Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱི་འཐུས་ཤར་གླིང་བསྟན་འཛིན་ཟླ་སྒྲོན།

Posted on 2015-10-122015-10-12 By ཁ་བརྡ 4 Comments on སྤྱི་འཐུས་ཤར་གླིང་བསྟན་འཛིན་ཟླ་སྒྲོན།

ཚེ་རིང་བསམ་འགྲུབ།

 
སྤྱི་འཐུས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་གྱིས་སྐབས་བཅོ་ལྔ་བའི་སྤྱི་འཐུས་ནང་བུད་མེད་དགུ་མ་གཏོགས་མེད་པ་དེ་བོད་པའི་སྤྱི་ཚོགས་ཀྱི་ཞབས་འདྲེན་རེད་ཟེར། ཁོང་གི་བཀའ་མོལ་དེར་བསམ་བློ་ཡག་པོ་ཞིག་བཏང་དུས། ཞབས་འདྲེན་ཞུ་མཁན་དེ་གསལ་པོ་ཞིག་གསུངས་མི་འདུག དེར་བརྟེན་ངས་ཚོད་དཔག་བྱས་ནས་ཞབས་འདྲེན་ཞུ་མཁན་དེ་སུ་ཡིན་མིན་ལ་དཔྱད་པ་ཞིག་བྱས་ན། དེ་ནི་བོད་པའི་བུད་མེད་རང་ཉིད་ཡིན་པ་ལས། གཞན་སུ་ལའང་མཛུབ་མོ་བཙུགས་ས་མི་འདུག
རྒྱུ་མཚན་ནི། དང་པོ། སྤྱི་འཐུས་ཀྱི་འོས་མིའི་ཁོངས་སུ་ཕལ་ཆེ་བ་སྐྱེས་པ་ཡིན་པ་ལས། བུད་མེད་ནི་ཉུང་ཤས་ལས་མེད། དེ་བཞིན་དང་བླངས་ཐོག་བཞེངས་མཁན་ཡང་ཕལ་ཆེ་བ་སྐྱེས་པ་ཡིན་པ་ནི་མངོན་སུམ་བསྙོན་མེད་རེད། འོས་མིའི་ཁོངས་སུ་བུད་མེད་དེ་ཙམ་ལས་མེད་ན། སྤྱི་འཐུས་སྐབས་སུ་བུད་མེད་མང་བ་ཞིག་ཇི་ལྟར་བྱས་ནས་ཡོང་ཐུབ།

གཉིས་པ། སྤྱི་འཐུས་སུ་བཞེངས་མཁན་བུད་མེད་ལ་ང་ཚོའི་སྤྱི་ཚོགས་ནང་བསྔགས་བརྗོད་ཀྱི་ཡུལ་དུ་བཀུར་གྱི་ཡོད་པ་ནི་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་རང་ཉིད་ཀྱིས་མཁྱེན་ཚོད་རེད། འོན་ཀྱང་བོད་པའི་བུ་མོ་རྣམས་རྒྱུ་མཚན་ཅི་ཞིག་དབང་གིས་སྤྱི་འཐུས་རྐུབ་སྟེགས་ལ་འགྲན་རྩོད་བྱ་རྒྱུའི་ཆོད་སེམས་མེད་པ་ཡིན་ནམ། རང་ཉིད་ལ་ཆོད་སེམས་མེད་པ་དེ་རང་ཉིད་ཀྱི་སྐྱོན་མིན་པར་སྤྱི་ཚོགས་ཀྱི་སྐྱོན་ཡིན་པར་སྒྲོ་བཏགས་ན། སྒྲོ་བཏགས་མཁན་གྱི་བསམ་བློར་སྐྱོན་ཡོད་སྲིད།

གསུམ་པ། བཙན་བྱོལ་བོད་མིའི་གྲོས་ཚོགས་ནང་དུ་ལྷག་བསམ་ཤེས་འཇོན་ཡོད་པའི་ཐོག གདེང་སྤོབས་ཆེན་པོའི་ཐོག་ནས་གཏམ་བཤད་བརྒལ་ལན་ཡག་པོ་བྱེད་ཐུབ་མཁན་ཉུང་དྲགས་པའི་སྐྱོན་ཡོད་པ་ལས། མང་དྲགས་པའི་སྐྱོན་མེད། དེར་བརྟེན་བུད་མེད་ཀྱི་ཆེད་དམིགས་རྐུབ་སྟེགས་ཀྱི་གྲངས་ཚད་མང་དུ་གཏང་དགོས་ན། གསུང་རྩ་བ་ནས་འབྱོན་རྒྱུ་མེད་མཁན་གྱི་ཉིན་བཅུའི་སྤྱི་འཐུས་རྡོ་སྐུ་མ་མང་དུ་མི་འགྲོ་བའི་རེ་བ་ཡོད།

བཞི་པ། ཤར་གླིང་བསྟན་འཛིན་ཟླ་སྒྲོན་རང་ཉིད་ནས་དུས་དང་རྣམ་པ་ཀུན་ཏུ་བུད་མེད་སྤྱི་འཐུས་ཉུང་དྲགས་པའི་སྐོར་ལ་གཏམ་བཤད་མང་པོ་བྱེད་ཀྱི་ཡོད། འོན་ཀྱང་ཤར་གླིང་ཟླ་སྒྲོན་རང་ཉིད་ནས་བོད་པའི་བུད་མེད་སུ་གཅིག་ཀྱང་སྤྱི་འཐུས་འོས་མིར་འཚམས་སྦྱོར་བྱས་པ་ནི་གོ་ཐོས་མ་བྱུང་། ཉུང་དྲགས་པའི་ཚོར་སྣང་ཡོད་ན། ཤེས་འཇོན་ལྷག་བསམ་ཅན་གྱི་བོད་ཀྱི་བུད་མེད་རྣམས་སྤྱི་ཚོགས་ཀྱིས་ངོ་མ་འཕྲོད་པ་རྣམས་འཕྲོད་པར་བྱེད་དགོས་ལ། གལ་ཏེ་ངོ་འཕྲོད་ནས་མི་མང་གིས་འོས་མ་བླུགས་ན། གཞི་ནས་མཛུབ་མོ་གཞན་ལ་ཀེར་ཆོག

བསམ་ཚུལ།

Post navigation

Previous Post: སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་དང་བོད་ཀྱི་གོ་སྐབས།
Next Post: སྲིད་སྐྱོང་བློ་བཟང་སེང་གེའི་ཁང་རིན་དང་འབྲེལ་བའི་དྲི་བ་བཅུ་གཅིག

Comments (4) on “སྤྱི་འཐུས་ཤར་གླིང་བསྟན་འཛིན་ཟླ་སྒྲོན།”

  1. བཀྲ་ཤིས། says:
    2015-10-12 at 1:08 am

    སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་གྲགས་ཅན་བུད་མེད་ཅིག་གནང་འདོད་སྔ་ས་ནས་ཡོད་པ་རེད། ཁོང་གིས་གིས་དེ་སྔོན་གླིང་ཆེན་ཨེ་ཤ་ཡའི་ནང་གི་བུད་མེད་གྲགས་ཅན་དེ་ཚོ་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་གནང་ནས་ཐོན་ཡོད་པ་ཤེས་མ་ཐག་བོད་པའི་སྤྱི་ཚོགས་ནང་བུད་མེད་ཀྱི་ཐོབ་ཐང་རྩོད་ཡོད་ཀྱང་། བོད་པའི་སྤྱི་ཚོགས་ནང་བུད་མེད་ཐོག་དམན་པར་ལྟ་བའི་གོམས་གཤིས་ཙམ་ལས་སྡུག་རྩུབ་ཅན་གྱི་སྲིད་བྱུས་དང་བྱེད་སྟངས་དེ་འདྲ་མཐོང་རྒྱུ་མེད་པས་ཁོང་གི་གྲགས་ཅན་མི་སྣའི་ལམ་ལ་ཕེབས་ས་དེ་འགག་པ་རེད། ཁོང་བྱ་ཐབས་མེད་དུས་ད་ཆ་བུད་མེད་ཀྱི་དོན་དུ་བོད་ཀྱི་སྐྱེས་པ་ཚོ་མགོ་སྒུར་དགོས་ཅེས་བཀའ་བཏང་ཡོང་གི་འདུག ། ཁོང་དངོས་གནས་ཆབ་སྲིད་པ་གྲགས་ཅན་ཞིག་ཆགས་ཐུབ་ཀྱི་རེད། དབུས་ཙང་སྤྱི་འཐུས་ཀརྨ་ཡེ་ཤེས་དང་། ཤར་གླིང་ཟླ་སྒྲོན་གཉིས་ལ་གྲོས་ཚོགས་འཐུས་མི་འགའ་ཤས་ནས་ཁྱེད་རང་གཉིས་སྒྲོལ་མ་ཚེ་རིང་དང་། པདྨ་འབྱུང་གནས་ཁོང་ཚོའི་རྗེས་སུ་མ་ཕྱིན་པར་ཕྱི་ཚུལ་ཙམ་གྱི་དབུས་གཙང་སྤྱི་འཐུས་བྱས་ནས་བསྡད་ན་ང་ཚོས་ཁྱེད་རང་གཉིས་ཚོགས་གཙོ་ཚོགས་གཞོན་ལ་འདེམས་རྐྱང་ཡིས་ལབ་པར་བརྟེན་ད་ཆ་ཁོང་གཉིས་དངོས་གནས་རེད་སྙམ་གནས་ག་ཚོད་ཐུབ་ཐུབ་ཀྱིས་ཞབས་ཞུ་སྒྲུབ་ཀྱི་ཡོད་པ་འདྲ།།

  2. ནག་ཆུ་ཀུན་དགའ says:
    2015-10-12 at 5:12 am

    ཟླ་སྒྲོན་ལགས། རྩ་བ་དེ་བག་ཆགས་དང་འདུ་ཤེས། གྲུབ་མཐའ་དང་ལམ་ལུགས་སོགས། མི་མངོན་པའི་འཆིང་ཐག་འགའ་ཤས་ལ་ཐུག་ཡོད། བུད་མེད་ཚོས་ཚུལ་ཆོས་དང་བག་འཁུམས་ཀྱི་རྩ་བ་དེ་གཏོར་མ་ཐུབ་བར་དུ་ངོ་མ་ཁག་ཙམ་རེད།

  3. པདྨ་མཁའ་འགྲོ། says:
    2015-10-12 at 6:16 am

    ཤར་གླིང་ཟླ་སྒྲོན་ཟེར་བའི་སྤྱི་འཐུས་མིང་འཛིན་པ་དེར་ཞིབ་པར་བལྟ་ཉན་བྱེད་སྐབས། ཕྱི་གླིང་པའི་བྱེད་སྟངས་ལས་སྟངས་ཚང་མ་བཟང་བར་རྩིས་ནས་རང་ལུགས་ལ་དམན་པར་བརྩི་མཁན་ཞིག་རེད་འདུག དཔེར་ན། མོས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་ཤེས་ཡོན་སྙན་ཐོའི་ཐོག་བགྲོ་གླེང་གནང་སྐབས་ཡ་རབས་བཟང་སྤྱོད་བྱས་ན་གྱོང་མ་གཏོགས་ཁེ་ཕན་མེད་པ་དང་། མདུན་བསྐྱོད་མི་ཐུབ་པར་རྟག་ཏུ་རྗེས་སུ་ལུས་རྒྱུ་ཡིན་པ། སྲིད་སྐྱོང་དང་སྤྱི་འཐུས་རྐུབ་སྟེགས་ཐོག་སླེབས་པ་རྣམས་ཀྱང་ཡ་རབས་བཟང་སྤྱོད་བྱས་ནས་སླེབས་མེད་པ་སོགས་མདོར་ན། ༸གོང་ས་མཆཽག་དང་ཤེས་ཡོན་སྲིད་བྱུས་ནང་ལ་བཟང་རབས་བཟང་སྤྱོད་བྱེད་དགོས་པའི་ལམ་སྟོན་རྣམས་བེད་མེད་ཡིན་པར་བརྗོད་སོང་། མོས་བརྗོད་པའི་སྐད་ཆ་ལས་ང་ཚོས་ཤེས་ཐུབ་པ་ནི་མོ་ནི་ཡ་རབས་བཟང་སྤྱོད་དང་བྲལ་བའི་མི་ཞིག་ཡིན་པས་སྤྱི་འཐུས་འོས་བླུག་འོས་སམ་བསམ་བློ་ཞིབཔར་མཐོང་།

  4. བློ་བཟང་བཟོད་པ། says:
    2015-10-13 at 12:25 am

    ཤར་གླིང་ཟླ་སྒྲོན་གྱིས་བོད་ཀྱི་བུད་མེད་ལ་ཞབས་འདྲེན་ཟེར་རྒྱུའི་ཐོབ་ཐང་མེད། xx

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme