Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱབ་སྐྱོར་བ་ཚད་ལྡན་རེག་མཁན་ཨ་ཚོགས་ཀླུ་མཁར་བྱམས།

Posted on 2015-10-132015-10-13 By ཁ་བརྡ 15 Comments on རྒྱབ་སྐྱོར་བ་ཚད་ལྡན་རེག་མཁན་ཨ་ཚོགས་ཀླུ་མཁར་བྱམས།

གླང་དར་ཚ་བོ། (ཨ་རི།)

 
སྤྱིར་བཏང་ཁོ་བོར་མཚོན་ན་སློབ་སྦྱོང་གི་ཆུ་ཚད་ཞན་པ་དང་ཆབ་སྲིད་ཀྱི་གོ་རྟོགས་དམའ་བ། དེ་བཞིན་དུ་སྤྱི་ཚོགས་ཀྱི་གནས་བབ་ཀུན་ལ་ཤེས་རྒྱ་ཤིན་ཏུ་ནས་ཆུང་བའི་གྲས་ཤིག་ཡིན། རེད་དེ་དེང་སྐབས་ཚ་ཚ་འུར་འུར་དུ་འགྲོ་བཞིན་པའི་སྲིད་སྐྱོང་གི་འོས་བསྡུའི་སྐོར་ལ་ཞིབ་འདང་རེ་བརྒྱབ་ཡོང་དུས། ཅི་ཡང་མི་ཤེས་པའི་ཁོ་བོས་ཀྱང་གནད་དོན་འདྲ་མིན་སྣ་ཚོགས་ཤིག་མཐོང་ཡོང་ལ་རྟོགས་ཀྱང་ཡོང་གི སྤྱིའི་ཆ་ནས་ཞུས་ཡོང་ན་ཉིས་སྟོང་བཅུ་དྲུག་ལོའི་སྲིད་སྐྱོང་ཚང་མ་སྐྱོན་དང་ཡོན་ཏན་གཉིས་ཀ་ལྡན་མཁན་མཐའ་དག་ཡིན་པར་གོར་མ་ཆག རྒྱུ་མཚན་ནི་མི་ལ་སྐྱོན་མེད་དང་ཤིང་ལ་འཛེར་མེད་ཅིག་གནམ་འོག་ཏུ་མེད་ཅེས་པ་ལྟར་རེད། འོན་ཀྱང་ང་ཚོ་བོད་པ་ཚོ་ནི་ཕྱོགས་གཅིག་ལས་ཕྱོགས་གཉིས་ཀར་ལྟ་ཐུབ་མཁན་ནམ་ཡང་ན་མཐོང་ཐུབ་མཁན་ནི་ཧ་ཅང་གི་དཀོན་པོ་གྱུར་འདུག
དཔེར་ན་སོ་སོའི་རྒྱབ་སྐྱོར་ཡོད་ས་ཞིག་ཡིན་ན་དེའི་ཡོན་ཏན་ཁོ་ན་ལས་སྐྱོན་ཆ་ཏིལ་འབྲི་ཙམ་ཡང་མཐོང་གི་མེད་ཚད་དུ་གྱུར་ཡོད་པ་དང་དེ་བཞིན་དུ་སོ་སོའི་ངོས་ནས་མི་དགའ་སའམ་ཡང་ན་ཁ་གཏད་ཅིག་ལ་ལྟ་ཚུལ་དེ་ནི་མ་རུང་བདུད་ཀྱི་འདུ་ཤེས་ལྟ་བུ་འཇོག་བཞིན་པར་མཐོང་།

དེ་ཡང་བློ་རྣལ་དུ་ཕབ་ཏེ་དྲང་ཕྱོགས་སུ་འགྲེང་ནས་ཞིབ་ལྟ་རེ་དང་ཞིབ་འདང་རེད་བརྒྱག་པ་ན། ད་ལོའི་སྲིད་སྐྱོང་གི་འོས་མི་ཀུན་གྱི་ནང་ནས་རྒྱབ་སྐྱོར་བ་ཚད་ལྡན་རེག་མཁན་དེ་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་མཆོག་གཅིག་པུ་ཆགས་འདུག་དྲན།

སྐབས་འདིར་ཚད་ལྡན་ཟེར་བ་དེ་ཅི་ཞིག་ལ་གོ་དགོས་ཟེར་ན་ཆོལ་ཁའི་ཞེན་ཁོག་གི་ནད་ཀྱིས་ཟིན་མཁན་དང་སྐབས་འཚོལ་རིངས་ལུགས་པ་མ་ཡིན་མཁན་གང་ཞིག་ལ་མི་རིགས་དང་རྒྱལ་ཁབ་ལ་ཤ་ཚ་ཡོད་མཁན། ཁ་ཁོག་མཚུངས་ཤིང་བོད་དོན་ཐད་ལྷག་བསམ་རྣམ་དག་གིས་ལས་འགུལ་སྤེལ་ཐུབ་མཁན། དེ་མཚུངས་སུ་རང་ཉིད་ཀྱི་དུས་ཚོད་གསེར་ལས་དཀོན་པ་དེ་མི་རིགས་དང་རྒྱལ་ཁབ་སླད་བྱ་འགུལ་སྤེལ་དུས་བློས་གཏོང་ཕོད་མི། ལས་འགུལ་དང་མཇལ་ཁ་གང་ཡིན་ཡང་ཁེ་སང་ཡོད་དུས་འཚང་ཀ་ཤིག་ཤིག་ཏུ་ཡོང་བ་དང་དེ་མིན་མི་ཡོང་མཁན་ལྟ་བུ་མ་ཡིན་པ། སྤྱི་ཚོགས་ཀྱི་གནོན་ཤུགས་ཇི་ཙམ་ཡོད་རུང་སྤམ་མི་ཞུམ་མཁན།
མདོར་ན་བོད་ཀྱི་འདས་སོང་ལོ་རྒྱུས་ལ་རྒྱུས་མངའ་དང་ལྡན་ཞིང་བོད་བཙན་པོའི་སྙིང་སྟོབས་ཀྱི་དྲོད་ཁོལ་མ་ཡལ་མཁན་དག་དག་རེད་འདུག་ལ། ཆོལ་ཁ་དབྱེར་མེད་ནས་རྒྱབ་སྐྱོར་གནང་མཁན་ཡོད་པ་འདི་ཡིས་ཀྱང་ཚད་ལྡན་གྱི་རྒྱབ་སྐྱོ་བ་ཐོབ་ཡོད་པ་གསལ་བོ་རེད།

དེ་མིན་གཞན་པའི་སྲིད་སྐྱོང་ཚང་མའི་རྒྱབ་སྐྱོར་བ་ཡོད་ཚད་ཅེས་ལབ་ན་འགྲིག་གི་ཡོད་རྒྱུ་མ་རེད་མོད། བརྒྱ་ཆ་བདུན་ཅུ་བརྒྱད་ཅུ་ཙམ་ནི་ཆོལ་ཁའི་ཞེན་ཁོག་དང་ལུང་ཚན་གྱི་འཐེན་ཁྱེར། སྐབས་འཚོལ་བ།
བླ་མ་དང་བླ་མས་གསུང་ཡོད་དོ་ཅོག་དགོས་དུས་སུ་བེད་སྤྱོད་དང་མི་མཁོ་བའི་སྐབས་སྣང་མེད་དུ་འཇོག་མཁན། སྤྱིར་རང་རེའི་གནས་བབ་ལ་བསམ་གཞིགས་མེད་ཁར་སོ་སོའི་འཚོ་ཐབས་གཅིག་པུ་ལ་བསམ་མཁན། དོན་མེད་བཙན་བྱོལ་དུ་ལོ་དང་ཟླ་བ་ག་ལེ་ངང་བསྐྱལ་ན་འདོད་མཁན། བོད་ལ་རང་དབང་གི་ཉི་མ་འཆར་དུས་ཤིག་ཚེས་ན་ཡང་ཕྱིར་བོད་ལ་འགྲོ་འདོད་མེད་ཅེས་ཟེར་མཁན་ལྟ་བུ་ཤ་སྟག་ལས་གཞན་མེད་ཚད་དུ་སྣང་། འདི་ལ་ཁུངས་ལུང་དང་གཞི་མེད་ཞིག་ཅིས་ཀྱང་མིན་པར་རི་མགོའི་རྫི་བོས་ཀྱང་ཤེས་ཚད་ཅིག་ཏུ་གྱུར་ཡོད།

དཔེ་མཚོན་ཡག་ཤོས་ཤིག་ནི་སྲིད་སྐྱོང་འོས་མི་གཞན་དག་གི་རྒྱབ་སྐྱོར་བ་དག་ལ་བལྟས་ན་གསལ་བོ་ཡིན་པ་ཞིག་ལ། ཐོག་མ་ཚོགས་གཙོ་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བའི་སྐོར་ནས་ཞུས་ན་མང་ཤོས་ཆོལ་ཁའི་ཞེན་ཁོག་གི་དབང་གིས་ཡིན་པ་དང་ལུང་ཚན་འཐེན་ཁྱེར་གྱི་དབང་གིས་ཡིན་པ་གསལ་བོ་རེད། ཁོང་ལ་མདོ་སྨད་ཀྱི་ལྟ་བ་མཁྲེགས་འཛིན་ཅན་དང་རྒས་འཁོགས་དག་གིས་རྒྱབ་སྐྱོར་བྱེད་ལ་དེ་བཞིན་དུ་དགོས་པའི་དབང་གིས་ཆོལ་ཁ་ག་གེ་མོ་ཞིག་ལ་དངོས་ཤུགས་བརྒྱུད་གསུམ་དུ་སྡང་སེམས་ཡོད་མཁན་གྱི་དབུས་གཙང་གི་མི་ཉུང་ཤོས་ཤིག

དེ་བཞིན་དུ་བཀྲ་ཤིས་དབང་འདུས་ལ་མཚོན་ན་ཡང་གཅིག་མཚུངས་སུ་རྒྱབ་སྐྱོར་བ་ཧ་ཅང་གི་ཉུང་ཉུང་རེད། རྒྱུ་མཚན་ཁོང་མི་ཡག་པོ་མིན་པ་དང་ཤེས་འཇོན་མེད་པས་མིན་པར་ལུང་ཚན་གྱི་དབང་གིས་གྱུར་ཡོད། ཁོང་ལ་རྒྱབ་སྐྱོར་བ་ནི་ཁོང་གི་ཕ་ཡུལ་གཅིག་པ་ཡིན་ཟེར་མཁན་གྱི་མངའ་རིས་ཚོ་དང་ཁམས་སྟོད་འབྲི་རུ་ནས་ཁ་ཤས་ལས་མེད། ཡོད་པ་དེ་དག་ཞེན་ཁོག་ཁོ་ན་ལས་ཁོང་གི་སྐྱོན་དང་ཡོན་ཏན་གང་ལ་ཡང་བསམ་ནས་མིན་པར་ཧ་ཅང་གི་གསལ།

དེ་བཞིན་དུ་སྲིད་སྐྱོ་བློ་བཟང་སེང་གེ་ལ་ཡང་དེ་མཚུངས་སུ་རྒྱབ་སྐྱོར་མང་ཤོས་མདོ་སྟོད་ནས་ཡིན་པ་ཧ་ཅང་གི་གསལ། ཁོང་ལ་ཡང་དགེ་སྐྱོན་ཅི་ཡིན་ལ་མ་ལྟོས་པར་དགའ་མཁན་དང་ཞེན་ཁོག་ཅན་ཚོས་རྒྱབ་སྐྱོར་བྱེད་ཉག་ཅིག་དང་། དེ་མིན་ཚོས་སྐྱོན་ཆ་ཕྲ་མོ་ཚུན་ཆད་བསྡུ་རུབ་ཀྱིས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་སྤེལ་བཞིན་པ་དེས་རྟོགས་ཐུབ་སྙམ། བྱས་ཙང་མདོར་བསྡུས་ནས་ཞུས་ན་རྒྱབ་སྐྱོར་བ་ཚད་ལྡན་རེག་མཁན་ནི་ཨ་ཚོགས་ཀླུ་མཁར་བྱམས་གཅིག་པུ་ལས་མི་འདུག་གོ

བསམ་ཚུལ།

Post navigation

Previous Post: རྫི་བོའི་བར་སྣང་།
Next Post: གཉེན་སྟོན་རྒྱས་སྤྲོས་མེད་པར་སྦྱིན་གཏོང་བྱེད་དགོས་སྐོར་གྱི་བཀའ་སློབ།

Comments (15) on “རྒྱབ་སྐྱོར་བ་ཚད་ལྡན་རེག་མཁན་ཨ་ཚོགས་ཀླུ་མཁར་བྱམས།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-13 at 11:45 pm

    གནས་ལུགས་ལ་དཔྱད་ན་ཁ་ཁོག་མཚུངས་པ་དང་ཕྱི་གསལ་ནང་གསལ། དྲང་པོ་བདེན་པ། དངོས་ཡོད་མཐོང་གསལ། དམིགས་རྒྱངས་རིང་པོ། མགོ་བདེ་དྲན་འཁྲུལ་མེད་པ། རང་དོན་ཁོག་བཅུག་མེད་པ་སོགས་མདོར་ན་ཀླུ་མཁར་ལ་ཁྱད་ཆོས་མང་པོ་གདའ།

  2. ཀརྨ་བློ་གསལ་ says:
    2015-10-14 at 1:24 am

    རྩོམ་ཡིག་འདི་ཚད་ལྡན་ཞིག་རེད། ཨ་ཚོགས་ཀླུ་མཁར་བྱམས་ལ་རྒྱབ་བསྐྱོར་རྒྱག་མཁན་བརྒྱ་ཆའི་བརྒྱད་ཅུ་ལྷག་མི་འདི་རེད་ཅེས་ངོས་འཛིན་རྒྱུ་ཡོད་མཁན་རྐྱང་རེད། གཞན་དག་ཚོར་རྒྱབ་བསྐྱོར་རྒྱག་མཁན་ཁྲོད་བརྒྱ་ཆའི་དགུ་བཅུ་ཡན་འདབས་མི་འདི་རེད་ཅེས་པ་མེད་ཚོད་རེད་ལ། མིང་རྫུན་འོག་ཡིབ་ནས་མི་བཤད་དགུ་བཤད་བྱེད་མཁན་རྐྱང་རེད།

  3. མཚོ་ངག་ says:
    2015-10-14 at 1:35 am

    གླང་དར་ཚ་བོས་དངོས་ཡོད་ཀྱི་གནས་ཚུལ་དང་མཐུན་པའི་རྩོམ་ཡིག་ཡག་པོ་ཞིག་བྲིས་གནང་འདུག་།

  4. མཚོ་ངག་ says:
    2015-10-14 at 1:47 am

    ༢༠༡༦ ལོའི་འོས་བསྡུ་འདི་ཁྲུགས་པོ་ཞེ་པོ་ཞིག་འདུག་པ་མ་ཟད་ འདི་ལ་ལྟ་ཚུལ་ཡང་མི་འདྲ་བ་མང་པོ་ཞིག་འདུག་སྤྱི་ཚོགས་ཡོངས་ཀྱི་ཤེས་རྒྱ་ཡོད་མཁན་ཚོས་བྱ་ཞག་འདིར་བཟང་མཆོག་གི་ལྟ་ཚུལ་ཤུགས་ཆེན་ཡོད་པ་མ་ཟད་ཆབ་སྲིད་ཀྱི་ཐོག་ནས་ཕན་ཐོག་པ་ལས་གནོད་པ་རྩ་བ་ནས་མེད་ ཡིན་ཡང་ཤེས་རྒྱ་མེད་མཁན་ཚོ་ལ་རི་བོང་གནམ་ཟག་གི་སེམས་ཁྲལ་གནང་བཞིན་ཡོད་པ་འདྲ་།

  5. རྟ་བདུན་དབང་བོ says:
    2015-10-14 at 2:02 am

    ཨ་ཚོགས་ཀླུ་མཁར་བྱམས་ལ་ཐོབ་ན་ཡག་པོ་རེད་དེ། ང་ཚོའི་བོད་མི་ཚོར་ཆབ་སྲིད་ཀྱི་གོ་རྟོགས་དབེན་ཕྱིར་འོས་ཤོག་ཐོབ་རྒྱུ་ཁག་པོ་རེད། མ་འོང་པར་ལོ་ལྔའི་རྗེས་ནས་འོས་ཤོག་ཐོོབ་སྲིད་པ་ལགས། །

  6. ལེགས་བཤད། says:
    2015-10-14 at 2:20 am

    ཧཧ

  7. ལོ་ཡག says:
    2015-10-14 at 2:36 am

    དེ་དེ་བཞིན་ཏེ། བློ་གཟུ་བོས་བདེན་པ་བྲིས་ན་ཉུང་ཉུང་ཡིན་ཡང་གོ་རྒྱུ་དང་རིན་ཐང་གཉི་ག་འདུག

  8. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-14 at 2:44 am

    ཀླུ་མཁར་འོས་ཐོབ་མིན་གལ་ཆེ་མ་རེད། གཙོ་ཆེ་བཙན་བྱོལ་བོད་མིས་ས་ཡ་དྲུག་གི་བདག་དབང་དེ་གུང་བྲན་ལག་ནས་རྩོད་མིན་ལ་ཐུག་ཡོད་དོ།།

  9. ཇུང་ཏོག་ says:
    2015-10-14 at 4:05 am

    སུ་ལ་མི་མང་གི་རྒྱབ་སྐྱོར་ཡོད་མེད་དེ་འོས་བསྡུ་གནང་ཚར་ནས་ཤེས་ཐུབ་ཀླུ་མཁར་བྱམས་
    ལ་སྐྱབས་བཅོལ་ནས་བོད་ཀྱི་སྲིད་སྐྱོང་ལ་རེ་བ་
    བཅོལ་མཁན་ཡོད་ན་བོད་མི་རིགས་རྫོགས་
    ཚར་བ་མ་རེད་དམ་།

  10. ཀརྡོ་གཉེར་ཕྱག་པ་ says:
    2015-10-14 at 4:43 am

    སྔར་བློ་སེང་ལགས་ལ། རྒྱབ་སྐྱོར་ཚད་ལྡན་མེད་པ་ཤ་སྟགས་ཀྱིས། འོས་བླུགས་ནས་ཐོབ་པ་ཡིན་ནམ། གླང་དར་ལགས།

  11. གངས་ཕྲུག། says:
    2015-10-14 at 4:51 am

    གླང་དར་ལགས། དེང་སྐབས་ངེད་ཚོའི་བསམ་བློ་གུ་ཡང་དང་རྨོངས་དད་མིན་པའི་བོད་ཀྱི་རྒྱབ་མདུན་གང་ལ་ཡང་འདང་རྒྱབ་མཁན་གཞོན་སྐྱེ་མང་དུ་འགྲོ་བཞིན་ཡོད་པའི་རྣམ་པ་འགའ་གསལ་ཡོང་གི་འདུག། ཀླུ་མཁར་ལ་རྒྱབ་སྐྱོར་བྱེད་པ་ནི་བོད་བཙན་པོ་ཚང་ལ་རྒྱབ་སྐྱོར་ཡིན་པ་ལས་ཆོལ་ཁ་དང་ཆོས་ལུགས། ལུང་ཚན་དང་མི་ཚན། སྐབས་འཚོལ་དང་གཡོལ་སྒྱུར་གང་ཡང་མིན་པར་གདོང་དམར་ཚང་གི་ལས་དབང་འདིར་འདང་རྒྱབ་ནས་ཡོང་གི་ཡོད་པ་རེད། རང་མི་རིགས་ཀྱི་རང་ཚུབ་མ་ཤོར་བའི་ཐོག་ནས་བཙན་པོའི་རྒྱལ་རབས་སླར་གསོ་དགོས་རྒྱུ་ནི་གངས་ཅན་པ་ཡི་འོས་འགན་ཡིན་ནོ། ཀླུ་རྒྱལ་ལོ། གཞོན་ནུ་རྒྱལ་ལོ། བོད་རྒྱལ་ལོ།

  12. ཀརྡོ་གཉེར་ཕྱག་པ་ says:
    2015-10-14 at 7:45 am

    རང་བཙན་ལྟ་འཛིན་གྱིས། དབུ་མའི་ལམ་ཐག་རིང་དུ། གཏོང་བགྱིད་ཡོད་རེད་སྙམ།

  13. རྡོ་སེངྒེ། says:
    2015-10-14 at 8:03 am

    བདེན་པ་རེད་ཤག

  14. ཨ་ཁུ་ནོར་བུ་ says:
    2015-10-14 at 9:40 pm

    ཀླུ་དཀར་བྱམས་ ཁྱོད་ཀྱི་སྤྲེལ་ལད་བཤད་ཤེས་ཀྱི་མིན་འདུག་ གལ་སྲིད་སྤྲེལ་ལད་བཤད་ཤེས་ཀྱི་ཡོད་ན་སྲིད་སྐྱོང་ཐོབ་པའི་རེ་བ་ཡོ་རེད་ལ་ད་ལྟའི་རྙོག་ཕྲ་དེ་འདྲ་ཡོང་མི་སྲིད་

  15. རིག་པའི་འོད་སྣང་། says:
    2015-10-15 at 2:52 am

    ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་ཚད་ལྡན་ཡོད་མེད་གང་བ་ཤེས། དབུས་བོད་མིའི་གཞུང་ཞབས་པ་བཞི་རྒྱ་ཡིས་ཚོད་ལྟའི་འོས་་ཤོག་བླུགས་ནས་ཀླད་ཀོར་ཆགས་འདུག། གཅིག་བྱས་ན་བཙན་བྱོལ་བོད་མིའི་གཞུང་ཞབས་པ་གཅིག་གྱང་ཚད་ལྡན་མིན་སྲིད། སྤེན་པ་རྒྱལ་ལོ། སངྒེ་རྒྱལ་ལོ ། དབུ་མ་རྒྱལ་ལོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme