོགས་འབྲེལ་མཐུད་བརྒྱུད་ལམ་ཞིག་ཡིན་ལ། འདས་པའི་མི་ལོ་བཞི་ལྷག་གི་རིང་སྤྱོད་མཁན་གྱི་དགོས་མཁོ་དང་འཚམ་པའི་གཉེན་ཆས་ཀྱི་མ་ལག་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། ད་ལྟའི་ཆར་འཛམ་གླིང་ས་ཕྱོགས་གང་སར་སྐད་འཕྲིན་ཐོ་འགོད་ཡོད་པའི་མི་གྲངས་དུང་ཕྱུར་དྲུག་ཡོད་པའི་ཁྲོད། སྤྱོད་མཁན་དུང་ཕྱུར་བཞི་དང་བྱེ་བ་བཞི་ལྷག་གིས་རྒྱུན་སྤྱོད་བྱེད་བཞིན་པའི་གསལ་བསྒྲགས་སྤེལ་ཡོད་པས། འཛམ་གླིང་ནང་སྤྱོད་མཁན་མང་ཤོས་ཀྱི་སྤྱི་ཚོགས་འབྲེལ་མཐུད་དྲ་བ་ཞིག་ཏུ་གྱུར་ཡོད།

དེ་དང་དུས་མཚུངས་ངེས་པར་དུ་ཤེས་དགོས་པའི་གནས་ཚུལ་ཞིག་ནི། སྤྱིར་སྐད་འཕྲིན་ནི་གཞུང་འབྲེལ་མ་ཡིན་པའི་ཚོང་ལས་བཟོ་གྲྭའི་ཁོངས་སུ་གཏོགས་ཀྱང་། རྒྱ་ནག་སྐམ་སར་ཡོད་པའི་བརྒྱུད་ལམ་གང་འདྲ་ཞིག་ཡིན་ནའང་གཞུང་གིས་ལག་པ་འཆང་ཆོག་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་བསྙད་དེ་གནས་ཚུལ་གང་འདྲ་ཞིག་ཡིན་ནའང་ཞིབ་བཤེར་བྱ་ཆོག་གི་ཡོད། དེ་སྔོན་ཐེངས་འགར་རྒྱ་ནག་གཞུང་འབྲེལ་མི་སྣས་སྐད་འཕྲིན་སོགས་ཀྱི་མིང་དངོས་སུ་བཏོན་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་གནས་ཚུལ་རིགས་ཁྱབ་སྤེལ་བྱེད་ས་ཞིག་ཏུ་གྱུར་ཡོད་སྐོར་བརྗོད་པ་དང་། གལ་སྲིད་གནས་ཚུལ་དེའི་རིགས་བཀག་འགོག་དང་སྟངས་འཛིན་ཡག་པོ་མ་བྱས་ན་མཇུག་འབྲས་བཟོ་གྲྭའི་འབྲེལ་ཡོད་མི་སྣས་འགན་ཁུར་དགོས་པའི་ཉེན་བརྡ་བཏང་མྱོང་།

དེ་ལས་ཀྱང་དཔེར་མཚོན་གསར་ཤོས་ཤིག་ནི། ཉེ་ཆར་རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པའི་མང་གཙོ་དོན་གཉེར་བ་ཧུ་ཅཱ་ལགས་རྒྱ་ནག་གི་རྒྱལ་སྲུང་མི་སྣས་བཀག་ཉར་བྱེད་སྐབས། དེ་སྔོན་ཁོང་གིས་སྐད་འཕྲིན་ནང་བཤད་པའི་སྐད་ཆ་ཚིག་གཅིག་ཀྱང་མ་ལུས་པར་རྒྱལ་སྲུང་མི་སྣས་ཁ་ནས་ཐོན་སོང་ཞེས་བརྗོད་ཡོད་ལ། དེ་དང་རིགས་མཚུངས་པའི་གནས་ཚུལ་མང་པོ་ཞིག་གཞིས་ལུས་བོད་རིགས་སྤུན་ཟླའི་ནང་དུའང་བྱུང་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ཐའེ་ཝན་བདེ་འཇགས་ལྷན་ཁང་ནས་སྐད་འཕྲིན་ནི་རྒྱ་ནག་གསང་བའི་ལས་ཁུངས་ཀྱི་ལག་ཆ་ཞིག་ཆགས་ཡོད་པའི་སེམས་འཚབ་བྱེད་བཞིན་པ་མ་ཟད། ཐའེ་ཝན་སྲིད་གཞུང་གི་གཞུང་ཞབས་ལས་བྱེད་ཚོས་སྐད་འཕྲིན་བེད་སྤྱོད་མི་གཏོང་བའི་འབོད་སྐུལ་ཀྱང་བྱས་ཡོད། ཐའེ་ཝན་ལྟ་བུ་གནས་ཚུལ་མཁོ་སྒྲུབ་ཀྱི་ནུས་པ་ཆེན་པོ་ཡོད་པའི་སྲིད་གཞུང་ཞིག་གིས་གཞུང་འབྲེལ་གསལ་བསྒྲགས་སྤེལ་ཡོང་དུས། དེ་ནི་དོ་སྣང་ཆེན་པོ་བྱ་རིན་ཡོད་པའི་གནས་ཚུལ་ཞིག་ཡིན་པ་བཤད་མ་དགོས།

འོན་ཀྱང་། ང་ཚོ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཉེན་ཁ་དེ་དག་ཤེས་མཁན་མེད་པའམ་ཡང་ན་སྣང་མེད་དུ་བཏང་བ་ཞིག་ཡིན་མིན་གང་ལྟར་ཡང་། ཐ་ན་ཕྱི་ལོ་༢༠༡༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་མཁན་ཡན་ཆད་ནས་སྐད་འཕྲིན་ཚོགས་པ་ཁག་ཏུ་རང་ཉིད་ཀྱི་ཆབ་སྲིད་ལངས་ཕྱོགས་བརྟན་རབས་དང་། མ་འོངས་པའི་ལས་འཆར་ཡག་རབས། འདས་པའི་ཉམས་མྱོང་ཕྱུག་རབས་སོགས་མདོར་ན་ཁ་རུ་ཡོང་བའི་སྐད་ཆ་ཡོད་ཚད་བཤད་བཞག་ཡོད་ལ། དེ་ལས་ཀྱང་སྐབས་བཅུ་དྲུག་པའི་སྤྱི་འཐུས་འོས་མི་གསར་རྙིང་ཐམས་ཅད་ནང་གོ་སྐབས་མ་རག་ན་མ་གཏོགས་མ་ལེན་མཁན་ཞིག་ཧ་ལམ་མེད་པར། འཚང་ཁ་ཤིག་ཤིག་ངང་གཅིག་ལས་གཅིག་ལྷག་ཤ་སྟག་གིས། བཙན་བྱོལ་ནང་གི་ཆབ་སྲིད་དང་དཔལ་འབྱོར། ཤེས་ཡོན། ཆོས་ལུགས། ཁྲིམས་ལུགས་སོགས་འདས་མ་འོངས་ད་ལྟ་དུས་གསུམ་གྱི་གནས་ཚུལ་དྲང་ལྡོག་ཅི་རིགས་ནས་མ་ལུས་པར་བཤད་སོང་།

དངོས་གནས་རྒྱ་གཞུང་གསང་བའི་ལས་ཁུངས་ནས་བཙན་བྱོལ་བོད་མིའི་གཞུང་དམངས་གཉིས་ཀྱི་གནས་ཚུལ་བསྡུ་རུབ་བྱེད་བཞིན་པའི་དབང་དུ་བཏང་ན། སྐད་འཕྲིན་ནང་ན་རྒྱ་ནག་གཞུང་ལ་ཟ་རྒྱུ་དང་རྙེད་རྒྱུ་ཞིག་ཡོད་ཚོད་ཡིན། དེ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་ཐོག་འཛིན་པའི་མངོན་ལྐོག་གཉིས་ཀྱི་ཐབས་ཇུས་ལའང་བསྐྱར་ཞིབ་ཅིག་བྱས་ཏེ། སླར་ཡང་ནད་དང་འཚམ་པའི་སྨན་ཞིག་བསྟེན་ཆོག་ཆོག་ཅིག་ཏུ་གྱུར་ཡོད་པ་ནི། ངས་བཤད་པའི་རྒྱ་ནག་གཞུང་ལ་ཟ་རྒྱུ་ཞིག་ཡོད་པ་དེ་རེད་ལ། ང་རང་ཚོའི་ཤེས་འཇོན་གཉིས་ལྡན་དང་ལྷག་བསམ་ཟོལ་མེད་ཀྱི་སྟེང་དུ་སྤྱི་སེམས་རི་འདྲ་བ་ཡོད་པའི་བཀའ་སྤྱི་གཉིས་ཀྱི་འོས་མི་དག་གིས་སྣང་མེད་དུ་བཏང་བའི་འཐུས་ཤོར་གྱི་ཆའང་དེ་རེད། དེ་འདྲ་སོང་ཙང་། འོས་མི་སྒེར་པ་དག་ལ་མཚོན་ན། སྐད་འཕྲིན་རིན་པོ་ཆེའི་བཀའ་དྲིན་གྱིས་ཁྱབ་བསྒྲགས་ཡིད་ཚིམ་པ་རེ་བྱས་ཏེ། འོས་ཤོག་ཀྱང་གང་འཚམ་མང་དུ་སོང་བའི་ཁེ་ཕན་ཏན་ཏན་རག་ཡོད་སྲིད་ཀྱང་། སྤྱི་པའི་སྒྲིག་འཛུགས་དང་འཐབ་རྩོད་ཀྱི་ངོ་བོའི་ཐོག་ནས་གནས་ཚུལ་མང་པོ་ཞིག་དགྲ་བོའི་ལག་ཏུ་རིན་མེད་ངང་བསྐྱལ་བཞག་ཡོད་སྟབས། འདི་ནི་ཅིས་ཀྱང་འཐུས་ཤོར་ཞིག་ལ་ངོས་འཛིན་ཞུ་རྒྱུ་ཡིན།

གནད་དོན་འདི་དང་འཕྲོས་ཏེ་ཞོར་དུ་རང་ཉིད་དང་འབྲེལ་སྐད་འཕྲིན་སྐོར་གྱི་གནས་ཚུལ་འགའ་ཞུས་ན། སྤྱིར་ང་ནི་ཤེས་འཇོན་གང་ཡང་མི་ལྡན་པའི་བཙན་བྱོལ་བོད་མི་དཀྱུས་མ་ཞིག་ཡིན་ནའང་། བོད་སྤྱི་པའི་ཆེད་དུ་ཟེར་ན་ཧམ་བཤད་མིན་འགྲོ་སྟེ། རང་ཉིད་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པའི་གནས་སྟངས་ངོས་ཟིན་པའི་ཐོག་ནས། ད་ལྟའི་འ་ཆད་འུ་ཐུག་གི་གནས་སྟངས་འདིའི་འོག་རང་ནུས་ལ་དཔག་པའི་ཞབས་ཞུ་སྒྲུབ་འདོད་ཀྱི་སྐུལ་སློང་གཙང་མ་ཡོད་པའི་རྣམ་འགྱུར་ཟེར་ནའང་འདྲ། ཁས་ལེན་ཟེར་ནའང་འགྲིག གང་ལྟར་སྐབས་བཅུ་དྲུག་པའི་མདོ་སྟོད་སྤྱི་འཐུས་སུ་ལངས་རྒྱུའི་ཁྱབ་བསྒྲགས་ཤིག་སྤེལ་རྒྱུ་བྱུང་སོང་ལ། གཞན་དག་ལྟར་བཙན་བྱོལ་བོད་མིའི་ཕྱི་ནང་གི་ཆབ་སྲིད་དང་འབྲེལ་བའི་སྐད་ཆ་ཏོག་ཙམ་རེ་ངས་ཀྱང་བཤད་ཤེས།

ཡིན་ནའང་སྤྱི་དོན་ཁ་ལ་ཁྱེར། སྒེར་དོན་ཁོག་ཏུ་བཅངས། བོད་དོན་ཆུ་ལ་གཡུགས་བཞིན་པའི་བྱེད་པའི་བྱེད་སྟངས་འདིའི་རིགས་ལ་ཡི་མ་རངས་ཏེ། སྐད་འཕྲིན་ཚོགས་པ་ཁག་གི་རེ་སྐུལ་དང་ལེན་མ་བྱས་པའི་རྒྱུ་མཚན་ཡང་། གོང་དུ་བཤད་པའི་ཉེན་ཁ་དེ་དག་མཐོང་བ་བཞིན་འཛེམས་ཏེ་རང་ཚུགས་བཟུང་བ་ཞིག་ཡིན་པ་ལས། མི་སྒེར་གཅིག་མཉམ་ཞུགས་བྱས་མིན་གྱིས་ཕན་གནོད་སྐར་གང་མི་འགྲོ་བ་མ་ཟད། སྒེར་ངོས་ནས་བཤད་ན་ཁེ་ཕན་ཏོག་ཙམ་རེ་ཡོད་སྲིད་ཀྱང་། རྒྱ་ནག་དམར་པོའི་གཞུང་གི་སྟངས་འཛིན་འོག་ཡོད་པའི་བརྒྱུད་ལམ་ཞིག་ཏུ་བཙན་བྱོལ་བོད་མིའི་ཕྱི་ནང་གསང་གསུམ་གྱི་སྐད་ཆ་གང་བྱུང་བཤད་སྡོད་ན། བོད་སྤྱི་པའི་འཕྲལ་ཕུགས་གཉིས་ཀྱི་བྱ་བཞག་ལ་ཕན་ལས་གནོད་ཆེ་བའི་གནད་དོན་འདི། རྒྱ་ཆེའི་བཙན་བྱོལ་བོད་མི་སྤྱི་དང་ལྷག་པར་བཀའ་སྤྱི་གཉིས་ཀྱི་འོས་མི་སེམས་ཤུགས་ཅན་ཚོའི་ཐུགས་ལ་འཇོག་དགོས་ངེས་ཤིག་རེད།།

གསལ་བཤད།

Post navigation

Previous Post: མི་རིགས་ལ་བློ་ལོག་ན་མ་མཐའ་ཡང་ལྟ་ས་ཞིག་དགོས།
Next Post: ཨ་མ་དྲན་པའི་ཚོར་སྣང་།

Comment (1) on “སྐད་འཕྲིན་ནང་གི་བཀའ་སྤྱི་གཉིས་ཀྱི་འོས་མི་རྣམ་པར་ཐུགས་སྣང་གཞེན་སྐུལ།”

  1. ཇུང་ཏོག་ says:
    2015-10-16 at 11:54 am

    དོོན་ངོ་མ་ཁྱེད་རང་མདོ་སྟོད་སྤྱི་འཐུས་ལ་ལང་མཁན་ངོ་སྤྲོད་རེད་འདུག་ཐུགས་རྗེ་ཆེ་ང་ནི་མདོ་སྟོད་མིན་བྱེད་
    ཐབས་མི་འདུག་གོ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme